མེ་ཏོག་ལྷ་མཚོ།

           

               རྩོམ་པ་པོ།  ཟླ་བའི་གཉེན། 

ཚང་ར་རབ་རྒྱས་སྐུ་གཟུགས་ཕྲ་མོའི་རྒྱན །།

མཐོང་བའི་མོད་ལ་འདོད་པས་རྨོངས་བྱེད་མ།།

ལང་ཚོ་སྨིན་པའི་བདུད་རྩི་མྱོས་བུམ་གང་།།

བྲང་ལ་མཛེས་ཤིང་སྟག་ཤར་སླུ་མཁས་མ།།

རབ་མཛེས་བཞིན་རས་དཀར་པོའི་དཀྱིལ་འཁོར་ལ།།

ཆུ་ཤེལ་ལྟ་བུའི་མིག་ཟུང་འོད་འཚེར་མ།།

ཕྲ་རིང་སྨིན་མ་དེ་དང་ཀྲི་ག་གཉིས།།

ཆར་རྗེས་འཇའ་རིས་འདྲ་བའི་མཛེས་སྡུག་མ།།

ཆགས་ལྡན་མིག་ཟུང་སྒྱུར་ཕྱོགས་རེ་རེ་ཡིས།

མི་ཡུལ་སྐྱེ་བོ་ཐམས་ཅད་འགུལ་བྱེད་མ།།

དྲི་འཛིན་ཙོག་ཙོག་ཐུར་དུ་ཕྱོགས་པ་དེ།།

སི་ཏཱ་ལྷ་མོའི་སྣ་ལ་འགྲན་སྡུར་མ།།

དུས་རབས་གསར་པའི་བྱུག་རྫས་མི་དགོས་པར།།

པད་མའི་རི་མོ་ལྡན་པའི་མཆུ་སྒྲོས་མ།།

སྨྲ་སྒོ་ཡངས་ལ་སྙན་ཞིང་འཇེབས་པའི་ངག །

ཐོས་པའི་སྐྱེ་བོའི་སྒྲ་འཛིན་འཕྲོག་བྱེད་མ།།

ཁམས་གཙང་སྐྲ་ལོ་རིང་ཐུང་ལྡན་པ་དེ།།

གཙང་ཞིང་འོད་ལྡན་ཕྲག་གཞོང་འཁྱིལ་ལྡན་མ།།

ལྷ་མོ་དབྱངས་ཅན་མ་ལ་ཅོ་འདྲི་བར།།

མི་ཡུལ་མཛེས་སྡུག་ངོམ་པའི་ཡིད་འཕྲོག་མ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*