དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་དང་པོའི་ནང༌།

༈  །།ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་རྗེས་གནང་བྱེད་ཚུལ་གྱི་ཡི་གེ་ལ་བརྟེན་ནས་མི་གཡོ་བ་སྔོན་པོའི་རྗེས་གནང་དམ་པའི་ཕྱག་ལེན་ལྟར་ཐོབ་པའི་བརྒྱུད་པ་ནི། དེ་བཞིན་གཤེགས་པ། གསང་བདག་ཕྱག་ན་རྡོ་རྗེ། གྲུབ་ཆེན་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ། རྡོ་རྗེ་གདན་པ་མྱ་ངན་མེད་པའི་དཔལ། པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ་བ། རྒྱལ་བ་ན་བཟའ་བྲག་ཕུག་པ། རི་ཁྲོད་པ་བློ་གྲོས་བརྟན་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག འདྲེན་མཆོག་དཀོན་མཆོག་འཕེལ་བ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་མུས་པ་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། སྔགས་འཆང་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས། ངག་དབང་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྒྱ་མཚོ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསོད་ནམས་དཔལ་ལྡན། མཁན་ཆེན་ཚུལ་ཁྲིམས་ལྷུན་གྲུབ་མན་འདྲ། ཡང་ན་སངས་རྒྱས་ཕུན་ཚོགས་ནས། བསྟན་འཛིན་ལྷུན་གྲུབ། བཀྲ་ཤིས་ལྷུན་གྲུབ། དེ་ལས་ཚུལ་ཁྲིམས་རིན་ཆེན་གྱིས་སོ། །ཡང་ན་ངོར་ཆེན། པཎྜི་ཏ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ། །རིགས་ཀྱི་ཁྲོ་མོ་རོ་ལངས་མ་དང་གཞན་གྱིས་མི་ཐུབ་མ་སོགས་ནི་མ་བྱུང༌། དྲུག་པ་དེ་བཞིན་གཤེགས་པའི་རིགས་ཀྱི་ཕོ་ཉ་ནི་ཤིན་ཏུ་སྟོབས་དང༌། ཤིན་ཏུ་རྡོ་རྗེ་སོགས་དང༌། ཕོ་ཉ་མོ་ནི་ཁྲོ་མོ་ཆེན་མོ་དང་རབ་གཏུམ་ཆེན་མོ་ལ་སོགས་པ་སྟེ་དེ་རྣམས་ཀྱང་མ་བྱུང་ཞིང༌། བརྒྱད་པ་དེ་བཞིན་གཤེགས་པའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་ལ་སོགས་པ་སྟེ། གང་གི་རིགས་ཀྱི་བདག་པོའི་སྐབས་དེ་རྣམས་ལས་གཞན་དེ་སྔོན་མ་བྱུང་ངོ༌། །རིགས་སྔགས་འཆང་གི་སྡེ་སྣོད་ཀུན་གྱི་གཞི། །བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ། །རྒྱལ་བ་རྒྱལ་བའི་ཡུམ་དང་གཙུག་ཏོར་རིགས། །ཁྲོ་བོར་གཏོགས་པ་སྡེ་ཚན་ཉི་ཤུ་གཅིག །ཅེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་བདུན་པའོ།།  །།གཉིས་པ་པདྨའི་རིགས་ལ། དང་པོར་རིགས་ཀྱི་གཙོ་བོ་ནི་སྣང་བ་མཐའ་ཡས་ལ་སོགས་པ་སྟེ། འདིར་སློབ་དཔོན་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་ཞེས་པ་དགུང་ལོ་བརྒྱ་དང་ཉི་ཤུ་བཞུགས་པ་དེ་ཉིད་ལས་བརྒྱུད་པ། དཔལ་ས་སྐྱ་པ་ཡབ་སྲས་ཀྱི་གདམས་པ་བྱ་རྒྱུད་པདྨའི་རིགས་ཚེ་དཔག་མེད་ལྷ་དགུ་མའི་ཚེ་དབང་ཐོབ་པའི་བརྒྱུད་པ་ནི། བྷ་ག་ཝཱཾ་ཨ་པ་རི་མཱི་ཏཱ་ཡུརྫྙཱ་ན།«་་་་་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། »གརྦྷ་སྱ་པཱ་དཿ«་་་་་སྙིང་པོའི་ཞབས། »ཛེ་ཏཱ་རིཿ«་་་་་དགྲ་ལས་རྒྱལ་བ། »བོ་དྷི་བྷ་དྲཿ«་་་་་བྱང་ཆུབ་བཟང་པོ། »ས་མཱ་དྷི་བྷ་དྲཿ«་་་་་ཏིང་འཛིན་བཟང་པོ། »བཛྲཱ་ས་ནཱ་ཤོ་ཀ་ཤྲཱིཿ«་་་་་རྡོ་རྗེ་གདན་པ་མྱ་ངན་མེད་དཔལ། »ཨ་མོ་གྷ་བཛྲཿ«་་་་་དོན་ཡོད་རྡོ་རྗེ། »བ་རི་རཏྣ་ཀཱིརྟིཿ«་་་་་བ་རི་རིན་ཆེན་གྲགས་པ། »མ་ཧཱ་གུ་རུ་བྷཱུ་མཱི་པཎྜ་ཀཿ«་་་་་བླ་མ་ས་སྐྱ་པ་ཆེན་པོ། »པུཎྱཱ་གྲཱཿ«་་་་་བསོད་ནམས་རྩེ་མོ། »ཀཱིརྟི་དྷྭ་ཛཿ«་་་་་གྲགས་པ་རྒྱལ་མཚན། »པཎྜ་ར་པཎྜི་ཏཱ་ནནྡ་དྷྭ་ཛཿ«་་་་་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། »པཱུརྦ་ཀ་བཛྲ་རསྨིཿ«་་་་་ཤར་པ་རྡོ་རྗེ་འོད་ཟེར། »མངྒ་ལཾ་ཤུཿ«་་་་་བཀྲ་ཤིས་འོད། »ཨཻ་པ་ཁོ་ནཥེ་ཤི་ཀཿ«་་་་་ཨེ་པ་འཁོད་སྟོན། »མ་ཧཱ་གུ་རུ་མཉྫུ་གྷོ་ཥཿ«་་་་་བླ་མ་འཇམ་དབྱངས་ཆེན་པོ། »བོ་དྷི་སཏྭ་ཛི་ན་ཛྙཱ་ནཿ«་་་་་བྱང་སེམས་རྒྱལ་ཡེ། »ཀཱིརྟི་ལཀྵྨཱིཿ«་་་་་གྲགས་པ་དཔལ། »སྲུ་ལུ་དཱ་ནནྡ་པྲ་ཎི་དྷཿ«་་་་་སྲུ་ལུང་ཀུན་དགའ་སྨོན་ལམ། »ཤཱི་ལ་གུ་ཧ་ཀཿ«་་་་་བྲག་ཕུག་པ། »མ་ཏི་བཱི་རཿ«་་་་་བློ་གྲོས་བརྟན་པ། »གུ་རུ་ཤྲཱི་མཱཾ་ཤཱི་ལཿ«་་་་་བླ་མ་དཔལ་ལྡན་ཚུལ་ཁྲིམས། »དྷརྨྨ་སྭ་མི་ཛྙཱ་ན་དྷྭ་ཛཿ«་་་་་ཆོས་རྗེ་ཡེ་ཤེས་རྒྱལ་མཚན། »བཛྲ་དྷ་རཱ་ནནྡ་བྷ་དྲཿ«་་་་་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། »ཛི་ན་ཡུ་བ་ནཱ་ནནྡེ་ཤྭ་རཿ«་་་་་རྒྱལ་ཚབ་ཀུན་དགའ་དབང་ཕྱུག »ནཱ་ཡ་ཀཱ་གྲ་རཏྣ་ཝརྡྷཿ«་་་་་འདྲེན་མཆོག་དཀོན་མཆོག་འཕེལ་བ། »སྭ་མཱི་སུ་རོཏྟམ་སིངྷཿ«་་་་་རྗེ་ལྷ་མཆོག་སེང་གེ »བུདྡྷ་སིངྷཿ«་་་་་སངས་རྒྱས་སེང་གེ»བྲནྟི་ག་ག་ན་ཤྲཱི་བྷ་དྲཿ«་་་་་བྲང་ཏི་ནམ་མཁའ་དཔལ་བཟང༌། »སྭ་མཱི་ག་ག་ན་བུདྡྷཿ«་་་་་དེའི་དབོན། རྗེ་ནམ་མཁའ་སངས་རྒྱས། »བྷཊྚཱ་ར་ཀ་ག་ག་ན་ཤྲཱི་བྷ་དྲཿ«་་་་་ཧོར་སེ་ཆེན་གན་གྱི་རྒྱུད། རྗེ་བཙུན་ནམ་མཁའ་དཔལ་བཟང༌། »པ་ཊུ་སིདྡྷོ་བུདྡྷ་ལཀྵྨཱིཿ«་་་་་མཁས་གྲུབ་སངས་རྒྱས་ཕུན་ཚོགས། »སརྦ་ཛྙཱ་ན་ཤཱི་ལ་ནི་རཱ་བྷོ་གཿ«་་་་་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། »ཏེ་ནཱཏྨ་བནྡེ་ཤཱི་ལ་རཏྣཾ་པྲ་ཡཙྪཿ«་་་་་དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། »།པཱ་པ་ཊུ་སིདྡྷི་བུདྡྷ་ལཀྵྨྱཿ«་་་་་ཡང་ན་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ནས། »སྭ་མི་ཛྙེ་ཡ་བྷ་དྲཿ«་་་་་རྗེ་ཤེས་བྱ་བཟང་པོ། »མ་ཧོ་པགྡྷྱ་ཤཱི་ལ་ནི་རཱ་བྷོ་ག་པཱུརྦ་བཏྲ།«་་་་་མཁན་ཆེན་ཚུལ་ཁྲིམས་ལྷུན་གྲུབ་སྔར་བཞིན་ནོ།། »ཡང་ན་བ་རི་ལོ་ཙཱ་བ། མཆིམས་བརྩོན་འགྲུས་སེང་གེ རྒྱ་ཞང་དབུས་པ་སངས་རྒྱས་འབུམ། བླ་མ་ཆ་གན་གྲགས་པ་མན་འདྲ། ཡང་ན་རྒྱ་ཞང་ཕུག་པ། འཇད་པ་རི་ཤ ཨེ་པ་འཁོན་སྟོན་མན་འདྲ། ཡང་ན་གྲགས་པ་དཔལ། ཆོས་འཕགས་རྒྱལ་མཚན། བླ་མ་རིན་ཆེན་སེང་གེ བུ་སྟོན་ལོ་ཙཱ་བ་བྱང་ཆུབ་རྩེ་མོ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་འདྲ། ཡང་ན་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ས་བཟང་མ་ཏི། ཐེག་ཆེན་པ། ཆོས་རྗེ་ཀུན་དགའ་རྒྱལ་མཚན། དཔལ་ཆོས་པ། མུས་སྲད་པ་རྡོ་རྗེ་རྒྱལ་མཚན། རྒྱ་གར་ཤེས་རབ་རྒྱལ་མཚན། ས་ལོ་སྔགས་འཆང་ཆེན་པོ། བྲང་ཏི་པ་མན་འདྲ། ཡང་ན་ས་ལོ། ཀུན་དགའ་དཔལ་ལྡན། པཎ་ཆེན་མན་འདྲ། ཡང་ན་རྗེ་ནམ་མཁའ་དཔལ་བཟང༌། རྩེ་གདོང་ཁྲི་ཆེན་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། རྗེ་ནམ་མཁའ་སངས་རྒྱས་མན་འདྲ། ཡང་ན་བྲང་ཏི་ནམ་མཁའ་དཔལ་བཟང༌། བྲང་ཏི་ནམ་མཁའ་སངས་རྒྱས། བྲང་ཏི་ནམ་མཁའ་རིན་ཆེན་དང་སེ་ཆེན་གན་ནམ་མཁའ་དཔལ་བཟང་གཉིས་ཀས། འདྲེན་པ་ཤེས་རབ་རྒྱ་མཚོ། འཇམ་དབྱངས་སངས་རྒྱས་ཕུན་ཚོགས་མན་འདྲའོ། །དེ་ལ་བརྟེན་པའི་ཚེ་སྒྲུབ་ཀྱི་གདམས་པ་ཟབ་མོ་སྙིང་གར་ཚེ་དཔག་མེད་གཙོ་འཁོར་ལྔ་དང་སྤྱི་བོར་ཡེ་ཤེས་ཚེ་དཔག་མེད་བསྒོམ་པའི་ཚེ་སྒྲུབ་ཀྱི་ལུང་ནི། མཁས་བཙུན་ཆེན་པོ་བཀྲ་ཤིས་བཟང་པོ་ལས་ཐོབ་བོ། དེ་པའི་གསན་ཡུལ་གང་ཡིན་བཙལ་བར་བྱའོ།།  ༈  །།བྱ་བའི་རྒྱུད་ཀྱི་པདྨའི་རིགས་སུ་གཏོགས་པའི་ཚེ་དཔག་མེད་འཆི་མེད་རྔ་སྒྲ་ཞེས་གྲགས་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ཚེ་དཔག་མེད། སྙིང་པོའི་ཞབས། ཛེ་ཏཱ་རི། བྷོ་དྷི་བྷ་དྲ། ཏིང་འཛིན་བཟང་པོ།རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། མཆིམས་བརྩོན་འགྲུས་སེང་གེ རྒྱ་ཞང་ཕུག་པ། འཇད་པ་ཤེས་རབ་རིན་ཆེན། ཨེ་པ་འཁོན་སྟོན་ཐུགས་རྗེ་རིན་ཆེན། བླ་མ་འཇམ་དབྱངས་ཆེན་པོ་གཞི་ཐོག་པ་རིན་ཆེན་རྒྱལ་མཚན། བྱང་སེམས་རྒྱལ་བ་ཡེ་ཤེས། བླ་མ་གྲགས་པ་དཔལ་བཟང༌། བླ་མ་ཆོས་འཕགས་རྒྱལ་མཚན། ཡང་རྩེ་བ་རིན་ཆེན་སེང་གེ ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། སྐུ་ཞང་ཆོས་རྗེ་ནམ་མཁའ་མཆོག་གྲུབ། མཁྱེན་རབ་ཆོས་རྗེ།བསོད་ནམས་མཆོག་གྲུབ། རྗེ་བྱང་གླིང་པ། རིན་ཆེན་བཀྲ་ཤིས་རྒྱལ་མཚན། «གནས་གསར་བ།་་་་་»མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། «དེའི་དབོན་པོ།་་་་་»གྲུབ་མཆོག་དབང་ཕྱུག་རབ་བརྟན། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ཐམས་ཅད་«་་་་་ཨ་མི་ལགས། »མཁྱེན་པ་ཀུན་དགའ་བསོད་ནམས་བཀྲ་ཤིས་གྲགས་པའི་རྒྱལ་མཚན། དཔལ་བཟང་པོ། ཤར་པ་བདག་ཆེན་འཇམ་མགོན་ཡེ་ཤེས་བཟང་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། དེ་ལས་བསོད་ནམས་དཔལ་ལྡན་ཡིན་ནམ། དེ་ནས་བྱམས་པ་བསོད་ནམས་བཟང་པོ་ཡིན་ནམ། ནམ་མཁའ་བསམ་འགྲུབ་གང་ཡིན་མ་ངེས། དེ་རྗེས་ཆོས་རྗེ་བསྟན་པ་རྒྱལ་མཚན། དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་ཐོས་སོ། །ཡང་ན་མཁྱེན་རབ་ཆོས་རྗེ་ཡན་སྔར་དང་