༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་བླ་ན་མེད་པའི་ཐུགས་རྗེའི་བདག་རྐྱེན་ལས། དཔལ་ས་སྐྱའི་༧སྐྱབས་རྗེ་འཁོན་གདུང་རྣམ་པ་གཉིས་དང་། དཔལ་ས་སྐྱའི་༧རྗེ་བཙུན་མ་མཆོག ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་མཆོག མཁན་པོ་རིན་ཆེན། མཁན་པོ་འཇམ་དབྱངས་བློ་གསལ། མཁན་པོ་བསམ་འགྲུབ་དབུས་པའི་དཔལ་རྫོང་སར་བཤད་གྲྭའི་མཁན་སློབ་ལས་སྣེ་རྣམས་ནང་པའི་རྒྱལ་ཁབ་སིངྒ་ལར་གནས་སྐོར་དུ་ཕེབས་བཞིན་འདུག དེ་ཡང་སྤྱི་ནང་པ་དང་སྒེར་བོད་བརྒྱུད་བསྟན་འདི་ཉིད་མི་ཉམས་གོང་འཕེལ་དང་། དེ་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། འཛམ་གླིང་ཞི་བདེ་དང་སྐྱེ་འགྲོ་ཡོངས་ལ་འཚེ་བ་མེད་པའི་ཞི་བདེ་བག་ཕེབས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པའི་ཐུབ་ཐུགས་སྨོན་མཛད་བཞིན་པ་མ་ཟད། དེང་རབས་འདིར་དམག་འཁྲུགག་དང་མི་མཐུན་པའི་གནད་དོན་རྣམས་རང་ས་ཞི་བ་དང་། ཞི་བདེ་དང་འཆམ་མཐུན་གྱི་དུས་རབས་ཤིག་ཡོང་བར་དམིགས་བསལ་ཐུགས་སྨོན་རྒྱ་ཆེ་གནང་འདུག
རྩོམ་སྒྲིག་པ་གདོང་མཁན།
རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།