ཉམས་མྱོང་རྒན་པོའི་གཏམ་གྱི་ཉིང་ཁུ།

རྩོམ་པ་པོ། ཟླ་བའི་གཉེན།

དགའ་མའི་བཞིན་རས་མཚར་སྡུག་མེ་ཏོག་ལ།།
ལག་ཟུང་གཉིས་ཀྱིས་འགྲམ་པ་གཡས་གཡོན་སྐྱོང་།།
འདོད་པའི་ཉམས་ཀྱི་ཆགས་ཚིག་སྨྲ་བཞིན་དུ།།
མདར་བའི་མཆུ་ཏོ་སྲབ་མོར་འོ་ཡིས་བསུ།།

འཇམ་པའི་མགྲིན་པ་དེ་དང་རྣ་བ་གཉིས།།
ཡང་ཡང་འཇིབ་ཅིང་ཁ་ནས་སིང་སྒྲ་སྒྲོག །
དེ་ནས་བྲང་གི་དཀྱིལ་དང་ནུ་རྩེ་བཅས།།
འཇིབ་ཅིང་ནུ་ལྡད་བྱས་ན་བདེ་ཞིང་རྔུབ།།

ལིངྒ་མོ་ཡི་བརླ་དག་ཐུག་པ་དང་།།
སྐབས་རེ་བྷ་གའི་ཁ་ལ་ཡང་ཡང་རྡར།།
བྱིས་པས་ནུ་མ་ནུ་བཞིན་དུ།།
བྱ་ལེར་མཆུ་ཏོས་འཇུས་ནས་ནུ་ཞིང་འཐེན།།

ལིངྒ་བྱ་ལེ་མགྲན་ལ་ཡང་དུ་སོང་།།
སྐབས་རེ་ལིངྒ་མགོ་ཙམ་བཅུག་པ་བྱོས།།
སྒོ་ལ་ཅི་ཙམ་འཇུག་པ་དེ་ཙམ་གྱིས།
སྙིང་ཁར་ཆུ་འཁྱག་གཏོར་འདྲ་རྔུབ་པ་བྱེད།།

ཨ་དང་ཨེན་ཞིང་བྱིས་པའི་སྐད་འདྲ་འཇུན།།
འཁུན་སྒྲ་ཇི་ཙམ་འཇོན་ན་དེ་ཙམ་སྤྱོད།།
སྐབས་རེ་ཤེད་ཀྱིས་རྩ་བ་བཅུག་བྱས་ནས།།
གཡས་དང་གཡོན་ལ་གཅིར་ན་བདེ་རིམ་བཤད།།

བུད་མེད་འདོད་ཆགས་ཅན་ལ་གླང་བཞིན་སྤྱོད།།
ལག་གཉིས་མོ་ཡི་འཕོངས་ཤ་འཕུར་བཞིན་དུ།།
དལ་གྱི་བཅུག་ཅིང་འཕོངས་ཤ་གཡས་གཡོན་འཐེན།།
ཅི་ཙམ་སྤྱོད་ན་དེ་ཙམ་དགའ་ཞེས་འབོད།།

ཆགས་ལྡན་བུ་མོའི་གནས་ལ་ཁེལ་གྱུར་ན།།
དྲི་མ་མེད་པའི་ཆགས་པའི་འོག་རླུང་དེ།།
ལིངྒ་ཇི་ཙམ་འཇུག་འཐེན་བྱས་པ་ན།།
དེ་ཙམ་འབྲུག་སྐད་བཞིན་དུ་ཐོན་ནས་ཡོང་།།

སྤྱོད་བཞིན་སྤྱོད་བཞིན་འདོད་ལྡན་བུ་མོ་ཡིས།།
བདེ་བའི་འཁུན་སྒྲས་ཁུ་སིམ་མཚན་མོ་དཀྲོག །
སྤྱོད་བཞིན་སྤྱོད་བཞིན་རྫོགས་མེད་བདེ་ཆེན་འདི།།
ཞིང་ཆེན་མི་ཡུལ་འདི་ན་མཆོག་ཡིན་གསུངས།།

ཆགས་པ་ཐམས་ཅད་རླུང་བུ་ཡིན་ཞེས་གྲགས།།
དཔྱད་བཞིན་དཔྱད་གཞན་དེ་ལྟ་ཡིན་པར་ངེས།།
འདོད་པའི་བདེ་བ་ཡོངས་སུ་མྱོང་ཐུབ་ན།།
རང་གཞན་བདེ་ཞིང་གཉིད་ཀྱང་སྐྱིད་པ་ཁུག །

གསང་བསྔགས་ཉམས་ལེན་བདག་ལ་མེད་གྱུར་ཀྱང་།།
སྐྱེ་བོ་ཕལ་པས་བདེ་བ་ཉམས་མྱོང་ཆེ།།
སངས་རྒྱས་ཐོབ་པའི་བདེ་བ་མ་ཤེས་ཀྱང་།།
ཕལ་པའི་བདེ་བ་མྱོང་སྟངས་བཤད་ཡོད་དོ།།

         ༢༠༡༧/༤
About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*