ས་གཅོད་ཕྱོགས་བསྒྲིགས་ཀྱི་ཕྱག་དཔེ་ལྔ་གསར་ཐོན།

ཕྱོགས་བསྒྲུགས་པ། དྲུང་ས་རུ་པ་བསོད་ནམས་དཔལ་འབྱོར།

 གསུང་འབུམ་འདི་ཉིད་ཀྱི་མ་དཔེ་ནི་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་གྲུབ་དབང་དམ་ཆོས་བསྟན་པའི་ཡང་སྲིད་རིན་པོ་ཆེ་ཀུན་བཟང་འཕྲིན་ལས་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཝ་རཱ་བདེ་ཆེན་རི་ཁྲོད་དུ་གླེ་མདའ་མཆོག་སྤྲུལ་མགོན་གྲགས་རིན་པོ་ཆེ་དང་།  དབོན་སྟོད་དགོན་གསར་བླ་མ་ངག་དབང་མཁྱེན་བརྩེ་རྣམ་གཉིས་ནས་དབང་ལུང་གི་རྒྱུན་སྤེལ་ཐེངས་དང་པོ་མཛད་སྐབས་དང་།  སླར་ཡང་དབང་ལུང་གི་རྒྱུན་གང་ཡོད་ཀྱི་དཔེ་ཆ་བཙལ་འཚོལ་མཛད་དེ་བདེ་ཆེན་རི་ཁྲོད་དང་གླེ་མདའ་འདུས་སྤྱི་གཉིས་ལ་གཙོ་འགན་བསྐུལ་ནས།  སྐྱེ་དགོན་བཤད་གྲྭ་མཁན་སློབ་ཡོངས་དང་།  མདོ་སྲིབ་དགོན།  སྐལ་བཟང་དགོན་བཅས་ནས་ཐུགས་ཁུར་རྒྱབ་སྐྱོར་གང་བཟང་གནང་བ་དང་འབྲེལ།  མཚོ་སྔོན་ཟི་ལིང་དུ་བསྡུ་སྒྲིག་དང་ཞུ་དག་མཛད་པའི་དཔེ་རྩ་བར་བཟུང་སྟེ།  འདི་ལ་སྔོན་ནས་ད་བར་གྱི་ཕྱག་ལེན་བཞིན་གཞན་གྱི་ལས་ཚོགས་འགའ་ཞིག་ལྷན་ཐབས་སུ་མཛད་པའི་ཕྱག་སྲོལ་ཡང་ཐད་སོར་བཞག་ཡོད་ཅེས་གོ་རིམ་མ་འཛོལ་བར་དེང་རབས་དེབ་གཟུགས་སུ་བཅོས་ཏེ་སྤར་བསྐྲུན་ཞུས་ཡོད།

ས་སྐྱའི་ཆོས་མཛོད་༽ལས། སྤྱིའི་པོད་གྲངས།(69) 

དྲུང་ས་རུ་པ་བསོད་ནམས་དཔལ་འབྱོར་ལུགས་ཀྱི་ས་གཅོད་ཕྱོགས་བསྒྲིགས་པོད་དང་པོའི་དཀར་ཆག།

༡ གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་བཙུན་དམ་པ་སངས་རྒྱས་ཀྱི་རྣམ་པར་ཐར་པ་དངོས་གྲུབ་འོད་སྟོང་འབར་བའི་ཉི་མ།

༢ ཕུང་པོ་གཟན་དུ་བསྐྱུར་བའི་རྣམ་པར་བཤད་པ་ལས་མ་ཅིག་ལབ་ཀྱི་སྒྲོན་མེའི་རྣམ་ཐར་མདོར་བསྡུས་པ།   

 སྤྱིའི་པོད་གྲངས།(70)

དྲུང་ས་རུ་པ་བསོད་ནམས་དཔལ་འབྱོར་ལུགས་ཀྱི་ས་གཅོད་ཕྱོགས་བསྒྲིགས་པོད་གཉིས་པའི་དཀར་ཆག།

༡ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་གཞུང་ཚིགས་བཅད་ཆེན་མོ།

༢ དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་གཞུང་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་སྡེའི་དུམ་བུ་རིན་པོ་ཆེའི་སྙིང་པོ།    

༣ ལམ་དྲི་མ་མེད་པ་དངུལ་སྒོང་དག་པའི་སྐོར། 

༥ ལམ་དྲི་མ་མེད་པ་གསེར་སྒོང་དག་པའི་སྐོར། 

༦ ལམ་དྲི་མ་མེད་པ་ཤེལ་སྒོང་དག་པའི་སྐོར།   

༧ རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་དམ་པ་རྒྱ་གར་རམ་དམ་པ་སངས་རྒྱས་ཞེས་པའི་གསུང་མགུར་ཞལ་གདམས་དིང་རི་བརྒྱད་ཅུ་པ།      

༨ དམ་པ་སངས་རྒྱས་ཀྱིས་མི་ལ་རས་པ་ལ་གདམས་པའི་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་སྙིང་པོར་དྲིལ་བའི་མགུར། 

༩ གཅོད་ཀྱི་བཀའ་ཚོམས་ཆེན་མོ།    

༡༠ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཡང་ཚོམས་ཞུས་ལན་མ།

༡༡ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་བདུད་ཀྱི་གཅོད་ཡུལ་ལས་ཉིང་ཚོམས།    

