གཅིག་དུས་ཚོད།
འདི་ལོའི་ལོ་མཇུག་རྒྱུགས་ཆེན་དེ་བོད་ཟླ༡༢ཚེས་༥-༡༡བར་ཉིན་བདུན་ལ་དུས་ཚོད་གཏན་ཁེལ་ཡིན།
གཉིས་རྒྱུགས་སྤྲོད་ཀྱི་ནང་དོན།
༡ ༽ རབ་འབྱམས་པ། སློབ་གླིང་གི་སྒྲིག་སྲོལ་ལྟར་སློབ་ཐོན་བྱས་ཟིན་པ་དང་། རབ་འབྱམས་པའི་སྔོན་འགྲོ་སློབ་དཔོན་ལོ་གསུམ་གྱི་འགྲོ་ལུགས་ལེགས་པར་གྲུབ་ཟིན་པ་ཞིག་ཡིན་ཚེ་རྒྱུགས་སྤྲོད་དུ་ཞུགས་ཆོག་པ་དང་། དེར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱུགས་སྤྲོད་དགོས། རྒྱུགས་འཕྲོད་པ་རྣམས་ལ་མདོ་སྔགས་རབ་འབྱམས་པའི་དཔང་ཡིག་རིམ་པ་མཐོ་དམན་གཉིས་ཆ་རྐྱེན་ལྟར་དང་པཎ་ཞྭ་རིམ་པ་གཉིས་ཆོས་གོས་བཅས་གནང་རྒྱུ་སོགས་ལོ་སྔ་མ་རྣམས་ལྟར་ཡིན།
༢ ༽སློབ་ཐོན་རྒྱུགས་ཆེན། སློབ་གླིང་གི་སློབ་དེབ་ཏུ་ཚུད་པའི་མདོ་སྔགས་རིག་གནས་ཆ་ཚང་ལ་སྦྱང་འབྲས་ཚད་དང་ལྡན་པ་ཡིན་ཚེ་སློབ་ཐོན་རྒྱུགས་སྤྲོད་དུ་ཞུགས་ཆོག་པ་དང་། དེར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱུགས་སྤྲོད་དགོས། རྒྱུགས་འཕྲོད་པ་རྣམས་ལ་སློབ་ཐོན་དཔང་ཡིག་གནང་རྒྱུ་སོགས་ལོ་སྔ་མ་རྣམས་ལྟར་ཡིན།
༣ ༽འཛིན་གྲྭའི་རྒྱུགས་ཆེན། འཛིན་གྲྭ་འོག་མའི་སློབ་དུས་རྫོགས་ནས་འཛིན་གྲྭ་གོང་མར་ཞུགས་རན་པ་རྣམས་འཛིན་གྲྭའི་རྒྱུགས་སྤྲོད་དུ་ཞུགས་ཆོག་པ་དང་། དེར་རྩོད་པ་དང་རྩོམ་བློ་རྒྱུགས་གསུམ་གྱི་སྒོ་ནས་རྒྱུགས་སྤྲོད་དགོས། རྒྱུགས་འབྲས་ཨང་གསུམ་པ་ཡན་ལ་བྱ་དགའ་ཕྲན་ཙམ་གནང་བ་སོགས་ལོ་སྔ་མ་རྣམས་ལྟར་ཡིན། དུས་ཚོད་ཀྱི་བར་གསེང་ལ་ཉིན་ལྟར་གྲྭ་མང་མཉམ་འདུས་ཀྱི་ཆོས་རྩོད་དང་། མཁན་པོ་སློབ་དཔོན་སྐྱོར་དཔོན་རྣམས་ཀྱིས་གཞུང་ཆེན་ཁག་ལ་བགྲོ་གླེང་བྱེད་པ་སོགས་ཀྱང་ལོ་སྔ་མ་རྣམས་ལྟར་ཡིན།
གསུམ་འཚོ་བའི་ཆ་རྐྱེན།
བཞུགས་གནས་དང་གཟིམ་ཆས་གསོལ་ཚིགས་བཅས་འདི་ནས་དགོན་པ་གཞུང་གིས་མཐུན་རྐྱེན་བསྐྲུན་བཞིན་ཡོད།
འབྲེལ་ཡུལ། ཆོས་ཁྲིམས་གཞུང་ལས་ཁང་།
ཁ་པར་ཨང་གྲངས། 188 9738 1363
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།