འདྲ་བ་ལས། དེས་སྒྲ་བསྒྱུར་ཆོས་སྐྱོང་བཟང་པོ། འཇམ་དབྱངས་ས་སྐྱ་ལོ་ཙཱ། འཇམ་པའི་དབྱངས་དཀོན་མཆོག་ལྷུན་གྲུབ། རྒྱལ་ཚབ་རཏྣ་ཤྲཱི་ཝན། པཎྜི་ཏ་ཆེན་པོ་ནམ་མཁའ་དཔལ་བཟང༌། སྔགས་འཆང་གྲགས་པ་བློ་གྲོས། ཨ་མི་ལགས་མན་སྔར་དང་འདྲ། ཡང་ན་ས་ལོ། རྗེ་དཀོན་མཆོག་ལྷུན་གྲུབ། མུས་ཆེན་དཀོན་མཆོག་རྒྱ་མཚོ། ཡབ་རྗེ་སྦས་པའི་སངས་རྒྱས་གྲགས་པ་བློ་གྲོས་མན་སྔར་དང་འདྲའོ། །དཀྱིལ་ཆོག་པཎ་ཆེན་ནམ་བཟང་གིས་མཛད་པའི་ཐོ་ཡིག་འཆི་མེད་བདུད་རྩིའི་ཆར་འབེབས་ཀྱི་སྟེང་ནས་མཛད་ཅིང༌། བཟླས་ལུང་གི་སྐབས་སུ་གཟུངས་རིང་གི་བཟླས་ལུང་བཅས་པ་ཐོས་སོ།།  ༈  །།ངོར་ཆེན་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་སྒྲུབ་ཐབས་རྗེས་གནང་གི་ཡི་གེའི་སྟེང་ནས་གྲུབ་ཆེན་མི་ཏྲ་ཛོ་ཀི་ནས་བརྒྱུད་པའི་ཚེ་དཔག་ཏུ་མེད་པ་དཀར་པོའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སྟོན་པ་སངས་རྒྱས། ལོ་ཀེ་ཤྭ་ར། གྲུབ་ཆེན་མི་ཏྲ་ཛོ་ཀི པཎ་ཆེན་བུདྡྷ་ཤྲཱི། ཆག་ལོ་དགྲ་བཅོམ། གྲུམ་སྟོན་དར་མ་ཤེས་རབ། སྐྲག་ཕུག་པ་ཤེས་རབ་དཔལ།གྲུབ་ཐོབ་ལེགས་ལྡན་འོད། ཆོས་རྗེ་དཔལ་ཆེན་བཟང་པོ། ཡེ་ཤེས་དཔལ་བཟང་པོ། རྒྱལ་སྲས་བློ་བཟང་དཔལ་འབྱོར། ཆག་ལོ་རིན་ཆེན་ཆོས་རྒྱལ།འཇམ་དབྱངས་ས་ལོ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་ནམ་མཁའ་དཔལ་བཟང༌། རྗེ་བཙུན་ནམ་མཁའ་སངས་རྒྱས། འཇམ་དབྱངས་ནམ་མཁའ་དཔལ་བཟང༌། མཁས་གྲུབ་སངས་རྒྱས་ཕུན་ཚོགས། རྗེ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ པཎ་ཆེན་མན་འདྲ།།  ༈  །།དཔལ་ས་སྐྱ་པ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་གྱིས་གྲུབ་རྒྱལ་གླིང་པ་ས་རྒྱལ་གྱི་ཐུགས་དམ་དུ་གནང་བའི་ཚེ་སྒྲུབ་ཟབ་མོ་སྔ་དྲོ་མལ་ནས་ལངས་མ་ཐག་པར། སྐྱབས་འགྲོ་སེམས་བསྐྱེད་མདོར་བསྡུས་སྔོན་དུ་བཏང་ནས། རང་གི་སྙིང་སྒོ་ང་སྟོང་པ་ལྟ་བུའི་ནང་དུ་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་དབུས་སུ་སངས་རྒྱས་ཚེ་དཔག་མེད་ནས། ནུབ་བྱང་དུ་མི་གཡོ་ཚེ་དཔག་མེད་ཀྱི་བར་ལྷ་དགུ་བསྐྱེད་ནས། སྐུ་རེ་རེ་ལ་དམིགས་ནས་གཟུངས་རིང་ཚར་རེ་སྟེ་དགུ་བཟླས་ནས་འདོད་དོན་གསོལ་གདབ་དང་དགེ་བ་བསྔོས་པས་འཆི་བ་བསླུ་བའི་མཆོག་ཏུ་འགྱུར་ཏེ། སློབ་དཔོན་ཛེ་ཏཱ་རིའི་ཐུགས་ཀྱི་ཡང་སྙིང་ས་སྐྱ་པའི་གདམས་པ་ཞེས་ཡོད་པ་ཐོབ་པའི་བརྒྱུད་པ་ནི།བྲག་ཕུག་པ་ཡན་ཆད་ཚེ་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་གྱི་དབང་གི་བརྒྱུད་པ་དང་འདྲའམ་སྙམ་སྟེ་དཔྱད་པར་བྱ་ཞིང༌། དེ་ནས་བདག་གི་དྲིན་ཆེན་བླ་མ་བཀྲ་ཤིས་བཟང་པོ་པའི་བར་བཙལ། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ནོས་སོ།།  ༈  །།བྱ་བའི་རྒྱུད་ཀྱི་བཅངས་པ་ཙམ་གྱིས་སྐྱེ་བ་དྲན་པའི་གཟུངས་སྔགས་ཡིག་འབྲུ་ལྔ་བཅུ་རྩ་བདུན་པ་བྱང་སྒྲ་མི་སྙན་པའི་ཚེའི་རང་གཟུངས་སུ་གྲགས་པ་ཐམས་ཅད་མཁྱེན་པ་ཞྭ་ལུ་ལོ་ཙཱ་བ་ཆེན་པོས་བསླབ་པ་ཀུན་ལས་བཏུས་པའི་ལུས་བསྲུང་བའི་སྔགས་སུ་བཤད་པ་ཉིད། དེའི་རྒྱ་དཔེ་ལས་དངོས་སུ་ཕྱུང་སྟེ་དག་པར་མཛད་ཅིང༌། ལོ་རྒྱུས་ཡོངས་གྲགས་སུ་ལྷའི་དགེ་བསྙེན་ཞིག་གིས་སྒྲ་མི་སྙན་ནས་དངོས་སུ་བླངས་ཏེ་དགྲ་བཅོམ་པ་བློ་གྲོས་དཔལ་ལ་གཏད་པའི་སྒྲ་མི་སྙན་པའི་ཚེ་གཟུངས་ལ་ཡིག་ཆ་མི་མཐུན་པ་སྣ་ཚོགས་འདུག་པ་ལས་ཚེ་དཔག་མེད་ལྷུང་བཟེད་བསྣམས་པའི་མངོན་རྟོགས་དང་འབྲེལ་པའི་ཚེ་དབང་ལ་བསྡུས་པ་པཎ་ཆེན་ནགས་རིན་ནས་བརྒྱུད་པ་སོགས་ཀྱང་ཡོད་པར་གྲགས་མོད་མ་ཐོས་ལ། འདིར་སྒྲ་མི་སྙན་པའི་རང་གཟུངས་ཞེས་ཡོངས་གྲགས་ལོ་རྒྱུས་དང་འབྲེལ་བའི་སྔགས་དང༌། རང་ལུས་ལྕགས་ཀྱི་རྡོ་རྗེར་བསྒོམ་པའི་ཞལ་ཤེས་དང་བཅས་ཞིབ་པར་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། ལྷའི་དགེ་བསྙེན། དགྲ་བཅོམ་པ་བློ་གྲོས་དཔལ།«་་་་་ལོ་སྟོང་བཞུགས། »བལ་པོ་ཧ་ངུ་ཙནྡྲ།«་་་་་ལོ་ལྔ་བརྒྱ་བཞུགས། »སློབ་དཔོན་དར་མ་གྲགས།«་་་་་ལོ་ཉིས་བརྒྱ་ཐུབ།»མངའ་རིས་པ་དཔལ་ཆེན་རྒྱལ་བ་གྲུབ།«་་་་་ལོ་བརྒྱད་ཅུར་སླེབས་ནས་ཀྱང་ལུས་སྟོབས་ཆུང་དུ་མ་སོང་ཟེར། »སློབ་དཔོན་ཡེ་ཤེས་«་་་་་ལོ་སུམ་བརྒྱ་ཐུབ། »རྒྱལ་པོ། སློབ་དཔོན་ཤེས་«་་་་་ལོ་ཉིས་བརྒྱ་ལོན་ནས་ལྷ་ས་ལན་གསུམ་བསྐོར། »རབ་གྲགས། ཛྙཱ་ན་སིདྡྷི།«་་་་་སློབ་དཔོན་ཚད་མའི་སྐྱེས་བུའི་གཅེན་ཡིན། »བླ་མ་སངས་རྒྱས་གྲགས། རྡོ་རྗེ་རིན་ཆེན། བཀའ་བཞི་པ་དཔལ་ལྡན་གྲགས་པ། སྤྱང་ལུང་པ་གཞོན་ནུ་བློ་གྲོས། པཎ་ཆེན་ཤཱཀ་མཆོགསྤྱང་ལུང་གཞོན་ནུ་ཆོས་གྲུབ། རྗེ་བཙུན་གྲོལ་མཆོག