སྐལ་ལྡན་བཟོ་གཞིའི་འཆར་བཀོད།

ཁ་རྩང་  ༼སྐལ་ལྡན་བཟོ་གཞིའི་འཆར་བཀོད།༽ ཅེས་པའི་གནའ་དེང་གི་སྒྱུ་རྩལ་ལྡན་པའི་རུམ་གདན་ཚོང་རྭ་ཞིག་སྒོ་མཛད་གནང་འདུག  

 སྐལ་ལྡན་བཟོ་གཞིའི་འཆར་བཀོད་ཞེས་པ་འདི་ནི་དཔལ་ས་སྐྱའི་བདག་མོ་སྐལ་ལྡན་མཆོག་ནས་དབུ་འཛུགས་གནང་བ་ཞིག་རེད་འདུག  དེ་ཡང་བདག་མོ་སྐལ་ལྡན་མཆོག་གིས་དམིགས་གསལ་གནའ་དེང་གི་སྒྱུ་རྩལ་བཟོ་བཀོད་དང་མཛེས་འཆོས་ལྡན་པའི་འཐག་བསྐྲུན་བྱས་པའི་བོད་ཁུལ་གྱི་ཆེས་སྲོལ་རྒྱུན་གྱི་གནའ་བོའི་འཐག་ལས་ལག་རྩལ་ལས་བྱུང་བའི་བོད་སྲོལ་རུམ་གདན་དག་འཚོང་བསྒྱུར་བྱས་པ་ལས་བྱུང་བའི་ཡོང་འབབ་ཁེ་གཙང༌རིན་འབབ་ཆ་ཚང་ས་སྐྱའི་སྨན་ཁང་དང་ཏཱ་རཱའི་ཚོགས་པ་གཉིས་ལ་རོགས་རམ་གནང་རྒྱུ་དང་།  གནའ་དེང་གི་མཛེས་འཆོས་ཅན་གྱི་རུམ་གདན་འདི་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་དང་བོད་མི་རྣམས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་པ་དང་།  འཁེལ་ཐག་ལག་རྩལ་ལ་བརྟེན་ནས་སྦྲ་ནག་དང་སྒྱེ་མོ། ཡོལ་བ། པང་གདན། སྣམ་བུས་བཟོས་པའི་ཕྲུག་ལྭ་སོགས་ཉེར་མཁོའི་ཡོ་བྱད་སྣ་ཚོགས་བཟོ་ཐུབ་ཀྱི་ཡོད་པ་དེས་བོད་ཀྱི་ཐུན་མིན་སྲོལ་རྒྱུན་རིག་གནས་ཡང་མཚོན་ཐུབ་པའི་ཁྱད་ཆོས་ལྡན་འདུག   འཁེལ་འཐག་རུམ་གདན་ནི་ཡངས་པོ་དང་། འཁྲུས་གཉེར་བདེ་པོ། ཞེང་ཚད་རིང་ཐུང་ལ།  (ཕི་ཀྲི།) ༡༥ ནས་ ༢༠ དང་། དཀྱུས་ལ་རིང་ཐུང་ཚད།  (ཕི་ཀྲི།) ༡༢ བར་འཐག་ཐུབ་པའི་ཁྱད་ཆོས་ལྡན་པའི་རུམ་གདན་རྣམས་སྤྱི་སྒེར་སུ་ཞིག་ལ་མཁོ་ཆས་མངགས་ཉོ་ཡོད་ཚེ།  འཛམ་གླིང་ས་ཕྱོགས་གང་སར་གཏོང་འདྲེན་བྱེད་ཐུབ་ཀྱི་ཡོད་འདུག    གལ་སྲིད་འདིའི་སྐོར་མཁྱེན་རྟོགས་འཕར་སྣོན་དང་། རུམ་གདན་མངགས་ཉོ་གནང་འདོད་ཡོད་ཚེ་སྐལ་ལྡན་བཟོ་གཞིའི་འཆར་འགོད་ཀྱི་ངོ་དེབ་ཐོག་གཟིགས་ན་གནས་ཚུལ་རྒྱུས་པར་མཁྱེན་ཐུབ་པ་རེད་འདུག  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*