ཁ་རྩང་ཤཱཀྱའི་དགེ་སློང་། གསར་གཏོད་པ་ཆེན་མོ། སྨོན་ལམ་བོད་ཀྱི་བརྡ་ཕྲིན་ཞིབ་འཇུག་ཁང་གི་འགན་འཛིན། དགེ་བཤེས་བློ་བཟང་སྨོན་ལམ་མཆོག་ནས་ཕྱི་ཚེས་༡༥ སྔ་དྲོར་ས་སྐྱའི་ཚིག་མཛོད་རྩོམ་སྒྲིག་པར་མཉེན་ཆས་གསར་པ་ངོ་སྤྲོད་དང་གསུང་བཤད། ཕྱི་དྲོར་དཔལ་ས་སྐྱའི་མཐོ་སློབ་ཀྱི་སྒོམ་རུམ་དཔེ་མཛོད་ཁང་དུ། དེ་གའི་མཁན་རིན་པོ་ཆེ་མཆོག་གིས་དབུས་ས་གནས་དོན་གཉེར་ཅན་གྲྭ་བཙུན་ཁག་ཅིག་ལ་ཚིག་མཛོད་སྐོར་གསུང་བཤད་དང་དྲི་བ་དྲིས་ལན་གནང་། ཕྱི་ཚེས་༡༦ཉིན་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་དང་། ༧སྐྱབས་མགོན་༧གོང་ཁྲི་འཛིན་རིན་པོ་ཆེ། ངོར་ཐར་རྩེ་མཁན་རིན་པོ་ཆེ། ཚར་པའི་ཁྲི་པ་རིན་པོ་ཆེ། ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེར་མཇལ་བཅར་དང་སྦྲགས། སྨོན་ལམ་བོད་ཀྱི་ཚིག་མཛོད་སྐོར་གྱི་ལས་བསྡོམས་དང་། གལ་གནད། ཁྱབ་ཚད་སོགས་ངོ་སྤྲོད་གནང་། དེ་དང་ལྷན་དུ་ས་སྐྱའི་རྩོམ་སྒྲིག་ཁང་གི་ལས་བསྡོམས་དང་། རྩོམ་སྒྲིག་ཁང་དུ་དབུས་དཔལ་ས་སྐྱ་སྨོན་ལམ་ཚོགས་པས་ཕུལ་བའི་འགྲོ་གྲོན་གྱི་ལས་བསྡོམས་བཅས་སྙན་སྒྲོན་ཞུས་གནང་འདུག
About གདོང་མཁན།
1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
Leave a Reply