གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་སྙན་བརྒྱུད་གསང་གཅོད་ཆེན་མོ།
དེ་ཡང་ཟབ་ཆོས་འདི་ཉིད་ཕྱོགས་བསྒྲིགས་གནང་མཁན་དང་སྤར་གཞི་ཇི་ལྟར་བྱུང་བའི་སྐོར་གྱི་ལོ་རྒྱུས་གསལ་པོ་མ་མཇལ་བས་ཇི་བཞིན་ཞུ་རྔོ་མི་ཐོགས་ལ། འདིར་ཤེས་ཐུབ་པ་ལ། གཤོངས་ཆེན་རི་ཁྲོད་པ་མཁས་བཙུན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྙན་བརྒྱུད་སྐོར་རྣམས་བཀའ་བསྡུ་མཛད་ཅིང་། མ་གཅིག་གསང་སྤྱོད་སྙན་བརྒྱུད་ཀྱི་བེའུ་བུམ་གྱི་དཀར་ཆག་དགོས་པ་ཀུན་ཚང་ཞེས་པ་མཛད་དེ། མཇུག་ཏུ་ཆོས་སྣ་བཞི་བཅུ་ཞེ་བདུན་པོ་འདི་ལས་ཉུང་ན་ཆོས་ཚན་མ་རྫོགས། འདི་བས་མང་ན་གཞན་གྱིས་ལྷད་བཅུག་པ་ཤེས་པར་བྱས་ལ་བྱིན་རླབས་ཀྱི་དྲོད་རྟགས་མ་ཡལ་བར་མཁའ་འགྲོའི་ཁ་རླངས་ཐོ་ལེ་བ་འདི་ཁོ་ན་ཉམས་སུ་བླང་བར་བྱ་བའི་ཆོས་ཕ་རྒོད་བླ་མའི་བཀའ་དྲིན་ལས་ཇི་ལྟར་ཐོབ་པའི་སྙན་བརྒྱུད་བེའུ་བུམ་གྱི་དཀར་ཆག་འདིའང་གཤོངས་ཆེན་རི་ཁྲོད་པས་ཡི་གེར་བཀོད་པའོ། །ཞེས་ཆོས་སྣ་བཞི་བཅུ་ཞེ་བདུན་དུ་བཅད་པ་དང་། བསྟན་འཛིན་ཆོས་རྗེ་བདུན་པ་ཡེ་ཤེས་ལྷུན་གྲུབ་བམ་མཚན་གཞན་དཔལ་ལྡན་བདེ་ཆེན་རྣམ་རོལ་འཆི་མེད་གྲུབ་པའི་དབང་ཕྱུག་གི་ཞལ་སྔ་ནས་མཛད་པའི་གསང་གཅོད་སྙན་བརྒྱུད་ཟབ་མོའི་ཆོས་སྐོར་གྱི་དཀར་ཆག་རིན་ཆེན་བུམ་བཟང་ལས། རྩ་བའི་ཡི་གེ་ཇི་ཙམ་སྙེད་པའི་ཁར་བརྒྱུད་པའི་བླ་མ་ཕྱི་མ་རྣམས་ཀྱིས་མཛད་པའི་ཡིག་ཆའི་རིགས་ཀྱང་གསར་དུ་བསྣན་པའི་ཆོས་སྐོར་གྱི་བཞུགས་བྱང་བཀོད་པར། ཀ་རྟགས་ཅན་གཤོངས་ཆེན་པས་མཛད་པའི་དཀར་ཆག་དགོས་པ་ཀུན་ཚང་ནས།ཇུ་རྟགས་ཅན་ཕག་མོའི་དཀྱིལ་ཆོག་ངག་འདོན་བཀླག་ཆོག་ཏུ་སྤེལ་བ་བསྟན་པ་རྒྱས་བྱེད་ཀྱི་བར་ཆོས་ཚན་དྲུག་ཅུ་རེ་བདུན་ཙམ་བཞུགས་པ་དང་། ཡང་མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས་སམ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་ཞལ་སྔ་ནས་མཛད་པའི་མ་གཅིག་གསང་སྤྱོད་སྙན་བརྒྱུད་ཀྱི་སྨིན་གྲོལ་ཡོངས་རྫོགས་ཇི་ལྟར་ཐོབ་པའི་ཚུལ་ངེས་དོན་བསྟན་པ་རབ་རྒྱས་ལས། དཀར་ཆག་ཏུ་མ་འཁོད་པའི། གསང་སྤྱོད་སྙན་བརྒྱུད་སྐོར་གྱི་བསྙེན་པའི་ལག་ལེན་ཁ་ཡར་བཀླག་ཆོག་ཏུ་བཀོད་པ་ལ་ནང་གསེས་སུ་རྡོ་རྗེ་ཕག་མོའི་སྐུ། ཕཊ་བསྙེན་གསུང་། ཡུམ་ཆེན་མོ་ཐུགས། མཁའ་འགྲོ་སྡེ་ལྔ་ཡོན་ཏན་རྣམས་ཀྱི་བསྙེན་ཐབས་འཕྲོས་དོན་དང་བཅས་པ་དང་། ཆོས་བདག་ཁྲོས་མའི་བསྙེན་ཡིག་ཟིན་བྲིས་ཧྲག་བསྡུས་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀྱིས་མཛད་པ། གསང་སྤྱོད་སྙན་བརྒྱུད་བསྙེན་པ་སོགས་ཀྱི་ཟིན་ཐོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་། རྣམ་ཐར་ཞལ་སྐོང་སི་ཏུ་ཆོས་ཀྱི་རྒྱ་མཚོས་ལྕགས་ཟམ་བླ་བྲང་དུ་གསུངས་པ་བཅས། ཞེས་འཁོད་ཡོད་ལ། ཡང་ཆོས་བློའི་གསུང་། གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་ཀྱི་བརྒྱུད་པའི་རྣམ་ཐར་ཁ་སྐོང་དུ། ཐང་སྟོང་སྙན་བརྒྱུད་ངེད་ཀྱིས་ཚར་གཉིས་ཀྱི་དབང་ཁྲིད་ལུང་གསུམ་ཀ་ལས། དབང་ལ་ཆོས་བདག་ཕག་ནག་བརྡའ་དབང་མ་གཏོགས་ཚང་བར་ནོས་པ། མཁྱེན་བརྩེ་རིན་པོ་ཆེའི་རྣམ་ཐར་རྒྱས་བསྡུས་དང་། བློ་གཏེར་དབང་པོའི་རྣམ་ཐར་བསྡུས་པ་རྒྱུད་བཏུས་དཀར་ཆག་ཏུ་གསལ་བ་ལྟར་དང་། ཞེས་ཞལ་འཕངས་པ་དང་། དེའི་འཕྲོར་འགྱུར་མེད་འཇམ་དབྱངས་བསྟན་འཕེལ་དང་། རང་རྣམ་བསྡུས་ཙམ་མཛད་ཡོད་པ་ལྟར། མཁས་དབང་མཆེད་པོ་རབ་བརྟན་མཁན་པོ་དགེ་ལེགས་ཕུན་ཚོགས་མཆོག་གིས་ཞུས་ཆེན་གནང་ཞིང་ཞལ་སྐོང་མཛད་པ་རྩ་བར་བཟུང་སྟེ། དེང་རབས་དེབ་གཟུགས་ཀྱི་རྣམ་པས་ས་སྐྱའི་ཆོས་མཛོད་ཆེན་པོའི་གྲས་སུ་བཅུག་སྟེ་སྤར་དུ་བསྐྲུན་ཡོད།
དཀར་ཆག
ས་སྐྱའི་ཆོས་མཛོད་༽ལས། སྤྱིའི་པོད་གྲངས།(74)
གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་སྙན་བརྒྱུད་གསང་གཅོད་ཆེན་མོ་པོད་དང་པོའི་དཀར་ཆག།
༡ མ་གཅིག་གསང་སྤྱོད་སྙན་བརྒྱུད་ཀྱི་སྨིན་གྲོལ་ཡོངས་རྫོགས་ཇི་ལྟར་ཐོབ་པའི་ཚུལ་ངེས་དོན་བསྟན་པ་རབ་རྒྱས།
༢ གསང་གཅོད་སྙན་བརྒྱུད་ཟབ་མོའི་ཆོས་སྐོར་གྱི་དཀར་ཆག་རིན་ཆེན་བུམ་བཟང་།
༣ མ་གཅིག་གསང་སྤྱོད་སྙན་བརྒྱུད་ཀྱི་བེ་བུམ་གྱི་དཀར་ཆག་དགོས་པ་ཀུན་ཚང་།
༤ མ་གཅིག་གི་རྣམ་ཐར་མཛད་པ་བཅོ་ལྔ་པ།
༥ གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་གཅོད་ཡུལ་ཉམས་བཞེས།
༦ འཇམ་དབྱངས་ནམ་མཁའ་ལེགས་པའི་རྣམ་པར་ཐར་པ།
༧ མཁས་གྲུབ་ཤཱཀྱ་བཤེས་གཉེན་གྱི་རྣམ་ཐར།
༨ ཕ་རྒོད་རྟོགས་པའི་རྒྱལ་པོ་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་ཤིན་ཏུ་བསྡུས་པ།
༩ རྗེ་བཙུན་གཤོངས་ཆེན་པ་ཡི་རྣམ་ཐར་རྟོགས་བརྗོད།
༡༠ འཁྲུལ་ཞིག་ཡོན་ཏན་གྲགས་བཟང་གི་རྣམ་ཐར་རབ་བསྔགས་
༡༡ ལྷའི་རྔ་དབྱངས།
༡༢ བླ་མ་གླང་མཁར་བའི་རྣམ་ཐར་སྒྱུ་འཕྲུལ་ཟློས་གར།
༡༣ མཉམ་མེད་རབ་འབྱམས་གྲུབ་དབང་སངས་རྒྱས་མཆོག་གྲུབ་ཆོས་རྗེའི་རྣམ་ཐར་ངོ་མཚར་དད་པའི་འབྲུག།
༡༤ བྱ་བྲལ་བླ་མ་ནོར་བུའི་མཚན་ཅན་གྱི་རྣམ་ཐར་གསོལ་འདེབས་རང་བརྩམས་མ།
༡༥ དཔལ་ལྡན་བླ་མ་བཛྲ་མཚན་ཅན་གྱི་རྣམ་ཐར་གསོལ་འདེབས་
༡༦ ཞབས་བརྟན་རྣམས།
༡༧ ཆུ་བཟང་སྤྲུལ་སྐུ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས།
༡༨ རྟོགས་པའི་དབང་ཕྱུག་གྲུབ་རིགས་ངག་དབང་ཡོངས་གྲགས་ཀྱི་རྣམ་ཐར་གསོལ་འདེབས།
༡༣ བསྟན་འཛིན་ཆོས་རྗེ་བདུན་པ་ཡེ་ཤེས་ལྷུན་གྲུབ་བམ་མཚན་གཞན་དཔལ་ལྡན་བདེ་ཆེན་རྣམ་རོལ་འཆི་མེད་གྲུབ་པའི་དབང་ཕྱུག་གི་རྣམ་ཐར་གསོལ་འདེབས་དད་པའི་མྱུ་གུ།
༡༤ རྣམ་ཐར་ཞལ་སྐོང་སི་ཏུ་རིན་པོ་ཆེའི་གསུང་།
