༧ དཔལ་ས་སྐྱའི་བྱེས་ཀྱི་གདན་ས་གོང་དཀར་ཆོས་སྡེ་ཆེན་མོར་ཁང་རྩང་རིང་ས་བསྟན་ཡོངས་རྫོགས་ཀྱི་མངའ་བདག ༧སྐྱབས་མགོན་ ༧གོང་མ་ཁྲི་འཛིན་རྡོ་རྗེ་འཆང་ཆེན་པོ་མཆོག གོང་དཀར་མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ་དང་། བཤད་གྲྭ་ཁག་གི་མཁན་པོ་དང་སྤྲུལ་སྐུ། དེ་བཞིན་ཉེ་འཁོར་གཞིས་ཆགས་ཁག་ནས་ཕེབས་པའི་བོད་མི་དང་། དགོན་པའི་སྦྱིན་བདག་ཁག་བཅས་ཕེབས་གནང་འདུག ༧ རིན་པོ་ཆེ་མཆོག་གིས་གསར་དུ་མཁན་པོ་ཁྲི་འདོན་གནང་བར་ཁག་ལ་ཕྱག་འཁྱེར་གནང་བ་དང་། སྐབས་དང་པོའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར། འབྲེལ་ཡོད་སྦྱིན་བདག་ཁག་བཅས་ལ་ཕྱག་རྟགས་གནང་བ། དེ་བཞིན་དུ་རྒྱུད་གྲྭ་དབུ་འབྱེད་དང་། སློབ་གྲྭའི་ཚོགས་ཁང་དང་། རྫོང་པ་རིག་མཛོད་ཀྱི་དྲྭ་རྒྱ་དབུ་འབྱེད་བཅས་ཀྱི་མཛད་སྒོ་གནང་འདུག
About གདོང་མཁན།
1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
Leave a Reply