མཁའ་གསར་མཚེའུ།

རྩོམ་པ་པོ། ཟླ་བའི་གཉེན།

       དྲང་སྲོང་རྒན་པོ་ཞིག་གིས་འདི་ལྟར་ཟེར།

    འཛམ་གླིང་ས་སྒང་འདི་ཡི་ཐོག་ལ་མཚེའུ་

    ཞིག་འཁྱིལ་ཡོད།

    དེ་ནི་བརྩེདུང་གི་མིག་ཆུའི་ཐིག་པ་ཞིག་

    རེད་ཟེར།

    དེ་ནི་མྱ་ངན་གྱི་མིག་ཆུ་དང་དྲན་གདུང་

    གི་མིག་ཆུ་ཞིག་ཀྱང་རེད་ཟེར།

    དེ་ནི་ཁོང་མོའི་པང་ལ་དུར་ས་ཆེན་པོ་

    ཞིག་པང་ཡོད་པའི་དབང་གིས་རེད་ཟེར།

    དུར་ས་དེ་ལ་ལོ་ངོ་སྟོང་གི་ལོ་རྒྱུས་དང་

    བརྩེ་སེམས་ཀྱི་ཞེན་ཆགས་ཡོད་ཟེར།

    མྱིག་ཆུ་དེ་ལ་མཁའ་གསར་གྱི་མཚེའུ་ཟེར་

    བ་རེད་ཟེར།

    མཁའ་གསར་གྱི་མཚེའུ།

    བསྐལ་བ་མ་འཇིག་གི་བར་དུ་དྭངས་པའི་

    མིག་ཆུ་དེ་སྐོམ་མི་སྲིད་ལ་འགྱུར་བ་ཡང་

    མེད་ཟེར།

    དེ་ནི་མི་རིགས་ཤིག་གི་མེས་པོ་ལ་དྲན་

    གསོ་དང་མི་རིགས་ཤིག་གི་ལ་རྒྱའི་རྡོ་

    རིང་རེད་ཟེར།

    འོ། མཁའ་གསར་གྱི་མཚེའུ།

    ཁྱོད་ནི་མི་རིགས་ཤིག་གི་སྲོག་རྩ་དང་མི་

    རིགས་ཤིག་གི་མེས་པོ་ཡིན་པ་གཞི་ནས་

    ཤེས།

    ཁྱོད་ནི་དུས་བཞི་ཡི་འགྱུར་འགྲོས་ཀྱིས་

    འཇིག་མེད་ལ།

    ཁྱོད་ནི་དུས་གསར་གྱིས་རླུང་བུས་ཀྱང་

    འཁྱེར་ཐུབ་མེད།

    ཁྱོད་ལ་གྲངས་ལས་འདས་པའི་བར་ཆད་ཅི་

    ཙམ་བྱུང་ཡོད་ཀྱང་།

    ད་དུང་བསྙོག་པ་མེད་པར་གཙང་ཞིང་

    དྭངས་པའི་མེས་པོའི་རྣམ་ཤེས་དེ་གནས་

    འདུག །

    ཀྱེ་མ །མཁའ་གསར་གྱི་མཚེའུ །མེས་པོ་ཡི་

    མིག་ཆུ། ང་ཁྱོད་ལ་ནམ་ཡང་

    དགའ་་་་་།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*