༡༢ ཐུན་མོང་གི་ལེའུ་ལག་བརྒྱད་པ། 

༡༣ ཐུན་མོང་མ་ཡིན་པའི་ལེའུ་ལག་བརྒྱད་པ།  

༡༤ ཁྱད་པར་གྱི་ལེའུ་ལག་བརྒྱད་པ།

༡༥ བརྡ་ཆོས་ལ་བརྡར་བསྒྱུར་བ་ལས་བེམ་རིག་དབྲལ་བའི་བརྡ། 

༡༦ སེམས་ཆོས་བསྲེ་བའི་བརྡ།

༡༧ ཆོས་རྣམས་ཟད་སར་སྐྱོལ་བའི་བརྡ།  

༡༨ ཀུན་གཞི་སྡེ་སྐོར་གྱི་ངོ་སྤྲོད།      

༡༩ ཤེས་བྱ་དྲུག་སྐོར་གྱི་ངོ་སྤྲོད།      

༢༠ ཡེ་ཤེས་སྤྱི་བླུགས་ཀྱི་ངོ་སྤྲོད།     

༢༡ གནད་ཀྱི་ཐེམ་ཡིག་བདུན་པ།    

༢༢ གུད་དུ་སྦས་པའི་གཟེར་བུ་བཅོ་ལྔ་པ། 

༢༣ ཡིད་ཆེས་བཅུ་གཉིས་ཀྱི་ལ་བཟླ།

༢༤ མ་ཡི་ཞལ་གདམས་བུ་ཡིག་ཉི་ཤུ་རྩ་གཅིག །

༢༥ ཤེས་རབ་སྐྲ་རྩེ།

༢༦ སྙན་བརྒྱུད་ཀྱི་གདམས་པ་གོང་ཁུག་མ།      

༢༧ གནད་ཐེམ་བཞི་མ། 

༢༨ གནད་ཀྱི་ཐེམ་བདུན་པ།   

༢༩ རིགས་བཞི་མཁའ་འགྲོའི་སྙན་བརྒྱུད། 

༣༠ གསང་བ་ཐུགས་ཀྱི་སྒྲོན་མེ་སོགས་ཐོར་བུ་བ་མང་པོ།    

༣༡ བར་དོ་གེགས་སེལ་སྒྲོན་མེ།

༣༢ རྩ་ཚིག་ལྔ་པ།  

༣༣ ཡང་གསང་ཐུགས་ཀྱི་སྒྲོན་མེ།    

༣༤ བཞི་ཚན་རྣམ་པ་གཉིས་ཀྱི་མན་ངག །

༣༥ ཤེས་བྱ་བཞི་སྐོར་གྱི་མན་ངག །

༣༦ བཞི་གསུམ་བཅུ་གཉིས་པ།

༣༧ ཤེས་རབ་སྐྲ་རྩེའི་གནད་ཀྱི་གདམས་པ་བརྒྱད།    

༣༨ ལྟ་བསྒོམ་སྤྱོད་འབྲས་ཀྱི་ལ་བཟླ། 

༢༩ ནམ་མཁའ་སྒོ་འབྱེད།

༣༠ གསལ་བྱེད་སེམས་ཀྱི་མེ་ལོང་ཁ་འཐོར་ཉམས་ཀྱི་ཡིག་ཆུང་མན་ངག་རིན་ཆེན་གཏེར་མཛོད།    

༣༡ ཞལ་གདམས་ཐུགས་ཀྱི་བདུད་རྩི།      

༣༢ ཉེར་ཞི་རིན་ཆེན་སྒྲོན་མེ།  

སྤྱིའི་པོད་གྲངས།(71)

དྲུང་ས་རུ་པ་བསོད་ནམས་དཔལ་འབྱོར་ལུགས་ཀྱི་ས་གཅོད་ཕྱོགས་བསྒྲིགས་པོད་གསུམ་པའི་དཀར་ཆག།

༡ ཁྲོས་མ་ནག་མོ་ལྷ་ལྔ་ལ་བརྟེན་པའི་དབང་བསྐུར་ཆོས་ཀྱི་སྒོ་འབྱེད་ཀྱི་ངག་འདོན་ལག་ལེན་གསལ་བ་ལེགས་པར་བཤད་པའི་ལྡེ་མིག།

༢ གཅོད་ཟབ་དོན་ལས་གསུངས་པའི་དབང་བསྐུར་ཆོས་ཀྱི་སྒོ་འབྱེད་གསལ་བར་བྱེད་པ་དབང་ཆོག་འོད་ཀྱི་ཕྲེང་བ། 

༣ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅོད་ཀྱི་འཇུག་སྒོ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་བདུད་རྩིའི་ཆུ་རྒྱུན།     

༤ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་འཇུག་སྒོ་དང་བྱིན་རླབས་ཐུན་མོང་མ་ཡིན་པ་བདུད་རྩིའི་སྙིང་པོ།

༥ རྡེལ་བུ་བྱིན་རླབས་རྡོ་རྗེའི་གོ་ཆ་དང་ཚོགས་བསགས་ཀྱི་ཆོ་ག་དངོས་གྲུབ་རྒྱ་མཚོ།     

༦ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅོད་ཀྱི་ཁྲིད་ཡིག་བྱང་ཆུབ་ལམ་གྱི་སྒྲོན་མེ།     

༧ ཁྲིད་ཡིག་བྱང་ཆུབ་ལམ་སྒྲོན་གྱི་ལྷན་ཐབས་རྣམ་རྟོག་རང་གཅོད་གནད་ཀྱི་མན་ངག།

༨ ཟབ་མོ་གཅོད་ཀྱི་ངོ་བོ་དང་ངེས་ཚིག་གི་དབྱེ་བ།    

༩ ཟབ་མོ་གཅོད་ཀྱི་དབྱེ་བ།     

༡༠ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅོད་ཀྱི་གཞུང་ཆུང་གི་སྤྱི་དོན་མ་དྲོས་རྒྱ་མཚོ།

