དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་དང་པོའི་ནང༌།

  །།སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་རིགས་པ་སྨྲ་བའི་དབང་ཕྱུག་ས་སྐྱ་པཎྜི་ཏས་མཛད་པའི་ཚད་མ་རིག་པའི་གཏེར་རྩ་འགྲེལ་གྱི་བརྒྱུད་པ་ནི། ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི་ཡན་རྣམ་འགྲེལ་དང་འདྲ་བ་ལ། དེ་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། འུ་ཡུག་པ་རིག་པའི་སེང་གེ ཞང་མདོ་སྡེ་དཔལ། འཇམ་སྐྱ་ནམ་མཁའ་དཔལ་ལྡན། དཔལ་ལྡན་བློ་གྲོས་བརྟན་པ། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྒྱལ་བ་གཉིས་པ་རྗེ་བཙུན་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། ས་སྐྱ་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ།ཤར་ཁང་པ་འཇམ་དབྱངས་ཤེས་རབ་རྒྱལ་མཚན། བྲང་ཏི་མཁས་པ་ནམ་མཁའ་དཔལ་བཟང༌། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། འདྲེན་མཆོག་ནམ་མཁའ་སངས་རྒྱས། འཇམ་མགོན་དཔལ་མཆོག་རྒྱལ་མཚན། ཆོས་རྗེ་དོན་གྲུབ་རྒྱལ་མཚན། མཁས་བཙུན་གྲུབ་པ་ཁམས་སྟོན་ནམ་མཁའ་དཔལ་བཟང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ས་སྐྱ་པཎ་ཆེན་ནས། ཆོས་ཀྱི་རྒྱལ་པོ་འཕགས་པ་བློ་གྲོས་རྒྱལ་མཚན། ཞང་དཀོན་མཆོག་དཔལ་བ། ན་བཟའ་བྲག་ཕུག་པ་བསོད་ནམས་དཔལ། འཇམ་པའི་དབྱངས་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་འཛིན་པ། ཆོས་རྗེ་བྱང་ཆུབ་སེང་གེཤར་ཆེན་ཡེ་ཤེས་རྒྱལ་མཚན་མན་འདྲའོ།།    །།གསུམ་པ་གཞན་རྗེས་སུ་འཛིན་པ་རིག་པའི་གནས་ལ་བཟོ་དང་གསོ་བ་གཉིས། དང་པོ་བཟོ་རིག་པ་ནི།སྟག་ཚང་ལོ་ཙཱ་བའི་རིག་གནས་ཀུན་ཤེས་ལས། བཟོ་ལ་ལུས་བཟོ་ངག་བཟོ་ཡིད་བཟོ་གསུམ། །ཞེས་གསུངས་པ་ལྟར་ན། རིག་པའི་གནས་ཕལ་ཆེར་བཟོ་རིག་པའི་ཁོངས་སུ་འདུ་བར་གསུངས་ཤིང༌། འདིར་བཟོ་རིག་བྱེ་བྲག་པ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང༌། འགྲེལ་ཆེན་དྲི་མེད་འོད་དང༌། བདེ་མཆོག་སྡོམ་པ་འབྱུང་དང༌། གཤིན་རྗེའི་གཤེད་ནག་པོ་རྒྱུད་འགྲེལ་བཅས་དང༌། འཇམ་དཔལ་རྩ་བའི་རྒྱུད་དང༌། བསླབ་པ་ཀུན་ལས་བཏུས་པ་ལ་སོགས་པ་ནས་གསུངས་པའི་དེ་བཞིན་གཤེགས་པ་དང༌། རྒྱལ་ཡུམ་སོགས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་ཁྲོ་མོ་སོགས་ཀྱི་སྐུའི་ཐིག་རྩ་ཅི་རིགས་པར་བཤད་པ་རྣམས་དང༌། དེ་དག་གི་བཞེད་པ་མ་ནོར་བར་སྟོན་པར་བྱེད་པ་མཁས་དབང་སྨན་བླ་དོན་གྲུབ་པས་མཛད་པའི་སྐུ་གཟུགས་ཀྱི་ཚད་ཀྱི་རབ་ཏུ་བྱེད་པའི་གཞུང་ནི། བོད་ཡུལ་འདིར་རྒྱ་གཞུང་ཚད་ལྡན་ལྟ་བུར་ཁས་ལེན་དགོས་པས། གཞུང་དེར་དེ་བཞིན་གཤེགས་པའི་སྐུའི་མཚན་དང་དཔེ་བྱད་བཤད་པ།ཚད་ཀྱི་གཞུང་དུ་གྲགས་པ་འགའ་ཞིག་རང་བཟོས་བསླད་པའི་མི་འཐད་པའི་ཕྱོགས་དགག་པ། ཚད་དང་མི་ལྡན་པའི་སྐུ་གཟུགས་བཞེངས་པའི་ཉེས་སྐྱོན་བརྗོད་པ། མདོ་རྒྱུད་ཀྱི་གཞུང་ལུགས་ཆེན་པོ་རྣམས་ཀྱི་ལུང་གིས་ཚད་ལྡན་གྱི་ལུགས་དགོད་པ། ཚད་དེ་དག་དང་ལྡན་པའི་སྐུ་གཟུགས་བཞེངས་པའི་ཕན་ཡོན་བརྗོད་པ། སྐུ་གཟུགས་བཞེངས་པའི་ལྷ་བཟོ་དང་སྦྱིན་བདག་གི་མཚན་ཉིད་བརྗོད་པ། དེ་དག་ལག་ཏུ་བླང་བའི་རིམ་པར། ཇི་སྐད་དུ། རྒྱལ་བའི་སྐུ་གཟུགས་ཐལ་མོ་བཅུ་པ་དང༌། །རྒྱལ་སྲས་རྣམས་ཀྱི་མཐོ་བཅུ་ཞན་པ་དང༌། །རྒྱལ་ཡུམ་སོགས་ཀྱི་ཞལ་ཚད་དགུ་པ་དང༌། །རྒྱལ་དབང་ཁྲོས་པ་རྣམས་ཀྱི་གདོང་བརྒྱད་པ། །མིའུ་ཐུང་གི་ལུས་ཚད་མཐོ་དྲུག་པ། །ཞེས་འབྱུང་བ་ལྟར་གྱི་རྒྱས་པར་བཤད་པ་སྟེ་དོན་ཚན་བདུན་གྱི་སྒོ་ནས་བསྟན་པ་དང༌། དེའི་རྗེས་སུ་འབྲང་བར་གྱུར་པ་དབྱངས་ཅན་ལྷ་མོས་རྗེས་སུ་བཟུང་བ་རྟ་ནག་རི་མཁར་བ་དཔལ་ལྡན་བློ་གྲོས་བཟང་པོས། གང་ཕྱིར་གང་གིས་གང་ལ་གང་ལྟར་འདྲི། །རྟགས་དང་སྐྱོན་ཡོན་སྤང་བླང་ཇི་ལྟར་བྱ། །ཞེས་པ་ལྟར་དོན་ཚན་བརྒྱད་ཀྱིས་བསྟན་པ་དང༌། དེ་དག་གི་རྗེས་སུ་འབྲངས་ནས་འཇམ་པའི་དབྱངས་ཀྱི་སྤྲུལ་པའི་ཟློས་གར་མཁས་དབང་སངས་རྒྱས་རྒྱ་མཚོས་ལག་ཏུ་བླང་བའི་ཐིག་འདེབས་ཀྱི་རིམ་པ་དབུས་གཙང་ཕྱོགས་ཀྱི་བྲིས་འབུར་མཁས་པའི་ལྷ་བཟོ་རྣམས་ཀྱི་ཚད་ཀྱི་ཕྱི་མོ་རྣམས་བསྟུན་ཏེ་བཻ་ཌཱུར་གཡའ་སེལ་དུ་གསལ་བར་ཕྱེ་བ་རྣམས་དང༌། གཞན་ཡང་ཁོ་བོ་ཅག་གི་ཡང་མེས་སྤྲུལ་སྐུ་སངས་རྒྱས་ལྷ་དབང་གིས་མཛད་པའི་བསྐོར་ཐིག་གི་འགྲེལ་པ་མཐོང་བ་དོན་གསལ་ཞེས་བྱ་བ་དང་བཅས་པ་རྣམས་ཀྱི་སྟེང་ནས་ལག་ཁྲིད་དང་ཐོས་བསམ་ཞིབ་ཏུ་ནོས་པ་ལས། ཐོག་མར་དུས་ཀྱི་འཁོར་ལོའི་རྒྱུད་དང༌། འཕགས་པ་སྤྱན་རས་གཟིགས་ཀྱིས་མཛད་པའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ལེའུ་ལྔ་པ་ཡེ་ཤེས་ཀྱི་ལེའུར་གསལ་བར་བསྟན་པའི་ལུང་གི་བརྒྱུད་པ་ནི། དམ་པ་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོ། རྒྱལ་བ་ཤཱཀྱ་ཐུབ་པ། ཟླ་བ་བཟང་པོ། ལྷ་དབང་གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷའི་དབང་ལྡན། འཇམ་དབྱངས་གྲགས་པ། པདྨ་དཀར་པོ།འཇམ་དབྱངས་སྤྲུལ་པ་ཙི་ལུ་པཎ་ཆེན། པིཎྜོ་ཨཱ་ཙཱརྻ། དུས་ཞབས་པ་ཆེ་བ། དུས་ཞབས་པ་གཉིས་པ་མཉྫུ་ཀཱིརྟི། ས་མནྟ་ཤྲཱི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། དེ་སྲས་ཤེས་རབ་སེང་གེ བླ་མ་རྡོ་རྗེ་རྒྱལ་མཚན། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་སེམས་དཔའ་ཆེན་པོ་རིན་ཆེན་རྣམ་རྒྱལ། འཇམ་དབྱངས་གྲགས་པ་རྒྱལ་མཚན། ཤར་པ་ཡེ་ཤེས་རྒྱ་མཚོ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། སྐུ་ཞང་བསོད་ནམས་མཆོག་གྲུབ། ཆོས་རྗེ་དོན་གྲུབ་རྒྱལ་མཚན། བྱང་གླིང་འཇམ་དཔལ་བཀྲ་ཤིས་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུགའདྲེན་མཆོག་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ཚེ་དབང་ལྷུན་གྲུབ། ཁྱབ་བདག་ཀླུ་སྒྲུབ་རྒྱལ་མཚན། མཚུངས་མེད་སྨོན་ལམ་ལྷུན་གྲུབ། རྡོ་རྗེ་འཆང་བརྩོན་འགྲུས་བཟང་པོ། གནས་གསར་བ་ཀུན་དགའ་ལེགས་པའི་འབྱུང་གནས། དུས་འཁོར་བླ་མ་ཀུན་དགའ་ཕུན་ཚོགས། དེ་ལས་བདག་གིས་སོ། །དེ་དག་གི་ཚད་ཀྱི་ལག་ཁྲིད་དང་རྒྱ་སྨན་གསར་རྙིང་གི་ལུགས་སྲོལ་སོ་སོའི་ཁྱད་པར་གྱི་རི་མོའི་འགྲོས་སོགས་ཞིབ་པར་ནོས་པའི་བརྒྱུད་པ་ནི། འདི་ཡན་ཆད་བཙལ། དེ་ནས་ཀརྨ་པ་དབྱངས་ཅན་བཟང་པོའི་ཞབས། སྤྲུལ་སྐུ་སངས་རྒྱས་ལྷའི་དབང་པོ། དབོན་སྤྲུལ་སྐུ་དགེ་འདུན་འོད་ཟེར། སྤྲུལ་པའི་བཟོ་བོ་མཁའ་རི་གདོང་པ་དབོན་པོ་རྒྱ་བོ་ཞེས་པ། འགྲུ་དགེ་ཡག་ལྷ་བཟོ། དེ་ལས་ངག་དབང་ཆོས་འཕེལ་བ། དེས་བདག་ལ་ལག་ཁྲིད་དུ་སྩལ་ཏོ། །ཡང་ན་དགེ་ཡག་པ་ནས། དེ་སྲས་ཀརྨ་ཆོས་ལུང༌། མཁས་བཙུན་ཆེན་པོ་སངས་རྒྱས་ཆོས་འཕེལ། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ལེགས་པར་ནོས་སོ།།    །།བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གཟུགས་རྣམ་དུ་ཤར་བའི་ཐར་པའི་གྲོང་ཁྱེར་གཞལ་ཡས་ཁང་གི་ཚད་ནི། པཎྜི་ཏ་ཆེན་པོ་གུང་རུ་ཤེས་རབ་བཟང་པོས་མཛད་པའི་ཡི་གེ་ལ་བརྟེན་ནས་དཀྱིལ་འཁོར་སྤྱིའི་ཐིག་ཚད་རྟ་བབས་སྣམ་བུ་བཞི་པ་དང༌།སྣམ་བུ་བཅུ་གཅིག་པའི་ཐིག་འདེབས་དང༌། བྱེ་བྲག་ཏུ་རྒྱུད་སྡེ་བཞིས་བསྟན་པའི་དཀྱིལ་འཁོར་རྣམས་ཀྱི་ནང་ཐིག་གི་ཁྱད་པར་རྣམས་དང༌། ལས་བཞིའི་སྦྱིན་སྲེག་གི་ཐབ་ཐིག་དང་བཅས་པ་ཐོས་བསམ་གྱི་སྒོ་ནས་ལག་ལེན་དུ་གཏན་ལ་བབ་ཅིང༌། རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་ཀྱེ་རྡོ་རྗེའི་རྣམ་བཤད་ཟླ་ཟེར་དང༌། གཞལ་ཡས་ཁང་གི་ཚད་རྣམ་པར་གཞག་པ་དང༌། ཀུན་མཁྱེན་གོ་བོ་རབ་འབྱམས་པས་མཛད་པའི་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་རྣམ་བཤད་རྣམས་ཀྱི་ལུང་ལེགས་པར་ནོས་ཤིང་གཞལ་ཡས་ཁང་བློས་སློང་གི་ཆ་ཚད་རྣམས་ལག་ལེན་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ཟླ་ཟེར་གྱི་བརྒྱུད་པ་ནི། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ནས། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་པ། ས་སྐྱ་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། མཚུངས་མེད་དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས། འདི་ནས་བླ་མ་གཉིས་ཙམ་བཙལ། མཁན་ཆེན་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །མན་ངག་ལུགས་ཀྱི་བསྐྱེད་རིམ་གྱི་རྣམ་པར་བཤད་པའི་བརྒྱུད་པ་ནི། ཀུན་མཁྱེན་བསོད་ནམས་སེང་གེ་ནས། ཡོངས་འཛིན་དཀོན་མཆོག་འཕེལ། འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ། རྡོ་རྗེ་འཆང་དཀོན་མཆོག་དཔལ་ལྡན། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་ཆེན་ཤེས་རབ་འབྱུང་གནས། མུས་པའི་དགེ་བཤེས་ཚུལ་ཁྲིམས་མཚན་ཅན། ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ལ་སྩལ་ཏོ།།    །།གཉིས་པ་གསུང་རྟེན་ནི་གོང་དུ་སྨོས་པའི་ཡིག་རིས་རྣམས་ལས་བོད་དུ་འདྲི་སྲོལ་མཆིས་པའི་ནང་ནས་ལཱཉྩ་ན་དང༌། ཝརྟུ་ལ་དང༌། ནཱ་ག་ར་དང༌། སིནྡྷུ་དང༌། པུཀྐཾ་དང༌། དྷ་རི་ཀ་དང༌། ཀསྨཱི་ར་དང༌། འཕགས་པས་མཛད་པའི་ཧོར་གྱི་ཡིག་གསར་ལ་སོགས་པ་ལག་ཁྲིད་དུ་བྱས་པའི་སློབ་དཔོན་དང་བརྒྱུད་རིམ་ནི་གོང་གི་བརྡ་སྤྲོད་པའི་སྐབས་ལྟར་འདེད་པས་བཏུབ་བམ་སྙམ་མོ། །བོད་ཀྱི་ཡི་གེ་ལ་སློབ་དཔོན་ཐུ་མི་སཾ་བྷོ་ཊས་མཛད་པའི་ཡི་གེའི་རྒྱུན་ལས་བརྒྱུད་དེ་ཁྱུང་པོ་གཡུ་ཁྲི་དང་སུམ་པ་གནོད་སྦྱིན་སོགས་ཀྱིས་དར་རྒྱས་སུ་མཛད་པའི་རྫབ་དང་གཤར་མའི་ནང་གསེལ་ལུགས་སྲོལ་ཅུང་ཟད་འདྲ་མིན་མཆིས་པ་རྣམས་ལའང་སྦྱངས་ལོར་བགྱིས་སོ།།    །།གསུམ་པ་ཐུགས་ཀྱི་རྟེན་ནི། རྡོ་རྗེ་དྲིལ་བུ་ལ་སོགས་པ་ཕྱག་མཚན་རྣམས་ཀྱི་ཚད་དང་མཚན་ཉིད་དང༌། མཆོད་རྟེན་ལ་དེ་བཞིན་གཤེགས་པའི་མཆོད་རྟེན་བརྒྱད་དེ། འདིའི་གོ་རིམ་གྱི་ཐོག་མ་ལྷ་བབས་ནས་བྱས་པ་སོགས་མི་འདྲ་བ་མང་དུ་ཡོད་ཅིང༌། མངའ་རིས་ཚུལ་ཁྲིམས་འོད་ཟེར་གྱིས། པད་སྤུངས་བལྟམས་ཚེ་སེར་སྐྱའི་དྲུང་དུ་དར། །བྱང་ཆེན་རྫོགས་སངས་རྒྱས་ཚེ་རྡོ་རྗེ་གདན། །སྒོ་མངས་ཆོས་འཁོར་བསྐོར་ཚེ་ཝཱ་རཱ་ཎ་སཱིར་དང༌། །ཆོ་འཕྲུལ་ཆོ་འཕྲུལ་བསྟན་ཚེ་མཉན་ཡོད་དུ། །ལྷ་བབས་ཡུམ་གྱི་དོན་མཛད་གསལ་ལྡན་གྲོང༌། །དབྱེན་བཟླུམ་དགེ་འདུན་འདུམས་ཚེ་ཡངས་ཅན་དུ། །སྐུ་ཚེའི་བདུད་ལས་རྣམ་རྒྱལ་མཆོད་རྟེན་ཆེ། །མྱང་འདས་མྱ་ངན་འདས་ཚེ་རྩྭ་མཆོག་གྲོང༌། །ཞེས་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་སྐུ་བལྟམས་མ་ཐག་ནས་ཕྱོགས་རྣམས་སུ་གོམ་པ་བདུན་བདུན་བོར་བའི་སར་པདྨ་སྐྱེས་པ་སོགས་བཀྲ་ཤིས་པའི་རྟེན་འབྲེལ་དང་མཐུན་པར་པདྨ་སྤྲུངས་པས་ཐོག་དྲངས་པར་མཛད་པ་ལྟར་ལེགས་ཤིང༌། མཆོད་རྟེན་བརྒྱད་པོ་དེ་དག་གི་ཆ་ཚད་ཡི་གེ་མང་དུ་མཐོང་མོད། ཡོངས་སུ་གྲགས་པ་ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ་དང༌། སྤྲུལ་སྐུ་རི་མཁར་བ་དཔལ་ལྡན་བློ་གྲོས་བཟང་པོ་དང༌། ཐར་རྩེ་པཎྜི་ཏ་ནམ་མཁའ་དཔལ་བཟང་དང༌།འཇམ་པའི་དབྱངས་སངས་རྒྱས་རྒྱ་མཚོས་མཛད་པ་སོགས་ཡིག་ཆ་གསར་རྙིང་མཐོང་ཐོས་བྱུང་བ་འགའ་ཞིག་ལ་ལག་ལེན་ཐིག་འདེབས་བགྱིས་པ་ཙམ་ལས་འགའ་རེར་ལུང་བརྒྱུད་མ་ཐོས་པ་དང༌། ཐོས་པའི་རིགས་ནི་གཞུང་བཤད་དང་བཀའ་འབུམ་སོ་སོའི་སྐབས་ནས་འབྱུང་བ་ལྟར་ལས་འདིར་སྨོས་མ་དགོས་སོ།།    །།བཞི་པ་གཞན་རྗེས་སུ་འཛིན་པའི་རིག་གནས་གཉིས་པ་གསོ་བ་རིག་པའི་སྐོར་ལ། རྩ་བའི་རྒྱུད་ལེའུ་དྲུག་དང༌། བཤད་པའི་རྒྱུད་ལེའུ་སུམ་ཅུ་སོ་གཅིག་དང༌། མན་ངག་རྒྱུད་ལ་ལེའུ་དགུ་བཅུ་གོ་གཉིས་དང༌། ཕྱི་མ་རྒྱུད་ལ་ལེའུ་ཉི་ཤུ་རྩ་ལྔ་དང༌། མཇུག་དོན་ཡོངས་སུ་གཏད་པ་ལེའུ་གཉིས་ཏེ་ཡོངས་སུ་དྲིལ་བས་ལེའུ་བརྒྱ་དང་ལྔ་བཅུ་ང་དྲུག་ཡོད་པ་ཐོབ་པའི་བརྒྱུད་པ་ནི། སངས་«་་་་་འདི་དེ་སྔོན་མ་ཐོབ་ཀྱང་སླད་ཐོབ་འགྱུར་དབང་གིས་བྲིས།» རྒྱས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ། འཚོ་བྱེད་གཞོན་ནུ། སྨན་པ་རྒྱུན་ཤེས། ནམ་སོ་སྐྱེས། ཐང་ལྷ་འབར། རྐང་གཉིས་སྤྱོད། འགྲོ་སྐྱོང་བུ། མེ་བཞི་འཇུག ལུག་ནག རྒྱ་སྐྱེགས་སྣ། མདའ་མཆོག ལན་ཚྭའི་ལག་པ། དཔལ་ལྡན་ཕྲེང་བ། དཔལ་ལྡན་ཕུན་ཚོགས། ཡིད་ལས་སྐྱེས། ཉི་མའི་སྙིང་པོ། ཟླ་བའི་སྙིང་པོ། ཟླ་བའི་འོད་ཟེར། འཕགས་པ་ཀླུ་སྒྲུབ། དཔལ་ལྡན་དཔའ་བོའམ་ཕ་ཁོལ། པཎ་ཆེན་ཟླ་བ་མངོན་དགའ། ལོ་ཆེན་བཻ་རོ་ཙ་ན། ཆོས་རྒྱལ་མངའ་བདག་ཁྲི་སྲོང་ལྡེའུ་བཙན། གཏེར་སྟོན་གྲྭ་པ་མངོན་ཤེས་ཅན། «ཐར་རྩེ་པའི་གསན་ཡིག་ཏུ་མེད།་་་་་»དགེ་བཤེས་དབུས་པ་དར་གྲགས། འཚོ་བྱེད་དཀོན་མཆོག་སྐྱབས། གཡུ་ཐོག་ཡོན་ཏན་མགོན་པོ། སུམ་སྟོན་ཡེ་ཤེས་ཀུན་དགའ། སུམ་སྟོན་འབུམ་མེ། གཡུ་ཐོག་མགོན་པོ་རིན་ཆེན། ཕག་སྟོན་ཤཱཀྱ་མགོན་པོ། བྲང་ཏི་དཔལ་ལྡན་འཚོ་བྱེད། བྲང་ཏི་དཔལ་ལྡན་རྒྱལ་མཚན། བྲང་ཏི་པ་ཀུན་དགའ་བཟང་པོ། བྲང་ཏི་སྟག་ལྷ་དཔལ། བྲང་ཏི་རྡོ་རྗེ་དཔལ་བཟང༌། བྲང་ཏི་ཆོས་རྒྱལ་བཀྲ་ཤིས། བྲང་ཏི་ལྷ་རྗེ་ཀུན་དགའ་དོན་གྲུབ། དགེ་སློང་ནམ་མཁའ་དཔལ་བཟང༌། དབོན་«་་་་་འདི་ཕན་ཆད་སླར་དཔྱད་དགོས། »ནམ་མཁའ་སངས་རྒྱས། ཤར་པ་ཤེས་རབ་འབྱུང་གནས། དགེ་སློང་ཀུན་དགའ་རྣམ་རྒྱལ། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། དྲུང་འཚོ་ཡེ་ཤེས་མཚན་ཅན། མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལ་བཀའ་དྲིན་དུ་སྩལ་ཏོ། །སྨྲས་པ། ཚུལ་ཁྲིམས་ལ་གནས་བློ་གྲོས་ཅན་རྣམས་ཀྱིས། །བསླབ་བྱ་ཐམས་ཅད་མཁྱེན་པའི་རྒྱུར་འགྱུར་བ། །གཙུག་ལག་བཅུ་ཕྲག་རིག་པ་སྟོན་པའི་གཞུང༌། །མཐོང་ཐོས་ཙམ་གྱིས་བག་ཆག་འཇོག་ཚུལ་བྱས། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས་ཐུན་མོང་བ་ཕྱི་རིག་པའི་གནས་ཀྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་གསུམ་པའོ།།    །།སྤྱི་དོན་གཉིས་པ་ཐུན་མོང་མ་ཡིན་པ་ནང་རིག་པའི་གནས་ཀྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་ལ་གཉིས། སྡོམ་པ་གསུམ་འཁོར་དང་བཅས་པའི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་དང༌། དེ་ཐམས་ཅད་ཀྱི་རྒྱབ་བརྟེན་དུ་ལུང་གི་ཚོགས་ཐོས་པའི་བརྒྱུད་རིམ། དང་པོ་ལ། སོ་སོར་ཐར་པའི་སྡོམ་པའི་ཆོས་སྐོར་ཐོས་པ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོས་སྐོར་ཐོས་པ། རིག་འཛིན་སྔགས་ཀྱི་སྡོམ་པའི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་མོ། །དང་པོ་ནི་ལྷག་པར་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པར་བྱེད་པ་འདུལ་བའི་སྡེ་སྣོད་ཀྱི་བརྗོད་པར་བྱ་བའི་གཙོ་བོ་སོ་སོར་ཐར་པ་སྟེ། དེའི་མདོ་ལས། འདི་ནི་ལང་ཚོའི་རྣམ་འཕྲུལ་བའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན། །མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་བརྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟབ་པ་ཡིན། །འདི་ནི་ཉོན་མོངས་འཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་བཞི་དང་འདྲ་བར་གནས། །ཞེས་དང༌། བཤེས་པའི་སྤྲིང་ཡིག་ལས་ཀྱང༌། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་གསུངས་པ་ལྟར་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་ལ་སོགས་པ་དགེ་ལེགས་རིན་པོ་ཆེ་རིན་ཐང་གཞལ་དུ་མེད་པ་མ་ལུས་པ་འབྱུང་བའི་ལག་འགྲོའི་དབང་པོའི་བསྟི་གནས་སུ་ངེས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་འདོད་དགུ་འབྱུང་བའི་དཔག་བསམ་གྱི་ལྗོན་པ་རིན་པོ་ཆེའི་རྩ་བའམ་གཞི་མ་ནི་འདི་ཉིད་དུ་བསྟན་པས། ཡོན་ཏན་ཅན་ཀུན་གྱི་བརྟེན་གནས་སུ་གྱུར་པའི་བསླབ་གཞི་བསྲུང་བའི་རྟེན་ཅན་དུ་སྒྲུབ་པར་བྱེད་པ་ལ། རང་ལོ་ཆེར་སོན་པ་ལེགས་པར་སྦྱར་བའི་སྐད་དུ་ས་ར་བྷ་ཝ་སྟེ། སྟོད་འགྲེལ་གྱི་སྐད་དུ་ཟིལ་གནོན་ཞེས་དང༌། ལྗོངས་འདིར་དབང་ཐང་དང་བསྟུན་པའི་མིང་དུ་མེ་ཕོ་རྟའི་ལོར་སྒྲོལ་བྱེད་ཀྱི་ལྷ་མོ་ནག་པས་ཉ་བའི་ཞག་གི་ཕུང་པོའི་མར་ངོ་སྔོན་དུ་འགྲོ་བའི་དམར་ཕྱོགས་ཀྱི་གྲལ་ཚེས་དགེ་བའི་ཉིན། བདག་ཅག་གི་འདྲེན་པ་དམ་པ་ཚད་མེད་པའི་མཁྱེན་རབ་དང་ཐུགས་རྗེའི་བདག་ཉིད། བཅོམ་ལྡན་འདས་ཤཱཀྱ་སེང་གེའི་ལུགས་བཟང་སྡེ་སྣོད་གསུམ་གྱི་བརྗོད་པར་བྱ་བ་བསླབ་པ་གསུམ་གྱིས་ཐུགས་རྒྱུད་ཡོངས་སུ་གཏམས་ཤིང་མཁས་ཚུལ་རྣམ་པ་གསུམ་གྱི་ལམ་ནས་ཚུལ་བཞིན་དུ་ལེགས་པར་འདོམས་པ་ལ་བསྙེངས་པ་མི་མངའ་བ། དཔལ་ལྡན་ངག་གི་དབང་ཕྱུག་ཆེན་པོར་ཡོངས་སུ་གྲགས་ཤིང་གྲུབ་པ།དོན་གྱི་སླད་དུ་མཚན་ནས་སྨོས་ན་ཐམས་ཅད་མཁྱེན་པ་གཉིས་པ་ཚུལ་ཁྲིམས་ལྷུན་གྲུབ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ལ་མཁན་པོར་ཞུས་ཤིང༌། གཞུང་ལུགས་རྒྱ་མཚོར་སྦྱངས་སྟོབས་ཀྱི་གྲུ་གཟིངས་ཆེན་པོས་བརྒལ་ཏེ་ཡོན་ཏན་ནོར་བུའི་གཏེར་ལ་དབང་འབྱོར་པའི་མཁྱེན་རབ་དང་ཐུགས་རྗེ་གཞལ་དུ་མེད་པའི་བདག་ཉིད་ཅན། ཆོས་འདུལ་སྨྲ་བའི་དབང་ཕྱུག་དབུ་མཛད་སངས་རྒྱས་ཚུལ་ཁྲིམས་པས་ལས་ཀྱི་སློབ་དཔོན།བསླབ་པའི་གནས་ལ་གུས་པ་འཕགས་པ་རྟ་ཐུལ་གྱི་རྣམ་པར་ཐར་པ་འཛིན་ཅིང༌། གཅིག་ཏུ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའི་བདག་ཉིད་ཅན་ཆོས་རྗེ་བསྟན་འཛིན་ལྷུན་གྲུབ་པས་གྲིབ་ཚོད་པ། དད་པའི་དགེ་འདུན་ཆོས་འདུལ་འཛིན་པ་ཤཱཀྱ་ཆོས་འཕེལ་ལ་སོགས་པ་ཁ་བསྐང་བར་འོས་པའི་དགེ་སློང་གི་དགེ་འདུན་དང་བཅས་པའི་དབུས་སུ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཐོབ་པའི་བརྒྱུད་པ་ནི། སྟོན་པ་ཐུབ་«་་་་་ཕུན་ཚོགས་ལུམྦི་ནའི་ཚལ་དུ་སྐུ་བལྟམས། »པའི་དབང་པོ། ཤཱ་རིའི་«་་་་་རྒྱལ་པོའི་ཁབ་ཤིང་ཐག་ཅན་དུ་འཁྲུངས། »བུ། སྲས་སྒྲ་གཅན་འཛིན།«་་་་་གྲོང་ཁྱེར་སེར་སྐྱར།»བྲམ་ཟེ་«་་་་་ར་ཌཱར་འཁྲུངས་པའི་ས་ར་ཧ་ཡིན། »སྒྲ་གཅན་འཛིན། འཕགས་པ་«ལྷོ་ཕྱོགས་བེ་ཏའི་ཡུལ་དུ་འཁྲུངས།་་་་་»ཀླུ་སྒྲུབ། གུ་ཎ་«འདིས་དབུ་མ་རྩ་ཤེ་ལ་འགྲེལ་པ་མཛད།་་་་་»མི་ཏྲ། རིན་ཆེན་«ལམ་འབྲས་ཀྱི་ལོ་རྒྱུས་ལས་དྷརྨཱ་མི་ཏྲར་བཤད།་་་་་»བཤེས་གཉེན། དཔལ་ལྡན་ཆོས་«་་་་་དྷརྨ་པཱ་ལ་སྟེ་ཟླ་བའི་གྲོང་དུ་འཁྲུངས་པའི་བི་རཱུ་པ་ཡིན། »སྐྱོང་གུ་ཎ་པ་ཏི། ཆོས་ཀྱི་ཕྲེང་བ། འབྱུང་གནས་«་་་་་དྲན་པ་ཉེར་གཞག་ཕྱི་འགྱུར་གྱི་པཎྜི་ཏ། »སྦས་པ། པཎྜི་ཏ་ཆེན་«་་་་་ཁ་ཆེ་ཁྲི་བརྟན་གྱི་གྲོང་ཁྱེར་པྲ་བ་རར་འཁྲུངས། »པོ་ཤཱཀྱ་ཤྲཱི། མཁན་ཆེན་རྡོ་རྗེ་«་་་་་ཇོ་གདན།» དཔལ། མཁན་«་་་་་རྒྱལ་བ་གསེར་ཁང་པ། »ཆེན་འོད་ཟེར་«་་་་་ཇོ་གདན་»དཔལ་བཟང་པོ། «སྙེ་མོ་བོང་ར་བ།་་་་་»མཁན་ཆེན་«་་་་་ཇོ་གདན། »བསོད་ནམས་དཔལ། «ཡར་འབྲོག་སྦྲང་མདའ་བ་ཡིན།་་་་་»མཁན་«ཇོ་གདན།་་་་་»ཆེན་བཀྲ་«་་་་་ཁ་ཅིག་འདི་འོད་ཟེར་དཔལ་བའི་སྡོམ་ཕྲུག་རྩིབས་པ་ཤེས་མགོན་གྱི་སྡོམ་དྲུག་ཏུ་འདོད། »ཤིས་ཚུལ་ཁྲིམས། ཤར་པ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཡོངས་འཛིན་དཀོན་མཆོག་འཕེལ་བ། རྗེ་བཙུན་ལྷ་མཆོག་སེང་གེ འཇམ་དབྱངས་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང༌། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། འདུལ་འཛིན་ཤེས་རབ་འབྱུང་གནས། མཁས་བཙུན་ཀུན་དགའ་ལེགས་པ། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། མཁན་པོ་ཆེན་པོ་ཐུབ་དབང་བསྟན་པའི་ཉིན་བྱེད་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ལ་བནྡེ་ཚུལ་ཁྲིམས་རིན་ཆེན་ཞེས་མིང་དང་བཅས་ཏེ་ཨེ་ཝཾ་གནྡྷོ་ལ་ཆེན་པོར་ཉི་མ་ཕྱེད་ཡོལ་གྱི་དུས་ལ་བབ་པ་ན་ལེགས་པར་སྩལ་ཏོ། །དེ་ལྟར་རབ་ཏུ་བྱུང་ནས་ཉིན་ཞག་གཉིས་ཀྱིས་བསྐལ་པའི་གྲལ་ཚེས་དགེ་བའི་ཉིན་ག་ལ་བར་བསླབ་པ་མ་ལུས་པ་ལེགས་པར་ཀློག་ཅིང་སྟོན་པའི་མཁན་པོ་ཆེན་པོ་ཀུན་མཁྱེན་ཤཱཀྱ་སེང་གེའི་རིང་ལུགས་འདབ་སྟོང་གི་དགའ་ཚལ་བྱེ་བ་ཕྲག་བརྒྱ་ཅིག་ཅར་དུ་འབྱེད་པའི་སྨྲ་བའི་ཉི་མ་ཆེན་པོ་གང་ཡིན་པ་དེ་ཉིད་དང༌། ལས་ཀྱི་སློབ་དཔོན་དང་གྲིབ་ཚོད་པ་མཁན་པོ་རིན་པོ་ཆེའི་བཀས་ལེགས་པར་བསྐོས་པ། གཞུང་ལུགས་རྒྱ་མཚོ་འཛིན་ཅིང་ཆོས་འདུལ་སྨྲ་བའི་དབང་ཕྱུག་ཆེན་པོ་གོང་དུ་བཤད་མ་ཐག་པའི་འདྲེན་མཆོག་ཆོས་ཀྱི་རྗེ་རྣམ་པ་གཉིས་དང༌། ཚུལ་ཁྲིམས་ཀྱི་བསླབ་པ་མིག་གི་འབྲས་བུ་ལྟར་གཅེས་པར་བསྲུང་ཞིང་མདོ་སྔགས་ཆོས་ཀྱི་ཚུལ་ལ་མཁྱེན་དཔྱོད་ཀྱི་ཁོ་ལག་རྫོགས་ཤིང༌། ཇི་བཞིན་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་མཆོག་ཏུ་མངའ་བ་ཁམས་སྟོན་ཨ་མགོན་བླ་མ་རྒྱལ་མཚན་པས་གསང་སྟེ་སྟོན་པའི་སློབ་དཔོན་གྱི་ཁུར་བཞེས། ཁ་སྐོང་དད་པའི་དགེ་སློང་གི་དགེ་འདུན་ཆོས་འདུལ་འཛིན་པའི་མཆོག་གྱུར་གོང་དུ་སྨོས་མ་ཐག་པ་རྣམས་དང་བཅས་པའི་དབུས་སུ། ལྡན་ཕྲུག་པ་བདག་ཅག་ཚིགས་ཕྱི་མ་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོར་བསྒྲུབ་པའི་སྡོམ་པ་ལེགས་པར་སྩལ་བའི་བརྒྱུད་པ་ནི། བྷ་ག་ཝཱནྟ་ཐཱ་ག་ཏཿཨརྷ་«བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ།་་་་་»ཏེ་སམྱཀྶཾ་བུདྡྷཿཤཱཀྱ་མུ་ནིཿ ཨཱརྻ་ཤ་རི་པུ་ཏྲཿ།«་་་་་འཕགས་པ་ཤཱ་རིའི་བུ།» སུ་ཏ་«སྲས་སྒྲ་གཅན་འཛིན།་་་་་»རཱ་ཧུ་ལཿཔྲཱ་«བྲམ་ཟེ་སྒྲ་གཅན་འཛིན།་་་་་»ཧྨ་རཱ་ཧུ་ལཿ། ཤྲཱི་ནཱ་«་་་་་དཔལ་མགོན་འཕགས་པ་ཀླུ་སྒྲུབ། »ཐཱརྻ་ནཱ་གཱརྫུ་ནཿ། གུ་ཎ་«ཡོན་ཏན་བཤེས་གཉེན།་་་་་»མི་ཏྲ། «རིན་ཆེན་བཤེས་གཉེན།་་་་་»རཏྣ་མི་ཏྲ། ལཀྵྨཱི་བནྡྷརྨྨ་པཱ་ལ།«་་་་་དཔལ་ལྡན་ཆོས་སྐྱོང༌། ཡོན་ཏན་བདག་པོ།་་་་་»གུ་ཎ་པ་ཏིཿ།དྷརྨྨ་«ཆོས་ཀྱི་ཕྲེང་བ།་་་་་»མཱ་ལ། «ཞི་བའི་འབྱུང་གནས་སྦས་པ།་་་་་»ཤཱནྟཱ་ཀ་ར་གུཔྟཿ། «མཁས་པ་ཆེན་པོ་ཤཱཀྱ་དཔལ་བཟང་པོ།་་་་་»མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲཿ། «མཁན་ཆེན་རྡོ་རྗེ་དཔལ་བཟང་པོ།་་་་་»མ་ཧོ་པ་དྷྱཱ་ཡ་བཛྲ་ཤྲཱི་བྷ་དྲཿ། མ་ཧོ་«་་་་་མཁན་ཆེན་འོད་ཟེར་དཔལ་བཟང་པོ། »པ་དྷྱཱ་ཡ་རསྨི་ཤྲཱི་བྷ་དྲཿ། མ་ཧོ་པ་«་་་་་མཁན་ཆེན་བསོད་ནམས་དཔལ་བཟང་པོ། »དྷྱཱ་ཡ་པུཎྱཱ་ཤྲཱི་བྷ་དྲཿ། མ་ཧོ་པ་དྷྱཱ་ཡ་«་་་་་མཁན་ཆེན་བཀྲ་ཤིས་ཚུལ་ཁྲིམས།»མངྒ་ལ་ཤཱི་ལཿ། པཱུརྦྦ་«་་་་་ཤར་པ་ཡེ་ཤེས་རྒྱལ་མཚན། »ཛྙཱ་ན་དྷྭ་ཛཿ། ཛི་ན་དྭི་ཏཱི་ཡ་«་་་་་རྒྱལ་བ་གཉིས་པ་དང་སྒྲོལ་ཀུན་དགའ་བཟང་པོ། »བྷཊྚཱ་ར་ཀཱ་ནནྡ་བྷ་དྲཿ། པ་ཊུ་སིདྡྷ་«་་་་་མཁས་གྲུབ་དཔལ་ལྡན་རྡོ་རྗེ། »ཀ་ཤྲཱི་མཱཾ་བཛྲ། པ་རི་དྷ་ར་«་་་་་ཡོངས་འཛིན་དཀོན་མཆོག་འཕེལ་བ། »རཏྣ་ཝརྡྷཿ། བྷཊྚ་ར་ཀ་སུ་རོཏྨ་«་་་་་རྗེ་བཙུན་ལྷ་མཆོག་སེང་གེ »སིངྷཿ། མཉྫུ་«་་་་་འཇམ་དབྱངས་སངས་རྒྱས་སེང་གེ »གྷོ་ཥ་བུདྡྷ་སིངྷཿ། མ་ཧཱ་པཎྜི་ཏ་«་་་་་པཎ་ཆེན་ནམ་མཁའ་དཔལ་བཟང༌།» ག་ག་ཎ་ཤྲཱི་བྷ་དྲཿ། མཉྫུ་སྭ་«་་་་་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། »རཱ་ནནྡ་པུཎྱ་ནི་རཱ་བྷོ་གཿ། མཉྫུ་«་་་་་འཇམ་མགོན་དཔལ་མཆོག་རྒྱལ་མཚན།» ནཱ་ཐ་ལཀྵྨྱ་གྲ་དྷྭ་ཛཿ། མ་ཧཱ་«་་་་་མཁས་གྲུབ་ཆེན་པོ་འདུལ་འཛིན་སངས་རྒྱས་ཕུན་ཚོགས། »པ་ཊུ་སིདྡྷ་བི་ན་ཡ་དྷ་ར་བུདྡྷ་ལཀྵྨཱི། སྭཱ་ཁྱཱ་ཏོ་«་་་་་ལེགས་གསུངས་ཆོས་འདུལ་སྨྲ་བའི་དབང་ཕྱུག་མཁན་པོ་ཆེན་པོ་ཚུལ་ཁྲིམས་ལྷུན་གྲུབ་དཔལ་བཟང་པོ། »དྷརྨྨ་བི་ན་ཡ་ཝཱ་དཱི་ཤྭ་ར་མ་ཧོ་པ་དྷྱཱ་ཡ་ཤཱི་ལ་ནི་རཱ་བྷོ་ག་ཤྲཱི་བྷ་དྲཿ། ཏེ་ན་«་་་་་དེས་བདག་དམ་པའི་ཆོས་ཀྱི་སྐལ་བ་མི་དམན་པ་ཚུལ་ཁྲིམས་རིན་ཆེན་ཞེས་བགྱི་བ་ལ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་དྲིའི་གཙང་ཁང་ཆེན་པོར་ཉི་མ་ཤར་ཙམ་གྱི་དུས་ལ་བབ་པ་ན་ལེགས་པར་སྩལ་ཏོ།།»མེ་སདྡྷརྨྨ་ཎཱ་མ་ཧཱི་ན་སུ་བྷ་གི་ཤཱི་ལཱ་རཏྣ་ནཱ་མཾ་གུ་ཎ་རཏྣ་སྱཱ་ཀ་ར་སམྤནྣ་ཨེ་ཝཾ་དྷརྨྨ་པ་དོ་མ་ཧཱ་གནྡྷ་ཀུ་ཊཱི་ཏ་ཏྲ་སཱུརྻོ་ད་ཡ་མ་ཏྲ་ཡ་སྱེ་དཱ་ནཱིཾ་སམྤྲ་ཀཱ་ཤི་ཏམ།།    །།ཀུན་མཁྱེན་བུ་སྟོན་རིན་པོ་ཆེས་མཛད་པའི་འདུལ་བའི་ལས་ཆོག་རབ་ཏུ་བྱུང་བ་དང༌། ཞར་བྱུང་ཁྱིམ་པ་ལ་ཕན་གདགས་པའི་ལག་ལེན་དྲི་མ་མེད་པའི་ཕྲེང་བའི་ལུང་ནོས་པའི་བརྒྱུད་པ་ནི། བུ་སྟོན་ཐམས་ཅད་མཁྱེན་པ། སློབ་དཔོན་བསོད་ནམས་དཔལ་གྲུབ། མཁས་པ་ནོར་བཟང་རིན་ཆེན།བཀའ་བཞི་པ་རིན་ཆེན་རྒྱལ་མཚན། སྐུ་ཞང་མཁྱེན་རབ་ཆོས་རྗེ། སྟོང་ར་ཀུན་མཁྱེན་ཤཱཀྱ་དོན་གྲུབ། དེ་དབོན་འཇམ་དབྱངས་ཀུན་དགའ་ལེགས་གྲུབ།ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེ། དེ་དབོན་མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཐམས་ཅད་མཁྱེན་པ་ཀུན་དགའ་ལྷུན་གྲུབ། མཁས་བཙུན་ཆེན་པོ་བསོད་ནམས་དབང་ཕྱུག ཨེ་ཝཾ་པ་ཆོས་འདུལ་སྨྲ་བ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་བུ་སྟོན། ཐུགས་སྲས་ལོ་ཙཱ་བ། སྐུ་ཞང་གྲགས་པ་རྒྱལ་མཚན།འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་རྗེ་མན་འདྲ། ཡང་ན་མཁྱེན་རབ་ཆོས་རྗེ། ཞྭ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོ། ས་ལོ་འཇམ་དཔལ་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། བྲང་ཏི་ནམ་མཁའ་དཔལ་བཟང༌། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། མཁན་ཆེན་རིན་ཆེན་མཁྱེན་བརྩེ་མཆོག་གྲུབ། རྨོར་ཆེན་བསྟན་པའི་སྣང་བྱེད་ཀུན་དགའ་ལྷུན་གྲུབ། སྐྱོར་མདའ་བ་མཁས་བཙུན་བསོད་ནམས་དབང་ཕྱུག ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།།    །།ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་འདུལ་བའི་ལས་ཆོག་གི་ལུང་ནོས་པའི་བརྒྱུད་པ་ནི། བྲང་ཏི་ནམ་མཁའ་དཔལ་བཟང་ཡན་ཀུན་མཁྱེན་བུ་སྟོན་གྱི་ལས་ཆོག་གི་ལུང་བརྒྱུད་དང་འདྲ་བ་ལས། དེ་ནས་ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཤར་པ་ཤེས་རབ་འབྱུང་གནས།ཤར་པ་ཡེ་ཤེས་བཟང་པོ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསོད་ནམས་དཔལ་ལྡན། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌།དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།།    །།རྩ་བ་སོ་སོར་ཐར་པའི་མདོ་ཛི་ན་མི་ཏྲ་དང༌། ཡེ་ཤེས་སྡེས་བསྒྱུར་བའི་ལུང་ཐོབ་པའི་བརྒྱུད་པ་ནི།སྟོན་མཆོག་ཐུབ་དབང༌། འཕགས་པ་«་་་་་འདི་ལ་ཉེ་བ་འཁོར་བྱས་པའང་བྱུང༌། »འོད་སྲུངས། དགྲ་བཅོམ་པ་ཀུན་དགའ་བོ། དགྲ་བཅོམ་པ་ཤ་ནའི་གོས་ཅན། དགྲ་བཅོམ་པ་ཉེར་སྦས། དགྲ་བཅོམ་པ་བྷ་ཝ་ནནྡ།«་་་་་གསན་ཡིག་འགའ་ཞིག་ཏུ་བྷ་དནྡཿཞེས་པའང་བྱུང༌། »དགྲ་བཅོམ་པ་མེ་ཙ་ཀ དགྲ་བཅོམ་པ་པཱུརྞ་སྟེ་བདུན་ནི་དགྲ་བཅོམ་པ། སློབ་དཔོན་རྟ་དབྱངས། ཀུ་མཱ་ར་«་་་་་གཞོན་ནུ་རོལ་པ། »ལ་ཊི། ཤྲཱི་ལ་«་་་་་དཔལ་རོལ་པ། »ཊི། ཧ་རི་«་་་་་སེང་གེ་བཟང་པོ། »བྷ་དྲ། ཤཱུ་ར།«་་་་་དཔའ་བོ། »བ་སུ་མི་«་་་་་དབྱིག་བཤེས། »ཏྲ། བ་སུ་ལི་«་་་་་དབྱིག་ལེན། »སྟེ་བདུན་ནི་རྒྱ་གར་དབུས་ཀྱི་འདུལ་འཛིན་ཡིན་ནོ། «།འདུས་པ་བཟང་པོ།་་་་་»སརྒྷ་བྷ་དྲཿ། «དབང་ཕྱུག་་་་་»ཨི་ཤྭ་ར། སྐཱནྡྷ་ལི།«་་་་་ཕུང་པོ་ལེན། དགེ་འདུན་དབྱིག་་་་་»སཾ་གྷ་བ་སུ། པཱུརྞ་མི་«་་་་་གང་བ་བཤེས་གཉེན། »ཏྲ། དྷརྨ་དཏྟ།«་་་་་ཆོས་སྦྱིན། »བུདྡྷ་དེ་བ།«་་་་་སངས་རྒྱས་ལྷ། »དྷ་ར་དཏྟ་«་་་་་འཛིན་སྦྱིན། »སྟེ་བརྒྱད་ནི་ཁ་ཆེའི་འདུལ་འཛིན་ཡིན་ནོ། །པུཎྱ་སེ་ནཱ།«་་་་་བསོད་ནམས་སྡེ། »སཾགྷ་སེ་ནཱ།«་་་་་དགེ་འདུན་སྡེ། »པུཎྱ་ནནྡ།«་་་་་བསོད་ནམས་དགའ་བ། »ཛྙཱ་ན་ཙནྡྲ།«་་་་་ཡེ་ཤེས་ཟླ་བ། »ཛྙཱ་ན་སེ་ནཱ།«་་་་་ཡེ་ཤེས་སྡེ། »ཨ་ཤྭ་«་་་་་མྱ་ངན་མེད་པའི་འཚོ་བ། »ཀ་རཀྵི་ཏ། སརྦ་«་་་་་ཐམས་ཅད་བསྲུངས་པ། »རཀྵི་ཏ།དྷརྨེ་«་་་་་ཆོས་ཀྱི་མཛོད། »ཀ་ཥ་སྟེ་བརྒྱད་ནི་ཁུ་སེན་གྱི་འདུལ་འཛིན་ཡིན་ནོ། །དྷརྨ་རཀྵི་ཏ།«་་་་་ཆོས་ཀྱི་བསྲུངས་པ། »ཀ་ལྱཱ་ཎ་རཀྵི་ཏ།«་་་་་དགེ་བསྲུངས། »པྲཛྙཱ་རཀྵི་ཏ།«་་་་་ཤེས་རབ་བསྲུངས་པ། »ཤྲཱི་མརྒ་ཨུ་པ་དེ་ཤ«་་་་་དཔལ་ལམ་ཉེ་བར་སྟོན།» མོཀྵ་«་་་་་ཐར་པ་བསྲུངས་པ། »རཀྵི་ཏ། ཀ་ལྱཱ་ཎ་བྷ་དྲ།«་་་་་དགེ་བ་བཟང་པོ། »བི་ཛི་ཏ་པྲ་བྷ་ཝ།«་་་་་རྣམ་རྒྱལ་འོད། »སཾ་གྷ་སེ་ནཱ།«་་་་་དགེ་འདུན་སྡེ། »ཤཱི་ལ་དཱ་ཤ«་་་་་ཚུལ་ཁྲིམས་འབངས།»ཡ་ཤོ་«་་་་་གྲགས་པའི་འབངས། »དཱ་ཤ བུདྡྷ་དཱ་ཤ«་་་་་སངས་རྒྱས་འབངས། »ཤཱཀྱ་བྷ་དྲཿ།«་་་་་ཤཱཀྱ་བཟང་པོ། »གུ་ཎ་«ཡོན་ཏན་ཟླ་བ།་་་་་»སྭ་མཿ། ཨ་ཤྭ་«་་་་་མྱ་ངན་མེད་པའི་བཤེས་གཉེན། »ཀ་མི་ཏྲ། ཤུཀླ་མི་ཏྲ།«་་་་་དཀར་པོ་བཤེས་གཉེན། »ཤཱཀྱ་«་་་་་ཤཱཀྱ་བཤེས་གཉེན། »མི་ཏྲ་སྟེ་ཉི་ཤུ་པོ་འདི་ཡུ་གུར་གྱི་འདུལ་འཛིན་ཡིན་ནོ། །ཤཱི་ལ་མི་ཏྲ་ནི་ཀ་མ་ལོག་གི་འདུལ་འཛིན་ཡིན་ནོ། །དེས་སྦལ་ཏི་དགྲ་བཅོམ་པ། སྐྱོར་མོ་ལུང་པ་བཀྲ་ཤིས་དཔལ། སྐྱོར་མོ་ལུང་པ་རིན་ཆེན་འོད་ཟེར། མཁན་ཆེན་ཤེས་རབ་རྡོ་རྗེ། མཁན་ཆེན་བཀའ་བཞི་པ་བློ་གསལ། མཁན་ཆེན་ཆོས་རྒྱལ་དཔལ་བཟང༌། པཎ་ཆེན་ཤཱཀྱ་མཆོག་ལྡན། ལས་ཆེན་ཡེ་ཤེས་ལྷུན་གྲུབ། རྗེ་གྲོལ་མཆོག མཁན་ཆེན་ཀརྨ་བཟང་པོ། རྗེ་ཤཱཀྱ་བསྟན་འཛིན། ཤཱཀྱ་ནོར་བུ། ཀུན་དགའ་ལེགས་པ། བཤེས་གཉེན་རྣམ་རྒྱལ། སྨྲ་དབང་ཕྱོགས་ལས་རྣམ་རྒྱལ། རྨོར་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། དྲུང་ཆེན་སངས་རྒྱས་བཀྲ་ཤིས། ངག་དབང་ཀུན་དགའ་ལེགས་འབྱུང༌། རྗེ་བསམ་གཏན་ཕུན་ཚོགས། ཤར་པ་རིན་ཆེན་མི་འགྱུར་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།།    །།སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བའི་ལུང་གི་བརྒྱུད་པ་ནི། སྟོན་པ་ཐུབ་པའི་དབང་པོ། དགྲ་བཅོམ་པ་ཉེ་བ་འཁོར། འཕགས་པ་འོད་སྲུངས་ཆེན་པོ། འཕགས་པ་ཀུན་དགའ་བོ། དགྲ་བཅོམ་པ་ཤ་ནའི་གོས་ཅན།དགྲ་བཅོམ་པ་ཉི་སྦས། དགྲ་བཅོམ་པ་ནག་པོ། དགྲ་བཅོམ་པ་དྷི་དྷི་ཀ དགྲ་བཅོམ་པ་ལེགས་མཐོང༌། ཕྱིར་འོང་བློས་མི་འབེབས། སློབ་དཔོན་ཡོན་ཏན་འོད།ཆོས་«་་་་་འདི་གསན་ཡིག་གངྒཱའི་ཆུ་རྒྱུན་མིན་པ་གསན་ཡིག་གཞན་འགར་མ་བྱུང༌། »ཀྱི་བཤེས་གཉེན། སློབ་དཔོན་ཤཱཀྱ་འོད། པཎྜི་ཏ་སེང་གེའི་གདོང་པ་ཅན། ཁ་ཆེ་ཛི་ན་མི་ཏྲ། པཎ་ཆེན་དཱ་ན་ཤཱི་ལ། ལོ་ཙཱ་བ་ཅོག་རོ་«་་་་་གངྒཱའི་ཆུ་རྒྱུན་ན་ཅོག་རོ་འདི་མེད་པའང་བྱུང༌། »ཀླུའི་རྒྱལ་མཚན། གཡོ་དགེ་འབྱུང་བླ་ཆེན། མུ་ཐུ་རྭ་བ་དགོངས་པ་རབ་གསལ། «གུང་ཐང་པ།་་་་་»ཀླུ་མེས་ཚུལ་ཁྲིམས་བྱང་ཆུབ། གྲུ་མེར་ཚུལ་ཁྲིམས་འབྱུང་གནས། སྐྱོགས་ཤེས་རབ་འབྱུང་གནས། གཟུས་རྡོ་རྗེ་རྒྱལ་མཚན། སོག་«་་་་་སོག་ཆུ་ཁ་པ། »ཚུལ་ཁྲིམས་བླ་མ། ཀོ་ཁྱིམ་པ་ཡེ་ཤེས་བླ་མ། ཉང་མཚམས་པ་རིན་ཆེན་བླ་མ།དེ་གསུམ་ཆར་ལས་རྒྱ་འདུལ་བ་དབང་ཕྱུག་ཚུལ་ཁྲིམས། དེ་ནས་རྨ་ཚོ་བྱང་ཆུབ།«་་་་་ཡར་ལུང་པའི་ཟུར་འཆད། »བྱ་འདུལ་བ་བརྩོན་འགྲུས་འབར།ཆོས་ཀྱི་དབང་ཕྱུག ཆོས་ཀྱི་བྱང་ཆུབ། ཆོས་ཀྱི་«་་་་་ན་བཟའ་འཕྲེད་གསོལ་བ། »བརྩོན་འགྲུས། ཆོས་«་་་་་ཆོས་དབང་ནས་འདིའི་བར་ཟུལ་ཐུའི་མཁན་པོ་ཡིན། »ཀྱི་གྲགས་པ། རིན་ཆེན་དཔལ་བཟང༌། བཀའ་བཞི་པ་གྲགས་པ་གཞོན་ནུ། མཁན་ཆེན་བསོད་ནམས་གྲགས་པ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། དམར་སྟོན་དཔལ་ལྡན་རིན་ཆེན། དམར་སྟོན་རྒྱ་མཚོ། རིན་ཆེན། བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ། ཀུན་མཁྱེན་བསོད་ནམས་སེང་གེ ཀོང་སྟོན་དབང་ཕྱུག་གྲུབ་པ། སྟག་ཕྲུག་ཀུན་དགའ་དཔལ་འབྱོར། དྲུང་ཆེན་ཐུབ་བསྟན་རྣམ་རྒྱལ། གླིང་སྨད་རིན་ཆེན་འབྱོར་ལྡན། མཁས་གྲུབ་ངག་དབང་བསོད་ནམས་རྒྱ་མཚོ། མཁན་ཆེན་དབང་ཕྱུག་དཔལ་བཟང༌། པཎ་ཆེན་ངག་དབང་ཆོས་གྲགས། བྱམས་པ་བསོད་ནམས་དངོས་གྲུབ།མཁན་ཆེན་ངག་དབང་དོན་གྲུབ། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། རྗེ་སངས་རྒྱས་བཀྲ་ཤིས། ངག་དབང་ཀུན་དགའ་ལེགས་འབྱུང༌། ཆོས་རྗེ་བསམ་གཏན་པ། ཨེ་ཝཾ་པ་རིན་ཆེན་མི་འགྱུར་རྒྱལ་མཚན། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ནོས་སོ། །ཡང་ན་བྱ་འདུལ་ནས་ཐག་མའི་ཀ་བ་ཆེན་པོ་གཡོར་པོ་སྦལ་ཏི་དགྲ་བཅོམ་པ། མཁན་ཆེན་ཤེས་རབ་སེང་གེ བསམ་ཡས་པ་ཚུལ་ཁྲིམས་དབང་ཕྱུག སེ་བ་ཅན་པ་ཡོན་ཏན་ཚུལ་ཁྲིམས།མཁན་ཆེན་ཤེས་རབ་རྡོ་རྗེ། མཁན་བཀའ་བཞི་པ་བློ་གསལ། དམར་སྟོན་དཔལ་ལྡན་རིན་ཆེན། དམར་སྟོན་རྒྱ་མཚོ་རིན་ཆེན་མན་འདྲ། ཡང་ན་དམར་སྟོན་རྒྱ་མཚོ་རིན་ཆེན་ནས། གཡག་སྟོན་སངས་རྒྱས་དཔལ། རོང་སྟོན་ཤེས་བྱ་ཀུན་རིག ཀུན་མཁྱེན་སངས་རྒྱས་འཕེལ་མན་འདྲ། ཡང་ན་གངྒཱའི་ཆུ་རྒྱུན་ན་དམར་སྟོན་རྒྱ་མཚོ་རིན་ཆེན་ནས། ཆོས་རྗེ་གཞོན་ནུ་རྒྱལ་མཆོག འཇམ་དབྱངས་ཤེས་རབ་རྒྱ་མཚོ། སློབ་དཔོན་དོན་གྲུབ་ཤེས་རབ། རྗེ་ལྷ་མཆོག་སེང་གེ ཤར་ཁང་པ་ཤེས་རབ་རྒྱལ་མཚན། པཎ་ཆེན་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ་སོགས་བྱུང་ཡང་རྨོར་ཆེན་པའི་གསན་ཡུལ་དང་སྦྲེལ་མ་ཐུབ།།    །།འདུལ་བ་འཛིན་པ་ཆེན་པོ་འཕགས་པ་དགེ་འདུན་འབངས་ཀྱི་སློབ་མ་དགྲ་བཅོམ་པ་ས་ག་ལྷས་མཛད་པའི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་ཚིག་ལེའུར་བྱས་པ་མེ་ཏོག་ཕྲེང་རྒྱུད་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་«་་་་་པཎ་ཆེན་གསན་ཡིག་ཏུ་པྲཛྙཱ་ཀཱིརྟིའི་འགྱུར་བྱུང༌། »ཤྲཱི་དང་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའི་ལུང་གི་བརྒྱུད་པ་ནི། ཐུབ་དབང༌། འོད་སྲུངས་ཆེན་པོ། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷི་དྷི་ཀ ནག་པོ་པ། ལེགས་མཐོང༌། དགེ་འདུན་འབངས། དགྲ་བཅོམ་པ་ས་ག་ལྷ། སློབ་དཔོན་«་་་་་རྨོར་གྱི་གསན་ཡིག་ན་མ་ཎི་ཀ་ཤྲཱི་ཞེས་སྣང༌། »མ་ཏི་རཏྣ། ཁ་ཆེན་པཎ་ཆེན་ཤཱཀྱ་ཤྲཱི། གནུབས་ལོ་ཙཱ་བ་བྱམས་པའི་དཔལ། སེང་གེ་ཟིལ་གནོན། རིན་ཆེན་བསོད་ནམས་སེང་གེ འུམ་ཕུག་གནས་རྙིང་པ་ཀུན་དགའ་དབང་ཕྱུག མཁན་ཆེན་ཉི་མ་རྒྱལ་མཚན། བཀའ་བཞི་པ་ཤེས་རབ་སེང་གེ བཀའ་བཞི་པ་ཤེས་རབ་རྒྱལ་མཚན། སློབ་དཔོན་དགེ་བ་དཔལ། མཁས་བཙུན་སྐལ་བཟང་དཔལ། མཁན་ཆེན་གྲུབ་པ་ཤེས་རབ། འཇམ་དབྱངས་ཆོས་རྗེ་ཤེས་རབ་རྒྱ་མཚོ།ཆོས་རྗེ་ཀུན་དགའ་དབང་ཕྱུག