འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་ཉེར་བདུན་པ་དབུ་འཛུགས་གནང་བ།
༄༅། །ཁ་རྩང་སྟེ། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༥ ཉིན་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཐོག དྲི་མེད་ལྷ་རིགས་འཁོན་གདུང་རིན་པོ་ཆེ་རྣམ་པ། ངོར་ཁྲི་པ་ཐར་རྩེ་མཁན་རིན་པོ་ཆེ། ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེ། ཚར་པའི་བཅོ་བརྒྱད་ཞབས་དྲུང་རིན་པོ་ཆེ། གཞན་ཡང་མཁན་པོ་བླ་སྤྲུལ། དགེ་འདུན་པ། བཙུན་མ། རྒྱལ་ཕྱི་ནང་གི་དད་ལྡན་མང་ཚོགས་བཅས་ཀྱིས་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་ཉེར་བདུན་པ་དབུ་འཛུགས་གནང་བ་དང་སྤྱི་ཚེས་ ༢༤ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་༸སྐྱབས་མགོན་འཁོན་གདུང་སྐུ་གཞོན་རིན་པོ་ཆེ་རྣམ་གཉིས་ནས་ཐུགས་སྙིང་རྗེ་ཆེན་པོས་ས་གནས་དེའི་ཉམས་ཐག་དབུལ་ཕོངས་རྣམས་ལ་དགུན་ཆས་ཉལ་གོས་གསོལ་རས་གནང་འདུག
དེ་བཞིན་དུ་ཉེ་སྔོན་བལ་ཡུལ་ཕྱོགས་སུ་ཉམས་ཐག་དབུལ་ཕོངས་རྣམས་ལ་༧ རྗེ་བཙུན་མ་ཀུན་དགའ་འཕྲིན་ལས་དཔལ་སྟེར་མཆོག་དང་བདག་མོ་སྐལ་ལྡན་མཆོག་རྣམ་གཉིས་ནས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་དགོངས་པས་གདུལ་བྱའི་ཁམས་ལ་དུས་རྟག་ཏུ་གཟིགས་ཤིང་སྡུག་བསྔལ་སོགས་ལས་སྐྱོབ་པར་མཛད་ནས་དགུན་ཆས་ཉལ་གོས་སོགས་གསོལ་རས་གནང་འདུག
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།