༡༡ གནད་ཀྱི་གཞུང་ཆུང་སྐོར་གསུམ།      

༡༢ ཞི་དྲག་གཅོད་ཀྱི་སྐོར་གསུམ།    

༡༣ སློང་ཚད་ཡི་གེ་སེམས་ཀྱི་འཇའ་རིས། 

༡༤ ཟབ་མོ་གཅོད་ཀྱི་འཁྲུལ་འཇོམས་གཞུང་ཆུང་གསལ་བའི་སྒྲོན་མེ།  

༡༥ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅོད་ཀྱི་ཚོགས་ལས་ཀྱི་ཟིན་ཐོ་ནམ་མཁའ་མཛོད།   

༡༦ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་ཁྲིད་ཡིག་བསམ་གཏན་དགའ་མ།    

༡༧ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་ཁྲིད་ཡིག་གི་ཆ་ལག་བསམ་གཏན་མཛེས་རྒྱན།  

༡༨ བདུད་ལས་ངོས་འཛིན་གཡུལ་ལས་རྣམ་པར་རྒྱལ་བ།   

༡༩ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་ཁྲིད་རིམ་གྱི་ལྷན་ཐབས་བསམ་གཏན་བདུད་རྩི། 

༢༠ རི་སྐོར་གྱི་ཡིག་ཆུང་ཞལ་ཤེས།   

༢༡ གཉན་ཁྲོད་སྤྱི་དང་བྱེ་བྲག་གི་གཅོད་ཡུལ་ཤི་ཕན་གསོན་དགེ།      

༢༢ ཐུན་མོང་མ་ཡིན་པའི་ལོག་ནོན།

༢༣ ཚོག་བསགས་ནོར་བུ་བསམ་འཕེལ།   

༢༤ རི་བསྐོར་དབྱིང་ཀྱི་རྡོ་རྗེ་ཕ་ལམ།      

༢༥ གཉན་ཁྲོད་འགྲིམས་པའི་ལྡེ་མིག།

༢༦ གཅོད་ཁྲིད་ལམ་རིམ་སྨོན་ལམ། 

སྤྱིའི་པོད་གྲངས།(72)

དྲུང་ས་རུ་པ་བསོད་ནམས་དཔལ་འབྱོར་ལུགས་ཀྱི་ས་གཅོད་ཕྱོགས་བསྒྲིགས་པོད་བཞི་པའི་དཀར་ཆག།

༡ འཕགས་པ་ལྷས་མཛད་པའི་གཞུང་གི་ས་བཅད།    

༢ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཞུང་ཆུང་ཡིད་བཞིན་ནོར་བུའི་མཆན་འགྲེལ། 

༣ བྲམ་ཟེ་ཨཱརྱ་དཱེ་ཝའི་གཞུང་གིའགྲེལ་པ་མུ་ཏིག་ཕྲེང་བ།   

༤ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་གཞུང་འགྲེལ་ཟག་མེད་སྦྲང་རྩི།  

