༈ །།བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པ་མདོ་སྡེའི་རྗེས་སུ་འབྲངས་ནས། འཕགས་པ་མི་ཕམ་མགོན་པོས་གསུངས། འཕགས་པ་ཐོགས་མེད་ནས་བརྒྱུད་པ། སློབ་དཔོན་ཆེན་པོ་ཙནྡྲ་གོ་མིའི་ལུགས་སྲོལ། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱིས་མཛད་པའི་ཡི་གེའི་སྟེང་ནས་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། རྗེ་བཙུན་མ་ཕམ་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། སེང་གེ་བཟང་པོ། ཀུ་ས་ལི་ཆེ་ཆུང་གཉིས། གསེར་གླིང་པ་ཆོས་ཀྱི་གྲགས་པ། དཔལ་མར་མེ་མཛད། རྒྱལ་བ་འབྲོམ་སྟོན་པ། སྤྱན་སྔ་བ་ཚུལ་ཁྲིམས་འབར། བྱ་ཡུལ་བ། རྒྱལ་སྲས་«་་་་་མུན་སྨན་པའང་ཟེར། »ཆར་ཆེན་པ། གྲོ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་སྟོན། མཁན་ཆེན་སེང་གེ་སྐྱབས། མཁས་བཙུན་བསོད་ནམས་ཡེ་ཤེས།བྱང་སེམས་བསོད་ནམས་གྲགས་པ། ཐོགས་མེད་བཟང་པོ་དཔལ། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང༌། མཁས་གྲུབ་དཔལ་ལྡན་རྡོ་རྗེ། མཁན་ཆེན་རཏྣ་ཤཱི་ལ། རྡོ་རྗེ་འཆང་སྒོ་རུམ་པ་ཀུན་དགའ་ལེགས་པ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག འཁོར་ལོའི་མགོན་པོ་དབང་ཕྱུག་རབ་བརྟན།འཇམ་དཔལ་དབྱངས་ངག་དབང་ཆོས་གྲགས། ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བསོད་ནམས།«་་་་་འདི་མན་བརྒྱུད་པ་སླར་བརྟག »དེ་སྲས་ངག་དབང་བསོད་ནམས་དབང་ཕྱུག ལྷ་ཁང་མཁན་ཆེན་དོན་གྲུབ་ལེགས་བཟང་ཡིན་ནམ། མཁས་བཙུན་ཀུན་དགའ་སངས་རྒྱས། འཇམ་པའི་དབྱངས་སངས་རྒྱས་དཔལ་བཟང༌། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་རྒྱལ་སྲས་ཐོགས་མེད་པ་ནས།ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་གྲགས་པ་རྒྱལ་མཚན། བོ་དོང་པཎ་ཆེན་དབྱངས་ཅན་དགའ་བ། མཁན་ཆེན་བསོད་རྒྱལ། པཎ་ཆེན་ཤཱཀ་མཆོག པཎ་ཆེན་དོན་ཡོད་པ། རྗེ་ཀུན་དགའ་གྲོལ་མཆོག མཁན་ཆེན་ཀརྨ་བཟང་པོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མན་གོང་བཞིན་ནོ།། ༈ །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦས་དོན་མངོན་པར་རྟོགས་པའི་དོན་མ་ནོར་བར་གསལ་བར་སྟོན་པ་རྒྱལ་ཚབ་མི་ཕམ་མགོན་པོས་མཛད་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་པཎྜི་ཏ་གོ་མི་འཆི་མེད་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའི་སྟེང་ནས་ལུང་ནོས་པའི་བརྒྱུད་པ་ནི། ཐུབ་དབང་ཟས་གཙང་སྲས་པོ། རྗེ་བཙུན་བྱམས་པ་མགོན་པོ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། མཁན་པོ་རྣམ་པར་སྣང་མཛད། སློབ་དཔོན་སེང་གེ་བཟང་པོ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། སློབ་དཔོན་ཡོན་ཏན་བཤེས་གཉེན། ལོ་ཆེན་རིན་ཆེན་བཟང་པོ། ཤར་ཕྱོགས་པ་ཟླ་བ་བཟང་པོ། «འབུམ་ཕྲག་གསུམ་པའང་ཟེར།་་་་་»སློབ་དཔོན་བསྟན་སྐྱོང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ། འབྲེ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། «མཚན་དངོས་གཞོན་ནུ་ཚུལ་ཁྲིམས།་་་་་»འདུལ་བ་འཛིན་པ་དཀར་མོ། «ཤེས་རབ་འབུམ།་་་་་»དཀར་ཆུང་རིང་མོ། «བྱང་ཆུབ་འབུམ།་་་་་»ཞང་ཡེ་བ། གཉལ་ཞིག་འཇམ་དཔལ་རྡོ་རྗེ། གཟད་རིང་དར་མ་ཚུལ་ཁྲིམས། བོ་དོང་པ་བརྩོན་འགྲུས་རྡོ་རྗེ། ཁྲོ་ཕུ་བ་བསོད་ནམས་སེང་གེ ལྷ་སྟོན་གྲུབ་པ་སེང་གེ ཚད་མའི་སྐྱེས་བུ་བསོད་ནམས་མགོན། ཐམས་ཅད་མཁྱེན་པ་བུ་སྟོན། དེ་ལས་ཐུགས་སྲས་རིན་ཆེན་རྣམ་རྒྱལ་དང་མཁས་པ་ལུང་མང་པོ་གཉིས་ཀྱིས་གསན། གཉིས་ཀ་ལས་གཡག་མི་ཕམ་ཆོས་ཀྱི་བླ་མ། རོང་སྟོན་ཤེས་བྱ་ཀུན་རིགམཁས་པ་དོན་ཡོད་དཔལ། པཎ་ཆེན་ཤཱཀྱ་མཆོག་ལྡན། ལས་ཆེན་ཡེ་ཤེས་ལྷུན་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག བྱ་བཏང་ཀུན་དགའ་མཆོག་ལྡན།པཎ་ཆེན་ནམ་མཁའ་དཔལ་བཟང༌། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། མགོན་པོ་བསོད་ནམས་མཆོག་ལྡན། ཆོས་རྗེ་རིན་ཆེན་རྒྱ་མཚོ། དོལ་ཆེན་ཕྱོགས་ལས་རྣམ་རྒྱལ། རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ། བཀའ་འགྱུར་བ་སངས་རྒྱས་རྒྱལ་མཚན། སྐྱོར་མདའ་བ་མཁས་བཙུན་བསོད་ནམས་དབང་ཕྱུགམཁས་གྲུབ་སངས་རྒྱས་རྒྱ་མཚོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །།ཡང་ཕར་ཕྱིན་རྙིང་མ་འབྲོམ་ལུགས་ཀྱི་བརྒྱུད་པ་ནི། སློབ་དཔོན་སེང་གེ་བཟང་པོ་ནས། ཀུ་ས་ལི་ཆེ་བ། ཀུ་ས་ལི་ཆུང་བ། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་ཆེན་པོ་དཔལ་མར་མེ་མཛད། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། འབྲོམ་སྟོན་བཙན་ནམ་མགོ་བླ་མ། འབྲེ་ཆེན་ཤེས་རབ་འབར་མན་འདྲ། ཡང་ཁུ་ལུགས་ཀྱི་བརྒྱུད་པ་ནི། ཇོ་བོ་རྗེ་ནས། ཁུ་ཆེན་པོ་ལྷ་སྡིངས་པ། རྒྱ་རྒྱལ་བ་ཚུལ་ཁྲིམས་སེང་གེ ལི་སྟོན་ཆོས་གྲགས། འབྲེ་ཆེན་པོ་མན་འདྲའོ།། ༈ །།དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་ཚིག་ལེའུར་བྱས་པ་པཎྜི་ཏ་ཀ་ན་ཀ་དང་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའི་ལུང་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ།འཕགས་པ་ཀླུ་སྒྲུབ། ཨཱརྻ་དེ་ཝ། སློབ་དཔོན་སངས་རྒྱས་བསྐྱངས། དཔལ་ལྡན་ཟླ་བ་གྲགས་པ། པཎྜི་ཏ་རིག་པའི་ཁུ་བྱུག ཁ་ཆེ་གཞོན་ནུ་འབུམ། ཧ་སུ་མ་ཏི། པཎྜི་ཏ་གསེར་གྱི་གོ་ཆ། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས། རྨ་བྱ་བྱང་ཆུབ་ཡེ་ཤེས། རྨ་བྱ་བྱང་ཆུབ་བརྩོན་འགྲུས། མཚུར་གཞོན་ནུ་སེང་གེ རྨ་བྱ་ཤཱཀྱ་སེང་གེ ཞང་ཆོས་ཀྱི་བླ་མ། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། བཅོམ་ལྡན་རལ་གྲི། དེ་གཉིས་ཀ་ལས་ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ བུ་སྟོན་རིན་ཆེན་གྲུབ། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། གཡག་སངས་རྒྱས་དཔལ། རོང་སྟོན་ཤེས་བྱ་ཀུན་རིགམཁས་པ་དོན་ཡོད་དཔལ། པཎ་ཆེན་ཤཱཀ་མཆོག ལས་ཆེན་ཡེ་ཤེས་ལྷུན་གྲུབ། རྗེ་གྲོལ་མཆོག བྱ་བཏང་ཀུན་དགའ་མཆོག་ལྡན། ཐར་རྩེ་ནམ་མཁའ་དཔལ་བཟང༌། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། དོལ་བ་མཁན་ཆེན་ཤེས་རབ་རྒྱ་མཚོ། སྨྲ་དབང་ཕྱོགས་ལས་རྣམ་རྒྱལ། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། དྲུང་ཆེན་སངས་རྒྱས་བཀྲ་ཤིས། རྗེ་གནས་གསར་བ། ཆོས་རྗེ་བསམ་གཏན་ཕུན་ཚོགས། ཨེ་ཝཾ་པ་ཤར་ཆེན་རིན་ཆེན་མི་འགྱུར་རྒྱལ་མཚན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་རྗེ་གྲོལ་མཆོག་ནས། ཀརྨ་བཟང་པོ།ཤཱཀྱ་བསྟན་འཛིན། ཤཱཀྱ་ནོར་བུ། ཀུན་དགའ་ལེགས་པ། བཤེས་གཉེན་རྣམ་རྒྱལ། ཆོས་རྗེ་རིན་ཆེན་རྒྱ་མཚོ། དོལ་པ་ཕྱོགས་ལས་རྣམ་རྒྱལ་མན་འདྲ།ཡང་ན་པ་ཚབ་ལོ་ཙཱ་བ་ནས། ཐང་སག་པ་ཡེ་ཤེས་འབྱུང་གནས། འབྲོམ་དབང་ཕྱུག་གྲགས། ཤེས་རབ་རྡོ་རྗེ། སྟོན་ཚུལ་བ། བདེ་བའི་ལྷ། ཇོ་བཙུན་པ།དབུ་ར་བ་ཤེས་རབ་དཔལ། དྷརྨཱ་ཤེས་རབ། ཤེས་རབ་རིན་ཆེན། པུཎྱ་སིངྷ། བག་སྟོན་བསམ་བཟང༌། བག་སྟོན་གཞོན་ནུ་རྒྱལ་མཚན། རོང་སྟོན་མན་འདྲའོ།། ༈ །།འཕགས་པ་ཡབ་སྲས་གཉིས་ཀྱི་བཞེད་པ་ཕྱིན་ཅི་མ་ལོག་པར་སྟོན་པ་སློབ་དཔོན་ཆེན་པོ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའི་ལུང་ཐོབ་པའི་བརྒྱུད་པ་ནི། སྟོན་པ་ཐུབ་པའི་དབང་པོ། འཕགས་པ་ཀླུ་སྒྲུབ། སློབ་དཔོན་འཕགས་པ་ལྷ།སློབ་དཔོན་སངས་རྒྱས་བསྐྱངས། དཔལ་ལྡན་ཟླ་བ་གྲགས་པ། ཁ་ཆེ་གཞོན་ནུ་འབུམ། པཎྜི་ཏ་གསེར་གྱི་གོ་ཆ། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས། ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས། འབྲོམ་དབང་ཕྱུག་གྲགས། བླ་མ་ཤེས་རབ་རྡོ་རྗེ། སློབ་དཔོན་སྟོན་ཚུལ་བ། བླ་མ་བདེ་བའི་ལྷ། ཇོ་བཙུན་པ། དབུ་ར་བ།ཤེས་རབ་དཔལ། དྷརྨཱ་ཤེས་རབ། བག་སྟོན་ཤེས་རབ་རིན་ཆེན། རྗེ་བསོད་ནམས་སེང་གེ བག་སྟོན་བསམ་གཏན་བཟང་པོ། དམར་སྟོན་གཞོན་ནུ་རྒྱལ་མཚན། རོང་སྟོན་ཤེས་བྱ་ཀུན་རིག དོན་ཡོད་དཔལ་བ། པཎ་ཆེན་ཤཱཀྱ་མཆོག་ལྡན། རྗེ་བཙུན་གྲོལ་མཆོག་པ། རི་ཁྲོད་པ་ཀུན་དགའ་མཆོག་ལྡན། ཐར་རྩེ་པ་ནམ་མཁའ་དཔལ་བཟང༌། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ཤེས་རབ་རྒྱ་མཚོ།སྨྲ་དབང་ཕྱོགས་ལས་རྣམ་རྒྱལ། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། དྲུང་ཆེན་སངས་རྒྱས་བཀྲ་ཤིས། ངག་དབང་ཀུན་དགའ་ལེགས་འབྱུང༌།ཆོས་རྗེ་བསམ་གཏན་ཕུན་ཚོགས། ཤར་ཆེན་རིན་མི་འགྱུར་རྒྱལ་མཚན་པ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ།། ༈ །།འཕགས་པ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་ལ་པ་ཚབ་ལོ་ཙཱ་བས་བསྒྱུར་བའི་ལུང་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་དབང༌། དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་འཕགས་པ་ལྷ། པཎྜི་ཏ་ཟླ་བ་གྲགས་པ། པཎྜི་ཏ་གསེར་གྱི་གོ་ཆ། པ་ཚབ་ཉི་མ་གྲགས། ཁུ་མདོ་སྡེ་འབར། རྨ་བྱ་བྱང་ཆུབ་བརྩོན་འགྲུས། མཚུར་གཞོན་ནུ་སེང་གེ རྨ་བྱ་ཤཱཀྱ་སེང་གེ ཞང་ཆོས་ཀྱི་བླ་མ། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། སྐྱོ་སྨོན་ལམ་ཚུལ་ཁྲིམས། དབུ་མ་པ་བྱང་ཆུབ་གྲུབ། དབང་ཕྱུག་གྲགས། «འདིའི་མཚན་བཙལ།་་་་་»མཁན་བསོད་ནམས་མཚན་ཅན། རྗེ་གྲགས་པ་རྒྱ་མཚོ། མཁན་ཆེན་གྲུབ་པ་ཤེས་རབ། ཀརྨ་དཀོན་མཆོག་གཞོན་ནུ། རོང་སྟོན་ཐམས་ཅད་མཁྱེན་པ། བླ་མ་དོན་ཡོད་དཔལ། པཎ་ཆེན་ཤཱཀྱ་མཆོག་ལྡན། རྗེ་བཙུན་ཀུན་དགའ་གྲོལ་མཆོག བྱ་བཏང་ཀུན་དགའ་མཆོག་ལྡན། ཐར་རྩེ་པཎ་ཆེན། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། བཀའ་འགྱུར་བ་ཆེན་པོ། མཁན་ཆེན་ཤེས་རབ་རྒྱ་མཚོ། ཕྱོགས་ལས་རྣམ་པར་རྒྱལ་བ། ངག་དབང་ཀུན་དགའ་ལྷུན་གྲུབ། དྲུང་ཆེན་སངས་རྒྱས་བཀྲ་ཤིས། རྗེ་གནས་གསར་བ། ཆོས་རྗེ་བསམ་གཏན་ཕུན་ཚོགས། ཀུན་མཁྱེན་རིན་ཆེན་མི་འགྱུར་རྒྱལ་མཚན། དེས་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །།འཕགས་པ་བྱམས་པས་མཛད་པའི་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་པཎྜི་ཏ་ཤཱཀྱ་སིངྷ་དང་ལོ་ཙཱ་བ་དཔལ་དང་སླད་ཀྱིས་ལོ་ཆེན་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའི་ལུང་ཐོབ་པའི་བརྒྱུད་པ་ནི། ཐུབ་དབང༌། བྱམས་མགོན། འཕགས་པ་ཐོགས་མེད། དབྱིག་གཉེན། ཁ་ཆེ་བློ་གྲོས་བརྟན་པ། སློབ་དཔོན་གང་བ་སྤེལ། ཤཱནྟི་པ། ཛྙཱ་ན་ཤྲཱི། ཁ་ཆེ་རིན་ཆེན་རྡོ་རྗེ། ཁ་ཆེ་སཛྫ་ན། པ་ར་ཧེ་ཏ། རྔོག་བློ་ལྡན་ཤེས་རབ། གཉལ་བ་ཆོས་བློ། ཕྱྭ་པ་ཆོས་ཀྱི་སེང་གེ གཙང་ནག་པ་བརྩོན་འགྲུས་སེང་གེ དཔལ་ལྡན་གྲོ་མོ་ཆེ། མཆིམས་བརྩོན་འགྲུས་སེང་གེ མཆིམས་ནམ་མཁའ་གྲགས། སྐྱི་སྟོན་ཤཱཀ་འབུམ། སྐྱི་སྟོན་གྲགས་རྒྱལ།ཀུན་མཁྱེན་དོལ་པོ། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། འདྲེན་མཆོག་རཏྣ་ཝརྡྷ། རྗེ་ལྷ་མཆོག་སེང་གེ ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་ནམ་མཁའ་དཔལ་བཟང༌། མཁན་ཆེན་དཔལ་ལྡན་དོན་གྲུབ། མགོན་པོ་བསོད་ནམས་མཆོག་ལྡན། རྗེ་རིན་ཆེན་རྒྱ་མཚོ། རྗེ་ཕྱོགས་ལས་རྣམ་རྒྱལ། ངག་དབང་ཀུན་དགའ་ལྷུན་གྲུབ། བཀའ་འགྱུར་བ་སངས་རྒྱས་རྒྱལ་མཚན། མཁས་བཙུན་བསོད་ནམས་དབང་ཕྱུག མཁས་གྲུབ་ཆེན་པོ་སངས་རྒྱས་རྒྱ་མཚོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་པ་ར་ཧི་ཏ་ནས། བློ་གྲོས་གྲགས་པ། མར་པ་ཇོ་འཕན། མཆིམས་སྟོན་དོན་གྲུབ། མཆིམས་བརྩོན་སེང་མན་འདྲའོ།། ༈ །།ཡང་མདོ་སྡེ་རྒྱན་དང་དབུས་མཐའ་རྣམ་འབྱེད་ཆོས་ཉིད་རྣམ་འབྱེད་ཡེ་ཤེས་སྡེའི་འགྱུར་གཉིས་ཀྱི་བརྒྱུད་པ་ནི། ཐུབ་པའི་དབང་པོ། བྱམས་པ་མགོན་པོ། འཕགས་པ་ཐོགས་མེད། མཁས་པ་དབྱིག་གཉེན། ཁ་ཆེ་བློ་གྲོས་བརྟན་པ། པཎ་ཆེན་རིག་པའི་ཁུ་བྱུག དཾཥྚྲ་སེ་ན།«་་་་་མཆེ་བའི་སྡེ། »བྷ་དྲ་པཱ་ད།«་་་་་བཟང་པོའི་ཞབས།»མར་མེ་མཛད། གངྒཱ་དྷ་ར། པུཎྱ་ཤྲཱི། ཁ་ཆེ་དགོན་པ་བ། བྲམ་ཟེ་སངྒྷ་པ། ཁ་ཆེ་ཛྙཱ་ན་ཤྲཱི། རྔོག་ལོ་ཙཱ་བ་ཆེན་པོ། བ་རེག་ལོ་ཙཱ་བ་རྒྱལ་མཚན། བ་རེག་སྟོན་སྐྱབས། སྐྱེས་བུ་ཡོན་ཏན་དགའ། བླ་མ་བཀྲ་ཤིས་རྡོ་རྗེ། སྡོང་ཁྲོད་འདུལ་འཛིན། ཉང་རོ་ཀུན་དགའ་རྡོ་རྗེ། འཇམ་དབྱངས་དར་མ་འོད་ཟེར། ཁྲོ་ཕུ་ཚད་མའི་སྐྱེས་བུ། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་ལོ་ཙཱ་བ། གཡག་སངས་རྒྱས་དཔལ། རོང་སྟོན་ཤཱཀྱ་རྒྱལ་མཚན། དོན་ཡོད་དཔལ། པཎ་ཆེན་ཤཱཀྱ་མཆོག་ལྡན། ལས་ཆེན་ཡེ་ཤེས་ལྷུན་གྲུབ། རྗེ་གྲོལ་མཆོག བྱ་བཏང་ཀུན་དགའ་མཆོག་ལྡན། ཐར་རྩེ་ནམ་མཁའ་དཔལ་བཟང་མན་གོང་གི་མངོན་རྟོགས་རྒྱན་དང་མདོ་སྡེ་རྒྱན་གཉིས་དང་འདྲའོ།། ༈ །།ཐེག་པ་ཆེན་པོའི་རྒྱུད་ཕྱི་མ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པའི་མདོ་ཟབ་མོ་རྣམས་ཀྱིས་དགོངས་པ་འགྲེལ་པ་རྒྱུད་བླ་མའི་ཚིག་ལེའུར་བྱས་པ་མི་ཕམ་མགོན་གྱིས་མཛད་པ་པཎྜི་ཏ་སཛྫ་ན་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བ་དང༌། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ཞ་མ་སེང་རྒྱལ་གྱིས་བསྒྱུར་བ་དེ་གཉིས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ།བྱམས་པ་མགོན་པོ། མངའ་བདག་མཻ་ཏྲི་པ། པཎྜི་ཏ་དགའ་བའི་གྲགས་པ། སཛྫ་ན། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ཁྱུང་རིན་ཆེན་གྲགས། རྒྱ་དམར་བ་བྱང་ཆུབ་གྲགས། གྲོ་ལུང་བ་བློ་གྲོས་འབྱུང་གནས། ཕྱྭ་པ་ཆོས་ཀྱི་སེང་གེ འདུལ་དཀར་བ། གཙང་པ་འགྲེ་སྒུར། སྡོང་ཁྲོད་འདུལ་འཛིན། སློབ་དཔོན་དར་མ་འོད་ཟེར། ལྷོ་པ་གྲུ་པ་སེང་གེ སློབ་དཔོན་རིག་ཐིགས་པ། བུ་སྟོན་རིན་པོ་ཆེ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། ཀུན་མཁྱེན་གཡག་པ། རོང་སྟོན་ཤེས་བྱ་ཀུན་རིག དོན་ཡོད་དཔལ། རྗེ་ཤཱཀྱ་མཆོག་ལྡན། རྗེ་གྲོལ་མཆོག ཀུན་དགའ་མཆོག་ལྡན། བྲང་ཏི་པཎ་ཆེན། རྗེ་དཔལ་ལྡན་དོན་གྲུབ། མགོན་པོ་བསོད་ནམས་མཆོག་ལྡན། རྗེ་རིན་ཆེན་རྒྱ་མཚོ། ཕྱོགས་ལས་རྣམ་རྒྱལ། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། བཀའ་འགྱུར་བ་སངས་རྒྱས་རྒྱལ་མཚན།སྐྱོར་མདའ་བ་མཁས་བཙུན་བསོད་ནམས་དབང་ཕྱུག