༸སྐྱབས་མགོན་༸གོང་མ་ཡབ་སྲས་སྐུ་འཁོར་ས་སྐྱའི་གཞིས་ཆགས་སུ་ཆིབས་བསྒྱུར་གནང་འདུག

དེ་རིང་༢༠༢༠ ཟླ་ ༢ ཕྱི་ཚེས་༡༩ ཉིན་༸འགྲོ་བ་ཡོངས་ཀྱི་འདྲེན་མཆོག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། དཔལ་ས་སྐྱ་པ་ཆེན་པོ། སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༸ སྐྱབས་མགོན་༸གོང་མ་འཛིན་རིན་པོ་ཆེ་མཆོག དེ་བཞིན་དུ་དཔལ་ས་སྐྱའི་རྒྱལ་ཡུམ་ཆེན་མོ་གཙོས་སྐུ་འཁོར་རྒྱན་རྒྱས་འཕགས་ཡུལ་རྡ་ར་ལྡུང་དཔལ་་ས་སྐྱའི་གཞིས་ཆགས་པུ་རུ་ལྦ་ལར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་འདུག ས་གནས་ས་སྐྱའི་གཞིས་ཆགས་ཀྱི་མ་དགོན་བཤད་གྲྭའི་མཁན་པོ་རྣམ་གཉིས་གཙོས་གྲྭ་མང་དང་གཞིས་ཆགས་གྲོང་མི་ནམས་ནས་ཕེབས་བསུ་ཟབ་རྒྱས་དང་འབྲེལ་ཕོ་བྲང་ལ་ཞབས་སོར་བདེ་བ་འགོད་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*