ཨ་རི་ས་སྐྱའི་དགོན་པ་ནས་རྒྱ་ནག་འུ་ཧན་ནད་ཡམས་ཆེད་དུ་སྨོན་ལམ་ཚོགས་གནང་འདུག

༸ སྐྱབས་མཆོག་༸འཁོན་གདུང་ཨ་བི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག་གིས་བྱང་ཨ་རིའི་སི་ཨ་ཀྲལ་དཔལ་ས་སྐྱའི་དགོན་པར་ཕྱི་ལོ་༢༠༢༠ ཟླ་ ༡ ཚེས་ ༣༡ ནས་དབུ་འཛུགས་ཀྱིས་དུས་ཡུན་ཉིན་གསུམ་གྱི་རིང་སེར་སྐྱ་མི་མང་ཡོངས་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཐུན་མིན་གྱི་རྗེས་གནང་དང་། བདེན་བཞིའི་སྐོར་གྱི་གསུང་ཆོས་བཀའ་འཁྲིད། དེ་བཞིན་འཆི་མེད་འཕགས་མ་སྙིང་ཐིག་གི་བཀའ་དབང་བསྩལ་གནང་མཛད་པ་སོགས་ཀྱིས་མཚོན་དགེ་རྩ་ཇི་སྙིད་སྤྱི་སངས་རྒྱས་ཀྱི་བསྟན་པ་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད། སྒེར་ད་ལྟའི་ཆར་རྒྱ་ནག་འུ་ཧན་ནས་ནད་ཡམས་སོགས་ཞི་བའི་སྨོན་ལམ་དང། ལྷག་པར་དུ་རྒྱལ་ཡུམ་ཆེན་མོ་མཆོག་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བའི་ཆེད་དུ་དམིགས་ནས་བཀའ་ཆོས་སོགས་གནང་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*