མཁས་གྲུབ་ཆེན་པོ་སངས་རྒྱས་རྒྱ་མཚོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་བྱམས་པའི་ཆོས་སྡེ་ལྔ་གའི་ལུང་གི་བརྒྱུད་པ་བསོད་ནམས་དབང་ཕྱུག་ཡན་འདྲ། དེ་ནས་མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ།། ༈ །།ཨཱ་ཙཱརྻ་ཤཱནྟ་དེ་ཝས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་ཡེ་ཤེས་སྡེའི་འགྱུར་ལ་རྔོག་ལོས་འགྱུར་བཅོས་མཛད་པའི་སྟེང་ནས་ལུང་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། འཇམ་དཔལ་དབྱངས། ཨཱ་ཙཱརྻ་ཤཱནྟ་དེ་ཝ་པ་ད། སློབ་དཔོན་ཨེ་ལ་དྷ་རི།«་་་་་མི་བརྗེད་གཟུངས་ཐོབ། དཔའ་བོའི་སྡེ་ཟེར།་་་་་»སློབ་དཔོན་ཤུ་རཾ་ག་སེ་ན། ཀུ་ས་ལི་ཆེ་བ་རིན་ཆེན་བཟང་པོ།«་་་་་ཐར་རྩེ་པཎ་ཆེན་གྱི་གསན་ཡིག་ན་འདི་གཉིས་མ་བྱུང་བ་དགོས་སམ་མི་དགོས་བརྟག་་་་་»ཆུང་བ་རིན་ཆེན་འོད། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན།འབྲོམ་ཆོས་ཀྱི་རྒྱལ་པོ། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། ཆོས་ལུང་པ་ཤེས་རབ་གྲགས། གཏུམ་སྟོན་བློ་གྲོས་གྲགས། གྲོ་སྟོན་བདུད་རྩི་གྲགས། ཞང་བཙུན་རྡོ་རྗེ་འོད། ཞང་ཆོས་ཀྱི་བླ་མ། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། «ཐར་རྩེ་བའི་གསན་ཡིག་ཏུ་གྲོ་སྟོན་གྱི་རྗེས་སུ་མཆིམས་བྱས་ནས་བར་གྱི་བླ་མ་གསུམ་མེད་པ་ཞིག་བྱུང༌།་་་་་»མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། བཅོམ་ལྡན་རིག་པའི་རལ་གྲི། སྐྱི་སྟོད་ཤཱཀ་འབུམ། སྐྱི་སྟོན་གྲགས་པ་རྒྱལ་མཚན། དོལ་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ མུས་ཆེན་སངས་རྒྱས་རིན་ཆེན། དྭགས་པོ་ཕྱོགས་ལས་རྣམ་རྒྱལ། «སྐྱེད་ཚལ་འོག་མཁན་པོ།་་་་་»མཁས་པ་ལྷ་དབང་བློ་གྲོས། རབ་འབྱམས་དཔལ་ལྡན་དོན་གྲུབ། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། དཔལ་འབྱོར་གླིང་པ་ངག་དབང་རྣམ་རྒྱལ། ནོར་རྒྱས་གླིང་པ་རིན་ཆེན་རྒྱ་མཚོ། དོན་གྲུབ་ཆོས་གླིང་པ་བསྟན་པ་དར་རྒྱས།དོལ་པོ་སྨྲ་བའི་སེང་གེ་ཕྱོགས་ལས་རྣམ་རྒྱལ། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། དེ་ལས་བཀའ་འགྱུར་བ་སངས་རྒྱས་རྒྱལ་མཚན་དང༌། སྐྱོར་མདའ་བ་བསོད་ནམས་དབང་ཕྱུག་གཉིས་ཀྱིས་གསན་ནམ། དེ་ནས་མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ།། ༈ །།རྒྱལ་བའི་སྲས་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལེའུ་བཅུ་པ་ཤླཽ་ཀ་སྟོང་ཕྲག་གཅིག་གི་བདག་ཉིད་ཅན་འགྱུར་མང་དུ་ཡོད་པ་ལས་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བཅོས་པའི་སྟེང་ནས་ལུང་ཐོབ་པའི་བརྒྱུད་པ་ནི། སྟོན་མཆོག་ཤཱཀྱའི་རྒྱལ་པོ། མགོན་པོ་འཇམ་དཔལ་དབྱངས། རྒྱལ་སྲས་ཤཱནྟ་དེ་ཝ། མི་བརྗེད་གཟུངས་ཐོབ་པཎྜི་ཏ་ཨེ་ལ་དྷ་རི། གྲུབ་ཆེན་ཛེ་ཏཱ་རི། ཟླ་བ་གྲགས་པ་ཆུང་བ།«་་་་་ཙནྡྲ་ཀཱིརྟི་ཀི་ཙུ་ཞེས་ལེགས་སྦྱར་སྐད་དུའོ། »།ཇོ་བོ་པུཎྱ་ཤྲཱི། བལ་པོ་ཀ་ན་ཀ་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཆ་པ་ཆོས་ཀྱི་སེང་གེ སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ། མཁན་ཆེན་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། བཀའ་བཞི་པ་གྲགས་པ་གཞོན་ནུ། མཁན་ཆེན་བསོད་ནམས་གྲགས་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱ་མཚན།ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ འདྲེན་མཆོག་རཏྣ་ཝརྡྷ། ལྷ་མཆོག་སེང་གེ ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་ནམ་མཁའ་དཔལ་བཟང༌། སྒྲུབ་ཁང་དཔལ་ལྡན་དོན་གྲུབ། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། སྨྲ་བའི་དབང་ཕྱུག་ཕྱོགས་ལས་རྣམ་རྒྱལ། རྨོར་ཆེན་ངག་གི་དབང་ཕྱུག་ཀུན་དགའ་ལྷུན་གྲུབ།རབ་འབྱམས་སངས་རྒྱས་བཀྲ་ཤིས། རྗེ་བཙུན་གནས་གསར་པ་ཆེན་པོ། ཆོས་རྗེ་བསམ་གཏན་པ། མཁན་ཆེན་རིན་ཆེན་མི་འགྱུར་རྒྱལ་མཚན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་མི་བརྗེད་གཟུངས་ཐོབ་ཨེ་ལ་དྷ་རི་ནས། «དཔའ་བོའི་སྡེ།་་་་་»ཤུ་རཾ་ག་སེ་ན། «གསེར་གླིང་པ།་་་་་»དྷརྨ་ཀཱིརྟི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། འབྲོམ་རྒྱལ་བའི་འབྱུང་གནས། པོ་ཏོ་བ་རིན་ཆེན་གསལ་ཤ་ར་བ་ཡན་ཏན་གྲགས། གཏུམ་སྟོན་བློ་གྲོས་གྲགས། གྲོ་སྟོན་བདུད་རྩི་གྲགས། ཟེའུ་དགྲ་བཅོམ་པ་མན་འདྲ། ཡང་ན་དཔལ་ལྡན་གྲོ་ནས་མཆིམས་ནམ་མཁའ་གྲགས། སྐྱི་སྟོན་ཤཱཀ་འབུམ། སྐྱི་སྟོན་འཇམ་དབྱངས། ཀུན་མཁྱེན་དོལ་པོ་པ། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་མན་འདྲ། ཡང་ན་རྔོག་ལོ་བློ་ལྡན་ཤེས་རབ། ཞང་ཚེ་སྤང་བ་ཆོས་ཀྱི་བླ་མ། ཉང་བྲན་པ་ཆོས་ཀྱི་སེང་གེ གཙང་ནག་པ་བརྩོན་འགྲུས་སེང་གེ དཔལ་ལྡན་གྲོ་མོ་ཆེ། ཀུན་མཁྱེན་མཆིམས། ཟེའུ་དགྲ་བཅོམ་པ། མཁན་ཆེན་གྲགས་པ་ཤེས་རབ། མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན། མཁན་ཆེན་གྲུབ་པ་ཤེས་རབ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། རཏྣ་ཝརྡྷ་མན་འདྲ། ཡང་ན་དཔལ་ལྡན་གྲོ་ནས། མཆིམས་ཆེན་ནམ་མཁའ་གྲགས། སྐྱི་སྟོན་ཤཱཀ་འབུམ།«གྲགས་རྒྱལའང་ཟེར།་་་་་»སྐྱི་སྟོན་འཇམ་དབྱངས། ཀུན་མཁྱེན་དོལ་པོ་པ། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ མུས་ཆེན་སངས་རིན། གཉུག་ལ་«་་་་་རྗེ་བཙུན་ངག་དབང་གྲགས་པ་དཔལ་ཡང་ཟེར། »པཎ་ཆེན་ངག་དབང་གྲགས་པ་སོགས་སོ། །ཡང་ན་རྔོག་ལོ་ནས། ཁྱུང་རིན་ཆེན་གྲགས། སྟོད་ལུང་རྒྱ་དམར་བ། ཆ་པ་ཆོས་ཀྱི་སེང་གེ འཛད་པ་སྟོན་སྐྱབས། མུས་སྲད་པ་ཆེན་པོ། གཙང་པོ་བ་བསོད་ནམས་མཛེས། མཁན་པོ་བྱང་ཆུབ་དཔལ་མན་འདྲ། ཡང་ན་ཀུན་མཁྱེན་བསོད་ནམས་སེང་གེ མུས་ཆེན་སངས་རྒྱས་རིན་ཆེན། གཉུག་ལ་«་་་་་རྗེ་བཙུན་ངག་དབང་གྲགས་པ་དཔལ་ཡང་ཟེར། »པཎ་ཆེན་ངག་དབང་གྲགས་པ་སོགས་སོ། །ཡང་ན་རྒྱལ་སྲས་ཞི་བ་ལྷ་ནས། ཐམས་ཅད་རྩེགས། ཤཱཀྱ་མ་ཏི། གུ་ཎ་པུཎྱ། སུ་མ་ཏི་ཀཱིརྟི། རྔོག་མན་འདྲའོ། །ཡང་མཁན་ཆེན་ཀུན་དགའ་ཚུལ་ཁྲིམས་ནས་ཡར་ལ་གོང་དུ་སྨོས་པའི་བླ་མ་བརྒྱུད་པ་རྣམས་དང་མ་འབྲེལ་བར་དུ་བླ་མ་ཁ་ཅིག་བཙལ་དགོས། མཁན་ཆེན་ཀུན་དགའ་ཚུལ་ཁྲིམས་ནས། ཆོས་རྗེ་བུདྡྷ་ཤྲཱི་བྷ་དྲ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། བཀའ་དྲིན་ཟླ་བྲལ་འཇམ་དབྱངས་བཀྲ་ཤིས་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་ལེགས་པར་སྩལ་ཏོ།། ༈ །།ཆོས་ཀྱི་རྒྱལ་པོ་ས་སྐྱ་པཎྜི་ཏས་མཛད་པའི་རྒྱལ་སྲས་ལམ་བཟང་ཐུབ་པའི་དགོངས་པ་རབ་ཏུ་གསལ་བ་དང༌། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ངེས་གསང་བསྟན་བཅོས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་གཉིས་ཀའི་ལུང་ཐོབ་པའི་བརྒྱུད་པ་ནི།འཇམ་དབྱངས་ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་འཛིན། ཆོས་རྗེ་བྱང་སེང་བ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བསོད་ནམས། རྗེ་ཤེས་རབ་རྒྱལ་མཚན། རྗེ་ནམ་མཁའ་དཔལ་བཟང་པོ། བྱམས་པ་ཀུན་དགའ་བཀྲ་ཤིས། རྗེ་ནམ་མཁའ་སངས་རྒྱས། ཐམས་ཅད་མཁྱེན་པ་དཔལ་མཆོག་རྒྱལ་མཚན། ཆོས་རྗེ་དོན་གྲུབ་རྒྱལ་མཚན། མཁས་བཙུན་ནམ་མཁའ་དཔལ་བཟང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སྡོམ་གསུམ་རབ་དབྱེ་ཁོ་ནའི་བརྒྱུད་པ་ནི་དཔལ་མཆོག་རྒྱལ་མཚན་ནས། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་འདྲེན་མཆོག རྗེ་ལྷ་མཆོག་སེང་གེ རྗེ་ཤེས་རབ་རྒྱལ་མཚན། རྗེ་ནམ་མཁའ་དཔལ་བཟང༌། བྱམས་པ་ཀུན་དགའ་བཀྲ་ཤིས། མཚུངས་མེད་ནམ་མཁའ་སངས་རྒྱས་མན་འདྲའོ།། ༈ །།སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྒྱུ་འཕྲུལ་རོལ་པ་ཇོ་བོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་ལ་ཤིང་རྟ་ཆེན་པོ་གཉིས་ཀྱི་གདམས་པ་མ་ལུས་པ་མངའ་བའི་བསྟན་བཅོས་མཐའ་ཀླས་ནའང་དེའི་ནང་ནས། ཐོགས་མེད་སྐུ་མཆེད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ལྟ་སྤྱོད་སྟོན་པ་ས་རྒྱན་གཉིས། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པའི་ལྟ་སྤྱོད་རྫོགས་པར་སྟོན་པ་བསླབ་སྤྱོད་གཉིས། དེ་ཐམས་ཅད་ཀྱི་ཡན་ལག་འཆད་པ་སྐྱེས་རབས་དང༌། བརྗོད་བྱ་སྣ་ཚོགས་པ་སྟོན་པས་ཉེ་བར་མཁོ་བ་ཆེད་དུ་བརྗོད་པའི་ཚོམས་གཉིས་ཏེ་བཀའ་གདམས་གཞུང་དྲུག་ཏུ་གྲགས་པ་ལས་བྱང་ས་དང་མདོ་སྡེ་རྒྱན་གཉིས་ཀྱི་ཕྱི་མའི་བརྒྱུད་པ་གོང་གྲགས་ཆེན་བཅོ་བརྒྱད་དུ་སོང་བ་ལྟར་དང༌། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་ས་ཡེ་ཤེས་སྡེ་དང་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་བམ་པོ་ཉི་ཤུ་རྩ་གསུམ་གྱི་བདག་ཉིད་ཅན་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། སྟོན་པ་ཐུབ་པའི་དབང་པོ། རྒྱལ་ཚབ་མི་ཕམ་མགོན། ས་གསུམ་མངའ་བདག་འཕགས་པ་ཐོགས་མེད། སངས་རྒྱས་གཉིས་པ་དབྱིག་གཉེན། ཁ་ཆེ་བློ་གྲོས་བརྟན་པ། ཇོ་བོ་པུཎྱ་ཤྲཱི་དྷཱ། གང་བ་སྤེལ། «ལོ་པཎ་གསན་ཡིག་ན་འདི་གཉིས་བཞུགས་ཀྱང་མཁྱེན་བརྩེའི་དེར་མི་བཞུགས་པས་བརྟག་་་་་»གངྒཱ་དྷ་ར། གངྒཱ་ཛི་ན་རཏྣ། ཁ་ཆེ་རིན་ཆེན་རྡོ་རྗེ། ཁ་ཆེ་སཛྫ་ན། པཎྜི་ཏ་ས་ར་ཧེ་ཏ།«་་་་་འདི་ལོ་པའི་གསན་ཡིག་ཏུ་བཙན་ཁ་བོ་ཆེ་དང་གཅིག་པར་མཛད་འདུག་པར་དཔྱད།»བླ་མ་བློ་གྲོས་གྲགས་པ། མར་པ་ཇོ་འཕན། མཆིམས་སྟོན་དོན་གྲུབ། མཆིམས་བརྩོན་འགྲུས་སེང་གེ མཆིམས་ནམ་མཁའ་གྲགས། སྐྱི་སྟོན་ཤཱཀྱ་འབུམ། སྐྱི་སྟོན་གྲགས་རྒྱལ། ཀུན་མཁྱེན་དོལ་པོ། ས་བཟང་མ་ཏི་པཎ་ཆེན། དེ་དབོན་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ།མཁས་གྲུབ་དཔལ་ལྡན་རྡོ་རྗེ། མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། ཐར་ལམ་གསལ་སྒྲོན།«་་་་་ལོ་པའི་གསན་ཡིག་ན་འདི་བཞིན་བྱུང་བ་ཚོམས་སོགས་ཀྱི་བརྒྱུད་པར་དཀོན་མཆོག་ཚུལ་ཁྲིམས་དང་རཏྣ་ཨཱ་ཀ་རའི་བར་དུ་བླ་མ་གཞན་མི་འདུག་ཅིང་བླ་མའི་མཚན་མི་འདྲ་བས་དཔྱད། »མཁན་ཆེན་རཏྣ་ཨཱ་ཀ་ར། གཉུག་ལ་ངག་དབང་གྲགས་པ། ལོ་པ་སྤྱན་སྔ་ངག་དབང་ཆོས་གྲགས། རྗེ་བཙུན་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། ཤར་ཆེན་ནམ་མཁའ་རྒྱལ་མཚན། རྩེ་ཐང་དྲུང་ཆེན་དཔལ་འབྱོར་བསོད་ནམས་ལྷུན་གྲུབ། ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་ཐམས་ཅད་མཁྱེན་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། ཞྭ་ལུ་མཁན་ཆེན་གནས་གསར་བ་འཇམ་དབྱངས་བསྟན་འཛིན། རྗེ་ཕུན་ཚོགས་ལེགས་འབྱོར། བཀའ་འགྱུར་བ་ཆེན་པོ་ངག་དབང་རབ་བརྟན། ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས། སྐུ་དབོན་དམ་པ་རིན་པོ་ཆེ་ཆོས་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །འདི་ཁ་ཅིག་མདོ་སྡེ་རྒྱན་སྒེར་རྐྱང་གི་བརྒྱུད་པར་མཛད་པ་ཡོད་ཀྱང་ལོ་ཕྱོགས་ཀྱི་གསན་ཡིག་ཏུ་ས་རྒྱན་གཉིས་ཐུན་མོང་གི་བརྒྱུད་པར་མཛད་འདུག་པ་འབྲེལ་ཆེ་བའི་ནང་དུ་བཏང་བ་ཡིན་ལ། ཡང་མདོ་སྡེ་རྒྱན་སྒེར་རྐྱང་གི་བརྒྱུད་ལུགས་གཅིག་ནི། ཁ་ཆེ་བློ་བརྟན་ནས། རིག་པའི་ཁུ་བྱུག མཆེ་བའི་སྡེ།བཟང་པོའི་ཞབས། མར་མེ་མཛད། གངྒཱ་དྷ་ར། པུཎྱ་ཤྲཱི། ཁ་ཆེ་དགོན་པ་བ། བྲམ་ཟེ་སངྒ༌། ཁ་ཆེ་ཡེ་ཤེས་དཔལ། རྔོག་ལོ་ཙཱ་བ། བ་རེག་ལོ་ཙཱ་བ་རྒྱལ་མཚན། བ་རེག་སྟོན་སྐྱབས། སྐྱེས་བུ་ཡོན་ཏན་དགའ། བཀྲ་ཤིས་རྡོ་རྗེ། སྡོང་ཁྲོད་འདུལ་འཛིན། ཉང་རོ་ཀུན་དགའ་རྡོ་རྗེ། དར་མ་འོད་ཟེར། ཚད་མའི་སྐྱེས་བུ་བསོད་ནམས་མགོན། བུ་སྟོན་རིན་ཆེན་གྲུབ། ཉ་དབོན་ཀུན་དགའ་དཔལ། རེད་མདའ་བ་གཞོན་ནུ་བློ་གྲོས། རྗེ་བཙུན་བཙོང་ཁ་པ་ཆེན་པོ། རྒྱལ་ཚབ་རྗེ། གུང་རུ་རིན་བྱང༌། གཉལ་སྟོན་པ། ཆོས་དཔལ་རྒྱལ་མཚན། ཉི་མ་གྲགས་པ། ཆོས་ཀྱི་བཤེས་གཉེན། ར་ཚག་པ་བློ་བཟང་ཨེ་ཝཾ། རྒྱལ་ཁང་རྩེ་པ། རྗེ་ཕ་བོང་ཁ་པ་མན་འདྲའོ། །བྱང་སའི་བརྒྱུད་པ་ལུགས་གཅིག་ལ། དེ་བཞིན་གཤེགས་པ་ཐུབ་དབང༌། བྱམས་མགོན། ཐོགས་མེད། དབྱིག་གཉེན།ཁ་ཆེ་བློ་བརྟན། གང་བ་སྤེལ། དེ་ལས་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། «ཀུན་མཁྱེན་བུ་དང་མཁན་ངག་ཆོས་པ་སོགས་ཀྱི་གསན་ཡིག་ན་ཛི་ན་མི་ཏྲ་ནས་གྲུས་རྒྱལ་བ་ཡེ་ཤེས་ཀྱི་བར་རྣམས་རིམ་པ་བཞིན་དུ་གནང་བ་ལས་སྡེབས་སུ་གསན་པའི་གསལ་ཁ་མ་བྱུང་ཡང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདི་ལྟར་སྣང་བ་ཉེ་བརྒྱུད་རིང་བརྒྱུད་ཀྱི་ཁྱད་ཡིན་ནམ།་་་་་»ཨིནྡྲ་བྷཱུ་ཏི་གསུམ་གྱིས་གསན། དེ་གསུམ་ཀ་ལས་སྐ་བ་དཔལ་བརྩེགས། ཅོག་གྲུ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་གསུམ་གྱིས་གསན། དེ་གསུམ་ལས་ལྷ་ལུང་དཔལ་གྱི་རྡོ་རྗེ། ནམ་ནད་ཟླ་བའི་རྡོ་རྗེ། དབས་རྒྱལ་བ་ཡེ་ཤེས་གསུམ་གྱིས་གསན།དེ་གསུམ་ལས་གྲུས་རྒྱལ་བ་ཡེ་ཤེས་ཀྱིས་གསན། དེ་ནས་གྲུབ་མཆོག་གི་ཡེ་ཤེས། སེ་བཙུན་དབང་ཕྱུག་གཞོན་ནུ། མགར་མི་ཡོན་ཏན་གཡུང་དྲུང༌། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང༌། ར་ཁྲི་བཟང་འོད། རྒྱ་རྒྱལ་ཚུལ། ལི་སྟོན་ཆོས་གྲགས། དེ་གཉིས་ལས་བྲང་ཏི་དར་མ་སྙིང་པོ་དང༌། ཀོ་ཡེ་འབྱུང་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་རོག་ཆོས་བརྩོན། དེ་ནས་མཆིམས་བརྩོན་སེང༌། མཆིམས་དོན་ནེ། མཆིམས་བློ་བརྟན། ཞང་སྟོན་བསོད་ནམས་རིན་ཆེན།བོ་དོང་རིན་རྩེ། སྟག་སྡེ་བ་སེང་གེ་རྒྱལ་མཚན། དྲང་ལུང་བ་ཐུགས་རྗེ་ཤེས་རབ། རིན་ཆེན་ཡེ་ཤེས། རྒྱལ་སྲས་ཐོགས་མེད་པ། རྒྱ་མ་བ་ཡོན་ཏན་འོད།ཆོས་རྗེ་བསོད་ནམས་བློ་གྲོས། བཀའ་བཅུ་པ་དར་མ་བཟང་པོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ་མན་གོང་དང་འདྲའོ།། ༈ །།གཉིས་པ་བསླབ་སྤྱོད་གཉིས་ཀྱི་དང་པོ་ཨཱ་ཙརྻ་ཤཱནྡྷ་དེ་ཝས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་ཡེ་ཤེས་སྡེའི་འགྱུར་ལ་རྔོག་ལོས་འགྱུར་བཅོས་མཛད་པའི་སྟེང་ནས་ལུང་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། འཇམ་དཔལ་དབྱངས། ཨཱ་ཙཱརྻ་ཤཱནྟ་དེ་ཝ་པཱ་ད། སློབ་དཔོན་ཨེ་«མི་བརྗེད་གཟུངས་ཐོབ།་་་་་»ལ་དྷ་རི། སློབ་«དཔའ་བོའི་སྡེ་ཟེར།་་་་་»དཔོན་ཤུ་རཾ་ག་སེ་ན། ཀུ་ས་ལི་ཆེ་བ་རིན་ཆེན་བཟང་པོ།«་་་་་ཐར་རྩེ་པཎ་ཆེན་གྱི་གསན་ཡིག་ན་འདི་གཉིས་མ་བྱུང་བ་དགོས་སམ་མི་དགོས་བརྟག་་་་་»ཆུང་བ་རིན་ཆེན་འོད། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། འབྲོམ་ཆོས་ཀྱི་རྒྱལ་པོ། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། ཆོས་ལུང་པ་ཤེས་རབ་གྲགས། གཏུམ་སྟོན་བློ་གྲོས་གྲགས། གྲོ་སྟོན་བདུད་རྩི་གྲགས། ཞང་བཙུན་རྡོ་རྗེ་འོད། ཞང་ཆོས་ཀྱི་བླ་མ། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། «ཐར་རྩེ་པའི་གསན་ཡིག་ཏུ་གྲོ་སྟོན་གྱི་རྗེས་སུ་མཆིམས་བྱས་ནས་བར་གྱི་བླ་མ་གསུམ་མེད་པ་ཞིག་བྱུང༌།་་་་་»མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། བཅོམ་ལྡན་རིག་པའི་རལ་གྲི། སྐྱི་སྟོན་ཤཱཀ་འབུམ། སྐྱི་སྟོན་གྲགས་པ་རྒྱལ་མཚན། དོལ་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ མུས་ཆེན་སངས་རྒྱས་རིན་ཆེན། དྭགས་པོ་ཕྱོགས་ལས་«་་་་་རྗེ་ཕྲིན་ལས་པ། »རྣམ་རྒྱལ། མཁས་པ་«་་་་་སྐྱེད་ཚལ་འོག་མཁན་པོ། »ལྷ་དབང་བློ་གྲོས། རབ་འབྱམས་དཔལ་ལྡན་དོན་གྲུབ། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། དཔལ་འབྱོར་གླིང་པ་ངག་དབང་རྣམ་རྒྱལ། ནོར་རྒྱས་གླིང་པ་རིན་ཆེན་རྒྱ་མཚོ། དོན་གྲུབ་ཆོས་གླིང་པ་བསྟན་པ་དར་རྒྱས། དོལ་པོ་སྨྲ་བའི་སེང་གེ་ཕྱོགས་ལས་རྣམ་རྒྱལ། དེས་ངག་དབང་ཀུན་དགའ་ལྷུན་གྲུབ། རྗེ་བཙུན་སངས་རྒྱས་བཀྲ་ཤིས། གནས་གསར་པ་ངག་དབང་ཀུན་དགའ་ལེགས་འབྱུང༌། ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས། སྐུ་དབོན་རིན་པོ་ཆེ་ཆོས་གྲུབ། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །།སྤྱོད་འཇུག་གི་བརྒྱུད་པ་གོང་གྲགས་ཆེན་བཅོ་བརྒྱད་ཀྱི་སྐབས་སུ་གསལ་བ་ལྟར་རོ།། ༈ །།གསུམ་པ་སྐྱེས་ཚོམས་གཉིས་ཀྱི་དང་པོ་སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་སོ་བཞི་པ་ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨས་བསྒྱུར་བའི་ལུང་ཐོབ་པའི་བརྒྱུད་པ་ནི། རྣམ་འདྲེན་ཟས་གཙང་སྲས་པོ། མགོན་པོ་འཇམ་དཔལ་དབྱངས། འཕགས་པ་ཀླུ་སྒྲུབ། མཁས་མཆོག་དཔའ་བོ། མྱ་ངན་མེད་པའི་དཔལ། གསེར་གླིང་པ། ཇོ་བོ་ཆེན་པོ། ལོ་ཙཱ་བ་རིན་ཆེན་བཟང་པོ། ལོ་ཆུང་གྲགས་འབྱོར་ཤེས་རབ། རྒྱ་ཟུར་ཁང་པ། ཁ་མོ་ཟིའུ་པ། གཙང་ནག་པ། གྲོ་མོ་ཆེ་པ། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། བཅོམ་ལྡན་རལ་གྲི། སྐྱི་སྟོན་ཤཱཀ་འབུམ། སྐྱི་སྟོན་འཇམ་དབྱངས། ཀུན་མཁྱེན་དོལ་པོ། ས་བཟང་མ་ཏི། ས་བཟང་འཕགས་པ། ངོར་ཆེན་རྡོ་རྗེ་འཆང༌། རྒྱལ་བ་མུས་པ། མཁྱེན་རབ་རྗེ། སྟོང་རྭ་བ་ཤཱཀྱ་དོན་གྲུབ། དེ་དབོན་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་ཆེན་པོ་བྱམས་པ་ཀུན་དགའ་ཆོས་གྲགས། གྲུབ་ཆེན་ཀུན་དགའ་རྣམ་རྒྱལ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། རྗེ་བཙུན་སངས་རྒྱས་བཀྲ་ཤིས། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས། སྐུ་དབོན་རིན་པོ་ཆེ་ཆོས་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་བརྒྱུད་ལུགས་གཅིག་ནི་མཁས་མཆོག་དཔའ་བོ་ནས། འཇམ་དཔལ་གྲགས་པ། ཤཱནྟི་པ། སེའུ་རི་པ། འཇིགས་མེད་གྲགས་པ། དགེ་འབྱུང་སྦས་པ། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། ཆོས་ཀྱི་བཤེས་གཉེན། པུཎྱ་ཤྲཱི། སྟེང་པ་ལོ་ཙཱ་བ། སོ་འཛམ་གླིང་རྒྱན། ལྷོ་པ་ཀུན་མཁྱེན། བླ་མ་རྒྱ། ཀརྨ་པ་རང་བྱུང་རྡོ་རྗེ། སྔགས་འཆང་གཡུང་སྟོན་རྡོ་རྗེ་དཔལ། རྗེ་རོལ་པའི་རྡོ་རྗེ།ལྷོ་རིན་པོ་ཆེ་གྲགས་པ་ཡོན་ཏན། ཆོས་རྗེ་གྲགས་པ་འབྱུང་གནས། མི་ཕམ་གཉིས་པ་ཚུལ་ཁྲིམས་དར། སྤྱན་སྔ་བསོད་ནམས་ལྷའི་དབང་པོ། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན་མན་ས་རྒྱན་ཐུན་མོང་གི་བརྒྱུད་པ་དང་གཅིག ཡང་ན་སློབ་དཔོན་དཔའ་བོ་ནས་ལེགས་ལྡན་འབྱེད། ཟླ་བ་གྲགས་པ།རིག་པའི་ཁུ་བྱུག ཀུ་མཱ་ར་ལཀྵ། ཧ་སུ་མ་ཏི། ཛ་ཡ་ཨཱ་ནནྡ། ཁུ་ལོ་ཙཱ་བ། ལེགས་ལྡན་པ། གཙང་ནག་པ། གཤེན་ཆུ་སྐོར་བ། གཙང་པ་ཇོ་ནག་པ། འོད་ཟེར་མགོན་པོ། འཇམ་དབྱངས་ཤཱཀྱ་གཞོན་ནུ། རྗེ་རང་བྱུང་རྡོ་རྗེ་མན་འདྲའོ།། ༈ །།«འདི་སྔར་མ་ཐོབ་ཀྱང་བཀའ་གདམ་གཞུང་དྲུག་ཁ་ཚང་བའི་ཕྱིར་སླར་ཞུ་བའི་རྩིས་སུ་བྲིས།་་་་་»དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པའི་ཆེད་དུ་བརྗོད་པའི་ཚོམས་དཔལ་བརྩེགས་ཀྱིས་བསྒྱུར་བའི་ལུང་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། འཕགས་པ་ཀུན་དགའ་བོ། དགྲ་བཅོམ་པ་རཀྵི་ཏ། དགྲ་བཅོམ་པ་ཆོས་སྐྱོབ། དགྲ་བཅོམ་པ་ཀྲྀཥྞའི་གོས་ཅན། དགྲ་བཅོམ་པ་ཤ་ནའི་གོས་ཅན། དགྲ་བཅོམ་པ་ཉི་མ་གུང་པ། རྒྱལ་རིགས་ཐམས་ཅད་མཁྱེན་པའི་བཤེས་གཉེན། འཕགས་མཆོག་ཀླུ་སྒྲུབ་ཞབས།སློབ་དཔོན་ཨཱརྻ་དེ་ཝ། སློབ་དཔོན་འཇམ་དཔལ་གྲགས་པ། རཏྣ་ཨཱ་ཀ་ར་ཤཱནྟི། རྡོ་རྗེ་གདན་པ་ཆེ་བ། བར་པ། ཆུང་བ། པཎ་ཆེན་ཤཱཀྱ་ཤྲཱི། དཔྱལ་ཆོས་ཀྱི་བཟང་པོ། དཔྱལ་པདྨོ་ཅན། མཁན་པོ་གཞོན་ནུ་ཡེ་ཤེས། རོང་པ་ཤེས་རབ་སེང་གེ བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་དྷརྨ་ཀཱིརྟི། ས་བཟང་མ་ཏི་པཎ་ཆེན། འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ།སྟོང་ར་བ་ཤཱཀྱ་དོན་གྲུབ། དེ་དབོན་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ་བཀྲ་ཤིས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་མན་ཆད་གོང་གི་སྐྱེས་རབས་སོ་བཞི་པའི་བརྒྱུད་པ་དང་འདྲའམ་སྙམ་མོ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པ་ཡེ་ཤེས་སྡེས་བསྒྱུར་བའི་ལུང་ཐོབ་པའི་བརྒྱུད་པ་ནི་དབུ་མ་རྩ་བའི་ཤེས་རབ་དང་འདྲའོ།། ༈ །།«འདི་དེ་སྔོན་མ་ཐོབ་ཀྱང་ཐོབ་འགྱུར་གྱིས་བྲིས།་་་་་»འཇིག་རྟེན་དབང་ཕྱུག་བཟང་པོ་དཔལ་གྱིས་མཛད་པའི་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་གི་སྟེང་ནས་ཐེག་པ་ཆེན་པོའི་བློ་སྦྱོང་ཉམས་ཁྲིད་དུ་ལེགས་པར་ནོས་པའི་བརྒྱུད་པ་ནི། སྟོན་པ་ཐུབ་པའི་དབང་པོ། རྒྱལ་ཚབ་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། པཎྜི་ཏ་གུ་ཎ་མི་ཏྲ། སློབ་དཔོན་སེང་གེ་བཟང་པོ། བཤེས་གཉེན་གང་བ་སྤེལ། ཀུ་སཱ་ལི་ཆེ་ཆུང་གཉིས། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ རྒྱལ་བ་འབྲོམ། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། འཆད་ཀ་བ་ཡེ་ཤེས་རྡོ་རྗེ། སེ་སྤྱིལ་བུ་བ་ཆོས་ཀྱི་རྒྱལ་མཚན།«་་་་་ཆོས་ཀྱི་གྲགས་ཞེས་པའང་བྱུང་བ་བརྟག »ལྷ་སྤྱིལ་བུ་བ་«་་་་་ལྷ་ཆེན་པོ་དབང་ཕྱུག་གཞོན་ནུའམ་དབང་ཕྱུག་རིན་པོ་ཆེ། ལྷ་ལུང་གི་དབང་ཕྱུག་ཅེས་གྲགས་པ་དང་འདི་གཉིས་མི་གཅིག་པས་མ་ནོར་དགོས། »འོད་ཟེར་བླ་མ།«་་་་་འདི་ལ་གངྒཱའི་ཆུ་རྒྱུན་དུ་ཇོ་བོའི་ཆོས་འབྱུང་ན་བྱང་ཆུབ་འོད་ཟེར་དང་ལོ་པ་སྤྱན་སྔའི་གསན་ཡིག་ན་སྐྱེས་མཆོག་ལྷ་ཆེན་ཟེར་བ་སྣང་གསུངས།»ལྷ་སྡིངས་པ་བྱང་ཆུབ་འབུམ།«་་་་་ལོ་པ་སྤྱན་སྔ་པའི་གསན་ཡིག་ན་ཤེས་རབ་འབུམ་ཞེས་འདུག་གསུངས། »ལྷ་སྡིངས་དབོན་པོ་ཀུན་དགའ་རྒྱ་མཚོ།«་་་་་ཐར་རྩེ་པ་དང་འཇམ་དབྱངས་མཁྱེན་བརྩེ་ངག་ཆོས་གསུམ་གྱི་གསན་ཡིག་ན་འདི་གཉིས་ལྷ་སྡིངས་པ་ཡོན་ཏན་དཔལ་ཞེས་གཅིག་ཏུ་བགྲངས་འདུག་ཀྱང་ངོར་ཆེན་དང་ལོ་པ་སྤྱན་སྔ་སྒྲུབ་ཁང་པ་གསུམ་གྱི་གསན་ཡིག་ན་འདི་བཞིན་བྱུང་བས་བླ་མ་གཉིས་ཀྱི་མཚན་གཅིག་ཏུ་འདུས་པའི་བྲིས་ནོར་བྱུང་ངམ་སྙམ།་་་་་»ཚོགས་པའི་དབུ་མཛད་ཡོན་ཏན་དཔལ། མཁན་ཆེན་བདེ་བ་དཔལ། མཁན་ཆེན་བཀའ་བཞི་པ་གྲགས་པ་གཞོན་ནུ། བྱང་སེམས་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ། རྒྱ་མ་བ་ཡོན་ཏན་འོད། འཕགས་པ་བློ་འཕེལ་བ། སྤྱན་སྔ་ཚུལ་ཁྲིམས་དར་མ། སྤྱན་སྔ་བསོད་ནམས་ལྷའི་དབང་པོ། རྒྱལ་སྲས་བསོད་ནམས་ལེགས་མཆོག པཎ་ཆེན་ངག་དབང་གྲགས་པ་དཔལ་བཟང༌།«་་་་་གཉུག་ལ་པཎ་ཆེན། »སྤྱན་སྔ་ངག་དབང་ཆོས་གྲགས། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ།རྨོར་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། བཀའ་འགྱུར་བ་སངས་རྒྱས་རྒྱལ་མཚན། སྐྱོར་མདའ་བ་མཁས་བཙུན་བསོད་ནམས་དབང་ཕྱུག ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་རྒྱལ་སྲས་ཐོགས་མེད་ནས། མང་མཁར་བ་ཚུལ་ཁྲིམས་དཔལ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། ཆོས་རྗེ་བྱམས་པ་ཆོས་ལེགས།མཁན་ཆེན་རྡོ་རྗེ་རིན་ཆེན། མུས་ཆེན་ནམ་མཁའ་དཔལ་བཟང༌། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། འཇམ་མགོན་དཔལ་མཆོག་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་སློབ་དཔོན་དབྱིག་གཉེན་ནས། ཁ་ཆེ་བློ་གྲོས་བརྟན་པ། ཀུ་སཱ་ལི་ཆེ་ཆུང་གཉིས་མན་འདྲ། ཡང་ན་རྒྱལ་སྲས་ཐོགས་མེད་དཔལ་ནས། གཉགས་དབོན་བསོད་ནམས་བཟང་པོ། མཚན་ལྡན་ཞིག་མོ་རང་གྲོལ། ཀུན་དགའ་དཔལ་མོ། རྗེ་ངག་དབང་གྲགས་པ་དཔལ་བཟང༌། ལོ་པ་ངག་དབང་ཆོས་གྲགས་མན་འདྲ། ཡང་ན་རྒྱལ་སྲས་རིན་པོ་ཆེ་ནས། མཁན་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་གྲགས་པ་བཤེས་གཉེན། འཇམ་དབྱངས་རིན་ཆེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་ཕྱག་ན། མཁན་ཆེན་ཀུན་བློ་བ། གཉུག་ལ་པཎ་ཆེན་ངག་གི་དབང་པོ། ངག་དབང་ཆོས་གྲགས་མན་འདྲ། ཡང་ན་རྒྱལ་སྲས་རིན་པོ་ཆེ་ནས། མང་མཁར་ཚུལ་ཁྲིམས་དཔལ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། གུང་རུ་ཤེས་རབ་བཟང་པོ། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། སྤྱན་སྔ་ངག་དབང་ཆོས་གྲགས་མན་འདྲ། ཡང་ན་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་ནས།རི་པ་དཔལ་ལྡན་གྲགས། མཁན་ཆེན་གྲགས་པ་རྒྱ་མཚོ། མཁན་ཆེན་རིན་ཆེན་གྲགས་པ། མཁན་ཆེན་སངས་རྒྱས་བཀྲ་ཤིས། མཁན་ཆེན་དབང་ཕྱུག་དཔལ་བཟང༌། པཎ་ཆེན་ངག་དབང་ཆོས་གྲགས། དཔལ་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། མཁས་བཙུན་བསོད་ནམས་དབང་ཕྱུག ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་ལོ་པ་སྤྱན་སྔ་ངག་དབང་ཆོས་གྲགས་ནས། བླ་མ་དཔལ་ལྡན་ཆོས་འབྱོར། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་མན་འདྲ། ཡང་ན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ནས། བྱམས་ཆེན་རབ་འབྱམས་པ། ཀུན་མཁྱེན་སངས་རྒྱས་འཕེལ། འཇམ་དབྱངས་ཀུན་དགའ་ཆོས་བཟང༌། མཁས་པ་ལྷ་དབང་བློ་གྲོས། རྗེ་བྱམས་པ་ཕུན་ཚོགས། འབུམ་མོ་ཆེ་པ་དཔལ་འབྱོར་ཤེས་རབ། ངོར་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་མན་འདྲ། ཡང་ན་རྒྱལ་སྲས་ཐོགས་མེད་དཔལ་ནས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ།སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་མན་འདྲའོ།། ༈ །།རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱི་དངོས་སློབ་རྗེ་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་བློ་སྦྱོང་སྙན་བརྒྱུད་ཆེན་མོའམ། བློ་སྦྱོང་གསུང་སྒྲོས་མར་གྲགས་པའི་ལོ་རྒྱུས་གདམས་པ་དངོས་དང་བཅས་པའི་ལུང་ཐོབ་པའི་བརྒྱུད་པ་ནི།རྒྱལ་བའི་སྲས་པོ་ཐོགས་མེད་དཔལ་ནས། འགྲོ་མགོན་དཔལ་ལྡན་ཡེ་ཤེས། གཞོན་ནུ་རྒྱལ་མཆོག མུས་ཆེན་དཀོན་མཆོག་རྒྱལ་མཚན། གུང་སྟོན་ཤེས་རབ་བཟང་པོ། གཉུག་ལ་ངག་དབང་གྲགས་པ། སྤྱན་སྔ་ངག་དབང་ཆོས་གྲགས། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། མཁས་བཙུན་བསོད་ནམས་དབང་ཕྱུག མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །།«འདི་དེ་སྔོན་མ་ཐོབ་བླར་ཐོབ་འགྱུར་གྱིས་བྲིས།་་་་་»སུམ་པ་ལོ་ཙཱ་བ་དཔལ་མཆོག་དང་པོའི་རྡོ་རྗེས་རྒྱ་གར་དུ་བྱོན་དུས་མཁའ་འགྲོ་མའི་རྡོ་རྗེའི་ཚིག་བཞི་པ་རྗེ་བཙུན་མ་སྒྲོལ་མས་གསུངས་པ་ལ་བརྟེན་ནས་ཐུགས་རྒྱུད་ལ་འཁྲུངས་པའི། སུམ་པ་ལོ་ཙཱ་བའི་བློ་སྦྱོང་སྙན་བརྒྱུད་དུ་གྲགས་པ་ཀུན་མཁྱེན་མཁྱེན་བརྩེའི་ཟིན་བྲིས་ཀྱི་སྟེང་ནས་ཉམས་ཁྲིད་དུ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་ཕག་མོ། རྗེ་བཙུན་སྒྲོལ་མ། སུམ་པ་ལོ་ཙཱ་བ། ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། བླ་ཆེན་ཀུན་དགའ་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང༌། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་ཀུན་དགའ་དབང་ཕྱུག མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་འཇམ་དཔལ་རྡོ་རྗེ། ལོ་པ་ངག་དབང་ཆོས་གྲགས། བྱམས་པ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཐམས་ཅད་མཁྱེན་པ་ཀུན་དགའ་ལྷུན་གྲུབ།སྐྱོར་མདའ་བ་བསོད་ནམས་དབང་ཕྱུག མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་བླ་ཆེན་ཀུན་དགའ་རྒྱལ་མཚན་ནས། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག མཁན་ཆེན་བྱམས་པ་རབ་བརྟན། རྗེ་སྙིང་རྗེ་བཟང་པོ། མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲ། ཡང་ན་ས་པཎ་ནས། གྲུབ་ཐོབ་མཚོ་«་་་་་འདར་ཕྱར་མིན། »འཕྲང་བ་རིན་ཆེན་བཟང་པོ། མཁས་གྲུབ་ཆོས་རྗེ། རི་ཁྲོད་རས་ཆེན། པྲཛྙཱ་བྷོ་དྷི། དོན་ཞགས་པ་སངས་རྒྱས་རིན་ཆེན། འཁྲུལ་ཞིག་གྲགས་པ་ཚུལ་ཁྲིམས། མཁན་ཆེན་རྒྱལ་བ་བཟང་པོ། མཁན་ཆེན་བསོད་ནམས་རིན་ཆེན། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག མུས་ཆེན་དཀོན་མཆོག་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་འདྲའོ།། ༈ །།«འདི་མ་ཐོབ་ཀྱང་ཐོབ་འགྱུར་གྱིས་བྲིས།་་་་་»མཁས་པ་ཆེན་པོ་གཞོན་ནུ་རྒྱལ་མཆོག་དང་མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་དཔོན་སློབ་གཉིས་ཀྱིས་ཐེག་པ་ཆེན་པོ་བློ་སྦྱོང་གི་རྒྱ་གཞུང་བོད་གཞུང་ཤིན་ཏུ་གཅེས་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྐོར་ལ། མུས་ཆེན་སེམས་དཔའ་ཆེན་པོས་མཛད་པའི་གླེགས་བམ་༼ཀ༽དཀར་ཆག ཇོ་བོ་ཆེན་པོ་ལྷ་གཅིག་གིས་རྒྱལ་སྲིད་སྤངས་ནས་ཐར་པར་བྱོན་པའི་རྣམ་པར་༼ཀ༽ཐར་པ་བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པ། ཇོ་བོ་རྗེས་མཉམ་མེད་གསེར་གླིང་པ་ཆོས་ཀྱི་གྲགས་པའི་དྲུང་དུ་བྱང་ཆུབ་ཀྱི་སེམས་འཚོལ་པའི་སླད་དུ་དཀའ་བ་སྤྱད་ནས་བྱོན་པའི་རྣམ་༼ཀ༽ཐར་ཇོ་བོ་ཆེན་པོ་ཉིད་ཀྱིས་གསུངས་པ། ཇོ་བོ་ཆེན་པོ་ཨ་ཏི་ཤས་མཛད་པའི་བློ་སྦྱོང་དོན་བདུན་མའི་༼ཀ༽གཞུང་རྒྱས་པ་མཆན་«་་་་་རྩ་བ་འདི་གཉིས་ལ་མང་ཉུང་ཡོད་པས་ལུང་སོ་སོར་གནང་བ་དེ་ཀ་དངོས་གཙང་ངོ༌།། »བཅས་དེ་ལས་བཏུས་པའི་རྩ་༼ཀ༽བ་མཆན་མེད་གཅིག འགོར་བདེ་ལེགས་ཀུན་འབྱུང་རིན་ཐང་མེད་པའི་སྐུ། ཞེས་ཡོད་པའི་བློ་སྦྱོང་དོན་བདུན་མའི་འགྲེལ་པ་བཀའ་གདམས་༼ཀ༽ཡང་སྙིང་ངོ་མཚར་ཆེའོའི་མཐའ་ཅན། འཇིགས་པའི་གཅན་གཟན་སྣ་ཚོགས་རྒྱུ་བའི་ནགས་ཁྲོད་དུ་ལུང་རིགས་དང་རྟོགས་པའི་རྣལ་འབྱོར་པ་ཆེན་པོ་དྷརྨ་རཀྵི་ཏས་བླ་མ་དམ་པའི་གསུང་ལྟར་བསྡེབས་ནས་ཇོ་བོ་ཨ་ཏི་ཤ་ལ་གནང་བའི་དགྲ་བོ་གནད་ལ་དབབ་པའི་བློ་སྦྱོང་མཚོན་ཆ་༼ཁ༽འཁོར་ལོ། རི་ནག་པོའི་ཁོང་གསེང་ན་གནས་པའི་བླ་མ་དམ་པ་བཤད་མ་ཐག་པས་མཛད་པའི་བློ་སྦྱོང་རྨ་བྱ་དུག་༼ཁ༽འཇོམས། བླ་མ་བྱམས་པའི་རྣལ་འབྱོར་པའི་གྱེར་སྒོམ་རྡོ་རྗེའི་གླུ་༼ག༽བླངས་པས་ཆུ་བོ་གངྒཱའི་འགྲམ་དུ་བྱམས་པ་ལྷའི་རྒྱལ་པོའི་ཆ་བྱད་ཀྱིས་གསུངས་པ་ཇོ་བོ་ཆེན་པོས་བོད་དུ་ལྐོག་ཁྲིད་དུ་མཛད་པ། བྱམས་པའི་རྣལ་འབྱོར་པ་ལུགས་ཀྱི་བློ་སྦྱོང་སེམས་དཔའི་རིམ་པ་ལས་ཉོན་མོངས་༼ག༽པ་གཏན་ལ་དབབ་པའི་ཆོས། བློ་སྦྱོང་སེམས་དཔའི་རིམ་པ་ལས་བཟློག་ཕྱོགས་༼ག༽གཉེན་པོའི་ཆོས། བློ་སྦྱོང་སེམས་དཔའི་རིམ་པ་ལས་རང་རྒྱུད་ངན་དམའ་དབབ་༼ག༽པའི་ཆོས། བློ་སྦྱོང་སེམས་དཔའི་རིམ་པ་ལས་ཟག་བཅས་དགེ་བའི་སྟོབས་བསྐྱེད་༼ག༽པའི་ཆོས། གསེར་གླིང་པས་ཇོ་བོ་ལ་མཐའ་འཁོབ་འདུལ་བའི་ཆེད་དུ་གནང་བའི་༼ང༽བློ་སྦྱོང་གི་རྩ་བ་ཉོན་མོངས་ལམ་དུ་བླང་བའི་མན་༼ཅ༽ངག་ཉོན་མོངས་པ་ཐམས་ཅད་ལ་སྦྱར་བར་ཤེས་པར་བྱ་བ། བླ་མའི་རྣལ་འབྱོར་སྦྱོར་དངོས་མཇུག་༼ཅ༽གསུམ་གྱིས་བསྟན་པ་སྤྱིལ་བུ་པའི་ཞལ་ནས་ངའི་སྙིང་ཕྱུང་ནས་བསྟན་ཀྱང་ཤ་དམར་ལྷོག་ལྷོག་པ་ཁམ་གཅིག་ལས་མི་གདའ་ཞེས་བསྔགས་པར་མཛད་པ། ཡི་གེ་གསུམ་ལ་༼ཅ༽བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱོང་བ།«་་་་་འདི་ལ་ལུང་རྒྱུན་སྣང་བས་དཀར་ཆག་དང་གསན་ཡིག་ན་མི་གསལ་བ་ཆད་དམ་སྙམ། »རྡོ་རྗེ་སེམས་དཔའ་ལ་བརྟེན་ནས་ཤ་འཁོན་སྦྱོང་བའི་མན་༼ཅ༽ངག རྡོ་རྗེ་གདན་གྱི་ཤར་ཕྱོགས་ནས་རྣལ་འབྱོར་མ་གཉིས་ཀྱིས་དྲི་བ་དྲིས་ལན་གྱི་ཚུལ་གྱིས་ཇོ་བོ་ཆེན་པོ་ལ་སེམས་སྦྱོང་༼ཆ༽བར་བསྐུལ་ནས་གནང་བའི་བློ་སྦྱོང༌། ཇོ་བོ་ཆེན་པོས་གསུངས་པའི་ཕན་ཡོན་བརྒྱད་དང་ལྡན་པའི་ཀུ་ས་ལིའི་ཚོགས་༼ཆ༽གསོག་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱིས་ཁྲོ་ཕུ་ལོ་ཙཱ་བར་གནང་བའི་བློ་སྦྱོང་སྐྱིད་༼ཇ༽སྡུག་ལམ་འཁྱེར་གྱི་མན་ངག་གོའི་མཐའ་ཅན། གྲུབ་ཐོབ་སུམ་པ་ལོ་ཙཱ་བ་ལ་མཁའ་འགྲོ་མ་དམར་སྔོ་གཉིས་ཀྱིས་དྲི་བ་དྲིས་ལན་གྱི་ཚུལ་གྱིས་གནང་བའི་སྙན་བརྒྱུད་༼ཉ༽བློ་སྦྱོང་འཆི་རྒྱུ་མེད་པ་ལགས་སོའི་མཐའ་ཅན། རིགས་གསུམ་མགོན་པོ་ལས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མཛད་པ་རླབས་ཆེ་བར་བསྟན་པའི་ཀུན་ཏུ་བཟང་པོའི་བློ་སྦྱོང་༼ཏ༽འཁོར་བ་མ་སྟོངས་བར་དུ་འབྱུང་གསུང་བའི་མཐའ་ཅན། ཇོ་བོ་ཆེན་པོ་ལ་བྱང་ཆུབ་ཀྱི་སེམས་སྟོན་པའི་བླ་མ་གསུམ་གྱི་ནང་ནས་གསེར་གླིང་པ་ལྷག་པའི་ལོ་རྒྱུས་དང་བཅས་པའི་བློ་སྦྱོང་ཐུན་བརྒྱད་༼ཐ༽མ་ཞོ་ཤ་མི་བསྲི་བར་ཕན་འདོགས་གསུང་བའི་མཐའ་ཅན། ཐུན་བརྒྱད་མ་ལག་ལེན་དུ་བྱེད་ཚུལ་དགེ་བཤེས་སྟོན་པའི་༼ཐ༽མན་ངག་ལ་ཟས་ལ་བརྟེན་པའི་བློ་སྦྱོང་ལེའུ་དང་པོ། དབུགས་ལ་བརྟེན་པའི་བློ་སྦྱོང་ལེའུ་གཉིས་པ། ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་རིགས་དྲུག་གི་སྡུག་བསྔལ་དང་དུ་ལེན་པའི་བློ་སྦྱོང་ལེའུ་གསུམ་པ། ཤ་ཁྲག་གཏོང་བའི་བློ་སྦྱོང་ལེའུ་བཞི་པ། གཏོར་མ་ལ་བརྟེན་པའི་བློ་སྦྱོང་ལེའུ་ལྔ་པ། འབྱུང་བ་ལ་བརྟེན་པའི་བློ་སྦྱོང་ལེའུ་དྲུག་པ། ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་སྤྲུལ་པའི་བློ་སྦྱོང་ལེའུ་བདུན་པ།འཆི་ཁ་མའི་བློ་སྦྱོང་གི་མན་ངག་ལེའུ་བརྒྱད་པ་རྣམས། ལྟས་ངན་གཡང་དུ་ལོན་པ་སོགས་མན་ངག་བཞི་ལ་བརྟེན་པའི་བློ་སྦྱོང་གེགས་སེལ་༼ཐ༽འདོད་ཐོག་ཏུ་བྱེད་པ་ཡིན་གྱི་མཐའ་ཅན། བརྗེད་པའི་གནས་བཞི་དང་འཆོར་བའི་གནས་བཞི་ལ་བརྟེན་པའི་མ་འོངས་པའི་འགལ་རྐྱེན་སྤོང་བའི་བློ་སྦྱོང་༼ཐ༽དཔལ་མར་མེ་མཛད་ནས་བརྒྱུད་པའི་གདམས་པ། འགོར་དུས་གསུམ་སངས་རྒྱས་ཀུན་གྱི་ལམ་གྱི་མཆོག །ཅེས་ཡོད་པའི་ཇོ་བོའི་བློ་སྦྱོང་༼ད༽དོན་བདུན་མ་མདོ་དང་བསྟན་བཅོས་རྣམས་ལ་ལེགས་པར་བལྟའོའི་མཐའ་ཅན།«་་་་་བློ་སྦྱོང་ཡིད་བཞིན་ནོར་བུ་དང་ལྷན་ཐབས་བཞི་པ་ཆེ་བར་ཡང་གྲགས།»བློ་སྦྱོང་ཐུན་གཅིག་༼ན༽མ་ཞེས་པ་དཔལ་སྣར་ཐང་གི་མཁན་པོ་མཆིམས་ནམ་མཁའ་གྲགས་པས་མཛད་པ། མཉམ་མེད་ཇོ་བོ་ཆེན་པོ་བོད་དུ་འབྱོན་ཁར་རྣམ་དག་གཙུག་གི་ནོར་བུ་ལ་སྤྱི་ཆོས་སུ་༼པ༽གདམས་པ། དཔལ་ལྡན་བིརྺ་པའི་བློ་སྦྱོང་དར་པཎ་གྱི་གསུང་གློ་བོ་ལོ་ཙཱ་བའི་ཁྲིད་ཡིག་མཉམ་མེད་སྙིང་རྗེའི་༼ཕ༽མན་ངག དགེ་བའི་བཤེས་གཉེན་གླང་ཐང་པ་ཆེན་པོས་མཛད་པའི་བློ་སྦྱོང་ཚིག་རྐང་བརྒྱད་མའི་རྩ་༼བ༽བ་ལ་འཆད་ཀ་བས་འགྲེལ་པ་མཛད་པ་སྨོན་ལམ་ཡང་ཡང་གདབ་པར་བྱའོའི་མཐའ་ཅན། དེའི་ཞར་བྱུང་དུ་ཨ་ཙ་ར་གཟུགས་ངན་གྱི་གཏམ་རྒྱུད་ཡོད་པ། མགོན་པོ་ཨ་ཏི་ཤ་ལ་གསེར་གླིང་པ་ཆོས་ཀྱི་གྲགས་པས་གསུངས་པའི་གོང་གི་མཐའ་འཁོབ་འདུལ་བའི་༼ད༽རྩ་བ་འདྲ་མིན་ལ་འགྲེལ་པ་དང་བཅས་པ་གསུང་བར་གདའ་འོའི་མཐའ་ཅན། འགོར་བྱམས་པ་ཐོགས་མེད་ལ་སོགས་དང༌། ཞེས་ཡོད་པའི་བློ་སྦྱོང་དོན་བདུན་མ་སྡེ་སྣོད་ཐམས་ཅད་ཀྱི་བཅུད་ཏིག་པའི་ཉིང་༼ད༽ཁུའོའི་མཐའ་ཅན། འགོར་ཀུན་མཁྱེན་ཐུགས་ནི་བརྩེ་བའི་དབང་བསྒྱུར་ཅིང༌། ཞེས་ཡོད་པའི་སྣར་ཐང་པ་སངས་རྒྱས་སྒོམ་པས་མཛད་པའི་བློ་སྦྱོང་ཚོགས་༼ཆ༽བཤད་ཆེན་མོ།«་་་་་ཞང་རཏྣ་གུ་རུའི་ཚོགས་ཆོས་ཀྱང་ཟེར། »འདུས་བྱས་ལ་རྟག་པ་མེད་ཀྱི་ཞེས་སོགས་རྒྱལ་བ་ཡང་དགོན་པས་མཛད་པའི་བློ་སྦྱོང་ཉམས་ལེན་གནད་ཐོག་༼མ༽ཏུ་སྐྱོང་ངོའི་མཐའ་ཅན། ཇོ་བོ་རྗེ་ལྷ་གཅིག་གི་བློ་སྦྱོང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་ན་རྟེན་འབྲེལ་༼ཙ༽སྙིང་པོ་ཞེས་བྱའོའི་མཐའ་ཅན་རྣམས་དང༌།«་་་་་རྟེན་འབྲེལ་སྙིང་པོའི་ཁྲིད་ཀྱང་ཟེར། »དཀར་ཆག་ཏུ་མི་གསལ་བ་བློ་སྦྱོང་༼ཀ༽གསུང་སྒྲོས་མའི་ཁ་སྐོང་དུ་མུས་ཆེན་སེམས་དཔའ་ཆེན་པོས་སངས་རྒྱས་སྒོམ་པའི་ཚོགས་བཤད་ནས་བཏུས་ཏེ་མཛད་པ་རྣམས་ལེགས་པར་ཐོབ་པའི་ཀའི་རྟགས་ཡོད་པ་རྣམས་ཀྱི་བརྒྱུད་པ་ནི། སྟོན་མཆོག་ཐུབ་པའི་དབང་པོ། མ་ཕམ་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། གུ་ཎ་མི་ཏྲ། སེང་གེ་བཟང་པོ། གང་བ་སྤེལ། དགེ་བ་ཅན་ཆེ་ཆུང་གཉིས། གསེར་གླིང་པ་ཆོས་གྲགས་པ། ཇོ་བོ་ཆེན་པོ་ཨ་ཏི་ཤ འབྲོམ་སྟོན་རྒྱལ་བའི་འབྱུང་གནས། པོ་ཏོ་བ། ཤ་ར་བ། འཆད་ཀ་བ། སེ་སྤྱིལ་བུ་བ། ལྷ་ལུང་གི་དབང་ཕྱུག་སྟོན་པ། ལྷ་སྡིངས་འགྲོ་བའི་མགོན་པོ། དེ་དབོན་ཀུན་དགའ་རྒྱ་མཚོ། དབུ་མཛད་ཡོན་ཏན་དཔལ། མཁན་ཆེན་བདེ་བ་དཔལ། བཀའ་བཞི་པ་གྲགས་པ་གཞོན་ནུ། བྱང་སེམས་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་བཟང་པོ། མང་མཁར་བ་ཚུལ་ཁྲིམས་དཔལ། སེམས་དཔའ་གཞོན་ནུ་རྒྱལ་མཆོག མུན་ཆེན་སེམས་དཔའ་ཆེན་པོ། རྗེ་བཙུན་སངས་རྒྱས་རིན་ཆེན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། མུས་པ་གྲུབ་«་་་་་མཚན་དངོས་བསོད་ནམས་ལྷུན་གྲུབ་ཡིན། »པའི་དབང་ཕྱུག འཇམ་དབྱངས་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཁོན་སྟོན་བསོད་ནམས་དབང་ཕྱུག ལྷ་ཁང་མཁན་ཆེན་དོན་གྲུབ་ལེགས་བཟང༌། ངག་དབང་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས། སྐུ་དབོན་རིན་པོ་ཆེ་ཆོས་གྲུབ། དེ་ཡིས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཁའི་རྟགས་ཡོད་པའི་བརྒྱུད་པ་ནི། ཐུབ་དབང༌། བྱམས་པ།བྱམས་པའི་རྣལ་འབྱོར་པ། བླ་མ་དྷརྨ་རཀྵི་ཏ། ཇོ་བོ་ཆེན་པོ། འབྲོམ། པོ་ཏོ་བ། ཤ་ར་བ། འཆད་ཀ་བ། སེ་སྤྱིལ་བུ་བ། སྐྱེས་མཆོག་ལྷ་ཆེན། ལྷ་འགྲོ་བའི་མགོན་པོ། འོད་འཇོ་བ། མཁན་པོ་དམར་སྟོན། མཁན་ཆེན་ཤེས་རབ་རྡོ་རྗེ། དོན་ཞགས་པ་སངས་རྒྱས་རིན་ཆེན། བླ་མ་གྲགས་པ་ཚུལ་ཁྲིམས། ཆོས་རྗེ་རྒྱལ་བ་བཟང་པོ། གནུབས་ཆོས་ལུང་པ་བསོད་ནམས་རིན་ཆེན། མཁན་ཆེན་གཞོན་ནུ་རྒྱལ་མཆོག་མན་འདྲ། གའི་རྟགས་ཡོད་པའི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། བྱམས་པའི་རྣལ་འབྱོར་པ། ཇོ་བོ་ཆེན་པོ་མན་མཚོན་ཆ་འཁོར་ལོ་དང་འདྲ། ངའི་རྟགས་ཡོད་པའི་བརྒྱུད་པ་ནི། སངས་རྒྱས། བྱམས་པ།ཐོགས་མེད་སྐུ་མཆེད། བློ་གྲོས་བརྟན་པ། ཀུ་སཱ་ལི་ཆེ་ཆུང་གཉིས། བླ་མ་གསེར་གླིང་པ། ཇོ་འབྲོམ་ཡབ་སྲས། པོ་ཏོ་བ། ཤ་ར་བ། མལ་དྲོ་བ། བྲག་དམར་བ། ཞང་བྲག་དཀར་བ། བླ་མ་དཀོན་མཆོག་བྱང་ཆུབ། གཞོན་ནུ་གྲགས་པ། སློབ་དཔོན་ཞང༌། ཤེས་རབ་བསོད་ནམས། སློབ་དཔོན་བརྩོན་འགྲུས། སློབ་དཔོན་ཆོས་མཆོག དོན་ཞགས་པ་མན་མཚོན་ཆ་འཁོར་ལོ་དང་འདྲ། ཅའི་རྟགས་ཡོད་པའི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ཐོགས་མེད་སྐུ་མཆེད། ཀུ་ས་ལི་གཉིས། གསེར་གླིང་པ། ཇོ་འབྲོམ། པོ་ཏོ་བ། ཤ་ར་བ། འཆད་ཀ་བ། སྤྱིལ་བུ་བ། སློབ་དཔོན་ལྷ། ལྷ་སྡིངས་དབོན་པོ། ཆོས་ཀྱི་སེང་གེ རྒྱ་སྟོན་བྱང་རྒྱལ། མཁན་པོ་གཞོན་བྱང༌། རིན་ཆེན་འབྱུང་གནས་དཔལ། དོན་ཞགས་པ་མན་འདྲ། ཆའི་རྟགས་ཡོད་པའི་བརྒྱུད་པ་ནི། ཇོ་བོ་སྒྲོལ་མ། ཁྲོ་གཉེར་ཅན། ཇོ་འབྲོམ་གཉིས། སྤྱན་སྔ་བ། བྱ་ཡུལ་བ། གཙང་པ་རིན་པོ་ཆེ། གླང་ལུང་པ། སངས་རྒྱས་སྒོམ་པ། ཟམ་སེ་རིན་སངས་པ། སྒོམ་པ་བྱང་སྐྱབས། ཡེ་ཤེས་ཞབས། ཤཱི་ལ་བཛྲ། དོན་ཞགས་པ་མན་མཚོན་ཆ་འཁོར་ལོ་དང་འདྲ། ཇའི་རྟགས་ཡོད་པའི་བརྒྱུད་པ་ནི། ཁ་ཆེ་པཎ་ཆེན། ཁྲོ་ཕུ་ལོ་ཙཱ་བ། ལྷོ་བྲག་པ་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། བྱང་སེམས་བསོད་ནམས་གྲགས་པ། མཁན་ཆེན་གྲགས་པ་བཤེས་གཉེན། གནུབས་ཆོས་ལུང་པ་བསོད་ནམས་རིན་ཆེན་མན་མཚོན་ཆ་འཁོར་ལོ་དང་འདྲ། ཡང་ན་མཁན་ཆེན་བདེ་བ་དཔལ་ནས་བཀའ་བཞི་པ་གྲགས་གཞོན། བྱང་སེམས་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་པ། རྗེ་ཚུལ་ཁྲིམས་དཔལ། གཞོན་ནུ་རྒྱལ་མཆོག་མན་མཚོན་ཆ་འཁོར་ལོ་དང་འདྲ། ཉའི་རྟགས་ཡོད་པའི་བརྒྱུད་པ་ནི། རྡོ་རྗེ་ཕག་མོ། སྒྲོལ་མ། སུམ་པ་ལོ་ཙཱ་བ་དར་མ་ཡོན་ཏན། རྗེ་ས་པཎ། གྲུབ་ཐོབ་འདར་ཕྱར། མཁས་གྲུབ་ཆོས་རྗེ། རི་ཁྲོད་རས་ཆེན་ཤེས་རབ་བྱང་ཆུབ། དོན་ཞགས་པ་མན་འདྲ། ཡང་ན་ས་པཎ་ནས། འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དམ་པ། རྒྱལ་སྲས་ཐོགས་མེད་པ་མན་སྐྱིད་སྡུག་ལམ་ཁྱེར་དང་འདྲ། ཏའི་རྟགས་ཡོད་པའི་བརྒྱུད་པ་ནི། ཇོ་བོ་ཆེན་པོ། འཛེང་དགོན་པ་བ་དབང་རྒྱལ། སྣེའུ་ཟུར་པ། སྒྱེར་སྒོམ་པ། སངས་རྒྱས་དབོན་སྟོན་གཞོན་ནུ་འབྱུང་གནས། ཟངས་དགོན་པ། མཁན་པོ་ཆོས་ལྡན་པ། སློབ་དཔོན་ཤཱཀྱ་བཀྲ་ཤིས། རྒྱ་མ་བ་བཀྲ་ཤིས་རྒྱལ་མཚན། དོན་ཞགས་པ་མན་འདྲ། ཐའི་རྟགས་ཡོད་པའི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ཐོགས་མེད་སྐུ་མཆེད། གྲོལ་སྡེ་གཉིས། མཆོག་གི་སྡེ།དུལ་བའི་སྡེ། རྣམ་སྣང་མཛད། སེང་བཟང་རིན་པོ་ཆེའི་མདོ། གསེར་གླིང་པ། ཇོ་བོ་རྗེ། འབྲོམ་སྟོན་པ་སྐུ་མཆེད་གསུམ། གསུམ་གས་གླང་ཐང་པ་རྡོ་རྗེ་སེང་གེ་དང་ཤ་བོ་སྒང་པ་གཉིས་ལ་གནང༌། དེ་གཉིས་ཀྱིས་སློབ་དཔོན་ཞང་ཞུང་པ་དང་ཏི་ཏང་བུ་ཁུར་གཉིས་ལ་གནང༌། དེ་གཉིས་ཀྱིས་སངས་རྒྱས་ཇོ་བོ་ལ་གནང༌། དེ་ནས་ལུང་ནང་མཁན་པོ།«་་་་་གངྒཱའི་ཆུ་རྒྱུན་དུ་ལོ་པའི་གསན་ཡིག་ན་ལུང་སྒོམ་པ་དང་མཁན་པོ་རིན་ཆེན་ཞེས་སོ་སོར་ཕྲལ་འདུག་གསུངས། »འབྲོམ་སྟོན་ཤེར་རིན། སློབ་དཔོན་གཞོན་ནུ་བསམ་གཏན། དོན་ཞགས་པ་མན་འདྲ། དའི་རྟགས་ཡོད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ་པ། ནཱ་རོ་པ། ཌོམྦི་པ། ཇོ་བོ་རྗེ། འཛེང་དབང་རྒྱལ། པོ་ཏོ་བ། གླང་ཐང་པ། རྒྱ་ལྕགས་རི་བ། ལྷ་རི་རྩ་བརྒྱད་པ། དྭགས་པོ་ལྷ་རྗེ། ཕག་མོ་གྲུ་པ། རྒྱ་སྒོམ་ཞིག་པོ། རྒྱ་མཁར་རི་པ། བྲག་དམར་བ་མན་མཐའ་འཁོབ་འདུལ་བ་དང་འདྲ། ནའི་རྟགས་ཡོད་པའི་བརྒྱུད་པ་ནི། ཇོ་འབྲོམ་གཉིས། པོ་ཏོ་བ། ཤ་ར་བ།འཆད་ཀ་བ། སེ་སྤྱིལ་བུ་བ། ལྷ་དབོན་པོ། གནས་བརྟན་འདུལ་འཛིན། མཆིམས་ཆེན་མོ། མཆིམས་ཡོན་ཏན་བླ་མ། འགྲོ་མགོན་བཤེས་གཉེན། དོན་ཞགས་པ་མན་མཚོན་ཆ་འཁོར་ལོ་དང་འདྲ། པའི་རྟགས་ཡོད་པའི་བརྒྱུད་པ་ནི། ཇོ་འབྲོམ་ཡབ་སྲས། པོ་ཏོ་བ། ཤ་ར་བ། འཆད་ཀ་བ། སེ་སྤྱིལ་བུ་བ། ལྷ་སྤྱིལ་བུ་བ། ལྷ་འགྲོ་མགོན། འདོད་འཇོ་བ། མཁན་པོ་དམར་སྟོན། ཇོ་གདན་རླུང་ཤོད་པ། བཤེས་གཉེན་ཤེས་རབ་བཟང་པོ། དོན་ཞགས་པ་མན་མཚོན་ཆ་འཁོར་ལོ་དང་འདྲ། ཕའི་རྟགས་ཡོད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བིརྺ་པ། ཌོམྦི་པ། དཔལ་འཛིན། མ་ཏི་པ། ནིསྐ་ལངྐ༌། རེ་ཝེནྡྲ། ཆག་ཆོས་རྗེ་དཔལ།གཞོན་ནུ་རྒྱལ་མཚན། བློ་གྲོས་དཔལ། ཡེ་ཤེས་ཞབས་བཟང་པོ། དོན་ཞགས་པ་མན་འདྲ། བའི་རྟགས་ཡོད་པའི་བརྒྱུད་པ་ནི། ཐུབ་པ། བྱམས་པ།ཐོགས་མེད་སྐུ་མཆེད། གྲོལ་སྡེ་གཉིས། སེང་བཟང༌། དགེ་བ་ཅན་ཆེ་ཆུང༌། གསེར་གླིང་པ། ཇོ་འབྲོམ་གཉིས། པོ་ཏོ་བ། གླང་རི་ཐང་པ། གླང་ཐང་ཞང་ཞུང་པ། སངས་རྒྱས་ཇོ་བོ། ལུང་སྒོམ་པ། མཁན་པོ་རིན་ཆེན། འབྲོག་སྟོན་ཤེར་རིན། སློབ་དཔོན་གཞོན་བསམ། དོན་ཞགས་པ་མན་འདྲ། མའི་རྟགས་ཡོད་པའི་བརྒྱུད་པ་ནི། རྒྱལ་བ་ཡང་དགོན་པ་ནས་བླ་མ་གཉིས་ཙམ་ཞིག་མ་རྙེད། དེ་ནས་བྱང་སེམས་གཞོན་ནུ་རྒྱལ་མཆོག་མན་འདྲ། ཙའི་རྟགས་ཡོད་པའི་བརྒྱུད་པ་ནི། ཐུབ་པ། བྱམས་པ། གསེར་གླིང་པ། ཇོ་འབྲོམ་གཉིས། པོ་ཏོ་བ། ལྕགས་རི་བ། ཆོས་ཀྱི་གཡུང་དྲུང༌། སྙེ་ཕུ་རྒྱ་སྒོམ། བྲག་རམ་པ། ཉན་ཆེན་པ། ཤེས་རབ་འབུམ། ཐོགས་མེད་བཟང་པོ་དཔལ། མང་མཁར་ཚུལ་ཁྲིམས་དཔལ། སེམས་དཔའ་གཞོན་ནུ་རྒྱལ་མཆོག་མན་མཚོན་ཆ་འཁོར་ལོ་དང་འདྲའོ།། >རྗེས་མ། >>>
རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply