༄༅། རང་གཞན་ཚང་མའི་དགོངས་པར་མངའ་གསལ་ལྟར་ཉེ་བའི་ཆར་ཏོག་ དབྱིབས་ནད་ཡམས་སམ་འགོ་ནད་ (Corona Virus) ནད་དུག་དེ་བཞིན་ཁྱབ་གདལ་དུ་མི་འགྲོ་བའི་ཆེད་ འཛམ་གླིང་ཡུལ་གྲུ་མང་ཆེ་བས་མང་ཚོགས་འདུ་འཛོམས་བཀག་འགོག་གིས་མཚོན་རང་གཞན་ཚང་མས་ སེམས་ཚབས་དང་གཟབ་ནན་བྱས་དང་བྱེད་བཞིན་བཞིན་པར་བརྟེན། འདི་ནས་ཀྱང་བསམ་གཞིགས་ནན་ ཏན་བྱས་མཐར་དཔལ་ས་སྐྱའི་ཁྲི་རབས་ཞེ་གསུམ་པའི་ཁྲི་སྟོན་མཛད་སྒོ་དང་གསུང་ཆོས་ཕུར་པའི་སྟོད་ལས་ དང་སྨད་ལས་དབང་ཆེན། སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་བཅས་རེ་ཞིག་དུས་ཚོད་ངེས་མེད་ཐོག་ཕྱིར་ འགྱང་མི་བྱ་ཀ་མེད་ལ་སོང་ངེད་ཁྲི་སྟོན་གོ་སྒྲིག་ཚོགས་ཆུང་ངོས་ནས་ཕྱི་ནང་སྐུ་མགྲོན་ཡོངས་ལ་དགོངས་ སེལ་ཞུ་རྒྱུ་དང་འབྲེལ་སླད་ཁྲི་སྟོན་མཛད་སྒོའི་དུས་ཚོད་ངེས་གཏན་བྱུང་ཚེ་འདི་ནས་གང་མྱུར་གསལ་བརྡ་ཞུ་ ཆོག་པ་ཞུ། དཔལ་ས་སྐྱའི་ཁྲི་རབས་ཞེ་གསུམ་པའི་ཁྲི་སྟོན་གོ་སྒྲིག་ཚོགས་ཆུང་ནས་༢༠༢༠ ཟླ་༢ ཚེས་༡༧ ལ།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།