འཕགས་ཡུལ་རཱ་ཛ་པུར་དཔལ་ས་སྐྱའི་ཆོས་སྒར་དུ་ཝུ་ཧཱན་ནད་ཡམས་ཞི་བའི་ཆེད་དུ་ལྷ་མོ་རི་ཁྲོད་མ་ལོ་མ་གྱོན་མའི་བུམ་སྒྲུབ་འཚོགས་གནང་འདུག

དེ་རིང་སྤྱི་ལོ་ ༢༠༢༠ཟླ་ ༢ ཚེས་ ༥ ནས་བཟུང་ཉིན་ལྔའི་རིང་འཕགས་ཡུལ་རཱ་ཛ་པུར་དཔལ་ས་སྐྱའི་ཆོས་སྒར་དུ་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་༸སྐྱབས་མགོན་ཛྙ་ན་བཛྲ་རིན་པོ་ཆེ་རྣམ་གཉིས་ཚོགས་མགོན་དབུ་བཞུགས་ཐོག  དགེ་འདུན་འདུས་མང་ནས་རྒྱ་ནག་གི་གྲོང་ཁྱེར་ཏོག་དབྱིབས་ཅན་གྱི་ནད་ཡམས་དེ་མྱུར་དུ་བཟློག་ཆེད་ལྷ་མོ་ལོ་གྱོན་མའི་བུམ་ཆོག་འཚོགས་བཞིན་པའི་ཡིན་འདུག་པས།  རྒྱ་ཆེ་མང་ཚོ་ནས་་རང་རང་སོ་སོས་ལྷ་མོ་ལོ་གྱོན་མའི་གཟུགས་སྔགས་བསགས་སྦྱངས་དགོས་པ་ཤིན་ཏུ་གལ་ཆེའོ།

༼ལྷ་མོ་ལོ་གྱོན་མའི་གཟུངས་སྔགས།༽

རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི།།ཆོ་འཕྲུལ་རྣམ་པར་འཕྲུལ་པ་ལས་བྱུང་བའི།།ལྷ་མོ་གང་གིས་བསྒྲུབས་པའི་ནད་གདོན་བགེགས།། ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ།།

ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་སརྦ་ཛྭ་ར་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ།

དགེ་བ་འདི་ཡིས་མྱུར་དུ་བདག།ལོ་མ་གྱོན་མ་འགྲུབ་གྱུར་ནས།།འགྲོ་བ་གཅིག་ཀྱང་མ་ལུས་པ།།དེ་ཡི་ས་ལ་འགོད་པར་ཤོག།ནད་ངན་དེ་འགོག་བྱེད་དུ་རི་ཁྲོད་ལོ་གྱོན་མའི་གཟུངས་སྔགས་འདི་སོ་སོས་མང་ཙམ་འདོན་ཡ་དང་གཞན་ལ་ཕན་པའི་ཆེད་དུ་བརྒྱུད་སྐུར་གནང་རོགས་ཞུས།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*