༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་སྨོན་ལམ་ཚིག་མཛོད་དབུ་འབྱེད་མཛད་སྒོ་ཐོག་ཏུ་ཆིབས་བསྒྱུར་གནང་འདུག

དེ་རིང་ཕྱི་དྲོ་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པའི་དབུ་འབྱེད་མཛད་སྒོ་གནས་མཆོག་རྡོ་རྗེ་གདན་གྱི་གྷ་ཡ་རའེ་སྒྲེན་སེ་གསོལ་མགྲོན་ཁང་ (Bodhgaya Regency Hotel) གི་ཚོགས་ཁང་དུ་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པས་མཐུན་རྐྱེན་བསྒྲུབས་པའི་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པ་དང་། བོད་ཀྱི་ཚིག་མཛོད་རིག་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་འདུག མཛད་སྒོ་དེའི་སྐུ་མགྲོན་གཙོ་བོར་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་༤༢ མཆོག་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱངས་པ་དང་བཀའ་སློབ་གནང་བ་དང་། གཞན་ཡང་སྐུ་མགྲོན་དུ་༸དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ༸ཤར་པ་ཆོས་རྗེ་རིན་པོ་ཆེ། མཁས་དབང་ཟམ་གདོང་རིན་པོ་ཆེ་བཅས་ཆེད་ཕེབས་གནང་བ་དང་། དེ་བཞིན་སྨོན་ལམ་ཚིག་མཛོད་ཆེན་མོའི་ཚོགས་མི་དང་དགེ་འདུན་བརྒྱ་ཕྲག་བརྒལ་བར་དོན་གཉེར་ཆེན་པོ་ཐོག་ཕེབས་གནང་འདུག

དེ་བཞིན་དུ་སྨོན་ཚིག་ལམ་ཐོན་རིམ་གཉིས་པ་ད་ལྟ་དངོས་སུ་བཀྲམ་འདུག་པ་དང་།   བོད་དབྱིན་ཚིག་བསྒྱུར་ཁ་སྣོན་བྱས་འདུག ཕབ་ལན་གཤམ་གསལ་དྲྭ་ལམ་ནས་ལེན་ཐུབ་ཀྱིས་འདུག་པས་དགོས་མཁོ་མཆིས་ཚེ་ཕབ་ལན་གནང་རོགས།

https://itunes.apple.com/ch/app/monlamgrandtibetandictionary/id1065052389?l=en&mt=8

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*