༥ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཞུང་འགྲེལ་པདྨའི་རྫིང་བུ།    

༦ གཅོད་བཀའ་ཚོམས་ཆེན་མོའི་གཞུང་འགྲེལ་ནོར་བུ་བསམ་འཕེལ།   

༧ ཤེས་རབ་སྐྲ་རྩེའི་ས་གཞུང་སྤེལ་བ་རིན་པོ་ཆེའི་གཏེར་མཛོད། 

༨ བཀྲ་ཤིས་དང་ཟབ་ལམ་རྣམ་ཐར་གྱི་སྐོར།     

༩ བསྐྱེད་རྫོགས་ལམ་གྱི་བཀྲ་ཤིས།    

༡༠ ལམ་ཟབ་བླ་མའི་རྣལ་འབྱོར་གྱི་ཚིགས་བཅད།     

༡༡ ལམ་ཟབ་ནང་གི་བླ་མའི་རྣལ་འབྱོར་གྱི་ཚིགས་བཅད།   

༡༢ སྔོན་བྱུང་གི་རྣམ་ཐར།      

༡༣ མཐོང་སྣང་བསྟན་པ་དང་ཕྱིས་བྱུང་གི་ལོ་རྒྱུས།    

༡༤ ཡང་དག་དོན་གྱི་ལོ་རྒྱུས། 

༡༥ བླ་མའི་ཞལ་གདམས་མནལ་ལམ་མ།   

༡༦ གཉིད་ལམ་དུ་ཤར་ཚུལ།   

༡༧ གནས་ལུགས་དོན་གྱི་སྟོང་ཐུན། 

༡༨ སྟོང་ཐུན་མཚར་བའི་གད་རྒྱངས།      

༡༩ མཐོང་སྣང་བརྡའི་ཚིགས་བཅད།

༢༠ འཁོར་འདས་ལམ་གསུམ་རྨི་ལམ་དུ་ཤར་ཚུལ།     

༢༡ སྤྱིར་སྡོམ་པ་གསུམ་གྱི་དོན་ཉམས་སུ་ལེན་ཚུལ།    

༢༢ གཡུ་བྲག་རིང་ཐད་ཀྱི་ཉམས་སྣང་།    

༢༣ བྲམ་ཟེ་ས་ར་ཧས་སངས་རྒྱས་ཀྱི་བསྟན་ལ་ཐེ་ཚོམ་བསལ་བ། 

༢༤ གཡུ་གཤིལ་གྱི་ལྷ་འདྲེ་ལ་སྨོན་ལམ་དུ་གནང་བ། 

༢༥ ཆོས་སྐྱོང་གི་ཐང་སྐུ་ལ་བྱིན་རླབས་འཇུག་ཚུལ་གཟིགས་པ།   

༢༦ འཆིང་གྲོལ་གྱི་རྩ་བ་སེམས་སུ་བསྟན་པ།     

༢༧ རླུང་སེམས་དབུ་མར་འཇུག་ཚུལ།     

༢༨ རྫོགས་རིམ་གནད་ཀྱི་མན་ངག།

༢༩ ཆོས་རྗེ་ས་པཎ་གྱི་རྟེན་ལ་མཇལ་དུས་བྱིན་རླབས་ཞུགས་ཚུལ།

༣༠ ཉམས་མྱོང་ཚད་མས་སྙན་བརྒྱུད་བཞི་གཏན་ལ་ཕེབ་ཚུལ།    

༣༡ ཚད་མ་བཞི་ཉམས་མྱོང་གིས་གྲུབ་ཚུལ།      

༣༢ ལུས་སེམས་གཉིས་འབྲས་བུར་ཤར་བའི་ཚུལ།     

༣༣ བླ་མ་བསོད་ནམས་རིན་ཆེན་པས་ཉམས་སྣང་དུ་གནང་བའི་སྡོམ་གསུམ་ཉམས་ལེན་གྱི་གནད་ཀྱི་རྩ་བ།     

