༧ སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་འདུག

དཔལ་ས་སྐྱ་པ་ཆེན་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབས་པ་བཞིན། རཱཇ་པུར་དཔལ་ས་སྐྱའི་ཆོས་སྒར་ཡན་ལག་དང་བཅས་པའི་སྒྲིག་ཁུངས་སུ་བཞུགས་བཞིན་པ་དང་ཞུགས་ཟིན་པ་ཐུན་མོང་ནས་ ༢༠༢༠ ཟླ་༢ ཚེས་༢༤ ནས་༢༨ བར་དུ་ཉིན་གྲངས་ལྔའི་རིང་དུ་རྣམ་རྒྱལ་མའི་སྟོང་མཆོད་ཀྱི་ཆོ་གའི་སྒོ་ནས་སྒྲུབ་ཞག་དང་།   ཕྱི་ཚེས་༢༨ ཉིན་བརྟན་བཞུགས་དངོས་གཞི་འདེགས་འབུལ་གནང་འདུག    དེ་ཡང་བརྟན་བཞུགས་སུ་དཔལ་ས་སྐྱའི་འཁོན་གདུང་རྣམ་པ་དང་རྗེ་བཙུན་མ།  བདག་མོ་རྣམ་པ། ངོར་ཁྲི་པ་རིན་པོ་ཆེ་མཆོག་དང་ཚར་པའི་ཁྲི་པ་རིན་པོ་ཆེ་མཆོག  ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེ་མཆོག་དང་ ཆོས་སྒར་རང་གི་མཁན་བླ་སྤྲུལ།  གཉུག་མར་གནས་པའི་དགེ་འདུན་དང་བཙུན་མ།  འཕྲལ་དུ་ཕེབས་པའི་དགེ་འདུན།  འབྲེལ་ཡོད་སོགས་རྒྱས་འཛོམས་ཐོག་ནས་དཔལ་ལྡན་བླ་མའི་སྐུ་ཚེ་ཞབས་པད་བརྟན་ཅིང་རླབས་ཆེན་གྱི་མཛད་འཕྲིན་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་བཀྲ་ཤིས་སྨོན་ཚིག་བཅས་ཀྱིས་བརྟན་བཞུགས་བསྟར་འབུལ་གནང་འདུག 



	
རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*