སློབ་དཔོན་སངས་རྒྱས་དཔལ་གྲུབ། ངོར་ཆེན་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང༌། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ཤེས་རབ་རྒྱ་མཚོ། རབ་འབྱམས་ཕྱོགས་ལས་རྣམ་རྒྱལ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། དྲུང་ཆེན་སངས་རྒྱས་བཀྲ་ཤིས། གནས་གསར་བ་ཀུན་དགའ་ལེགས་འབྱུང༌། ཆོས་རྗེ་བསམ་གཏན་ཕུན་ཚོགས།མཁན་ཆེན་རིན་ཆེན་མི་འགྱུར་རྒྱལ་མཚན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།།    །།ས་གསུམ་མངའ་བདག་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཆོས་མངོན་པ་ཀུན་ལས་བཏུས་པ་ཡེ་ཤེས་སྡེས་བསྒྱུར་བའི་ལུང་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། རྒྱལ་བ་མ་ཕམ་པ། འཕགས་པ་ཐོགས་མེད། ཁ་ཆེ་བློ་གྲོས་བརྟན་པ། པཎྜི་ཏ་གང་བ་སྤེལ། རཏྣ་ཨ་ཀ་ར་ཤཱནྟི། པཎྜི་ཏ་སའི་རྩ་ལག པཎྜི་ཏ་དཱ་ན་ཤཱི་ལ། ཛི་ན་མི་ཏྲ། པཎྜི་ཏ་ཤཱི་ལེནྡྲ་བོདྷི། སྐ་བ་དཔལ་བརྩིགས། ཅོག་གྲུ་ཀླུའི་རྒྱལ་མཚན། ཞང་«་་་་་འདི་ལ་གྲོལ་མཆོག་གི་གསན་ཡིག་ཏུ་མདོ་སྡེ་དཔལ་ཞེས་སྣང༌། »ཡེ་ཤེས་སྡེ་སྟེ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ། དེ་ནས་ནམ་ནད་ཟླ་བའི་རྡོ་རྗེ། ཁུ་ལུང་དཔལ་གྱི་རྡོ་རྗེ། སྦས་རྒྱལ་བ་ཡེ་ཤེས། དེ་གསུམ་ག་ལས་ཅོག་གྲུ་རྒྱལ་བ་ཡེ་ཤེས། དེ་ནས་སེ་བཙུན་དབང་ཕྱུག་གཞོན་ནུ། གར་མི་ཡོན་ཏན་གཡུང་དྲུང༌། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང༌། རྒྱ་ཚུལ་ལེ། རྭ་སྟོན་ཁྲི་བཟང༌། ལི་སྟོན་ཆོས་གྲགས། བྲང་ཏི་དར་མ་སྙིང་པོ། མཆིམས་བརྩོན་འགྲུས་སེང་གེ ཤོང་བློ་བརྟན། མང་མཁར་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། དཔང་ལོ་བློ་གྲོས་བརྟན་པ། ལོ་ཆེན་བྱང་རྩེ། ཉ་དབོན་ཀུན་དགའ་དཔལ། མཁས་པ་ཆོས་དཔལ་མགོན་པོ། གཟད་པ་བློ་གྲོས་རྒྱ་མཚོ། མཁས་པ་དོན་ཡོད་དཔལ་བ།པཎ་ཆེན་ཤཱཀ་མཆོག ལས་ཆེན་ཡེ་ཤེས་ལྷུན་གྲུབ། རྗེ་གྲོལ་མཆོག ཀརྨ་བཟང་པོ། ཤཱཀྱ་བསྟན་འཛིན། ཤཱཀྱ་ནོར་བུ། ཀུན་དགའ་ལེགས་པ། བཤེས་གཉེན་རྣམ་རྒྱལ། ཕྱོགས་ལས་རྣམ་པར་རྒྱལ་བ། ངག་དབང་ཀུན་དགའ་ལྷུན་གྲུབ། དྲུང་ཆེན་སངས་རྒྱས་བཀྲ་ཤིས། ངག་དབང་ཀུན་དགའ་ལེགས་འབྱུང༌། རྗེ་བསམ་གཏན་ཕུན་ཚོགས། ཨེ་ཝཾ་པ་ཤར་ཆེན་རིན་ཆེན་མི་འགྱུར་རྒྱལ་མཚན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།།    །།མཁས་མཆོག་དབྱིག་གཉེན་གྱིས་མཛད་པའི་ཤེས་བྱ་གཞི་ལྔ་སྟོན་པ་ཆོས་མངོན་པ་མཛོད་གནས་བརྒྱད་ཀྱི་བདག་ཉིད་ཅན་པཎྜི་ཏ་ཛི་ན་མི་ཏྲ་དང་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའི་སྟེང་ནས་ལུང་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། འཕགས་པའི་གནས་བརྟན་འོད་སྲུངས་ཆེན་པོ།འཕགས་པ་ཀུན་དགའ་བོ། དགྲ་བཅོམ་པ་དབྱངས་སྒྲོགས། ཁ་ཆེ་འདུས་བཟང༌། མཁས་མཆོག་དབྱིག་གཉེན། ཁ་ཆེ་དྲི་མེད་སྦས་པ། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཤྲཱི། མངོན་པ་བ་ཤེས་རབ་གྲགས། རྭ་ཞགས་ཟླ་བ། མཆིམས་ཞང་བཙུན། མཆིམས་ལྷ་རྗེ་གོ་ཆ། མཆིམས་བརྩོན་འགྲུས་སེང་གེ མཆིམས་དོན་གྲུབ་རྒྱལ་མཚན། མཆིམས་བརྩོན་འགྲུས་རྒྱལ་མཚན། མཆིམས་བློ་གྲོས་བརྟན་པ། མཆིམས་ནམ་མཁའ་གྲགས། མཁས་པ་ཡོན་ཏན་འོད་ཟེར། བཤེས་གཉེན་ཆོས་མགོན་པ། སྐྱོར་མོ་ལུང་པ་བློ་གྲོས་བཟང་པོ། དམར་སྟོན་དཔལ་ལྡན་རིན་ཆེན། དམར་སྟོན་རྒྱ་མཚོ་རིན་ཆེན། འགའ་ཁང་པ་བསོད་ནམས་ཚུལ་ཁྲིམས། མཁས་པ་དོན་ཡོད་དཔལ། པཎ་ཆེན་ཤཱཀྱ་མཆོག་ལྡན། ལས་ཆེན་ཡེ་ཤེས་ལྷུན་གྲུབ། རྗེ་གྲོལ་མཆོག མཁན་པོ་ཀརྨ་བཟང་པོ། རྗེ་བཙུན་ཤཱཀྱ་བསྟན་འཛིན། ཤཱཀྱ་ནོར་བུ། མཁན་པོ་ཀུན་དགའ་ལེགས་པ། སྨྲ་དབང་ཡེ་ཤེས་རྣམ་རྒྱལ། རབ་འབྱམས་སྨྲ་བ་ཕྱོགས་ལས་རྣམ་རྒྱལ། རྗེ་བཙུན་ངག་དབང་ཀུན་དགའ་ལྷུན་གྲུབ། སངས་རྒྱས་བཀྲ་ཤིས། རྗེ་གནས་གསར་བ། ཆོས་རྗེ་བསམ་གཏན་ཕུན་ཚོགས། མཁན་ཆེན་ཐམས་ཅད་མཁྱེན་པ་མི་འགྱུར་རྒྱལ་མཚན། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ཐོབ་བོ། །ཡང་ན་དབྱིག་གཉེན་ནས། མངོན་པ་རང་ལས་མཁས་པ་ཁ་ཆེ་བློ་གྲོས་བརྟན་པ། སློབ་དཔོན་གང་བ་སྤེལ། མཁས་པ་ཤཱནྟི་པ། པུཎྱ་ཤཱི་ལ། རྔོག་བློ་ལྡན་ཤེས་རབ། མཆིམས་ལྷ་རྗེ་གོ་ཆ། མཆིམས་བརྩོན་འགྲུས་སེང་གེ་མན་འདྲ། ཡང་ན་དམར་སྟོན་དཔལ་ལྡན་རིན་ཆེན་ནས། རོང་སྟོན་ཤེས་བྱ་ཀུན་རིག གཟད་པ་བློ་རྒྱམ། ཀུན་མཁྱེན་སངས་རྒྱས་འཕེལ། རྗེ་ཕྱོགས་ལས་རྣམ་རྒྱལ། རྗེ་མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག དབང་ཕྱུག་རྡོ་རྗེ། རིན་ཆེན་ཆོས་དབང༌། སྨན་ལུང་པ་བློ་མཆོག་རྡོ་རྗེ། མངོན་དགའ་བ་རིན་ཆེན་རྒྱ་མཚོ། སྨྲ་དབང་ཕྱོགས་ལས་རྣམ་རྒྱལ། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། མཁས་དབང་སངས་རྒྱས་བཀྲ་ཤིས། རྗེ་གནས་གསར་བ། བསམ་གཏན་ཕུན་ཚོགས། ཐམས་ཅད་མཁྱེན་པ་རིན་ཆེན་མི་འགྱུར་རྒྱལ་མཚན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །སྨྲས་པ། ཉེས་མེད་སྐྱེ་རྒྱུ་ཕུན་ཚོགས་ད་ལྟར་གྱི། །ཆོ་གས་ཚིགས་གསུམ་གདམས་པ་རིམ་ནོས་ནས། །གནང་བཀག་བསླབ་པའི་བློ་མིག་འབྱེད་པའི་གཞུང༌། །ཡོངས་གྲགས་བསྟན་བཅོས་མིག་ཐུར་གསེར་རིའི་གྲངས། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། སོ་སོར་ཐར་པའི་སྡོམ་པའི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་བཞི་པའོ།།  །།གཉིས་པ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང༌། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་མེད་དེ། །འདི་དག་མཐའ་ནི་རྒྱལ་བ་མི་གསུང་ངོ༌། །ཞེས་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང༌། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་དང༌། བསླབ་བཏུས་ལས། སྡུག་བསྔལ་མཐར་འབྱིན་འདོད་པ་དང༌། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱ་སྟེ། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་གསུངས་པ་ལྟར་རང་གཞན་ཐམས་ཅད་སྲིད་ཞིའི་ཕ་རོལ་དུ་སོན་པའི་མི་གནས་པའི་མྱ་ངན་ལས་འདས་པ་དོན་དུ་གཉེར་བའི་བློ་གྲོས་ཅན་རྣམས་ཀྱིས། གནས་སྐབས་སུ་ལྷ་མིའི་གོ་འཕང་ཙམ་མམ་རང་དོན་དུ་ཞི་བདེའི་མྱ་ངན་ལས་འདས་པ་ལྷུར་བྱེད་པའི་བསམ་སྦྱོར་ཐམས་ཅད་ལས་རྒྱང་བསྲིངས་ཏེ། རྒྱལ་བའི་མྱུ་གུ་རྣམས་ཀྱི་འཇུག་སྒོ་ཆེན་པོ་འདིར་འཇུག་པ་ལ་ཤིན་ཏུ་འབད་དགོས་ཏེ། ཅིའི་ཕྱིར་ན། ཐུབ་པའི་དགོངས་པ་རབ་ཏུ་གསལ་བ་ལས། ཕན་བདེའི་འབྱུང་གནས་རྫོགས་པ་ཡི། །སངས་རྒྱས་རྒྱལ་བའི་སྲས་ལས་འཁྲུངས། །རྒྱལ་སྲས་སྟོང་ཉིད་སྙིང་རྗེ་ཡི། །བདག་ཉིད་བྱང་ཆུབ་སེམས་ལས་འཁྲུངས། །ཞེས་སོགས་རྒྱ་ཆེར་འབྱུང་བ་ལྟར་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཐེག་པ་ཆེན་པོའི་མདོ་སྡེ་ཟབ་མོ་ཐམས་ཅད་ཀྱི་བརྗོད་བྱའི་སྙིང་པོ། རྒྱལ་བའི་གདུང་འཚོབ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འབྱུང་གནས་སྲིད་ཞིའི་མཐའ་ལ་མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བགྲོད་པའི་ཐེམ་སྐས། བླ་ན་མེད་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་སྟེ་དེ་ལ་ལུགས་སྲོལ་གཉིས་ལས། སྡོང་པོ་བཀོད་པའི་མདོ་དང༌། ནམ་མཁའི་སྙིང་པོས་ཞུས་པ་ལ་སོགས་པའི་རྗེས་སུ་འབྲངས་ནས། འཕགས་པ་འཇམ་དཔལ་གྱིས་གསུངས། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ནས་བརྒྱུད་པ། རྒྱལ་སྲས་ཞི་བ་ལྷའི་བསྟན་བཅོས་ལས་འབྱུང་བ་ལྟར་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱིས་མཛད་པའི་ཡིག་ཆའི་སྟེང་ནས་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཐོབ་པའི་བརྒྱུད་པ་ནི།«སྟོན་པ་བླ་ན་མེད་པ་ཐུབ་པའི་དབང་པོ།་་་་་»ཨ་ནུཏྟ་ར་མུ་ནིནྡྲཿ། «རྗེ་བཙུན་འཇམ་དཔལ་དབྱངས།་་་་་»བྷཊྚཱ་ར་ཀ་མཉྫུ་ཤྲཱི་སྭ་རཿ། «དཔལ་མགོན་འཕགས་པ་ཀླུ་སྒྲུབ།་་་་་»ཤྲཱི་ནཱ་ཐཱརྻ་ནཱ་གཱརྫུ་ནཿ། «སློབ་དཔོན་འཕགས་པ་ལྷ།་་་་་»ཨཱ་ཙཱརྻཱ་རྻ་དེ་ཝཿ། «སློབ་དཔོན་ཟླ་བ་གྲགས་པ།་་་་་»ཨཱ་ཙཱརྻ་ཙནྡྲ་ཀཱིརྟིཿ། «པཎ་ཆེན་སློབ་པའི་རྡོ་རྗེ།་་་་་»མ་ཧཱ་པཎྜི་ཏ་ཤིཥྱ་བཛྲ། «སློབ་དཔོན་དགྲ་ལས་རྒྱལ་བ།་་་་་»ཨཱ་ཙཱརྻ་ཛེ་ཏཱ་རིཿ། «རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ།་་་་་»མ་ཧཱ་བཛྲ་ས་ནཿཨ་ཤོ་ཀ་ཤྲཱི། «ཆུང་བ་དོན་ཡོད་རྡོ་རྗེ།་་་་་»ཨཔཉཱ་མོ་གྷ་བཛྲ། «པཎ་ཆེན་བསོད་ནམས་དཔལ།་་་་་»མ་ཧཱ་པ་ཊུ་པུཎྱ་ཤྲཱིཿ། «བ་རི་ལོ་ཙཱ་བ་རིན་ཆེན་གྲགས།་་་་་»ཝ་རི་ལོ་ཙཱ་རཏྣ་ཀཱིརྟི། «རྗེ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ།་་་་་»ཨཱརྻ་མ་ཧཱ་བྷཱུ་མི་པཎྜ་གཱ་ནནྡ་གརྦྷཿ།«སློབ་དཔོན་བསོད་ནམས་རྩེ་མོ།་་་་་»ཨཱ་ཙཱརྻ་པུཎྱ་གྲཿ། «རྗེ་བཙུན་གྲགས་པ་རྒྱལ་མཚན།་་་་་»བྷཊྚཱ་ར་ཀཱིརྟི་དྷྭ་ཛཿ། «ཆོས་ཀྱི་རྒྱལ་པོ་ས་སྐྱའི་མཁས་པ་ཆེན་པོ།་་་་་»དྷརྨ་སྱ་རཱ་ཛ་བྷཱུ་མི་པཎྜ་ར་མ་ཧཱ་པཎྜི་ཏ། «འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན།་་་་་»ཨཱརྻ་རཏྣ་མ་ཏི་དྷྭ་ཛཿ། «འཇམ་དབྱངས་འཁོན་སྟོན།་་་་་»མྲྀ་དུ་སྭ་ར་ཁོནྡེ་ཤི་ཀཿ། «བྱང་སེམས་རིན་ཆེན་མགོན།་་་་་»བོ་དྷི་སཏྭ་རཏྣ་ནཱ་ཐ། «རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ།་་་་་»ཛི་ན་སུ་ཏོ྅་སཾ་ག་བྷ་དྲ་ཤྲཱིཿ། «སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དཔལ།་་་་་»མ་ཧཱ་སཏྭ་ཤཱི་ལ་ཤྲཱི། «གཞོན་ནུ་རྒྱལ་མཆོག་་་་་»ཀུ་མཱ་ར་ཛི་ནོཏྟ་མ།«འཕགས་སྡེ་དཔལ་ལྡན་གྲགས་པ།་་་་་»ཨཱརྻ་སེ་ན་ཤྲཱི་མཱཾ་ཡ་ཤཿ། «མཁན་ཆེན་གྲགས་པ་རྒྱ་མཚོ།་་་་་»མ་ཧོ་པ་དྷྱཱ་ཡ་ཡ་ཤསྶ་མུ་དྲ། «མཁན་ཆེན་རིན་ཆེན་གྲགས་པ།་་་་་»མ་ཧོ་པ་དྷྱཱ་ཡ་རཏྣ་ཀཱིརྟིཿ། «མཁན་ཆེན་སངས་རྒྱས་བཀྲ་ཤིས།་་་་་»མ་ཧོ་པ་དྷྱཱ་བུདྡྷ་མངྒ་ལཾ། «མཁན་ཆེན་དབང་ཕྱུག་དཔལ་བཟང༌།་་་་་»མ་ཧོ་པ་དྷྱཱ་ཡེ་ཤྭ་ར་ཤྲཱི་བྷ་དྲཿ། «མཁན་ཆེན་ངག་དབང་ཆོས་གྲགས།་་་་་»མ་ཧོ་པ་དྷྱཱ་ཡ་ཝ་གཱི་ཤ་དྷརྨྨ་ཡ་ཤཿ། «མཁན་ཆེན་བྱམས་པ་བསོད་ནམས་བཀྲ་ཤིས།་་་་་»མ་ཧོ་པ་དྷྱཱ་ཡ་མཻ་ཏྲི་པུཎྱ་མངྒ་ལཾ།«་་་་་ས་སྐྱའི་ལྷ་ཁང་ཆེན་མོའི།» «གྲུབ་ཆེན་སངས་རྒྱས་རྒྱ་མཚོ།་་་་་»མ་ཧཱ་སིདྡྷ་བུདྡྷ་སཱ་ག་ར། «ངོར་མཁན་ཆེན་འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས།་་་་་»ངོརྨ་ཧོ་པ་དྷྱཱ་ཡ་མཉྫུ་གྷོ་ཥ་བུདྡྷ་ལཀྵྨཱི། «བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཀྲ་ཤིས་བཟང་པོ། དེས་བདག་ཐེག་པ་ཆེན་པོའི་རིགས་ཀྱི་སྐལ་བ་དང་ལྡན་པ་བཙུན་པ་ཚུལ་ཁྲིམས་རིན་ཆེན་ལ་ཐུགས་བརྩེ་བ་ཆེན་པོས་ལེགས་པར་བཀའ་སྩལ་ཏོ།།་་་་་»བོ་དྷི་སཏྭ་མ་ཧཱ་སཏྭ་མངྒ་ལ་བྷ་དྲཿ། ཏེ་ནཱཏྨ་ཀ་མ་ཧཱ་ཡཱ་ན་ཀུ་ལ་སྱ་བྷ་ག་བཱཾ་བནྡེ་ཤྲཱི་ལ་ར་རྣཏྣཾ་ཙིཏྟ་མ་ཧཱ་དཱ་ཡེན་སྭཱ་ཁྱཱ་ཏ། ཡང་ན་འཕགས་པ་རིན་པོ་ཆེ་ནས། སྒྲོ་མོན་ཅན་པ་རིན་ཆེན་དཔལ་བཟང༌། བྱང་སེམས་རིན་ཆེན་མགོན་པོ་མན་འདྲ། ཡང་ན་ས་པཎ་ནས། བོ་དོང་བརྩོན་འགྲུས་རྡོ་རྗེ། ཁྲོ་ཕུ་བསོད་ནམས་སེང་གེ ཀུན་མཁྱེན་བུ་སྟོན་རིན་པོ་ཆེ། རྒྱལ་སྲས་ཐོགས་མེད་མན་འདྲའོ།། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*