༣༤ ཉམས་ལེན་གྱི་གནད་ཐོས་སྣང་དུ་བྱུང་བ།  

༣༥ བཀའ་བར་པ་དང་ཐ་མ་དང་གསང་སྔགས་ཀྱི་དྲང་དོན་ངེས་དོན་བླ་མ་ལྷ་ལ་དྲི་བ།

༣༦ འཁོར་བའི་འཁྲུལ་བ་དོན་དམ་དུ་རྟོགས་ཚུལ།    

༣༧ སྐྱིད་ཡང་དག་བོན་འོད་བུ་ཡོད་ཟེར་བའི་ལན།   

༣༨ གནོད་བྱེད་ཚུལ་བཞིས་ལམ་དུ་ཁྱེར་ཐབས་རྣལ་ལམ་དུ་བྱུང་བ།    

༣༩ ཐོར་པ་བསྙུང་བའི་ནད་ཟུག་ཡི་དམ་དུ་ཤར་ཚུལ།

༤༠ མ་ལབ་སྒྲོན་གྱིས་སྙན་བརྒྱུད་དུ་གནང་བའི་གནད་ཀྱི་མན་ངག།

༤༡ ལམ་ལ་སྤྲོ་བ་སྐྱེས་ཤིང་འཁོར་བ་ལ་ཞེན་པ་ལོག་ཚུལ།  

༤༢ གསང་སྔགས་ཀྱི་རྟོགས་པ་ཤར་ཚུལ།  

༤༣ གྲུབ་ཐོབ་གོང་མའི་གསུང་འཐོར་བུ་བ་བསྒྲིགས་པ།     

༤༤ རང་གི་འདོད་པ་བརྗོད་པ།     

༤༥ གཟུང་འཛིན་ལམ་དུ་འཁྱེར་ཚུལ།     

༤༦ རྣམ་རྟོག་ཆོས་སྐུ་ཡིན་ཚུལ།     

༤༧ ཇོ་ཞལ་མ་གཟིགས་པའི་སེམས་གསོ། 

༤༨ རྫུན་མ་གཅིག་གིས་ཆོས་སྐད་མང་པོས་མི་མགོ་བསྐོར་བ་ལ་མཛད་པ།   

༤༩ རྫུན་མ་གཅིག་གིས་ཆོས་ལ་བརྟེན་ནས་འུད་མང་པོ་བྱས་པ་ལ་བརྟེན་ནས་མཛད་པ།      

༥༠ ཀུན་རྫོབ་ཀྱི་རང་བཞིན་ཤེས་ན་དོན་དམ་དུ་བསྟན་པ། 

༥༡ ལམ་རིམ་དང་ཉམས་རྟོགས་ཀྱི་དབྱེ་བ་དང་རྣམ་གྲངས།

༥༢ མདོ་ལུགས་ངེས་དོན་སྙིང་པོ།    

༥༣ གཅོད་ལོག་མཁན་ལ་སྐྱོ་བའི་ཡིག་ཆུང་ལྔ་ཕྱིས་གཅིག་ཏུ་བསྡེབས་པ།     

༥༤ བུད་མེད་ཅིག་གི་རེ་འཁང་ལ་བརྟེན་ནས་སྤྲོས་པ་ནང་ནས་ཆོད་ཚུལ།   

༥༥ ཕ་དམ་པ་རྒྱ་གར་ལས་རྨི་ལམ་དུ་ཐོས་པའི་ཞི་བྱེད་ལུགས་ཀྱི་ལྟ་སྒོམ་སྤྱོད་འབྲས།    

༥༦ གསང་སྔགས་སྤྱིའི་གོ་ཉམས།     

༥༧ འཇིག་རྟེན་ལ་སྐྱོ་བའི་གཏམ་ཞིག་ལམ་གྱི་གནད་འགའ།      

༥༨ གཞན་རྐྱེན་གྱིས་བསྐུལ་བའི་གཏམ།   

༥༩ ཐུགས་གཞི་ཡང་ངོ་ཟེར་བ་ལ་མཛད་པ།     

༦༠ རང་གཞན་ལ་སྐྱོ་བའི་གཏམ།    

༦༡ གཞན་རྐྱེན་ལ་རྐྱག་གཏད་མེད་པའི་གཏམ། 

༦༢ ཆོས་བྱེད་ཕལ་ལ་སྐྱོ་བའི་གཏམ།

༦༣ བློ་རྟོག་པ་འཕྲོས་པའི་མགུལ་ཆུང་ཉི་ཟེར་ཅན།   

༦༤ མ་ཎི་པད་མགུར་བར་དོའི་སེམས་ཅན་དང་མི་མ་ཡིན་ལ་ཕན་པའི་རྟེན་འབྲེལ།     

༦༥ སྤྱན་རས་གཟིགས་ཀྱི་ལམ་རིམ་གྱི་ཁྲིད་ལུགས།    

༦༦ རྣམ་ཐར་གྱི་སྐོར།    

༦༧ སྐྱས་གྲོས་བྱས་པས་སྐྱོ་བའི་གཏམ།    

༦༨ ཕྱོགས་མེད་བྱེད་པའི་རྒྱུ་མཚན། 

༦༩ ཡུལ་ངེས་མེད་དུ་བདེ་བའི་གཏན་ཚིགས།   

༧༠ ཚེ་འདི་བློས་བཏང་བའི་དམ་བཅའ་དང་བློ་དྲི་བ།

༧༡ འཇིག་རྟེན་འདི་ལ་སྐྱོ་བ་སྐྱེས་པའི་ལོ་རྒྱུས། 

༧༢ དབེན་གནས་བརྟེན་པ་དང་གནོད་ལན་ལ་ཕན་པ་བསྒྲུབ་པའི་དམ་བཅའ་དང་དཔང་གཟུགས་མཛད་པ།  

༧༣ འདས་ཀ་ཞལ་ཆེམས་སུ་གནང་བ།    

༧༤ བླ་མ་བསྟེན་པ་དང་ཚེ་བློས་བཏང་དུ་དམ་བཅས་པ།  

༧༥ ཆོས་པ་ཕལ་ཆེར་ལ་སྐྱོ་བ་སྐྱེས་ནས་སེམས་ཀྱི་འཁྲི་བ་གཅོད་པར་གདམས་པ། 

༧༦ གང་ཟག་དང་ཆོས་འཛོལ་བར་གཟིགས་ནས་མ་འཛོལ་བ་ལ་བསྔགས་པ་བརྗོད་པ།  

༧༧ གཅོད་ཀྱི་ཡིག་ཆ་རྣམས་འཐད་པའི་ལུང་བསྟན་བྱུང་ཚུལ།   

༧༨ སེམས་བསྐྱེད་ཀྱི་ཆོ་ག་བསྡུས་པ་ལེན་ཚུལ།  

༧༩ གང་ཟག་སོ་སོ་ལ་གནང་བའི་ཞལ་གདམས་དང་ཡི་གེའི་མ་མོ་ལ་སྤེལ་བ་རྣམས།     

༨༠ བསོད་ནམས་སེང་གེ་ལ་གནང་བ་དང་པོ།   

༨༡ བསོད་ནམས་སེང་གེ་ལ་གནང་བ་གཉིས་པ།

༨༢ སྡོམ་གསུམ་གཅིག་དྲིལ་ཉམས་སུ་ལེན་ཚུལ་བསོད་ནམས་སེང་གེ་ལ་གནང་བ་གསུམ་པ།   

༨༣ ཆོས་རྒྱལ་བས་ཏིང་ཤགས་ཕུལ་བ་ལ་གནང་བ།   

༨༤ འདན་མ་ཤཱཀ་བཟང་ལ་གནང་བ་དང་པོ།  