༡༥ རྒྱུད་སྡེ་རྒྱ་མཚོའི་མངའ་བདག་མཆོག་གི་རྡོ་རྗེའི་སློབ་དཔོན་ཆེན་པོ་འཇམ་པའི་དབྱངས་བློ་གཏེར་དབང་པོའི་རྣམ་ཐར།
༡༦ གསང་ཆེན་གསང་སྤྱོད་སྙན་བརྒྱུད་ཀྱི་རྣམ་ཐར་ཞལ་སྐོང་ལེགས་བཤད་ཨུཏྤལ་དོ་ཤལ།
༡༧ ཡོངས་རྫོགས་བསྟན་པའི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་པའི་དབྱངས་མཁྱེན་བརྩེའི་
དབང་པོའི་རྣམ་ཐར།
༡༨ སི་ཏུ་བཅུ་པ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་གསོལ་འདེབས་ཤིན་ཏུ་བསྡུས་པ།
༡༩ གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་ཀྱི་བརྒྱུད་པའི་རྣམ་ཐར་ཁ་སྐོང་།
༢༠ མཆོག་གི་རྡོ་རྗེའི་སློབ་དཔོན་ཆེན་པོ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་ཐར་གསོལ་འདེབས་བྱིན་རླབས་གཟི་འབར།
༢༡ ཡོངས་འཛིན་དཀོན་མཆོག་རྒྱལ་མཚན་གྱི་རྣམ་ཐར་གསོལ་འདེབས་བྱིན་རླབས་དཔལ་འབར།
༢༢ མཆོག་སྤྲུལ་རྡོ་རྗེ་འཛིན་པ་ཆེན་པོ་འཇམ་དབྱངས་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར།
༢༣ སྒིས་བླ་ངག་དབང་ཆོས་འཕེལ་བཟང་པོའི་རྣམ་ཐར་གསོལ་འདེབས་དད་པའི་སྒོ་འབྱེད།
༢༤ འཇམ་རྒྱལ་མཆོག་སྤྲུལ་རིན་པོ་ཆེའི་རྣམ་ཐར་གསོལ་འདེབས་བྱིན་རླབས་མྱུར་འཇུག།
༢༥ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས༔ ཆོག་ཁྲིགས་རྒྱས་པ་དགོས་འདོད་ཀུན་འབྱུང་།
༢༦ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཆོག་ཁྲིགས་འབྲིང་པོ།
༢༧ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། གསོལ་འདེབས་བྱིན་རླབས་གནད་འབེབས།
༢༨ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཆོག་ཁྲིགས་བསྡུས་པ།
༢༩ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཆོག་ཁྲིགས་ཤིན་ཏུ་བསྡུས་པ།
༣༠ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། མཁའ་འགྲོའི་ཚོགས་མཆོད།
༣༡ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། རྡོ་རྗེའི་ཚིག་རྐང་།
༣༢ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། རྡོ་རྗེ་ཞེས་བྱ་བའི་ཚིག་དོན་དང་གླེང་བཞི་སྦྱར་བ།
༣༣ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། རྡོ་རྗེའི་ཚིག་འབྱེད་ངེས་དོན་རབ་གསལ།
༣༤ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། དགེ་སྡིག་འཁྲུལ་སྤོང་རྒྱུ་འབྲས་གསལ་བའི་དོན་སྟོན།
༣༥ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཁྲིད་ཡིག་གཞུང་འགྲེལ་ཆེན་མོའི་ཀླད་དོན་བདུད་ངོས་འཛིན།
༣༦ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཁྲིད་ཡིག་ཆེན་མོའི་གཞུང་དོན་ཕར་ཕྱིན་དྲུག་གི་ཉམས་ལེན་རྒྱས་བཤད།
