ཆོས་སྒར་དུ་ས་མདོས་ཆེན་མོ།

དེ་རིང་སྤྱི་ལོ ༢༠༢༠ ཟླ་བ ༡ ཚེས ༢༣ དང་བོད་ཚེས་ཉེར་དགུ་ཉིན་བྱེས་ཀྱི་གདན་ས་ཆེན་མོ་ས་སྐྱའི་ཆོས་སྒར་དུ་མདོས་ཆེན་ཆེན་པོའི་ཉིན་མཐའ་མའི་གཏོར་རྒྱག་གནང་འདུག  སྤྱི་རྡོ་རྗེ་ནག་པོ་ཆེན་པོའི་མདོས་ཟོར་གཙོ་གྱུར་གྱི་མདོས་ཀྱི་རྣམ་གཞག་སོགས་དཔལ་ས་སྐྱ་གོང་མ་ཡབ་སྲས་རྣམས་ཀྱི་ཡིག་ཆ་བཞིན་ཉམས་སུ་ལེན་ཚུལ་ས་ལོ་འཇམ་པའི་རྡོ་རྗེ་སོགས་བླ་མ་གོང་མ་མང་པོའི་ཕྱག་ལེན་ལ་མཛད་པའི་དབྱངས་རོལ་འཆམས་སོགས་རྒྱས་འབྲིང་བསྡུས་གསུམ་ཇི་ལྟར་འཇུག་ཚུལ་མ་ཚང་བ་མེད་པ་འདི་ཉིད་དཔལ་རྒྱལ་བ་གཉིས་པ་གངས་ལྗོངས་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ལ་བཀའ་བབས་པའི་བསྟན་སྲུང་ཁྱད་པར་ཅན་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ཆོས་སྐོར་འདི་ལ་ཐུན་མོང་དང་ཐུན་མོང་མ་མིན་པའི་རྒྱལ་བའི་བཞེད་དགོངས་ཤིག་ཡིན།  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*