༨༥ འདན་མ་ཤཱཀ་བཟང་ལ་གནང་བ་གཉིས་པ།

༨༦ འདན་མ་ཤཱཀ་བཟང་ལ་གནང་བ་གསུམ་པ།

༨༧ བློ་གྲོས་ཡེ་ཤེས་པ་ལ་གདམས་པ།      

༨༨ བདེ་མཆོག་སྙན་བརྒྱུད་ཀྱི་ཁོག་འགྲིག 

༨༩ བླ་མ་བློ་གྲོས་ཡེ་ཤེས་པ་དཔོན་སློབ་ཤིང་ཉག་པའི་རི་བ་རྣམས་ལ་བསྐུར་བ།   

༩༠ ལྷ་རྗེ་ཨ་འཕེལ་ལ་གདམས་པ།   

༩༡ ཤིང་ཉག་པའི་དགེ་བཤེས་བཞི་ལ་གནང་བ།

༩༢ དགའ་ལྡན་པ་ཤེས་རབ་དཔལ་ལ་གནང་བ།

༩༣ ཉག་པ་བསོད་ནམས་དབང་ཕྱུག་ལ་གནང་བ།     

༩༤ ཀེ་རང་བ་བསོད་ནམས་འོད་ཟེར་ལ་གནང་བ།   

༩༥ རང་ཐ་འོད་ཟེར་སེང་གེ་ལ་གནང་བ། 

༩༦ ཆོས་གླིང་པས་གྲྭ་པ་གཉིས་ལ་བསྐུར་བའི་ཚིག་སྣ་བསྲིང་བ།  

༩༧ ཆོས་གླིང་པ་ལ་ཞུ་ཡིག།

༩༨ ཆོས་གླིང་དྲུང་པ་སྐུ་མཆེད་ལ་ཞུ་ཡིག །

༩༩ ས་རུ་ཡི་དགེ་འདུན་པ་རྣམས་ལ་སྤྲིངས་ཡིག །

༡༠༠ བཀྲ་ཤིས་རིན་ཆེན་པ་ལ་བརྟེན་ནས་བསོད་ནམས་སེང་གེ་ལ་གནང་བ།

༡༠༡ གྲོང་ཆོག་པའི་ཡོན་བདག་དང་བླ་མ་རྣམས་ལ་གདམས་པ། 

༡༠༢ གྲོང་ཆོག་པའི་དགེ་འདུན་པ་སྤྱི་ལ་གདམས་པ།  

༡༠༣ ཕར་ཕྱིན་པའི་དགེ་བཤེས་ལ་གདམས་པ།  

༡༠༤ བསྟོད་པ་བཀྲ་ཤིས་འོད་ཟེར་ལ་གནང་བ།

༡༠༥ སྔགས་པ་ཐ་མ་འབྲིང་རབ་གསུམ་ལ་གདམས་པ།      

༡༠༦ ཤེས་རབ་གྲགས་པ་ལ་གནང་བ།     

༡༠༧ ཞེན་པ་བཞི་བྲལ་འདོད་པ་ལ་གནང་བ།   

༡༠༨ རང་རྒྱལ་ཅན་ལ་སྐྱོ་བའི་གཏམ་གཅུར་པའི་དགེ་བཤེས་གཉིས་ལ་གདམས་པ།      

༡༠༩ བོན་པོ་སྟག་དགེ་ལ་གདམས་པ།      

༡༢༠ ལྷ་རྗེ་ཨ་འཕེལ་ལ་གནང་བ།   

༡༢༡ འབྲེ་དོ་ར་དམར་གྱི་རྩེ་མོར་གདམས་པ།   

༡༢༢ ཤིང་ཉག་བའི་རི་པ་དཔོན་སློབ་རྣམས་ལ་སྤྲིངས་ཡིག།

༡༢༣ རྒྱ་ཀུན་དབང་བ་དང་དགོངས་པ་བསྡུར་བ།     

༡༢༤ བླ་མ་བློ་གྲོས་ཡེ་ཤེས་པས་ཞུས་ནས་མཛད་པ།  

༡༢༥ ཞི་གནས་ལྷག་མཐོང་གི་དབྱེ་བ།     

༡༢༦ ཉམས་ལེན་གྱི་ལམ་ཁྱེར་བྱེད་ཚུལ།   

༡༢༧ ཆོས་རྗེ་ས་པཎ་གྱི་དུས་མཆོད་ཀྱི་ཚིགས་བཅད། 

༡༢༨ ཆོས་ཀྱི་དགོས་པ་བརྟག་པ།    

༡༢༩ ཆོས་རྒྱལ་བ་དང་ཀུན་དགའ་སྨོན་ལམ་གཉིས་ལ་གདམས་པ།      

༡༣༠ འཁོར་བའི་ཉེས་པ་དང་ཐར་བའི་ཐབས་བསྟན་པ།    

༡༣༡ སྦྱོར་དྲུག་དང་རྫོགས་ཆེན་གཉིས་ཀྱི་ཉམས་སྣང་གཏན་ལ་ཕབ་པ།

༡༣༢ ཟོག་པོ་ཞིག་གིས་མི་རྣམས་བསླུས་པ་ལ་བརྟེན་ནས་མཛད་པ།     

༡༣༣ རྫོགས་ཆེན་ཁྲེགས་ཆོད་ཀྱི་དོན་གཏན་ལ་དབབ་པ།   

༡༣༤ མ་ལབ་སྒྲོན་ལ་གསོལ་བ་བཏབ་པས་ཞལ་གདམས་སྙན་བརྒྱུད་དུ་གནང་བ། 

༡༣༥ མཁས་བླུན་གྱི་མཚན་ཉིད་བརྟག་པ།

༡༣༦ རོ་ལོ་དབུ་སེའི་རྣམ་ཐར་ལས་བཏུས་པ།   

༡༣༧ རབ་བྱུང་མ་མཛད་དུས་ཀྱི་རྣལ་ལམ།      

༡༣༨ རབ་བྱུང་མཛད་འཕྲལ་གྱི་རྟོགས་བརྗོད།  

༡༣༩ བླ་མའི་སྐུ་དྲིན་བརྗོད་པ།

༡༤༠ སྔགས་ཀྱི་སྡོམ་པའི་བརྒྱུད་པའི་གསོལ་འདེབས།

༡༤༡ ལམ་འབྲས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས།      

༡༤༢ ལམ་འབྲས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་མང་བ།    

༡༤༣ ལམ་ཟབ་བླ་མ་བརྒྱུད་པའི་གསོལ་འདེབས་ས་ཆེན་གྱི་མཚན་ལ་སྤེལ་བ།      

༡༤༤ བིར་སྲུང་བརྒྱུད་པའི་གསོལ་འདེབས།    

༡༤༥ ཟབ་ལམ་གནད་ཀྱི་བླ་མ་ལ་གསོལ་བ་འདེབས་པ།    

༡༤༦ བཀའ་དྲིན་ཆེ་བའི་བླ་མ་ལ་གསོལ་བ་འདེབས་པ།    

༡༤༧ བླ་མ་དང་ལམ་ལ་བསྔགས་པ།

༡༤༨ རྗེ་ས་ཆེན་གྱི་སྐུ་གཟུགས་ལ་བསྟོད་པ།     

༡༤༩ རྗེ་ས་སྐྱ་པའི་ལམ་སྲོལ་ལ་བསྔགས་པ།     

