༈ །།རྗེ་བཙུན་ས་སྐྱ་པ་ཆེན་པོས་ཟླ་བ་དྲུག་གི་བར་དུ་འཇམ་དཔལ་དབྱངས་ཀྱི་སྒྲུབ་པ་མཛད་པའི་ཚེ་འཇམ་དཔལ་དབྱངས་གཙོ་འཁོར་གསུམ་པ་ཞལ་གཟིགས་པའི་དུས་སུ་འཇམ་དཔལ་གཙོ་བོས་དངོས་སུ་གསུངས་པའི་བློ་སྦྱོང་ཞེན་པ་བཞི་བྲལ། དེའི་འགྲེལ་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པ། ས་སྐྱ་པཎྜི་ཏས་མཛད་པའི་འགྲེལ་པ། འགོར་རྗེ་བཙུན་ཆེན་པོ་ས་སྐྱ་པའི་ཞལ་ནས་ཞེས་ཡོད་པའི་ཞེན་པ་བཞི་བྲལ་གྱི་གདམས་པ་ནུབ་པ་རིག་འཛིན་གྲགས་ཀྱིས་མཛད་པ། ཞེན་པ་བཞི་བྲལ་གྱི་དམིགས་ཁྲིད་བྱང་ཆུབ་སེམས་དཔའ་རྭ་ལོད་རྡོ་རྗེས་བསྐུལ་བ་ལ་བརྟེན་ནས་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པ། ཁྲིད་ཡིག་བླ་མ་ཀུན་དགའ་ལེགས་པའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་དགེ་སློང་ཀུན་དགའ་ལེགས་པའི་རིན་ཆེན་གྱིས་ཟིན་བྲིས་སུ་བཀོད་དེ་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་འཆང་ལ་གཟིགས་སུ་ཕུལ་ནས་དག་པར་བྱས་པ་རྣམས་ཀྱི་ལུང་ཁྲིད་ལེགས་པར་ཐོབ་པའི་བརྒྱུད་པ་ནི།འཕགས་པ་འཇམ་དཔལ་དབྱངས། རྗེ་བཙུན་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ།མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ འཇམ་དབྱངས་སངས་རྒྱས་རིན་ཆེན། མུས་ཆེན་ནམ་མཁའ་དབང་ཕྱུག རྗེ་བཀྲ་ཤིས་བརྟན་པ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱ་མཚོ། མུས་པ་གྲུབ་པའི་དབང་པོ། དཔལ་ས་སྐྱ་པ་ཁྲི་ཆེན་ཀུན་དགའ་བསོད་ནམས།འཇམ་དབྱངས་བསོད་ནམས་དབང་ཕྱུག སྔགས་འཆང་བླ་མ་ངག་དབང་ཀུན་དགའ་བཀྲ་ཤིས། མཁས་གྲུབ་སངས་རྒྱས་ཕུན་ཚོགས།«་་་་་མཁན་ཆེན་སངས་རྒྱས་ཕུན་ཚོགས་པ་ནས་བརྒྱུད་པ་འདི་རྗེ་གྲོལ་མཆོག་པའི་ཁྲིད་བརྒྱའི་དབུ་ནས་འབྱུང་བའི་ཁྲིད་ཡིག་ལ་རྗེ་བཙུན་རིན་པོ་ཆེས་མཛད་པ་དང་ནུབ་པ་རིག་འཛིན་གྲགས་ཀྱིས་མཛད་པའི་ཡི་གེ་རྣམས་ཀྱིས་རྒྱས་བཀབ་སྟེ་མཁན་ཆེན་སངས་རྒྱས་ཕུན་ཚོགས་པས་རྗེ་བཀྲ་ཤིས་ལྷུན་གྲུབ་པ་སོགས་ལ་སྩལ་འདུག་པ་དེ་མིན་པ་གཞན་ནས་གསན་པའི་བརྒྱུད་པ་ནི་གསན་ཡིག་དབང་གི་རྒྱལ་པོར་མི་བཞུགས་འདུག་པས་འདི་དེའི་དབང་དུ་བཏང་བ་ཡིན།»འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ངོར་ཆེན་རྡོ་རྗེ་འཆང་ནས། རྒྱལ་ཚབ་ཀུན་དགའ་དབང་ཕྱུགརྗེ་ཀུན་དགའ་མཆོག་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག རྗེ་བསྟན་འཛིན་ཉི་ཟླ་བཟང་པོ། ལྕགས་ཟམ་པ་ངག་དབང་ཉི་མ། དགེ་སྟེང་བླ་མ་ཀུན་དགའ་དཔལ་བཟང༌། ལྕགས་ཟམ་སྤྲུལ་སྐུ་ཀུན་དགའ་བསོད་ནམས་དབང་ཕྱུག ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་ངག་དབང་བསོད་ནམས་དབང་ཕྱུག དེ་སྲས་སྔགས་འཆང་ཀུན་དགའ་བཀྲ་ཤིས། མཁན་ཆེན་འཇམ་དབྱངས་སངས་རྒྱས་ཕུན་ཚོགས། བཀའ་དྲིན་ཅན་འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །རྨོར་ཆེན་པའི་གསན་ཡིག་ལས་འབྱུང་བ་ནི། མུས་ཆེན་ནམ་མཁའ་དབང་ཕྱུག་ཡན་གོང་བཞིན་ལས། དེ་ནས་སྟོང་རྭ་བ་ཀུན་དགའ་ལེགས་གྲུབ། དེ་གཉིས་ཀ་ལས་ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། རྨོར་པ་གྲུབ་དབང་ཀུན་དགའ་རྣམ་རྒྱལ། སེམས་དཔའ་ཆེན་པོ་མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ། སྐྱོར་མདའ་བ་མཁས་བཙུན་བསོད་ནམས་དབང་ཕྱུག ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ཀུན་མཁྱེན་བསོད་ནམས་སེང་གེ་ནས། ཀོང་སྟོན་དབང་ཕྱུག་གྲུབ་པ། རྗེ་བཀྲ་ཤིས་བརྟན་པ་མན་འདྲ། ཡང་ན་ངོར་ཆེན་ནས། རྒྱལ་ཚབ་ཀུན་དགའ་དབང་ཕྱུག རྗེ་དཀོན་མཆོག་འཕེལ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། མུས་པ་དཀོན་མཆོག་རྒྱ་མཚོ། རྣམ་འདྲེན་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲ། ཡང་ན་ངོར་ཆེན་རྡོ་རྗེ་འཆང་ནས། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱ་བཏང་ཀུན་དགའ་མཆོག་ལྡན། འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་ངོར་ཆེན་ནས། གུ་གེ་པཎ་ཆེན། རྭ་སྟོན་ཡོན་ཏན་དཔལ་བཟང༌། གློ་བོ་མཁན་ཆེན། དཀོན་མཆོག་ལྷུན་གྲུབ་མན་འདྲའོ།། ༈ །།དཔལ་མཉམ་མེད་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནའི་ཐུགས་དམ་དུ་མཛད་པའི་ཆོས་ཆུང་བརྒྱ་རྩར་གྲགས་པ། བྱང་ཆུབ་ལམ་གྱི་སྒྲོན་མ་རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀཱ་ར་དང་བོད་ཀྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། ༡ སྤྱོད་པ་བསྡུས་པའི་སྒྲོན་མ་ཇོ་བོས་ནཻ་པཱ་ལའི་ཡུལ་དུ་གྲོགས་པོའི་དོན་དུ་མཛད་པ་པཎྜི་ཏ་དེ་ཉིད་དང་ནག་ཚོ་ལོ་ཙཱའི་འགྱུར། ༢ བདེན་པ་གཉིས་ལ་འཇུག་པ་གསེར་གླིང་རྒྱལ་པོས་དགེ་སློང་དེ་ཝ་མ་ཏི་བཏང་བའི་ངོར་ཇོ་བོས་མཛད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རྒྱ་བརྩོན་སེང་གི་འགྱུར། ༣ དབུ་མའི་མན་ངག་ཇོ་བོ་དང་ནག་ཚོ་ལོ་ཙཱ་བའི་འགྱུར། ༤ སྙིང་པོ་བསྡུ་བ་ཇོ་བོ་དང་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་དེ་བ་རྩའི་འགྱུར། ༥ སྙིང་པོ་ངེས་པར་བསྡུ་བ་ཇོ་བོས་སྙེ་ཐང་དུ་མཛད་པ་པཎྜི་ཏ་དེ་ཉིད་དང་ནག་ཚོ་ལོ་ཙཱའི་འགྱུར། ༦ བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ་ཇོ་བོ་ཉིད་ཀྱིས་སྒྲ་རང་བསྒྱུར་དུ་མཛད་པ། ༧ བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ་འགྱུར་བྱང་མི་གསལ་བ། ༨ འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ་ཇོ་བོ་དང་ལོ་ཙཱ་བ་རྒྱ་བརྩོན་སེང་གིས་བསྒྱུར་བ་ལ་སླར་ཡང་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་འགྱུར་བཅོས་མཛད་པ། ༩ ཚུལ་ཁྲིམས་ཀྱི་སྤྱོད་པའི་གླུ་པཎྜི་ཏ་བཛྲ་པཱ་ཎི་དང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༡༠ ཆོས་ཀྱི་དབྱིངས་སུ་བལྟ་བའི་གླུ་ཇོ་བོ་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༡༡ དྲན་པ་གཅིག་པའི་མན་ངག་ཇོ་བོས་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་ངོར་མཛད་པ་ལོ་པཎ་དེ་གཉིས་ཀྱི་འགྱུར། ༡༢ བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག་པར་བསྟན་པ་ཇོ་བོས་ལྷ་བླ་མ་བྱང་ཆུབ་འོད་ཀྱི་དོན་དུ་མཛད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༡༣ སྐྱབས་སུ་འགྲོ་བ་བསྟན་པ་འགྱུར་བྱང་མི་གསལ་བ། ༡༤ ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེ་བསྡུས་པ་ཇོ་བོ་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། ༡༥ ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་འགྱུར་བྱང་གོང་འདྲ། ༡༦ རང་གི་བྱ་བའི་རིམ་པ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ་འགྱུར་བྱང་གོང་དང་འདྲ་བ། ༡༧ མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག་ཇོ་བོ་དང་ནག་ཚོ་ལོ་ཙཱའི་འགྱུར། ༡༨ མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་འགྱུར་གོང་འདྲ།༡༩ ལས་རྣམ་པར་འབྱེད་པ་འགྱུར་གོང་དང་འདྲ། ༢༠ ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ཇོ་བོ་དང་དགེ་སློང་ཤཱཀྱ་བློ་གྲོས་ཀྱི་འགྱུར། ༢༡ འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག ༢༢ ཁ་ཏོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག ༢༣ ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སཱཙྪ་གདབ་པའི་ཆོ་ག ༢༤ བླ་མའི་བྱ་བའི་རིམ་པ་མདོར་བསྡུས་པ་གོང་གསལ་བཞི་པོ་དེ་ལ་འགྱུར་བྱང་མི་གསལ། ༢༥ སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པ་ཇོ་བོ་དང་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར་སླར་ཡང་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བཅོས་ཤིང་གཏན་ལ་ཕབ་པ། ༢༦ ཆོས་ཚན་ཉེར་དྲུག་པོ་འདི་རྣམས་དཔལ་དཱི་པཾ་ཀཱ་ར་ཉིད་ཀྱིས་མཛད་པ་ཡིན། སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་པཎྜི་ཏ་པུཎྱ་ཤྲཱི་མི་ཏྲ་དང་ལོ་ཙཱ་བ་དར་མ་གྲགས་ཀྱི་འགྱུར། ༢༧ དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་པཎྜི་ཏ་སུ་རེནྡྲ་བོ་དྷི་དང་བནྡེ་ཡེ་ཤེས་སྡེའི་འགྱུར། ༢༨ སློབ་དཔོན་མཁས་པ་ཆེན་པོ་དགྲ་ལས་རྣམ་པར་རྒྱལ་བས་མཛད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཡི་དམ་བླང་བའི་ཆོ་ག་མཁན་པོ་ཆེན་པོ་སུ་མ་ཏི་ཀཱིརྟི་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། ༢༩ སློབ་དཔོན་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དགྲ་ལས་རྣམ་རྒྱལ་གསང་བའི་ཞལ་སྔ་ནས་ཀྱིས་མཛད་པའི་ལས་དང་པོ་པའི་ས་སྦྱང་བ་སློབ་དཔོན་ཀྲྀཥྞ་པ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༣༠ དེས་མཛད་པའི་སེམས་རིན་པོ་ཆེ་རྣམ་པར་སྦྱང་བའི་རིམ་པ་ཞེས་བྱ་བའི་སྤྲིང་ཡིག་ཨཱ་ཙཱརྻཱ་དུ་ལོ་པ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༣༡ སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་པའི་སྤྲིང་ཡིག་སློབ་དཔོན་སརྦ་ཛྙཱ་དེ་ཝ་དང་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། ༣༢ མཁས་པ་ཙནྡྲ་གོ་མིས་མཛད་པའི་སློབ་མ་ལ་སྤྲིངས་པའི་ཡི་གེ་ལོ་པཎ་བཤད་མ་ཐག་པའི་འགྱུར། ༣༣ སློབ་དཔོན་མ་ཏི་ཙི་«་་་་་མ་ཁོལ།»ཏྲས་མཛད་པའི་རྒྱལ་པོ་ཀ་ནི་ཀ་ལ་སྤྲིངས་པའི་ཡི་གེ་པཎྜི་ཏ་བིདྱཱ་ཀཱ་ར་པྲ་བྷ་དང་ལོ་ཙཱ་བ་རིན་ཆེན་མཆོག་གིས་བསྒྱུར་བ་སླར་ཡང་ཨཱ་ཙཱརྻཱ་དཔལ་བརྩེགས་ཀྱིས་བཅོས་པ། ༣༤ སློབ་དཔོན་དོན་ཡོད་འཆར་གྱིས་རྒྱལ་པོ་སྙན་ངག་མཁན་ལ་གདམས་པའི་དྲི་མ་མེད་པའི་དྲིས་ལན་རིན་ཆེན་ཕྲེང་བ་ཞེས་བྱ་བ་པཎྜི་ཏ་ཀ་མ་ལ་གུཔྟ་དང་ལོ་ཆེན་རིན་ཆེན་བཟང་པོའི་འགྱུར། ༣༥ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པ་སརྦ་ཛྙཱ་དེ་བ་དང་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱི་འགྱུར། ༣༦ སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་བརྒྱ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ལོ་པཎ་བཤད་མ་ཐག་པའི་འགྱུར། ༣༧ སློབ་དཔོན་བཙུན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པའི་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་ཚིག་ལེའུར་བྱས་པ་སློབ་དཔོན་དྷརྨ་ཀཱ་ར་དང་ལོ་ཙཱ་བ་གཙང་དེ་ཝེནྡྲ་རཀྵི་ཏའི་འགྱུར། ༣༨ སློབ་དཔོན་མཁས་མཆོག་རྟ་དབྱངས་ཀྱིས་མཛད་པའི་མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་སློབ་དཔོན་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། ༣༩ བཙུན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པའི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་པཎ་ཆེན་བུདྡྷ་ཀཱ་ར་ཝརྨ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༤༠ སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་མྱ་ངན་བསལ་བ་ཞེས་བྱ་བ་སློབ་དཔོན་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། ༤༡ སློབ་དཔོན་གསང་བ་བྱིན་གྱིས་མཛད་པའི་གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ་འགྱུར་བྱང་མེད་པ། ༤༢ སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ་པཎྜི་ཏ་གངྒཱ་དྷ་ར་དང་ལོ་ཆེན་རིན་བཟང་གི་འགྱུར། ༤༣ དེས་མཛད་པའི་ཚུལ་ཁྲིམས་ཀྱི་གཏམ་སློབ་དཔོན་ཛ་ལེན་དྷ་ར་དང་ལོ་ཙཱ་བ་རིན་བཟང་གི་འགྱུར། ༤༤ དེས་མཛད་པའི་ཚོགས་ཀྱི་གཏམ་པཎྜི་ཏ་གངྒཱ་དྷ་ར་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ༤༥ སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་མི་ཁོམ་པ་བརྒྱད་ཀྱི་གཏམ་སློབ་དཔོན་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། ༤༦ སློབ་དཔོན་དཔའ་བོས་མཛད་པའི་ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ་ལེའུ་བརྒྱད་པ་སློབ་དཔོན་རུ་ཏྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར།«་་་་་དཔའ་བོས་མཛད་པའི་མཎྜལ་ཞེས་པའང་འདི་ནས་ཟུར་དུ་ཕྱུང་བ་སྣང་ངོ༌།། »༤༧ སློབ་དཔོན་མ་ཏི་ཙི་ཏྲས་མཛད་པའི་ཕྱིན་ཅི་ལོག་བཞི་སྤོང་བའི་གཏམ་པཎྜི་ཏ་བུདྡྷ་བྷ་དྲ་དང་ལོ་ཙཱ་བ་རིན་བཟང་གི་འགྱུར། ༤༨ དེས་མཛད་པའི་རྩོད་པའི་དུས་ཀྱི་གཏམ་སློབ་དཔོན་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། ༤༩ སློབ་དཔོན་ས་འཚོ་བྱིན་གྱིས་མཛད་«་་་་་གསན་ཡིག་འགའ་ཞིག་ཏུ་ཆོས་བྱིན་ཟེར་བ་འདི་ཡིན། »པའི་དབེན་པའི་གཏམ་པཎྜི་ཏ་དཱི་པཾ་ཀཱ་ར་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། ༥༠ སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རིན་ཆེན་ཕྲེང་བ་ལས་བྱུང་བའི་ཡན་ལག་བདུན་པའི་ཆོ་ག་ཚིགས་སུ་བཅད་པ་ཉི་ཤུ་པ། ༥༡དེས་བ་ཚ་ཅན་གྱི་ཆུ་ཀླུང་གི་མདོ་ལས་ཕྱུང་བའི་སེམས་ཅན་མགུ་བར་བྱ་བའི་ཚིགས་སུ་བཅད་པ་བཅུ་གཅིག་པ་སློབ་དཔོན་བུདྡྷ་ཀཱ་ར་ཝརྨ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༥༢ སློབ་དཔོན་བཙུན་པ་གཞན་ལ་ཕན་པའི་དབྱངས་དགོན་པ་པས་མཛད་པའི་སྨོན་ལམ་བདུན་ཅུ་པ་ཞེས་བྱ་བའི་ཚིགས་སུ་བཅད་པ་པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་དཔལ་གྱི་ལྷུན་པོའི་སྡེའི་འགྱུར།«་་་་་མ་ཧཱ་པཎྜི་ཏ་དཔའ་བོ་སྟག་གིས་མངོན་པར་གཙེས་ཏེ་ནགས་ཁྲོད་དུ་སྙིང་རྗེ་ཆེན་པོས་ཀུན་ནས་བླངས་ཏེ་སྨོན་ལམ་འདི་མཛད་ཅེས་ཀྱང་གསུང་ངོ༌།། »༥༣ སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་དོན་དམ་བྱང་ཆུབ་སེམས་སྒོམ་པའི་རིམ་པ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་པཎྜི་ཏ་པདྨཱ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ༥༤ དེས་མཛད་པའི་ཀུན་རྫོབ་བྱང་ཆུབ་སེམས་སྒོམ་པའི་མན་ངག་པདྨ་སྤུངས་པ་ཞེས་བྱ་བ་ལོ་པཎ་བཤད་མ་ཐག་པའི་འགྱུར།«་་་་་སེམས་ནི་རས་ཡུག་དཀར་པོ་འདྲ་ཞེས་སོགས་ཤླཽ་ཀ་བཞི་པ་ཞིག་འདུག་པ་བསྟན་བཅོས་རྩོམ་པ་པོའི་གསུང་ཡིན་ནམ་ཐེ་ཚོམ་དུ་མཛད་དོ།། »༥༥ སློབ་དཔོན་དབྱིག་གཉེན་གྱིས་མདོ་ལས་ཕྱུང་བའི་འཕགས་པ་སངས་རྒྱས་རྗེས་སུ་དྲན་པ། ༥༦ ཆོས་རྗེས་སུ་དྲན་པ། ༥༧ དགེ་འདུན་རྗེས་སུ་དྲན་པ། ༥༨ འདོད་པའི་ཡོན་ཏན་རྣམ་པ་ལྔའི་ཉེས་དམིགས་བཤད་པ་དང་བཅས་པའི་བཞི་སློབ་དཔོན་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ༥༩ འཕགས་པ་རྟོག་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་སྡེ་ལས་བྱུང་བའི་སྡིག་པ་བཤགས་པའི་ཆོ་ག ༦༠ བསླབ་པ་ཀུན་ལས་བཏུས་ལས་བྱུང་བའི་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག་སློབ་དཔོན་ཞི་བ་ལྷས་མཛད་པ། ༦༡ སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་མདོ་སྔགས་གཉིས་ཐུན་མོང་བའི་མཎྜལ་གྱི་ཆོ་ག་འགྱུར་བྱང་མི་གསལ་བ། ༦༢ སློབ་དཔོན་དགྲ་ལས་རྣམ་རྒྱལ་གསང་བས་མཛད་པའི་མཎྜལ་འབུལ་བའི་ཆོ་ག་ཨ་དུ་ལོ་པ་དང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༦༣ དངོས་གྲུབ་བརྙེས་པའི་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་སྦས་པས་མཛད་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་མཎྜལ་གྱི་ཆོ་ག་ལོ་ཙཱ་བ་དར་མ་གྲགས་ཀྱི་འགྱུར། ༦༤ སློབ་དཔོན་རྙོག་པ་མེད་པའི་རྡོ་རྗེས་མཛད་པའི་མཎྜལ་གྱི་ཆོ་ག་སློབ་དཔོན་ཨ་དུ་ལོ་པ་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། ༦༥ སློབ་དཔོན་ཀཾ་མ་ལས་མཛད་པའི་སྔགས་ཀྱི་མཎྜལ་གྱི་ཆོ་ག་འགྱུར་རྙིང༌།«་་་་་དཔེ་ལ་ལར་ཀ་མ་ལ་ཤཱི་ལས་མཛད་ཅེས་བྱུང་ཡང་ཀ་མ་ལ་ཤཱི་ལ་ནི་པདྨའི་ངང་ཚུལ་ཞེས་པར་འགྱུར་ལ་ཀཾ་མ་ལ་ནི་ཟླ་བར་འཇུག་གོ། »༦༦ སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ་སློབ་དཔོན་བི་ན་ཡ་ཙནྡྲ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༦༧ སློབ་དཔོན་ནག་པོའི་ཞབས་ཀྱིས་མཛད་པའི་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༦༨ སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པའི་བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པ་སློབ་དཔོན་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་རིན་བཟང་གི་འགྱུར། ༦༩ དེའི་འགྲེལ་པ་སློབ་དཔོན་དཱ་ན་ཤཱི་ལས་མཛད་པ་འགྱུར་བྱང་གོང་དང་འདྲ་བ། ༧༠ སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་བྱུང་བའི་གནས་དང་སྤྱད་པར་མི་བྱ་བ་སྟེ་ཏིང་ངེ་འཛིན་ག་མི་མཐུན་པའི་ཕྱོགས་རྣམ་པར་གཞག་པ་རྒྱ་ནག་གི་མཁན་པོ་ཧྭ་ཤང་ཟབ་མོ་དང་ལོ་ཙཱ་བ་རྣམ་པར་མི་རྟོག་པའི་འགྱུར། ༧༡ དངོས་གྲུབ་བརྙེས་པའི་སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་རྣལ་འབྱོར་རྟོག་པའི་གེགས་སེལ་ཞེས་བྱ་བ་འགྱུར་རྙིང་ཡིན་ཞིང་འདི་གསང་སྔགས་ཡོ་གའི་རྒྱུད་ལ་བརྟེན་ནས་བཤད་པ་འདྲ་ཟེར་བ་སྣང་ངོ༌། ༧༢ །མཁས་པ་ཆེན་པོ་བྱང་ཆུབ་བཟང་པོས་མཛད་པའི་རྣལ་འབྱོར་གྱི་མཚན་ཉིད་བདེན་པ་འགྱུར་བྱང་མི་གསལ་བ། ༧༣ སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་རྣལ་འབྱོར་སྒོམ་པ་ལ་འཇུག་པ་སློབ་དཔོན་པྲཛྙཱ་ཝརྨ་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ༧༤ འཕགས་པ་འཇམ་དཔལ་གྱི་ཞབས་ཀྱི་པདྨའི་ཟེའུ་འབྲུ་སྤྱི་བོས་ལེན་པའི་སྡེ་སྣོད་གསུམ་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པའི་རྣལ་འབྱོར་སྒོམ་པའི་ལམ་འགྱུར་བྱང་མི་གསལ་བ། ༧༥སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་རྣལ་འབྱོར་ལ་འཇུག་པ་སློབ་དཔོན་དྷརྨ་ཤྲཱི་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ༧༦ སློབ་དཔོན་དགེ་བའི་གོ་ཆས་མཛད་པའི་མི་སྡུག་པ་སྒོམ་པའི་རིམ་པ་འགྱུར་རྙིང༌། ༧༧ སློབ་དཔོན་ནག་པོའི་ཞབས་ཀྱིས་མཛད་པའི་ལུས་ཡོངས་སུ་དཔྱད་པའི་སྒོམ་པའི་རིམ་པ་སློབ་དཔོན་དེ་ཉིད་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར།«་་་་་འདིའི་བརྗོད་དོན་ལུས་ཀྱི་ཕྱི་ནང་ལ་དཔྱད་ཅིང་བསྒོམ་པའི་དོན་ཡིན་པས་དས་འབུལ་ཅན་མིན་པས་མགོ་ཅན་དུ་མི་འདྲིའོ།། »༧༨ སློབ་དཔོན་ཆེན་པོ་དཔལ་ཡེ་ཤེས་གྲགས་པས་མཛད་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྒོམ་པའི་རིམ་པའི་མན་ངག་སློབ་དཔོན་པདྨཱ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ༧༩ དཀྱིལ་འཁོར་ཆེན་པོའི་སློབ་དཔོན་མ་ཧཱ་མ་ཏིས་མཛད་པའི་སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པར་སྒོམ་པའི་མདོའི་རྗེས་སུ་འགྲོ་བ་ཞེས་པ་ཨཱ་ཙཱརྻ་བི་ན་ཡ་ཙནྡྲ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། འདིའི་མཇུག་ཏུ་མི་མཆོག་གང་ཞིག་གིས་ནི་ཞེས་སོགས་ཚིག་འབྲུ་བཅུ་གཅིག་སྣང་བ་སུས་མཛད་མ་ངེས། ༨༠ སློབ་དཔོན་ཆོས་ཀྱི་དབང་པོས་མཛད་པའི་རྣལ་འབྱོར་ལ་འཇུག་པའི་མན་ངག་སློབ་དཔོན་ཛ་ལན་དྷ་ར་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར།«་་་་་ཕྱོགས་གླང་གིས་མཛད་པ་དང་འདི་གཉིས་བསྟན་བཅོས་རྒྱ་ཆེན་པོ་ནི་ཐོས་ནས་ཀྱང་ཞེས་པ་ནས་བཟུང་སྟེ་མང་པོ་རྣམས་ནི་ཡང་དག་རྫོགས་པར་འགྱུར་ཞེས་པའི་བར་ཤིན་ཏུ་འདྲ་བར་ཡོད་ཀྱང་མགོ་མཇུག་མི་གཅིག་པས་སོ་སོར་བཞེད་དོ།། »༨༡ སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའི་མན་ངག་སློབ་དཔོན་ཤཱནྟི་བྷ་དྲ་དང་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། ༨༢ སློབ་དཔོན་ཡེ་ཤེས་ཟླ་བས་མཛད་པའི་རྣལ་འབྱོར་སྤྱོད་པའི་སྒོམ་པའི་དོན་མདོར་བསྡུས་ཏེ་བསྟན་པ་སློབ་དཔོན་པྲཛྙཱ་ཝརྨ་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ༨༣ མཁས་པ་ཆེན་པོ་ཛེ་ཏཱ་རིས་མཛད་པའི་བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་སློབ་དཔོན་ཤཱནྟི་བྷ་དྲ་དང་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། ༨༤ སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཡོན་ཏན་བདུན་བསྟན་པའི་གཏམ་པཎྜི་ཏ་ཀ་མ་ལ་གུཔྟ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ༨༥ མཁན་པོ་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ། ༨༦ དེའི་མངོན་པར་རྟོགས་པ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་པཎྜི་ཏ་དེ་ཉིད་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༨༧ འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཐེག་པ་ཆེན་པོ་ཉི་ཤུ་པ་ཁ་ཆེ་ཨཱ་ནནྡ་དང་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ༨༨ དེས་མཛད་པའི་འཕགས་པ་ས་ལུ་ལྗང་པའི་ཚིག་ལེའུར་བྱས་པ་པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ལེགས་པའི་བློ་གྲོས་དང་ཛྙཱ་ན་ཀུ་མཱ་རའི་འགྱུར་ལ་སླད་ཀྱིས་དཔལ་བརྩེགས་རཀྵི་ཏས་བཅོས་པ། ༨༩ དེས་མཛད་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། ༩༠དེས་མཛད་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ། ༩༡ དེ་གཉིས་ལ་འགྱུར་བྱང་མི་གསལ། དེས་མཛད་པའི་རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་ཞེས་པ་ཁ་ཆེ་ཤྲཱི་ར་ཐ་དང་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ༩༢ དེས་མཛད་པའི་བྱང་ཆུབ་སེམས་ཀྱི་རྣམ་པར་བཤད་པ་ཆོས་འདིའི་མཛད་པ་པོའི་ཆེ་བ་དང་བརྗོད་བྱ་བཟང་བ་དང་རྗོད་བྱེད་དབྱིངས་སུ་གྱུར་པའི་སྟོབས་ཀྱིས་རྩལ་ཕྱུང་ཞིང་བསྒྱུར་བ་མང་དུ་སྣང་བ་ལས་ལོ་ཙཱ་བ་རབ་ཞི་ཆོས་ཀྱི་བཤེས་གཉེན་གྱིས་བསྒྱུར་བ་ལ་གཞི་བྱས་གུ་རུབ་ཆོས་ཀྱི་ཤེས་རབ། སེང་དཀར་ཤཱཀྱ་འོད། ཤེས་རབ་གྲགས་པ། མར་པ་ཆོས་དབང༌། པ་ཚབ་ཉི་མ་གྲགས། མང་ནད་གྲགས་འབྱོར་ཤེས་རབ་བདུན་གྱི་འགྱུར་ལས་དོན་གང་བཟང་ཕྱོགས་གཅིག་ཏུ་བསྡུས་པ་འདི་ལ་བྱང་ཆུབ་སེམས་འགྲེལ་དུ་གྲགས། ༩༣ དེས་མཛད་པའི་བླ་ན་མེད་པར་བསྟོད་པ་པཎྜི་ཏ་ལོ་ཏྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། ༩༤ དེས་མཛད་པའི་སྲིད་པ་ལས་འདས་པར་བསྟོད་པ་ཁ་ཆེ་ཤྲཱི་ར་ཐ་དང་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ༩༥ སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་པའི་ཡོན་ཏན་མཐའ་ཡས་པར་བསྟོད་པ་པཎྜི་ཏ་སརྦྦ་ཛྙཱ་དེ་ཝ་དང་ལོ་ཙཱ་བ་རིན་ཆེན་མཆོག་གི་འགྱུར་ལ་བནྡེ་དཔལ་བརྩེགས་ཀྱིས་བཅོས་པ། ༩༦ དེའི་འགྲེལ་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་ལོ་པཎ་བཤད་མ་ཐག་པའི་འགྱུར། ༩༧ ཡང་དེས་མཛད་པའི་ཡོན་ཏན་མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིག་ལེའུར་བྱས་པ་ལོ་པཎ་བཤད་མ་ཐག་པའི་འགྱུར། ༩༨ སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པའི་ཁྱད་པར་དུ་འཕགས་པར་བསྟོད་པ་སྒྱུར་བྱེད་གོང་དང་འདྲ་བ། ༩༩ སློབ་དཔོན་བདེ་བྱེད་བདག་པོས་མཛད་པའི་ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་སྒྱུར་བྱེད་གོང་དང་འདྲ་བ། ༡༠༠ སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པའི་སྐྱབས་སུ་འགྲོ་བ་བདུན་ཅུ་པ་ཇོ་བོ་རྗེ་དང་ལོ་ཙཱ་བ་རིན་བཟང་གི་འགྱུར། ༡༠༡ སློབ་དཔོན་བི་མ་ལས་མཛད་པའི་སྐྱབས་འགྲོ་ཡན་ལག་དྲུག་པ་འགྱུར་བྱང་མི་གསལ་བ། ༡༠༢ ཇོ་བོ་ཆེན་པོ་ཨ་ཏི་ཤས་རྒྱལ་པོ་ནིར་ཡ་ཕ་ལ་ལ་བརྫངས་པའི་དྲི་མ་མེད་པ་རིན་པོ་ཆེའི་ཕྲིན་ཡིག་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར་རྣམས་སོ། ༡༠༣ །ཁ་ཅིག་འདི་དང་བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ་གཉིས་ཕལ་ཆེར་གཅིག་པས་དཔེ་སྣ་ཟུར་དུ་མི་འདྲེན་ཞེས་བཤད་ཀྱང་སྐབས་འགར་དེ་དང་ཞུས་དག་བཏུབ་པ་ལ་བར་བར་དུ་ནོར་བུའི་ཕྲེང་བར་མེད་པའི་ཚིག་མང་དུ་ཡོད་པ་བཅས་པཎ་ཆེན་ཐར་རྩེ་བ་སོགས་ཀྱི་གསན་ཡིག་ཏུའང་སོ་སོར་བཞག་འདུག་པས་དཔེ་ལུང་གཉིས་ཀ་ཟུར་དུ་ངེས་པར་དགོས་སོ། །དེ་ལྟར་ཆོས་ཚན་བརྒྱ་དང་གསུམ་གྱི་ལུང་ལེགས་པར་ནོས་པའི་བརྒྱུད་པ་ནི། གནས་ལྔ་རིག་པའི་པཎ་ཆེན་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། ཆུ་མིག་པ་ཤེས་རབ་གྲགས། གྲོ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། རྒྱང་རོ་བྱང་ཆུབ་འབུམ།«་་་་་ཐར་རྩེ་པཎ་ཆེན་གསན་ཡིག་ན་གསན་ཡིག་གཞན་དུ་མཁན་ཆེན་བློ་བཟང་པའི་རྗེས་སུ་རྒྱང་རོ་བྱང་ཆུབ་འབུམ་བྱུང་ཡང་མཆིམས་ཀྱི་རྣམ་ཐར་ལྟར་ན་འདི་ལྟར་ཡིན་གསུང་བ་ཁུངས་བཙུན་པར་མངོན་ནོ། »།མཆིམས་བློ་བཟང་གྲགས་པ། ཡོལ་སྟོན་བསོད་ནམས་ལྷུན་གྲུབ། སློབ་དཔོན་གྲགས་པ་རྒྱ་མཚོ། མཁན་ཆེན་གྲུབ་པ་ཤེས་རབ། རྒྱ་སྟོན་ཙནྡྲ་དེ་ཝ། རི་ཁྲོད་པ་བསོད་ནམས་རྒྱ་མཚོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཡོངས་འཛིན་དཀོན་མཆོག་ཆོས་འཕེལ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་དཔལ་ལྡན། ཤར་པ་བྱམས་པ་ཀུན་དགའ་བཀྲ་ཤིས། སྒྲུབ་ཁང་པ་མཁས་གྲུབ་དཔལ་ལྡན་དོན་གྲུབ། བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། རྩེ་ཚོགས་དབུ་མཛད་ཀུན་དགའ་དངོས་གྲུབ། རྗེ་ཕུན་ཚོགས་ལེགས་འབྱོར། བཀའ་འགྱུར་བ་ངག་དབང་རབ་བརྟན། རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ། རྗེ་སངས་རྒྱས་བཀྲ་ཤིས། མཚུངས་མེད་ཡར་ལུང་པ་ཆེན་པོ་ངག་དབང་ཀུན་དགའ་ལེགས་འབྱུང༌། བཤེས་གཉེན་དམ་པ་བསམ་གཏན་ཕུན་ཚོགས། མཁན་ཆེན་རིན་ཆེན་མི་འགྱུར་རྒྱལ་མཚན་དཔལ་བཟང་པོ་པ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ།། ༈ །།ཡང་བཤེས་སྤྲིང་གི་བརྒྱུད་ལུགས་གཅིག་ལ། མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ངག་དབང་བློ་བཟང་རྒྱ་མཚོ། མཁན་ཆེན་འཇམ་དབྱངས་བསྟན་འཛིན། རྗེ་ལེགས་འབྱོར་མན་འདྲའོ། །བྱང་ཆུབ་ལམ་སྒྲོན་ལ། མགོན་པོ་བསོད་ནམས་མཆོག་ལྡན་ནས། ཟུར་ཆེན། རྒྱལ་དབང་རྡོ་རྗེ་འཆང༌། ལེགས་འབྱོར་མན་འདྲའོ། །སྨྲས་པ། རྒྱལ་ཀུན་གདུང་འཚོབ་བྱེད་པ་སྡོམ་པའི་མཆོག །རྒྱལ་སྲས་ཟུང་གི་སྲོལ་ལྟར་ལེགས་ཐོབ་ནས། །རྒྱལ་བའི་མྱུ་གུའི་ལྟ་སྒོམ་སྤྱོད་པའི་གཞུང༌། །རྒྱལ་སྲས་ལམ་བཟང་ཀླུ་དུས་ཟླ་བ་ཐོས། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་ལྔ་པའོ།། །།བཀའ་བར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་དོན་ལག་རྩེར་སོན་པ་བདུད་བཞིའི་ཅོ་འདྲི་སྐྱེ་མེད་ཀློང་དུ་བཅིལ་ཞིང་འགལ་རྐྱེན་བར་ཆད་ཐམས་ཅད་ལམ་དུ་འཁྱེར་བ་དང༌། ལྟས་ངན་གཡང་དུ་ལེན་པའི་གདམས་པ་ཟབ་མོ་བདུད་ཀྱི་གཅོད་ཡུལ་ཨ་མ་ལབ་ཀྱི་སྒྲོན་མའི་ཉམས་བཞེས་ཐོས་པའི་ཆོས་ཀྱི་རྣམ་གྲངས་ལ། ཁྲིད་སྐྱོང་བའི་ཕྱག་ལེན་ནི། འཇམ་དབྱངས་ཀུན་དགའ་འཕེལ་བཟང་གིས་མཛད་པའི་ཟིན་བྲིས་ཁྲིད་ཡིག་ནོར་བུ་དཔལ་ཕྲེང་གི་ཐོག་ནས་མཛད་ཅིང༌། ཐུན་མོང་བའི་སྔོན་འགྲོ་དལ་འབྱོར་རྙེད་དཀའ་སོགས་ཀྱི་སྐབས་ཞེན་པ་བཞི་བྲལ་ལམ་འབྲས་སྣང་གསུམ་སོགས་ནས་དྲངས་ནས་གསུང་ཞིང་ཁྲིད་དམིགས་«་་་་་ལུང་ཁྲིད་ལྟ་བུ་ཞིག་ལས་དམིགས་ཐུན་དུ་བཅད་པའི་ཉམས་ཁྲིད་དེ་སྔོན་མ་ཐོབ་ཀྱང་སླར་ཐོབ་འགྱུར་གྱིས་བྲིས། »རྣམས་བསྐྱར་ཞིང་དམིགས་ཐུན་རྣམས་བསྒོམ་དུ་འཇུག་པ་དང༌། མཁན་ཆེན་སངས་རྒྱས་ཕུན་ཚོགས་པས་མཛད་པའི་ཟབ་དོན་གཅོད་ཀྱི་ཁྲིད་ཡིག་ཐེག་ཆེན་ལམ་གྱི་གསལ་འདེབས་སོགས་ཀྱི་སྟེང་ནས་ལུང་ཁྲིད་དུ་མནོས་ཤིང༌། འཇུག་སྒོ་ནམ་མཁའ་སྒོ་འབྱེད་ཀྱི་བྱིན་རླབས་སངས་རྒྱས་སྟོན་པའི་ཡི་གེ་བཞིན་མཛད། ཁྲོས་མ་ནག་མོ་ལྷ་ལྔ་ལ་བརྟེན་པའི་དབང་བསྐུར་ཆོས་ཀྱི་སྒོ་འབྱེད་སྡེ་སྣོད་འཛིན་པ་ཆོས་རྣམ་རྒྱལ་གྱིས་མཛད་པའི་ཡི་གེའི་སྟེང་ནས་ལེགས་པར་ཐོབ་བོ། །གཞན་ཡང་ལུང་མ་ཁྲིད་དུ་གནང་བ་ནི་རྒྱལ་ཐང་པ་བསམ་གཏན་འོད་ཟེར་གྱི་ལེ་བརྒྱད་ཡོངས་རྫོགས། རྒོད་ཕྲུག་རས་པ་གྲགས་པ་འབྱུང་གནས་ཀྱིས་མཛད་པའི་དམིགས་འབུམ་ཆེན་མོ་དང༌། ལུང་གི་སྐོར་ལ། གཅོད་ཟབ་དོན་ཐུགས་ཀྱི་སྙིང་པོའི་གཞུང༌། འགོར་བླ་མ་དང་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ་སོགས་དང་བློ་གྲོས་རྒྱལ་མཚན་གྱིས་བཏུས་པ་ལགས་སོའི་མཐའ་ཅན། ཟབ་དོན་ཐུགས་ཀྱི་སྙིང་པོའི་བསྡུས་དོན་མཇུག་ཏུ་ཚིག་དེ་ཉིད་རྫོགས་སོའི་མཐའ་ཅན། ཟབ་དོན་ཐུགས་ཀྱི་སྙིང་པོའི་སྤྱི་ཁྲིད་དུ་བསྟན་པ་འགོར་འཛམ་བུའི་ཆུ་བོའི་གསེར་གྱི་ཞེས་དང༌། ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་མཉྫུ་གྷོ་ཥ་ནཱ་ཐས་སྦྱར་བ་ཞེས་པའི་མཐའ་ཅན། ཞལ་གདམས་སྒོ་འབྱེད་བཅུ་པ་འགོར་ཆོས་དབྱིངས་རྣམ་དག་སྤྲོས་བྲལ་མི་དམིགས་ཞེས་དང་སྒོ་འབྱེད་བཅུའི་ཆོས་རྫོགས་སོ་ཞེས་པའི་མཐའ་ཅན། འཇམ་དབྱངས་མགོན་པོས་མཛད་པ་མ་གཅིག་གི་བྲོ་བརྡུང་ཞེས་པ་ལྡེབ་གཅིག་མ། བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་དོན་ཐུགས་ཀྱི་སྙིང་པོའི་ཉམས་ཁྲིད་འགོར་ཆོས་དབྱིངས་སྤྲོས་བྲལ་ཕ་རོལ་ཏུ་ཕྱིན་མ་ཞེས་དང༌། ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་པྲཛྙཱ་སྭ་བྷཱ་ཝས་ཉེ་བར་སྦྱར་བ་རྫོགས་སོའི་མཐའ་ཅན་རྣམས་ཀྱི་ལུང་ལེགས་པར་ཐོབ་བོ། །དེ་རྣམས་ཀྱི་རྒྱབ་ཆོས་སུ་ཨཱརྻ་དེ་བའི་གཅོད་གཞུང༌། བཀའ་ཚོམས། ཡང་ཚོམས། དེའི་ཞུས་ལན་སོ་ལྔ་པ། ཕཊ་ཆོས་སུམ་ཅུ་པ། མ་གཅིག་གི་རྣམ་ཐར་རྒྱས་པ། ནང་ལེ་བརྒྱད་མ་གདན་ཐོག་གཅིག་མ། ནང་རིག་འཁྲུལ་སྤྱོད་དམིགས་རྫོགས་ཆེན་མོ། ཁྲིད་ཡིག་ནོར་བུ་དཔལ་ཕྲེང་གི་ལུང་ཡང་ངོ༌། །ལུ་མ་འགྲིམ་པའི་ཕྱག་ལེན། རྗེ་སེང་གེ་རྒྱ་མཚོས་མཛད་པ་དང༌། མཁན་དྲུང་བློ་གྲོས་ཕུན་ཚོགས་པས་མཛད་པ་གཉིས། ཆབ་གཏོར་ཀླུ་གཏོར་མ་ཏི་པཎ་ཆེན་གྱིས་མཛད་པ།གཏོར་མ་བརྒྱ་རྩ་ཁ་སྐོང་བཅས་ནག་པོ་འགྲོ་ཤེས་སུ་བསྒྲིགས་པ་ལ། མཆོད་པ་བྱིན་རླབས་སྐྱབས་སེམས་སྤྱན་རས་གཟིགས་ཕྱག་གཉིས་པའི་བདག་བསྐྱེད་སྤྱན་འདྲེན་མཆོད་པའི་སྐབས་སུ་སྤྱོད་འཇུག་གི་རིན་ཆེན་སེམས་དེ་མ། ཆུ་སྦྱིན་ལ་ཡི་དྭགས་བར་དོ་དང་བཅས་པ། ཛམ་སེར་ནག དཀར་ཆ་བཞི།བརྒྱ་རྩ་དངོས་རྗེ་བཙུན་མཆོག་གིས་མཛད་པ། བར་དོའི་གཏོར་མ། དབྱུ་གུ་དྲུག་ཅུ་རྩ་བཞི། བྲུལ་གཏོར་ཆ་གསུམ། ཝ་རུ་ཎའི་ཆུ་གཏོར་སོགས་ཤིན་ཏུ་རྒྱས་པ་གཅིག་ཐོབ། གཞན་ཡང་ལྟུང་བཤགས། བཟང་སྤྱོད། བདེ་བ་ཅན་གྱི་སྨོན་ལམ་མི་མཇེད་མ། བྱམས་སྨོན། ཐུགས་རྗེ་ཆེན་པོ་མ། སྤྱོད་འཇུག་གི་བསྔོ་ལེ་བྱམས་ཆེན་རབ་འབྱམས་པས་མཛད་པའི་སྨོན་ལམ་ཤིན་རྒྱས་མ། གཅོད་ཀྱི་རྒྱུན་གྱི་ཉམས་ལེན་གཏོར་འབུལ། དོན་བསྟོད་དགོངས་སྤྱོད་སོགས་ཐོབ་པའི་གཅོད་སྐོར་གྱི་བརྒྱུད་པ་ཡོངས་གྲགས་ལ་ཕོ་བརྒྱུད། མོ་བརྒྱུད། གཉིས་མེད་བརྒྱུད་པ་དང་གསུམ་གྱི། དང་པོ་ཕོ་བརྒྱུད་ཆེ་བ་ནི།«་་་་་ཐབས་བརྒྱུད་ཀྱང་ཟེར། »བྱ་རྒོད་ཕུང་པོར་སྟོན་པ་སངས་རྒྱས། རི་བོ་རྩེ་ལྔར་འཇམ་དཔལ་སྨྲ་སེང༌། རྒྱ་གར་འཇག་སྤྱིལ་དུ་ཨཱརྻ་དེ་ཝ། ཕོ་བརྒྱུད་ཆུང་བ་ནི།«་་་་་སྲས་བརྒྱུད་ཀྱང་ཟེར། »བྱ་རྒོད་ཕུང་པོར་སྟོན་པ་སངས་རྒྱས། དགའ་ལྡན་ལྷ་ཡུལ་དུ་བྱམས་པ་མགོན་པོ། རི་བོ་བྱ་རྐང་དུ་འཕགས་པ་ཐོགས་མེད། ནཱ་ལནྡ་རུ་པཎ་ཆེན་དབྱིག་གཉེན། རྒྱ་གར་འཇག་སྤྱིལ་དུ་ཨཱརྻ་དེ་བ། གཉིས་པ་མོ་བརྒྱུད་ནི།«་་་་་ཤེས་རབ་རྒྱུད་ཀྱང་ཟེར། »འོག་མིན་དུ་ཡུམ་ཆེན་ཤེར་ཕྱིན། གཡུ་ལོ་བཀོད་པར་རྗེ་བཙུན་སྒྲོལ་མ། རྒྱ་གར་དུར་ཕྲོད་དུ་སུ་ཁ་སིདྡྷི། གསུམ་པ་ཕོ་མོ་གཉིས་མེད་དམ་གསུམ་ཀ་འདུས་པ་དོན་གྱི་«་་་་་ཉམས་ལེན་ལག་ཁྲིད་ཀྱི་བརྒྱུད་པའང་ཟེར། »བརྒྱུད་པ་ནི། དིང་རི་གླང་འཁོར་དུ་དམ་པ་སངས་རྒྱས།«་་་་་འདིས་འཕགས་པ་ལྷ་དང་བདེ་བའི་དངོས་གྲུབ་གཉིས་ཀ་ལས་གསན། »ར་ས་ཆུ་བཟང་དུ་སྐྱོ་ཆེན་ཡེ་ཤེས་བླ་མ། ར་ས་སྤང་ལུང་དུ་སྐྱོ་ཆུང་བསོད་ནམས་བླ་མ།«་་་་་ལྔ་པའི་གསན་ཡིག་ཏུ་གངས་པར་ལྷ་ཁང་དུ་ཟེར། »ཟངས་རི་མཁའ་དམར་དུ་མ་གཅིག་ལབ་སྒྲོན། ཨེ་ཆུང་གླང་«་་་་་ལྔ་པའི་གསན་ཡིག་ཏུ་ཨེ་ཆུང་གླང་ལུང་དུ་རྒྱལ་བ་དོན་གྲུབ། དག་པ་ཆོས་དབྱིངས་ཕོ་བྲང་དུ་འཇམ་དབྱངས་མགོན་པོ། སྙེ་མོ་ཁུ་བའི་རྭ་བར་ཁུ་སྒོམ་ཆོས་སེང༌། »ལུང་དུ་ཁུ་སྒོམ་ཆོས་སེང༌། ལུང་སྨད་ལྕགས་ཚལ་དུ་དོལ་པ་ཟངས་ཐལ། «ལྔ་པའི་གསན་ཡིག་ཏུ་བར་འདིར་བཀྲ་ཤིས་མཐོང་སྨོན་དུ་རྒྱ་སྒོམ་རི་བ་ཞེས་བྱུང༌།་་་་་»གཡོ་སྟོད་ཆུ་བོ་རི་རྒྱ་ནག་གཅེར་བུ། རབ་གྲོང༌།སེ་གླིང་དུ་སངས་རྒྱས་རབ་སྟོན། ཟལ་མོ་བྲག་དགོན་དུ་སངས་རྒྱས་«་་་་་མཚན་བཤེས་གཉེན་དད་པ་ཤེས་རབ། »དགེ་སློང༌། ཁ་རག་ཐོད་ཕུ་རུ་སུམ་«སུམ་སྟོན་རས་པ་ཞེས་བྱུང༌།་་་་་»སྒོམ་རས་པ།«་་་་་དྷརྨ་བཛྲ། »།ཡོལ་«་་་་་ལྔ་པའི་གསན་ཡིག་ཏུ་རི་གོང་དཔལ་གྱི་གནས་སུ་སངས་རྒྱས་སྟོན་པ་ཞེས་བྱུང༌། »སྟོད་བསམ་གཏན་བྲག་རྫོང་དུ་ཆོས་རྗེ་སྟོན་པ།«་་་་་བརྩོན་འགྲུས་སེང་གེ »གཉན་ས་རི་ཁྲོད་དུ་ལྷ་སྒོམ་ཞིག་པོ། །བསམ་རྫོང་ཕོ་བྲང་དུ་ཀུན་མཁྱེན་རྒྱལ་པོ། །བདེ་ཆེན་ཡང་དབེན་དུ་ལེགས་པའི་མཚན་ཅན། །བྱང་ཆུབ་གླིང་གནས་སུ་བྱ་བཏང་ནམ་མཁའ། །རྨ་བྱ་ཤུག་ཁྲོད་དུ་དབང་ཕྱུག་རས་ཆེན། །ཆོས་རྫོང་དགོན་པ་རུ་སྐྱེས་མཆོག་ཐར་པ། །རི་ཁྲོད་རྨ་བྱ་རུ་རྟོགས་ལྡན་སངས་རྒྱས། །རྨ་བྱ་ཤུག་ཁྲོད་དུ་དགེ་སློང་དཔལ་ལེགས། །གར་བཞུགས་དབེན་གནས་སུ་མཁས་བཙུན་ཆོས་རྗེ། །དགོན་པ་གྲྭ་ཆེན་«་་་་་དཀོན་མཆོག་གྲགས། »དུ་སེམས་དཔའ་ཆེན་པོ། །གུང་ཐང་ནམ་གླིང་དུ་ཀུན་དགའ་འཕེལ་བཟང༌། །གཉན་ཁྲོད་བརྒྱ་རྩ་རུ་སེང་གེ་རྒྱ་མཚོ། །རྣམ་རྒྱལ་ལྷ་རྩེའི་ཆོས་ལུང་གདན་ས་རུ་བློ་གྲོས་ཕུན་ཚོགས། །བདེ་ཆེན་ཞིང་ཁམས་སུ་ཕྲིན་ལས་ཕུན་ཚོགས། །དབེན་གནས་རི་ཁྲོད་དུ་ཕུན་ཚོགས་རྡོ་རྗེ། །ཨེ་ཝཾ་ཆོས་ལྡན་དུ་སངས་རྒྱས་ཕུན་ཚོགས། །མདོ་སྨད་ཆོས་གྲྭ་རུ་ཀུན་དགའ་བསྟན་འཛིན། །ལྡན་གླིང་ངེས་མེད་དུ་ཚུལ་ཁྲིམས་རིན་ཆེན་ལའོ། །དེ་དག་ནི་མ་ཁྲིད་ཆེན་མོ་ཟབ་དོན་ལུགས་ལ་སོགས་པའི་བཀའ་རྙིང་མའི་བརྒྱུད་པ་ཞེས་གྲགས་ལ། བཀའ་སོ་མ་ཞེས་པ་རྒྱལ་ཐང་ལུགས་ཀྱི་བརྒྱུད་པ་ནི། སངས་རྒྱས་དགེ་སློང་ཡན་གཅིག་ཅིང༌། །དེ་ནས་ཤིན་ཏུ་ཉེ་བརྒྱུད་ལ་མ་གཅིག་ནས་རྒྱལ་ཐང་པ་བསམ་འོད་ཡིན་ཀྱང༌། ཡོངས་གྲགས་ཕྱག་ལེན་ལ་སངས་རྒྱས་དགེ་སློང་གི་རྗེས་སུ། བདེ་ཆེན་སྡིངས་ཀྱི་ཡང་དབེན་དུ་མཁས་པ་རིན་འོད།«་་་་་བྲག་གཞག་དཔལ་གྱི་དགོན་པ་རུ་ཞེས་པའང་སྣང༌། »རོང་གི་བྲག་གསུམ་གཉན་ས་རུ་ཙ་ཚ་རས་པ། །ངམ་རོ་ཤོམ་མདའི་དགོན་པ་རུ་སྐྱེ་མེད་ཇོ་བསྟན། །ཉང་སྟོད་སྒྱེར་གྱི་གནས་རྙིང་དུ་མཁན་ཆེན་ཆོས་རིན། །རྟ་སྒོ་གངས་ཀྱི་རྭ་བ་རུ་«་་་་་ཆོས་རྗེ་ཟེར་བའང་སྣང༌། »རིན་ཆེན་གངས་པ། །ལ་མྱག་གཉིས་ཀྱི་གདན་ས་རུ་དུས་གསུམ་སངས་རྒྱས། «མཆོག་དཀར་ཚོམས་སྡིངས་ཟེར་བའང་སྣང༌།་་་་་»ཆོས་སྡིངས་དཔལ་གྱི་དགོན་པ་རུ་གཞོན་ནུ་རྒྱལ་མཚན། རྒྱལ་ཐང་ཆུ་བཟང་དགོན་པ་རུ་བསམ་གཏན་འོད་ཟེར། རྩི་བ་རི་རྒོད་ཚང་དགོན་པ་རུ་ནམ་མཁའ་འོད་ཟེར། གར་བཞུགས་ཆོས་ཀྱི་ཕོ་བྲང་དུ་ཤཱཀྱ་འོད་ཟེར། སྐྱེས་དཔལ་གྱི་དགོན་པ་རུ་བདེ་ལེགས་མཚན་ཅན། །རྨ་བྱ་ཤུག་ཁྲོད་དགོན་པ་རུ་དགེ་སློང་དཔལ་ལེགས། །དེ་མན་འདྲའོ། །རིན་ཆེན་གངས་པ་ཤཱཀྱ་བཤེས་གཉེན། རིན་ཆེན་དཔལ་བཟང༌། བསམ་འོད་སོགས། ཡང་ན། སངས་རྒྱས་རབ་སྟོན་ནས་བླ་མ་དམ་པ། དམ་པ་ཆོས་ཤེ ལྷ་སྟོན་ཞིག་པོ། ཞིག་པོ་ཐོག་རྒྱུགས། ཉན་ཆེན་པ། ནུས་རྒྱན་པ། རྡོར་གཞོན་ནམ་མཁའི་རྣལ་འབྱོར། མུས་ཆེན་དཀོན་རྒྱལ། རྡོ་རིངས་པ། གྲོལ་མཆོག་གོ །བརྒྱུད་པ་འདིའི་ཁུངས་བཙུན་ཟེར། རྒོད་ཕྲུག་ལུགས་ནི། རྒོད་ཕྲུག་གྲགས་པ་འབྱུང་གནས། ཕ་རྒོད་བསོད་བཟང༌། རྡོ་རིང་པ་མན་འདྲ། ད་རུང་ཅུང་ཟད་བཙལ་དགོས་པ་འདྲ་འདུག་གོ །དེ་རྣམས་ལས་རྒོད་ཕྲུག་པའི་དམིགས་འབུམ་སོགས་བརྒྱུད་པར་དམིགས་བསལ་དགོས་པ་འགའ་རེ་འདུག་ཀྱང་བཙལ་དགོས་སོ། །ཁྲོས་མ་ནག་མོ་ལྷ་ལྔ་ལ་བརྟེན་པའི་དབང་བསྐུར་ཆོས་ཀྱི་སྒོ་འབྱེད་རྐྱང་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཁྲོས་མ་ནག་མོ། བིརྺ་པ། ག་ཡ་དྷ་ར། ཡང་ན་ཐུབ་པའི་དབང་པོ། འཇམ་དཔལ་དབྱངས། ཨཱརྻ་དེ་ཝ། ཡང་ན་ཡུམ་ཆེན་ཤེས་རབ་ཕར་ཕྱིར། རྗེ་བཙུན་སྒྲོལ་མ། སུ་ཁ་སིདྡྷ། ཕ་གཅིག་དམ་པ་སངས་རྒྱས། སྐྱོ་སྟོན་ཁུ་དབོན། མ་གཅིག་ལབ་སྒྲོན། རྩི་སྟོན་དར་མ། སྲས་རྒྱལ་བ་དོན་གྲུབ། དགེ་བཤེས་གཉལ་པ། གྲུབ་ཐོབ་འབའ་ཆེན། སྤང་པོ་ཁ་པ། ཤཱཀྱ་བླ་མ། སངས་རྒྱས་རས་པ། སྲས་རིན་ཆེན་གཞོན་ནུ། དཔལ་ལྡན་གྲགས་པ། འཇམ་དབྱངས་མགོན་པོ། ཁྱུང་སྟོན་རས་ཆེན། བླ་མ་དྲག་སྒྲུབ།སངས་རྒྱས་སེང་གེ བསོད་ནམས་རིན་ཆེན། ཆོས་གྲགས་བཟང་པོ། བྱ་བཏང་ཆུ་སྒོམ། དོན་ཡོད་རྒྱལ་མཚན། མཁྱེན་རབ་ཆོས་རྗེ་ཡོན་ཏན་དཔལ་འབྱུང༌། བྱམས་པ་ཕུན་ཚོགས། བསམ་གཏན་རིན་ཆེན། ཚུལ་ཁྲིམས་རིན་ཆེན། བྱམས་པ་ལྷ་དབང༌། ངག་དབང་རྣམ་རྒྱལ། ཀུན་དགའ་ཚུལ་ཁྲིམས།ཁམས་སྟོན་སངས་རྒྱས་དཔལ་བཟང༌། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་ས་དཀར་བསམ་འགྲུབ་གླིང་དུ་སྩལ་ཏོ། །ཡང་ན་ཀུན་དགའ་བསྟན་འཛིན་ནས། ལྡན་མ་ཀུན་དགའ་རྡོ་རྗེ། ཐར་ལམ་ཀུན་དགའ་རྣམ་རྒྱལ། དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་གཅོད་དབང་ནམ་མཁའ་སྒོ་འབྱེད་དང་བཅས་པ་ནི། ལྡན་མ་ཀུན་དགའ་རྡོ་རྗེ་དང་ཀུན་དགའ་རྣམ་རྒྱལ་གཉིས་ཀ་ལས། དྲུང་པ་བསྟན་འཛིན་ཕུན་ཚོགས། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ནོས་སོ། །ཡང་ན་ཁྲོས་མ་ནག་མོ་ལྷ་ལྔའི་དབང་གི་བརྒྱུད་པ་མཁྱེན་རབ་ཆོས་རྗེ་ཡོན་ཏན་དཔལ་འབྱུང་ཡན་སྔར་བཞིན་ལས། དེ་ནས་མཁས་གྲུབ་བསོད་ནམས་ཤེས་རབ། བྱ་རྒོད་ཀུན་དགའ་རྒྱལ་མཚན།འཇམ་དབྱངས་ཀུན་བཟང༌། བྱ་རྒོད་སྤྲུལ་སྐུ། ཀརྨ་བསྟན་འཕེལ། པཎ་ཆེན་སྙིང་རྗེ་བཟང་པོ། པཎ་ཆེན་ཆོས་རྣམ་རྒྱལ། མཁས་གྲུབ་བསོད་ནམས་བློ་གྲོས། རིན་པོ་ཆེ་དཔལ་འབྱོར་རྣམ་རྒྱལ། མཁས་མཆོག་བསོད་ནམས་དཔལ་འབྱོར། མཁན་ཆེན་ཕུན་ཚོགས་རྒྱལ་མཚན། མཁས་བཙུན་ཆེན་པོ་བསོད་ནམས་དབང་ཕྱུག ཆོས་རྗེ་ཀུན་དགའ་རྒྱལ་མཚན། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡིག་ཆ་ནི་སྡེ་སྣོད་འཛིན་པ་ཆོས་རྣམ་རྒྱལ་གྱིས་མཛད་པའི་སྟེང་ནས་སོ། །ཧེ་རུ་ཀ་དཔལ་དྲུང་རིན་པོ་ཆེ་ཀུན་དགའ་རིན་ཆེན་པའི་ལུགས་ཀྱི་གཅོད་སྐོར་གྱི་པུསྟིའི་ལུང་ཐོས་པའི་རྣམ་གྲངས་ལ། གཅོད་ཡུལ་རྒྱལ་བའི་དགོངས་གསལ་ཞེས་བྱ་བ་བླ་མ་དམ་པའི་ཞབས་རྡུལ་སྤྱི་བོས་ལེན་པ་ཤཱཀྱའི་དགེ་སློང་ཀུན་དགའ་རིན་ཆེན་གྱིས་དཀར་ཕྱོགས་སྐྱོང་བ་སྒྱོགས་ཆེན་གདོང་རའི་ཤར་ཕྱོགས་ཀྱི་ཆར་སྦྱར་བའོའི་མཐའ་ཅན། གཅོད་ཡུལ་ཐེག་ཆེན་ལམ་གྱི་སྙིང་པོ་ཆེ་བ་ཞེས་བྱ་བ། ཤཱཀྱའི་དགེ་སློང་ཀུན་དགའ་རིན་ཆེན་གྱིས་འབད་ཅེས་པའི་མཐའ་ཅན། ཐེག་ཆེན་ལམ་གྱི་སྙིང་པོ་ཆུང་བ་ཞེས་པ། ཀུན་དགའི་མིང་ལྡན་གྱིས་ཟིན་བྲིས་སུ་བྱས་པའོའི་མཐའ་ཅན།གཅོད་ཡུལ་རྒྱལ་སྲས་ལམ་བཟང་ཞེས་བྱ་བ་ཀུན་དགའི་མིང་ལྡན་གྱིས་ཟིན་བྲིས་བྱས་པའོའི་མཐའ་ཅན། ལམ་གཏོར་ཟབ་མོ་ཞེས་པ་རི་ཁྲོད་འཛིན་པ་ཀུན་དགའ་རིན་ཆེན་གྱིས་ཞེས་པའི་མཐའ་ཅན། གཅོད་ཀྱི་