༣༧ མ་ཅིག་གསང་སྤྱོད་སྙན་རྒྱུད་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྲིད།
༣༨ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཁྲིད་ཡིག་ཆེན་མོའི་བཤད་འཕྲོས་སྣ་ཚོགས་དམིགས་པའི་ལྡེ་ཁ་བསྒྱུར་བ།
༣༩ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། སྟོང་ཉིད་བཟློག་བསྒོམ་གྱི་རིམ་པ་དམིགས་རྫོགས་ཆེན་པོ།
༤༠ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཁྲིད་ཡིག་ཆེན་མོའི་དོན་བསྡུས་སློང་ཚར་ཆོད་གསུམ་ངོས་འཛིན།
༤༡ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། སྐུ་རྡོ་རྗེ་སྤྲུལ་སྐུའི་ཁྲིད་ཀྱི་དོན་བསྡུས།
༤༢ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། འཁོར་འདས་བསྲེ་བའི་ཉམས་ལེན།
༤༣ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། གསང་དབང་དང་འབྲེལ་བ་གསུང་རྡོ་རྗེ་ལོངས་སྐུའི་ཁྲིད་ཡིག།
༤༤ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། གསུང་རྡོ་རྗེ་ལོངས་སྐུའི་ཁྲིད་ཀྱི་མཇུག་མཐུད།
༤༥ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཙནྚ་ལིའི་ཞལ་ཤེས།
༤༦ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། འཁྲུལ་འཁོར་གྱི་རྩ་ཚིག །
༤༧ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཤེར་དབང་དང་འབྲེལ་བ་ཐུགས་རྡོ་རྗེ་ཆོས་སྐུའི་ཁྲིད་ཡིག།
༤༨ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཚིག་དབང་དང་འབྲེལ་བ་ཟུང་འཇུག་བརྒྱུད་པ་བཞིའི་ངོ་སྤྲོད།
༤༩ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ལྟ་བའི་ཐག་གཅོད་བརྡ་བཞིའི་ངོ་སྤྲད་ཟབ་གནད་བཀའ་རྒྱ་མ།
༥༠ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། བྱིན་རླབས་ནམ་མཁའ་སྒོ་འབྱེད་ཀྱི་དབང་རྒྱས་པ།
༥༡ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། དབང་སྤྱིའི་སྔོན་འགྲོ་གསལ་བྱེད།
༥༢ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། རྡོ་རྗེ་ཕག་མོའི་དཀྱིལ་ཆོག །
༥༣ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཐུན་མོངས་མ་ཡིན་པའི་ཕག་མོའི་ཟབ་དབང་གི་ཐོ་ཡིག།
༥༤ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ།
༥༥ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། རྡོ་རྗེ་ཕག་མོའི་ཟབ་དབང་བདག་འཇུག །
སྤྱིའི་པོད་གྲངས།(75)
གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་སྙན་བརྒྱུད་གསང་གཅོད་ཆེན་མོ་པོད་གཉིས་པའི་དཀར་ཆག།
༡ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། དམ་ཚིག་གི་རྟེན་རྫས་གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ།
༢ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཀ་པཱ་ལའི་བརྟག་ཐབས་ཉུང་ངུར་དོན་གསལ།
༣ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཕཊ་ཆོས་འཛིན་པ་ཀུན་གཅོད།
༤ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཐུགས་ཡུམ་ཆེན་མོའི་བསྙེན་ཐབས།
༥ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། མཁའ་འགྲོ་སྡེ་ལྔའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ།
༦ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། བཀའ་ཐུབ་རྡེའུའི་བཅུད་ལེན།
༧ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཆོས་བདག་ཕག་མོ་ནག་མོའི་བརྡ་དབང་རྒྱས་པ།
༨ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཆོས་བདག་ཕག་ཞལ་ཅན་གྱི་བསྙེན་ཐབས་ལས་ཚོགས་དང་
བཅས་པ།
༩ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཆུ་མིག་བརྒྱ་རྩའི་སྒྲུབ་པའི་ཞལ་བཀོད།
༡༠ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། གཉན་ཁྲོད་བརྒྱ་རྩའི་སྒྲུབ་ཁོག་དང་འབྲེལ་བའི་ལམ་ཁྱེར་ཉེར་ལྔ།
༡༡ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ས་མིག་བརྟག་ཐབས་དང་ཆུ་མིག་བརྟག་ཐབས།
༡༢ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། གདོན་ངོས་འཛིན་དང་ནད་སེལ་གྱི་ཞལ་གདམས་ཐུན་མོང་མ་ཡིན་པ།
༡༣ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། །གཤིན་དོན་དམར་བྱང་བྱ་ཚུལ།
༡༤ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཕུང་པོ་ཚོགས་འབུལ།
༡༥ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། མཁའ་འགྲོའི་ཚེ་སྒྲུབ་ཏིང་འཛིན་འཆི་མེད་དབང་བསྐུར།
༡༦ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཚེ་འདས་ཕུང་པོའི་བསྲེག་ཆོག་ཡེ་ཤེས་རང་འབར།
༡༧ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཟ་བྱེད་རྡོ་རྗེ་མཁའ་འགྲོ་ལ་བརྟེན་པའི་རྒྱུན་གྱི་སྦྱིན་བསྲེག་བྱ་ཚུལ།
༡༨ རྗེ་བཙུན་རིན་པོ་ཆེ་མཁས་བཙུན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་དགོངས་བཞེད་དབུ་མ་ཆེན་པོའི་གྲུབ་མཐའ།
༡༩ གསང་གཅོད་སྙན་བརྒྱུད་ལས་སྒང་སྒྲིལ།
༢༠ གསང་སྤྱོད་སྙན་བརྒྱུད་ཟབ་མོ་ཡི། །གནད་ཀྱི་གཅུད་ཕུར་རྒྱབ་ཡིག །
༢༡ མ་གཅིག་གསང་སྤྱོད་སྙན་བརྒྱུད་ཀྱི་སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྲིད་ཡིག་དཔག་བསམ་རབ་རྒྱས།
༢༢ བསྟོད་བྱང་།
༢༣ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། རྡོ་རྗེ་ཕག་མོའི་མཆོད་ཆོག་འདོད་རྒུའི་དཔལ་སྟེར།