༡༥༠ རྗེ་ས་སྐྱ་པ་ཆེན་པོའི་ཐུག་རྗེ་ལ་བསྐུལ་བ། 

༡༥༡ ཀླུ་སྒྲུབ་ཀྱི་མཆོད་རྟེན་དྲུང་ཐོབ་ཀྱི་བརྒྱུད་པའི་གསོལ་འདེབས།   

༡༥༢ བདེ་མཆོག་དྲིལ་བུ་པའི་རིང་བརྒྱུད་ལ་གསོལ་འདེབས།     

༡༥༣ བདེ་མཆོག་དྲིལ་བུ་པའི་ཉེ་བརྒྱུད་ལ་གསོལ་འདེབས། 

༡༥༤ ཞེན་པ་བཞི་བྲལ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས།      

༡༥༥ བློ་སྦྱོང་དོན་བདུན་མའི་བླ་མ་བརྒྱུད་པའི་གསོལ་འདེབས།  

༡༥༦ མ་ལབ་སྒྲོན་ལ་བསྟོད་པ།

༡༥༧ གཅོད་གསན་པའི་བླ་མ་ཆོས་རིན་པ་ལ་གསོལ་འདེབས།    

༡༥༨ སོ་ཐར་སྡོམ་པའི་བརྒྱུད་པའི་གསོལ་འདེབས།   

༡༥༩ བྱང་སེམས་སྡོམ་པའི་བརྒྱུད་པའི་གསོལ་འདེབས།      

༡༦༠ ཕག་མོ་ལ་བསྟོད་པའི་གླིང་གཞི།     

༡༦༡ ཕག་མོ་ལ་ངོ་བོའི་སྒོ་ནས་བསྟོད་པ། 

༡༦༢ ཕག་མོ་ལ་ལམ་ཁྱེར་གྱི་སྒོ་ནས་བསྟོད་པ།  

༡༦༣ ཕག་མོ་ལ་རྐང་བརྒྱད་ལྟར་བསྟོད་པ།      

༡༦༤ ཕག་མོ་ལ་སྐུ་གསུམ་དང་རྩ་སྔགས་ཀྱི་སྒོ་ནས་བསྟོད་པ།    

༡༦༥ སྔགས་ཀྱི་བླ་མ་སྤྱི་ལ་བསྟོད་པ།

༡༦༦ རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ།     

༡༦༧ འཕགས་པ་སྤྱན་རས་གཟིགས་ལ་བསྟོད་པ་ཉམས་སྣང་མ། 

༡༦༨ ཀརྨ་པ་རང་བྱུང་ཀུན་མཁྱེན་ལ་བསྟོད་པ།

༡༦༩ ལས་མགོན་པུ་ཊ་ལ་བསྟོད་པ། 

༡༧༠ དོན་ཐམས་ཅད་གྲུབ་པ་ཐུབ་པའི་སྐྱེས་རབས་ལ་བསྟོད་པ་ནོར་བུའི་ཕྲེང་བ་དྲི་མེད་མགུལ་རྒྱན།    

༡༧༡ འཛམ་གླིང་སྤྱི་བསང་།   

༡༧༢ གཉན་པོ་དགེ་རྒྱལ་ཙམ་པོའི་བསང་མཆོད།     

༡༧༣ བསང་གི་ཁུ་ཡེ་རྗེས་ཆོག་བཀྲ་ཤིས། 

སྤྱིའི་པོད་གྲངས།(73)

དྲུང་ས་རུ་པ་བསོད་ནམས་དཔལ་འབྱོར་ལུགས་ཀྱི་ས་གཅོད་ཕྱོགས་བསྒྲིགས་པོད་ལྔ་པའི་དཀར་ཆག།

༡ གཅོད་ཀྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་ཕྲེང་བ།    

༢ ཉེ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་འབེབས།  

༣ དབང་སྡུད་ཀྱི་དམིགས་རིམ་དབང་དུ་བསྡུ་བྱ་སྐབས་བབས་ཀྱི་ཞལ་རྒྱུན།  

༤ དབང་སྡུད་བསྡུས་པ་ཚིགས་བཅད་ལྟར།      

༥ གཅོད་ཀྱི་བླ་མའི་རྣལ་འབྱོར་འཕོ་བ་ལུས་སྦྱིན་དང་བཅས་པ་དྭངས་གསལ་ཤེལ་གྱི་ཕྲེང་བ། 

༦ གཅོད་ཀྱི་ཚོགས་བསགས་ལག་ལེན་ཚོགས་གཉིས་ཟུང་འཇུག་ཡིད་བཞིན་ནོར་བུ།      

༧ ཉི་ཟླ་ལྟར་གྲགས།      

༨ ས་རུ་ལུགས་ཀྱི་གཅོད་ཀྱི་ཚོགས་བསགས་ཆོ་གའི་ཡན་ལག་བཀའ་བརྒྱུད་ཚོགས་ལས་རྒྱས་བསྡུས་འབྲིང་གསུམ་གྱི་ལེ་ཚན།      

༩ མ་རྒྱུད་མཁའ་འགྲོའི་ཚོགས་ལས་བསྡུས་པ།   

༡༠ ཚོགས་བསྟབ་པ་དང་པོ།

༡༡ བསྟབས་ཚིག་རྒྱས་པ།

༡༢ དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་རྩ་གསུམ་ཆོས་སྲུང་དང་བཅས་པའི་གཏོར་འབུལ།      

༡༣ བསྐང་བ་བེམ་ཤུན་མ།      

༡༤ ཟངས་རི་བཙན་རྒོད་ཀྱི་སྒྲུབ་ཐབས།  

༡༥ ཟངས་རི་བཙན་རྒོད་བསྡུས་པ།  

༡༦ ཡུམ་ཆེན་བསྒོམ་བཟླས་མདོར་བསྡུས། 

༡༧ བཅོམ་ལྡན་ཁྲོས་མ་ནག་མོ་ལྷ་ལྔའི་སྒྲུབ་ཐབས་ངག་འདོན་གསལ་བའི་སྒྲོན་མེ།

༡༨ སྐྱབས་གནས་ལྔ་བརྩེགས་བསྡུས་པ།    

༡༩ གཅོད་ཀྱི་བླ་མའི་རྣལ་འབྱོར་བསྡུས་པ་བྱིན་རླབས་འཇུག་པའི་ཕོ་ཉ།     

༢༠ རྗེ་ས་རུ་བྱ་བྲལ་བའི་ལུགས་ཀྱི་གཅོད་ཀྱི་བླ་མའི་རྣལ་འབྱོར་གྱི་ངག་འདོན་མ། 

༢༡ རྗེ་བཙུན་ས་རུ་ལུགས་ཀྱི་ཟབ་ལམ་གཅོད་ཀྱི་ཆོ་ག་ཚོགས་གཉིས་ཟུང་འཇུག་ཡིད་བཞིན་ནོར་བུའི་ལག་ལེན།      