སྤྲིང་ཡིག་གལ་འགག་རིན་ཆེན་ཕྲེང་བ་ཞེས་བྱ་བ་ཀུན་དགའི་མིང་ལྡན་གྱིས་ཞེས་པའི་མཐའ་ཅན།གཅོད་ཀྱི་གདམས་པའི་སྐོར་ལ། མཇུག་ཏུ་ཀུན་དགའི་མིང་ལྡན་སྤྲང་པོས་སྦྱར་ཞེས་པའི་མཐའ་ཅན། གཅོད་ཡུལ་ཉི་མའི་འོད་ཟེར་ཞེས་བྱ་བ་ཤཱཀྱའི་དགེ་སློང་ཀུན་དགའ་རིན་ཆེན་གྱིས་དཀར་ཕྱོགས་སྐྱོང་བ་སྒྱོགས་ཆེན་གདོང་རའི་ལྷ་ཞོལ་དུ་སྦྱར་ཞེས་པའི་མཐའ་ཅན། ཚོགས་ལས་རིན་ཆེན་ཕྲེང་བ་ཞེས་བྱ་བ། བདག་ཅག་དཔོན་སློབ་རྣམས་ལ་བཀྲ་ཤིས་ཤོག་ཅེས་པའི་མཐའ་ཅན། ཚོགས་ལས་རིན་ཆེན་ཕྲེང་བའི་ཟུར་འདེབས་ཞེས་བྱ་བ་ཀུན་དགའི་མིང་ལྡན་བདག་གིས་བཀོད་ཅེས་པའི་མཐའ་ཅན། ཚོགས་ལས་རྒྱལ་བ་མཉེས་བྱེད་ཅེས་བྱ་བ་འགྲུབ་པར་གྱུར་ཅིག་གི་མཐའ་ཅན། ལག་མཆོད་ཅེས་བྱ་བ་ཨ་ནནྡ་རཏྣས་སྦྱོར་བའོའི་མཐའ་ཅན། མཁའ་འགྲོ་སྡེ་ལྔའི་བསྐང་བ་རིན་ཆེན་བང་མཛོད། ཟབ་དོན་ཐུགས་ཀྱི་སྙིང་པོའི་ཞི་བའི་མེ་མཆོད་ཅེས་བྱ་བ། ལས་བཞི་གང་སྒྲུབ་སྔགས་སྤེལ་ཚིག་བཏགས་ཞེས་པའི་མཐའ་ཅན། དྲག་པོའི་མེ་མཆོད་ཅེས་བྱ་བ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག་གི་མཐའ་ཅན། ཞི་བའི་ངར་མིའི་རོ་སྲེག་སྟོང་གསུམ་མཁའ་འགྲོའི་ཆད་པས་ཆོད་ཅེས་པའི་མཐའ་ཅན། ཆོ་འཕྲུལ་མདོར་བསྡུས་པ་ཞེས་བྱ་བ་ལ་ལེགས་པར་དཔྱད་ཅིང་བརྟག་འཚལ་ལོ་ཞེས་པའི་མཐའ་ཅན། ལས་དང་པོ་པ་རྣམས་ཀྱི་ཉམས་ལེན་མདོར་བསྡུས་དང་བཅས་པ་སྟེ་དེ་རྣམས་ནི་དྲུང་རིན་པོ་ཆེ་ཉིད་ཀྱིས་མཛད་པ་དང༌། གཞན་ཡང་ཚོགས་ལས་རིན་ཆེན་ཕྲེང་བ། དབང་ཆོག་འོད་ཀྱི་ཕྲེང་བ། དྲག་ཚོགས་ཕྲིན་ལས་ལྷུན་གྲུབ། སྒྲུབ་ཐབས་དངོས་གྲུབ་སྒོ་འབྱེད་ཀྱི་གསལ་བྱེད། སྒྲུབ་ཐབས་ནོར་བུའི་ཕྲེང་བ་ཞེས་བྱ་བ་རྣམས་ནི་མཁས་བཙུན་ཆེན་པོ་བསོད་ནམས་གྲུབ་ཀྱིས་མཛད་པ་རྣམས་དང༌། ཟབ་དོན་གྱི་སྙིང་པོའི་རྒྱུན་གྱི་ཉམས་ལེན་ཉུང་ངུ་རབ་གསལ་ཞེས་བྱ་བ་ཤཱཀྱའི་དགེ་སློང་དྷརྨྨ་བི་ཛ་ཡས་མཛད་པ། གཅོད་ཁྲིད་གདན་ཐོག་གཅིག་ཏུ་ཉམས་སུ་བླང་བའི་མན་ངག་གི་ལུང་རྣམས་རྫོགས་པར་ཐོབ་པའི་བརྒྱུད་པ་ནི་ཡན་ཆད་བཙལ། དབང་བླ་ཀུན་དགའ་བསྟན་འཛིན། ལྡན་མ་གཅོད་པ་ཀུན་དགའ་རྡོ་རྗེ། རྡོ་རྗེ་འཛིན་དབང་ཀུན་དགའ་རྣམ་རྒྱལ། དྲུང་པ་བསྟན་འཛིན་ཕུན་ཚོགས། དེ་ལས་བདག་གིས་ཐོས་སོ། །གཞན་ཡང་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་ཁྲིད་ཡིག་ཐེག་ཆེན་ལམ་གྱི་གསལ་འདེབས། ཐེག་པ་ཆེན་པོ་གཅོད་ཀྱི་སྙིང་པོ་བསྡུས་པའི་ལག་ལེན། ཉམས་ལེན་མདོར་བསྡུས་སྙིང་པོ་གསལ་བ། གཅོད་ཟབ་མོ་དོན་གྱི་ཉིང་ཁུ། གཉགས་སྟོན་བསམ་གཏན་འོད་ཟེར་གྱིས་མཛད་པའི་དབང་བསྐུར་བྱིན་རླབས་རྒྱ་མཚོའི་ཟུར་འདེབས། ཁྲོས་ནག་ལྷ་ལྔའི་ཕྱག་ལེན་གྱི་དོགས་དཔྱོད། ཁྲོས་ནག་བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་གི་ཐོ་རྣམས་ཀྱི་ལུང་བཅས་ལེགས་པར་ནོས་པའི་བརྒྱུད་པ་ནི་བཀའ་འབུམ་གྱི་ལུང་གི་སྐབས་ལྟར་རོ།། ༈ །།རྒྱ་གར་དམ་པ་སངས་རྒྱས་ཀྱིས་བོད་དུ་ལན་གསུམ་བྱོན་པའི་ཐ་མར་མན་ངག་འཁྱུག་དཔྱད་དཀར་ནག་ཁྲ་གསུམ་ཁམས་ཀྱི་ཀློང་ཐང་སྒྲོལ་མར་གཏེར་དུ་སྦས་པ་མཁའ་འགྲོའི་ལུང་བསྟན་ལྟར་ཁམས་སྟོན་ཤེས་རབ་དཔལ་གྱིས་བཏོན་པའི་དང་པོ་འཁྱུག་དཔྱད་དཀར་པོའི་སྐོར་ལ། འཁྲུག་པ་དང་ནད་ཞི་བ། མི་ཁ་དང་ནད་ངན་ཕྱོགས་ངན་ཐུབ་པ། རྐེ་ནད་མཁལ་ནད་ཞི་བ། མི་ཕྱུགས་ཀྱི་ནད་རྒྱུན་ཆད་པ། སྲིས་རྨེ་བ། སྙིང་རླུང༌། རོ་སྟོད། ལག་པ་སོ་དང་འདེན་པ་ན་བ་རྣམས་སེལ་བ། རླུང་གིས་མགོ་ན་བ། དཔྲལ་བ། མིག བད་ཀན་གྱི་ནད། དཔུང་པ། རོ་སྟོད། པུས་མོ། བྱིན་པ། ལོང་བུ། རྐང་མཐིལ་ན་བ་རྣམས་གསོ་བ། རླུང༌། ཚད་པ། གྲང་བ། ལུས་ཚ་ཧྲབ་བྱེད་པ་རྣམས་སེལ་བ། སྐྱུག་པ། འཁྲུ་བ། གཟེར་ནད།མགོ་གཅོད་སེལ་པ། རྒྱུན་དུ་གནོད་པའི་འདྲེ་ཞི་བ་རྣམས་སོ། །འཁྱུག་དཔྱད་ཁྲ་བོ་ལ། རྟ་ཕྱུགས་ཀྱི་ནད་ཞི་བ། འདྲེ་བྱེར་བ། འཐབ་མོ་ཉུང་བ། འདྲེ་གནོད་ཐོག་འཚག་འོད་འཁྱུག་ཞི་བ། བཀྲ་ཤིས་ཤིང་ས་དཔྱད་ངན་པ་ཞི་བ། ཡམས་ནད་ཆད་ཅིང་ཞི་བ། ས་འདུལ། དགྲ་ཞི་བ། ངག་དང་སྟོབས་ཞི་བ། རླུང་ཆེན་ལྡང་བ། འདྲེ་ཐམས་ཅད་ཐུབ་པ། མི་ཁ་དང་དགྲ་ཉུང་བ། སྟོབས་བསྐྱེད་པ། ཆུ། ཁ་སྨྲས། མེས་མི་འཚིག་པ་དང་མེ་མཆེད་པ་ཞི་བ། ཕན་གནོད་གང་ཡང་སྡེབ་ཐུབ་པ། མི་ཁ་ཞི་བ། དགྲ་འདྲེ་ཐུབ་པ། དགྲ་ཇག་འཐབ་རྩོད་ཞི་བ། འཐབ་མོ་མི་འབྱུང་བ། འཁྲུག་པ་བཟླུམ་པ། རླུང་གནོན། ལྷོག་པ་ཐུབ་པ། ནམ་མཁའི་ནད་ཞི་བ། སེལ་ཞི་བ། ནད་ངན་ཐུབ་ཅིང་དོན་འགྲུབ་པ། འདྲེ་དྲག་པོའི་གནོད་པ་དང་ཟུག་གཟེར་གཅོག་པ། རྦད་འདྲེ་དང་ཁྱི་ངུ་བ་མཚན་མ་ངན་པ་རྣམས་ཞི་བ། སེར་བ་ཞི་བ། རྐུན་ཇག་གྲོལ་བ། སྨྱོ་བའམ་ཁ་སྨྲས་དང་ནད་འབྱོང་བ། ཐོག་བསྲུང་རྣམས་སོ། །ནག་པོའི་སྐོར་ལ། འཆི་ལ་ཁད་སོས་པ།དམག་བཟློག་པ། དམག་བྱེར་བ། གྲལ་དཔོན་འཆི་བ། ནད་ཁ་བསྒྱུར་བ། དམག་དང་གནོད་པ་ཁ་སྨྲས་ཞི་བ། གཟེར་གྱིས་འཆི་བ། སྔོ་སྐམ་ལ་འགྲོ་བ།ཁང་པ་འགས་པ་རྣམས་སོ། །ཟླ་བའི་འཁྱུག་དཔྱད་ལ། དམག བག་མ་གཏོང་ལེན། ཁྱིམ་རྩིག་འཇིག ལམ་འཇུག་ལྡོག སྟོན་མོ། གྱོད་ལེན་གང་ལའང་བཀྲ་ཤིས་པར་བྱ་བ་རྣམས་དང༌། ཚེས་གྲངས་ཀྱི་འཁྱུག་དཔྱད་ཀྱིས་དམག བག་མ། མཁར་ལས། ལམ་ཞུགས། སྟོན་མོ། ཁ་མཆུ་སོགས་གང་ལའང་ཤིས་པར་བྱ་བ་དང༌། ཡི་གེའི་འཁྱུག་དཔྱད་ཀྱིས་ཟུག་གཅོག་ཅིང་ནད་རྨང་ནས་འདོན་པ། སྐུད་པའི་འཁྱུག་དཔྱད་ཀྱིས་ནད་རྣམས་ཞི་བ། མཚོན་ཆའི་འཁྱུག་དཔྱད་ལ། ཐོག་འཚེག་པ་དང༌། གདོན། གནོད་བྱེད་ཞི་བ། དམག་བཟློག དགྲ་བགེགས་ཞི་བ། བརྒྱལ་བར་བྱེད་པ། ལྟས་ངན་དང་གནོད་པ་ཞི་བ་རྣམས་དང༌། འཆི་བླུའི་འཁྱུག་དཔྱད་ཀྱིས་ནད་གསོ་བ། སྣ་ཚོགས་པའི་འཁྱུག་དཔྱད་ལ། སྐྱུག་པ་གཅོད་པ། གཟེར་ནད་ཞི་བ། སྦོས་པ་སེལ་བ། འཁྲུ་བ་གཅོད་པ། སྐྲན་ནད་གསོ་བ་རྣམས་དང༌། དྲང་སྲོང་རྒྱུ་སྐར་གྱི་འཁྱུག་དཔྱད་ལ། གསུམ་གྱི་དཀར་པོ་ལ། སྐར་མ་སོ་སོའི་ཟླ་དཀར་ལ་བརྟེན་པའི་རྟེན་འབྲེལ་གྱི་ནད་གསོ་བ། ནག་པོའི་འཁྱུག་དཔྱད་ལ། སྔགས་ཀྱི་ཁ་བསྒྱུར་བསྟན་པ། རྟ། བོང་བུ། གླང༌། མཛོ། རྟོལ་གསོད་པ། བུ་ཆུང་ངུ་བ། ཁྱི་ཟུག་པ་ཞི་བ། མཛེ་འོང་བ། ཁྱི་ཐམས་ཅད་སྒོ་ལ་ཟུག་པ། ཞིང་ལ་ལོ་མི་སྐྱེ་བ། ལོ་ཏོག་སྔོ་སྐམ་ལ་འགྲོ་བ། ཆང་གཏད། ཕོ་མོ་དབྱེ་བ། ཁང་པ་བཤིག་པ། ལྟས་ངན་གཏོང་བ། འོད་ཡོང་བ། མེ་འབྱུང་བ། བྱ་སྣ་ཚོགས་འབབ་པ། གདུང་ཐམས་ཅད་སྦྲུལ་དུ་འགྲོ་བ། ཆུ་ཁྲག་ཏུ་འགྲོ་བ། ཁང་པ་འཇིག་པ། རྨི་ལམ་ངན་པ་སྣ་ཚོགས་འབྱུང་བ། ཞིང་སེལ། ཟླ་མཚན་ནར་མར་འབབ་པ། ལོ་ཏོག་གཏན་ནས་མི་སྐྱེ་བ། ལྗང་པ་སེར་སྐམ་དུ་འགྲོ་བ། ཞིང་རི་དྭགས་ཀྱིས་མི་ཟ་བ། སྨྱོ་བར་བྱེད་པ། གནག་ཐམས་ཅད་འགུམ་པར་བྱེད་པ། འབྱེད་པ། མོ་མཚན་སྨྲ་བར་འགྱུར་བ། རབས་ཆད་པ། ཞིང་ལ་རི་བོང་བསྲུང་བ། དགྲ་ཐམས་ཅད་གཉིད་དུ་འགྲོ་བ་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། འགྲོ་མགོན་དམ་པ་སངས་རྒྱས། ཁམས་སྟོན་ཤེས་རབ་དཔལ། སྟོན་པ་ཆོས་བརྩོན།«་་་་་ཁམས་སྟོན་ཤེས་རབ་དཔལ་གྱིས་གཏེར་བཏོན་ནས་ཇ་སིགས་སུ་བཅུག་སྨོན་ལམ་གྱི་གཏད་རྒྱ་དང་བཅས་བསྐུར་བ་ཡིན་ནོ།། »འཁྲུལ་ཞིག་དཀོན་མཆོག་གཞོན་ནུ། མཚུངས་མེད་རིན་ཆེན་ཤེས་རབ། འཁྲུལ་ཞིག་ཡེ་ཤེས་དཔལ་བ། རྒྱལ་སྲས་ཤེས་རབ་བཟང་པོ། མཚུངས་མེད་ཀུན་དགའི་མཚན་ཅན། རྩེ་སྒང་འཇིགས་མེད་འོད་འཕྲོ། དྲིན་ཆེན་སངས་རྒྱས་བསྟན་པ། རི་ཁྲོད་པ་གྲགས་པ་བསོད་ནམས་དཔལ་དབང༌། ཞི་བྱེད་བསྟན་པའི་ཉི་མ་ཀརྨ་ཆོས་གྲགས། གྲུབ་དབང་ཉི་ཟླ་གྲགས་པ། རྗེ་མགོན་པོ་ལྷུན་གྲུབ། སྤྲུལ་སྐུ་ཤཱཀྱ་རིན་ཆེན། ཆོས་རྒྱལ་གླིང་པ། མཚུངས་མེད་ད་ཤ་བི་ཛ་ཡ། ངོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། ས་སྐྱ་ངག་དབང་ཀུན་དགའ་བློ་གྲོས། མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌།དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །སྨྲས་པ། མཐའ་བྲལ་གནས་ལུགས་སྨྲ་བསམ་ཡུལ་ཀུན་ལས། །འདས་པ་ཤེས་རབ་ཕ་རོལ་ཕྱིན་པའི་དོན། །ལེགས་པར་སྟོན་པ་ཟབ་མོ་གསང་བའི་གཅོད། །དམ་པའི་འཁྱུག་དཔྱད་དང་བཅས་ཐོས་པའི་ཚུལ། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅོད་ཀྱི་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་དྲུག་པའོ།། །།གསུམ་པ་རིག་པ་འཛིན་པ་སྔགས་ཀྱི་སྡོམ་པའི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་ལ་བཞི། བྱ་བའི་རྒྱུད་ཀྱི་ཆོས་སྐོར་ཐོས་པ། སྤྱོད་པའི་རྒྱུད་ཀྱི་ཆོས་སྐོར་ཐོས་པ། རྣལ་འབྱོར་གྱི་རྒྱུད་ཀྱི་ཆོས་སྐོར་ཐོས་པ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་མོ། །དང་པོ་བྱ་བའི་རྒྱུད་ལ་དབྱེ་བ་དྲུག་ཡོད་པ་ལས།ཐོག་མར་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ལ་དམ་ཚིག་གསུམ་བཀོད་དམ་ཐུབ་པ་རྡོ་རྗེ་གདན་པ་གཙོ་འཁོར་གསུམ་གྱི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ།«་་་་་རྡོ་རྗེ་འཆང་ཞེས་པའང་སྣང༌། »ཕྱག་ན་རྡོ་རྗེ། ཛེ་ཏཱ་རི་པ། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། རྗེ་བཙུན་སྐུ་མཆེད། ས་སྐྱ་པཎྜི་ཏ། ཚོགས་སྒོམ་པ། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། བླ་མ་གཟུངས་ཀྱི་དཔལ།བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག འདྲེན་མཆོག་རཏྣ་ཝརྡྷ། རྗེ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ རྗེ་བྲང་ཏི་པ་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ། འཇམ་མགོན་དཔལ་མཆོག་རྒྱལ་མཚན། མཁན་ཆེན་སངས་རྒྱས་ཕུན་ཚོགས། མཚུངས་མེད་ཤེས་བྱ་བཟང་པོ། འཇམ་དཔལ་གྲུབ་པ་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན། ངོར་ཆེན་ནས་མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ དཀོན་མཆོག་འཕེལ་བ་མན་འདྲ། ཡང་ན་ངོར་ཆེན་ནས། མཁས་གྲུབ་དཔལ་ལྡན་རྡོ་རྗེ། དཀོན་མཆོག་འཕེལ་བ་མན་འདྲའོ།། ༈ །།བདེ་བར་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་དང་སྨན་ལ་སྔགས་ཀྱིས་གདབ་པ་སོགས་ཀྱི་རྗེས་སུ་འབྲངས་ནས་མཁན་པོ་བོདྡྷི་ས་ཏྭས་བཀྲལ་བའི་སངས་རྒྱས་སྨན་བླ་མཆེད་བདུན་གྱི་རྗེས་གནང་གི་བརྒྱུད་པ་ནི། སྨན་བླ། ཐུབ་དབང༌། འཇམ་དཔལ། བོ་དྷི་ས་ཏྭ་ཆེ་བ། བོ་དྷི་ས་ཏྭ་ཆུང་བ། རྒྱལ་པོ་དགེ་བའི་དཔལ། ཨ་ཏི་ཤ། ལྷ་བཙུན་བྱང་ཆུབ་འོད། ཏི་སེ་བ་ཆེན་པོ། བྱང་སེམས་ཟླ་བ་རྒྱལ་མཚན། ཨོང་པོ་ལོ་ཙཱ་བ། དགྲ་བཅོམ་པ་རྒྱལ་མཚན། གྱ་པ་དབང་མཛེས། གྱ་པ་དཔལ་མཛེས། ཡོན་ཏན་བཟང་པོ། དབུ་མཛད་སྟོན་ཡོན། མཁན་ཆེན་རྒྱལ་མཚན་དཔལ་བཟང༌། བླ་མ་གྲགས་པ་དཔལ། བྱང་སེམས་བཟང་པོ། བླ་མ་བྱང་ཡེ། བླ་མ་མ་ཏིའི་མཚན་ཅན། ཆོས་རྗེ་བཀའ་འགྱུར་བ། ཆོས་རྗེ་བསོད་ནམས་ལྷའི་དབང་པོ། སྤྱན་སྔ་ངག་དབང་ཆོས་གྲགས། རིན་པོ་ཆེ་དཔལ་ལྡན་ཆོས་འབྱོར། སྤྱན་སྔ་ཀུན་དགའ་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། མཁས་བཙུན་ཀུན་དགའ་དཔལ་འབྱོར། མཁས་གྲུབ་སངས་རྒྱས་ཕུན་ཚོགས། བྱམས་པ་བསོད་ནམས་དཔལ་ལྡན། རྡོ་རྗེ་འཆང་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན། སློབ་དཔོན་ཡོན་ཏན་དབང་ཕྱུགབླ་མ་ཇོ་བརྟན། ཤངས་པ་འདུལ་འཛིན། མཁན་ཆེན་བསོད་ནམས་གྲགས། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ། འཁུས་ལོ་ཙཱ་བ། འགྲོ་མགོན་དཔལ་ལྡན་ཡེ་ཤེས། བཀའ་བཞི་པ་སེང་གེ་རྒྱལ་མཚན།«་་་་་ལ་ལར་བསོད་ནམས་རྒྱལ་མཚན་ཟེར་བ་བརྟག »སྔགས་འཆང་འཇམ་དཔལ་རྡོ་རྗེ། དྲིན་ཆེན་ཀུན་དགའ་རྒྱལ་མཚན། མཁས་གྲུབ་དཔལ་ལྡན་དར་པོ། འདི་ནས་མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱི་གསན་ཡིག་ན། ཆོས་རྗེ་ཀུན་དགའ་བསོད་ནམས། ཁྱུང་སྟོན་བདེ་ལེགས་རྒྱ་མཚོ། སྔགས་འཆང་དཀོན་མཆོག་ལེགས་པ། ཞེས་འབྱུང༌། ངག་དབང་བརྟན་པའི་རྡོ་རྗེའི་གསན་ཡིག་ན། དཔའ་དར་བའི་རྗེས་ལ། ནམ་མཁའ་དབང་ཕྱུག བློ་གྲོས་འབྱུང་གནས། དཀོན་མཆོག་བློ་གྲོས། འབུམ་རམས་པ་རྒྱལ་བ་བློ་གྲོས་ཞེས་འབྱུང༌། ཡང་ན། ཐུབ་དབང་འཇམ་དབྱངས་བོ་དྷི་ས་ཏྭ་དང༌། ཁྲི་སྲོང་ལྡེའུ་བཙུན་མུ་ནེ་བཙན་པོ་དང༌། སད་ན་ལེགས་དང་ཁྲི་གཙུག་རལ་པ་ཅན། །ལྷ་ལུང་དཔལ་རྡོར་མངའ་བདག་འོད་སྲུངས་དང༌། །དཔལ་འཁོར་བཙན་དང་སྐྱིད་ལྡེ་ཉི་མ་མགོན། །བཀྲ་ཤིས་ལྡེ་དང་བླ་མ་ཡེ་ཤེས་འོད། །ཕོ་བྲང་ཞི་འོད་ལྷ་བཙུན་བྱང་ཆུབ་འོད། །འོད་ལྡེ་རྩེ་ལྡེ་སྣར་པ་བྱང་«་་་་་ཆུབ་»ཚུལ་«་་་་་ཁྲིམས་»བ། ཞུ་ལྡན་«་་་་་པ་»ཤེས་«་་་་་རབ་»གྱ་«་་་་་ཟ་ར་བ་»དར་མ་རྒྱལ་མཚན་དང༌། གྲོང་མོ་ཆེ་བ་རྒྱ་སྒོམ་པ་ཡི་ཞབས། «།མཆིམས།་་་་་»ནམ་མཁའ་གྲགས་དང་བསོད་ནམས་ཡེ་ཤེས་པ། །བསོད་ནམས་གྲགས་པ་རྒྱལ་སྲས་ཐོགས་མེད་སོགས། །འདི་མན་སྔར་དང་འདྲ། ཡང་ན་རྗེ་ཨཱ་ནནྡ་ཤྲཱི་བྷཱུ་ཏི། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་བྲལ་བསོད་ནམས་དཔལ་ལྡན། མཁན་པོ་ཆེན་པོ་ཀུན་མཁྱེན་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ།། >རྗེས་མ།>>>
རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།