༢༤ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། རྡོ་རྗེ་ཕག་མོའི་སྨིན་བྱེད་ཟབ་དབང་གི་ཆུ་བོ་ཆེན་མོ།
༢༥ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། སློང་ཚར་ཆོད་གསུམ་ངོས་འཛིན་རིག་པ་མདུང་སློང་།
༢༦ མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། མཁའ་འགྲོའི་བརྟན་བཞུགས་འཆི་མེད་གཡུང་དྲུང་བཀོད་པ།
༢༧ གཞི་བདག་གཏོར་མ།
༢༨ རྗེ་བཙུན་རྡོ་རྗེ་ཕག་མོའི་སྒྲུབ་དཀྱིལ་གྱི་ཆོ་གའི་ངག་འདོན་ཀླག་ཆོག་ཏུ་སྤེལ་བ་བརྒྱུད་པ་བཞི་ལྡན་ཟབ་མོའི་ཆོས་ཀྱི་བསྟན་པ་རྒྱས་བྱེད།
༢༩ བརྟན་བཞུགས་སྨོན་ལམ།
༣༠ མ་གཅིག་རྡོ་རྗེ་ཕག་མོའི་གསང་སྤྱོད་སྙན་བརྒྱུད་ལུགས་ཀྱི་ཆོས་བདག་ཕག་ཞལ་ཅན་ནག་མོའི་བརྡ་དབང་།
༣༡ གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་ཀྱི་བསྙེན་པ་སོགས་ཀྱི་ཟིན་ཐོ།
༣༢ ཐང་སྟོང་བླ་མའི་བསྒོམ་རིམ་ཟབ་དོན་ཐིག་ལེ།
༣༣ དཔལ་བཅོམ་ལྡན་འདས་མ་བཛྲ་བཱ་ར་མུ་ཁཱ་དྷཱཀྐི་ནི་ལ་བསྟོད་པ་རྡོ་རྗེའི་འགྱུར་ཁུགས་འབུམ་ལྡན་གླུ་དབྱངས།
༣༤ གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལ་བསྟོད་པ།
༣༥ ཐང་སྟོང་སྙན་བརྒྱུད་སྐབས་ལུང་ཁྲིད་གནད་དུས་འདོན་ཁྲིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཕྱག་ལེན་གནང་བའི་ཐོ།
༣༦ གསང་སྤྱོད་སྙན་བརྒྱུད་ཞལ་ཤེས་སྐོར་ཕྱོགས་གཅིག་ཏུ་བཀོད་པ།
༣༧ མ་གཅིག་གསང་སྤྱོད་སྙན་བརྒྱུད་ཀྱི་སྐབས་ཉེར་མཁོའི་ཟིན་བྲིས་ཐོར་བུའི་སྐོར།
༣༨ ཐང་རྒྱལ་གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་ཀྱི་ཚོགས་ལས་ཌཱ་ཀི་དགྱེས་པའི་རོལ་མོ།
༣༩ གསོལ་འདེབས་བྱིན་རླབས་གནད་འབེབས།
༤༠ སྙན་བརྒྱུད་དབང་གི་ཟིན་བྲིས།
༤༡ གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གསང་སྤྱོད་སྙན་བརྒྱུད་ཀྱི་ཉམས་ལེན་ངག་འདོན་བཀླག་ཆོག་ཏུ་བཀོད་པ་གྲུབ་དབང་དགོངས་རྒྱན།
༤༢ ཡུམ་ཆེན་བསྒོམ་བཟླས་མདོར་བསྡུས།
༤༣ གསང་སྤྱོད་མཁའ་འགྲོ་སྙན་བརྒྱུད་ཀྱི་གཤིན་པོ་རྗེས་འཛིན་ངན་སོང་ཀུན་འཇོམས།
༤༤ གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་གསང་སྤྱོད་མཁའ་འགྲོ་སྡེ་ལྔའི་སྲེག་བླུགས་ཀྱི་ཆོ་ག་ལས་བཞི་རྣམ་གསལ་མེ་ལོང་།
༤༥ གསང་སྤྱོད་སྙན་བརྒྱུད་ཀྱི་བསྙེན་པའི་ལག་ལེན་ཁ་ཡར་བཀླག་ཆོག་ཏུ་བཀོད་པ།
༤༦ སྤར་བྱང་སྨོན་ཚིག །
རིན་གོང་།106
ཁྱོན་དེབ་གྲངས།2
གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་སྙན་བརྒྱུད་གསང་གཅོད་ཆེན་མོ།
དེབ་གྲངས་གཉིས་པོ་དེ་རྒྱ་གར་འཕགས་ཡུལ་ར་ཛ་པུར་དུ་ཡོད་པའི་གདན་ས་ཆེན་པོ་དཔལ་ས་སྐྱ་པའི་དཔེ་མཛོད་ཆེན་མོར་ཡོད་པ་ཡིན་ནམ་ལགས|
མཁྱེན་ལྡན་པ། དམིགས་བསལ་ཤེས་མ་སོང་ལགས།