༢༢ རྗེ་བཙུན་དམ་པ་ས་རུ་བྱ་བྲལ་བའི་ལུགས་ཀྱི་ཚོགས་བརྒྱ་གསོག་ཐབས་འབྲིང་པོ།   

༢༣ གཅོད་ཀྱི་བླ་རྣམ་འཕོ་བ་ལུས་སྦྱིན་དང་བཅས་པ་དྭངས་གསལ་ཤེལ་གྱི་ཕྲེང་བ།      

༢༤ ལུས་སྦྱིན་བསྡུས་པ། 

༢༥ ལུས་སྦྱིན་དང་འབྲེལ་བའི་ས་སློང་།    

༢༦ ཀུ་སུ་ལུ་པ་ཨཱ་ནན་ད་རཏྣས་མཛད་པའི་ལུས་སྦྱིན།     

༢༧ རྡོ་རྗེ་རྣལ་འབྱོར་མར་བརྟེན་པའི་གཅོད་ཡུལ་གྱི་གདམས་པ་མཁའ་འགྲོའི་སྙིང་གི་ཐིག་བཅུད། 

༢༨ རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་ཀུ་སཱ་ལིའི་ཚོགས་བསགས་གཉིས་འཛིན་གཅོད་པའི་མན་ངག །

༢༩ ཚོགས་ལས་རིན་ཆེན་ཕྲེང་བ་ལས་ངག་འདོན་གསལ་བྱེད་ཡིད་བཞིན་ནོར་བུ། 

༣༠ གཅོད་ཀྱི་ཟུར་འདེབས་གསལ་བའི་སྒྲོན་མེ། 

༣༡ ཚོགས་ལས་རྒྱལ་བ་མཉེས་པའི་མཆོད་སྤྲིན། 

༣༢ དྲག་ཚོགས་ཕྲིན་ལས་ལྷུན་གྲུབ། 

༣༣ གཅོད་ཡུལ་ཟབ་དོན་ལུགས་ཀྱི་མཁའ་འགྲོའི་བྱིན་རླབས་སྤྲིན་ཕུང་དངོས་གྲུབ་ཆར་རྒྱུན། 

༣༤ གཅོད་ཡུལ་ཉམས་ལེན་བསྡུས་པ་སྟོང་ཉིད་དོན་རྟོགས་མ།   

༣༥ གསང་བ་ཡེ་ཤེས་མཁའ་འགྲོ་མ་དཔལ་དུར་ཁྲོད་ཀྱི་བསྐུལ་བ།      

༣༦ མཁའ་འགྲོ་སྡེ་ལྔའི་སྦྱིན་སྲེག་ཀུན་མཁྱེན་ཆོས་རྗེས་མཛད་པའི་གསལ་བྱེད་ཡེ་ཤེས་སྒྲོན་མེ།      

༣༧ བཀའ་ཟབ་མོ་གཅོད་ཀྱི་སྦྱིན་སྲེག།

༣༨ ངར་མི་རོ་བསྲེག་མཐོང་བ་དོན་གསལ།      

༣༩ གཅོད་ཀྱི་གཤེད་འདུལ་གདུག་པ་ཚར་གཅོད།      

༤༠ གཅོད་ཡུལ་རིགས་དྲུག་གནས་འདྲེན།

༤༡ གཅོད་ཀྱི་ལས་མཐའ་སྲི་མནན་གནམ་ལྕགས་མཆོད་རྟེན་བལྟས་ཆོག་ཏུ་བཀོད་པ།  

༤༢ གཅོད་ཁྲུས་བྱ་ཚུལ་ཞལ་རྒྱུན་ཟུར་བརྒྱན་རིམ་པ།

༤༣ ཆངས་བུ་བརྒྱ་རྩའི་ལག་ལེན་འགྲིགས་ཆགས་སུ་བཀོད་པ།   

༤༤ གཅོད་ཀྱི་ཆངས་བུ་བརྒྱ་རྩའི་ལྷན་ཐབས།  

༤༥ གཅོད་ཀྱི་ལྷན་ཐབས་ཚོགས་ཀྱི་བསྟབས་པ་དྲག་པོ།     

༤༦ གཅོད་ལུགས་ཕུན་སུམ་ཚོགས་པའི་མེ་མཆོད་བལྟས་ཆོག་ཏུ་བཀོད་པ།  

༤༧ དུར་གཅོད་ཀྱི་ངག་འདོན་འགྲིགས་ཆགས་སུ་བཀོད་པ།      

༤༨ ལམ་གསེར་སྐྱེམས།  

༤༩ ཕྱོགས་སྲུང་རྐང་རྩེ་འཕྲུལ་གྱི་རྒྱལ་པོས་མཛད་པ།

༥༠ སྲིད་པ་ཧོ་ཕྱག་སྒྲོན་ཐབས།

༥༡ གཅོད་ལུགས་ཀྱི་ས་འབེབས་སློང་།     

༥༢ བྱ་འབོད་རྒྱས་པ་དུར་གཅོད།

༥༣ གཅོད་ལུགས་གོད་གཅོད།     

རིན་གོང་།270

ཁྱོན་དེབ་གྲངས།5

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན། 2

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*