༧བཅོ་བརྒྱད་ཁྲི་ཆེན་མཆོག་གི་རྒྱལ་ཚབ་མངའ་གསོལ་གནང་འདུག

བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་དཔལ་ས་ངོར་ཚར་གསུམ་གྱི་གདན་སའི་ཡ་གྱལ་ཚར་ཆེན་རྡོ་རྗེ་འཆང་གི་གདན་སའམ་༧ སྐྱབས་རྗེ་བདེ་བར་གཤེགས་པ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་གདན་ས།       བྱམས་ཆེན་ལྷ་ཁང་ཡིད་དགའ་ཆོས་འཛིན་གྱི་གཙུག་ལག་ཁང་དུ། ས་བསྟན་ཡོངས་རྫོགས་ཀྱི་མངའ་བདག་བླ་མ་ས་སྐྱ་པ་ཆེན་པོ ༧ སྐྱབས་མགོན་ ༧ གོང་མ་ཁྲི་འཛིན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ངོར་ཆེན་རྒྱལ་བའི་གདུང་འཚོབ་ ༧ སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་ཀྱིས། ཞབས་དྲུང་རྣམ་གཉིས་ སྤྱི་ལོ་ ༢༠༡༩ ཟླ་ ༡ ཚེས ༡༡ ཉིན་གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཉིན་མོར་བདེ་བར་གཤེགས་པ་༧ སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་རྒྱལ་ཚབ་ཏུ་སྐྱབས་རྗེ་བཅོ་བརྒྱད་ཞབས་དྲུང་རིན་པོ་ཆེ་དང་། ཞབས་དྲུང་རིན་པོ་ཆེ་རིན་ཆེན་དཔལ་འབྱོར་རྣམ་གཉིས་བཅོ་བརྒྱད་ཁྲི་འཛིན་ཉེར་དྲུག་པ་དང་ཉེར་བདུན་པར་ཁྲི་འདོན་མངའ་གསོལ་གནང་བ་འདུག

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*