དེ་རིང་༧ སྐྱབས་མགོན་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་སྐུ་འཁོར་ལྷན་རྒྱས་ལྗིན་མི་ནི་ནས་ཕེབས་འཁོར་བརྒྱུད་ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཐེངས་དང་པོའི་ཚོགས་མགོན་ཆེད་དུ་སྔ་དྲོའི་ཆུ་ཚོད་ ༡༢: ༣༠ ཙམ་སྦེམ་ལྗམ་མགྲོན་ཁང་དུ་ཆིབས་བསྒྱུར་གནང་བ་དང་། ཆུ་ཚོད ༢ པའི་ཐོག་ཏུ་༧ སྐྱབས་རྗེ་འཁོན་གདུང་སྐུ་གཞོན་རིན་པོ་ཆེ་མཆོག་སུང་སིན་ནས་སྦེམ་ལྗམ་དུ་ཕེབས་གནང་བ་འདུག
དེ་བཞིན་དུ་དེ་རིང་སྤྱི་ཚེས ༨ རེས་གཟའ་ཕུར་བུའི་ཉིན་འཁོན་རིགས་བསྟན་པའི་མངའ་བདག་ ༸སྐྱབས་མགོན་གོང་མ་ཁྲི་འཛིན་༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆིབས་སྒྱུར་བཀྲིན་བསྐྱངས་བ་དང་། གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་མཆོག་དང་མཁན་ཟུར་རིན་པོ་ཆེ་གཙོས་དབུ་ཆོས་རྣམ་པ་དང་། གྲྭ་ཚང་གི་ཕྱག་མཛོད་ལྷན་རྒྱས། བླ་སྤྲུལ་དགེ་བཤེས་དང་འདུས་མང་ཡོངས་ནས་ཕེབས་བསུ་ཟབ་རྒྱས་ཞུས་པ་དང་། དེ་བཞིན་དུ་སེར་བྱེས་སློབ་གྲྭར་འཚམས་གཟིགས་དང་སྦྲགས་དེ་གར་ནས་ཕེབས་བསུ་ཟབ་རྒྱས་དང་མཎྜལ་འདེགས་འབུལ་སོགས་གནང་འདུག དེའི་རྗེས་སུ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཆིབས་བསྒྱུར་གནང་འདུག
སྤྱི་ཚེས་༦ ཉིན་སྐྱབས་རྗེ་༧སྐྱབས་མཆོག་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་མངའ་སྡེ་ཧེ་མ་ཅལ་གྱི་ས་གནས་ཀམ་རུའི་ས་སྐྱ་སྐྱེ་དགུ་དགོན་དུ་ཆིབས་བསྒྱུར་དང་དད་ལྡན་མང་ཚོགས་མཇལ་བཅར་སོགས་གནང་འདུག
དེ་བཞིན་དུ་དེ་རིང་སྤྱི་ཚེས་ ༨ ཉིན་སྐྱབས་རྗེ་ངོར་སར་རིན་པོ་ཆེ་མཆོག་ནས་སིངྒཱ་པུར་ས་སྐྱ་བསྟན་འཕེལ་གླིང་ཆོས་ཚོགས་སུ་འདུས་མང་བརྒྱ་ཕྲག་ལྷག་ཙམ་ལ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་གཏེར་ནས་སྟོན་པའི་ཟབ་ཆོས་སྔ་བསྒྱུར་གཏེར་མའི་ཁོངས་གཏོགས་ “འཆི་མེད་འཕགས་མོ་སྙིང་ཐིག་གི་སྒོ་ནས་ཐུན་མོང་ཚེའི་རྗེས་གནང་ཟབ་མོ་བཀའ་དྲིན་སྩལ་གནང་མཛད་པ་བཅས་ཀྱི་གསར་འགྱུར་ཕྱོགས་བསྡུས་ཞིག
Leave a Reply