༧ སྐྱབས་མགོན་ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བརྟན་བཞུགས་སྟབས་འབུལ་གནང་འདུག

དེ་རིང་༧ སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་སྤུ་རུ་ཝ་ལ་ས་སྐྱའི་གཞིས་ཆགས་འདི་བཙན་བྱོལ་དུ་ཆགས་ནས་ལོ་ངོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་དང་བསྟུན་ཆོས་སྒར་དང་ས་སྐྱའི་གཞིས་ཆགས་ཐུན་མོང་ནས་གོང་མ་ཁྲི་ཆེན་མཆོག་ལ་བརྟན་བཞུགས་སྟབས་འབུལ་ཞིག་གནང་སོང་།   དེ་ཡང་དེ་རིང་ཞོགས་པར་སྤུ་རུ་ཝ་ལ་དཔལ་ས་སྐྱ་སྒྲོལ་མ་ཕོ་བྲང་ནས་༧ སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་༧ སྐྱབས་རྗེ་འཁོན་གདུང་ཛྙན་བཛྲ་རིན་པོ་ཆེ་མཆོག་དབུས་པའི་གལ་ཆེ་གནད་ཡོད་མི་སྣ་ཁག་དང་།   དཔལ་ས་སྐྱའི་རྒྱལ་ཡུམ་ཆེན་མོ་མཆོག་དང་བདག་མོ་སྐལ་ལྡན་མཆོག  དེ་བཞིན་དུ་བདག་མོ་ལྷ་མཛེས།  དཔལ་ས་སྐྱའི་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས།  དཔལ་ཆོས་སྒར་མཁན་རིན་པོ་ཆེ་དང་མ་དགོན་བཤད་གྲྭའི་མཁན་རིན་པོ་ཆེ་རྣམ་གཉིས།  ས་སྐྱའི་མཐོ་སློབ་མཁན་རིན་པོ་ཆེ།  བཙུན་དགོན་གྱི་མཁན་རིན་པོ་ཆེ་བཅས་མཁན་སྤྲུལ་རྣམ་པ་དང་།   གཉུག་མར་གནས་པའི་མ་དགོན་བཤད་གྲྭའི་དགེ་འདུན་པ་རྣམ་པ།  ས་སྐྱའི་གཞིས་གྲོང་གི་གྲོང་མི་ཚོ།  འབྲེལ་ཡོད་སྐུ་མགྲོན་རྣམ་པ་སོགས་ཀྱི་སྤོས་སྣས་གདན་ཞུས་དང་།  ས་སྐྱའི་གཞིས་གྲོང་གི་ཐུན་མིན་གྱིས་ཞབས་བྲོ་རྒྱག་ཞོར་སྤུ་རུ་ཝ་ལ་དཔལ་ས་སྐྱའི་མ་དགོན་བཤད་གྲྭ་ཆེན་མོའི་གཙུག་ལག་ཁང་ཕེབས་བསུ་དང་འབྲེལ་༧ སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་སེང་གེ་བརྒྱད་ཀྱིས་བཏེག་པའི་གསེར་ཁྲི་རིན་པོ་ཆེའི་ཐོག་ཏུ་བཞུགས་ནས།  རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ཆོ་ག་ལ་བརྟེན་ནས་བརྟན་བཞུགས་འབུལ་གནང་བ་དང་།  ༧ སྐྱབས་མགོན་ས་སྐྱ་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་སྐུ་གསུངས་རྟེན་དང་བཀྲ་ཤིས་རྫས་བརྒྱད་སོགས་འབུལ་གནང་བ་དང་།  དེའི་རྗེས་སུ་གནད་ཡོད་མི་སྣ་ཁག་གིས་གཏམ་བཤད་གནང་བ་དང་།  ཉིན་རྒྱབ་གཞས་སྣ་འཁྲབ་སྟོན་གནང་སོང་།  སང་ཉིན་ཡང་མཛད་རིམ་འདུག  ༢༠༡༩/༢/༢༡

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*