བར་འདིར་བླ་མ་འགའ་ཞིག་མ་རྙེད། དེ་ནས་བཀའ་དྲིན་མཉམ་མེད་རྡོ་རྗེ་འཆང་བཀྲ་ཤིས་བཟང་པོ།དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་སི་ཏུ་ཆོས་ཀྱི་འབྱུང་གནས་ལས་ཀྱང་སྔོན་གྱི་ལོ་རྒྱུས་དང་བཅས་པ་ཡོད་པའི་སྔགས་ལ་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་ཞུས་དག་མཛད་པའི་སྟེང་ནས་ཐོབ་ཀྱང་དེའི་བརྒྱུད་པ་སླར་བཙལ་དགོས།།  ༈  །།ལུས་བསྲུང་བའི་མན་ངག་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ལུང་ཐོབ་པའི་བརྒྱུད་པ་ནི། ཐུགས་སྲས་རིན་པོ་ཆེ་ཡན་གོང་ལྟར་ལ། དེ་ནས་རྗེ་བཀྲ་ཤིས་རིན་ཆེན། ངོར་པ་རྡོ་རྗེ་འཆང༌། མུས་ཆེན་སེམས་དཔའ་ཆེན་པོ། རྗེ་སངས་རྒྱས་རིན་ཆེན། འཇམ་དབྱངས་ས་ལོ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ། དེ་དབོན་དཔལ་མཆོག་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཁན་ཆེན་བསོད་ནམས་དཔལ་ལྡན། ཀུན་མཁྱེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་དཀོན་མཆོག་ལྷུན་གྲུབ་ལས་ཐར་རྩེ་པས་གསན་པ་མན་འདྲ།།  ༈  །།གཉིས་པ་པདྨའི་རིགས་ཀྱི་བདག་པོ་ནི་སྤྱན་རས་གཟིགས་དབང་ཕྱུག་སྟེ། དེའང་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་བྱ་རྒྱུད་པདྨའི་རིགས་ཀྱི་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ལྷ་སོ་བདུན་མའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། འཕགས་པ་སྤྱན་རས་གཟིགས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ དེས་ལྷ་བཙུན་པ་བྱང་ཆུབ་འོད།བཤེས་གཉེན་འབྲོམ་སྟོན་པ། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་གསུམ་ལ་གནང་བ་ལས། འདིར་འབྲོམ་སྟོན་པ། སྤྱན་སྔ་རིན་པོ་ཆེ། བཤེས་གཉེན་བྱ་ཡུལ་བ། མུས་སྨན་པ། སྣར་ཐང་པ་དཔལ་ལྡན་གྲོ་མོ་ཆེ། སྤྱིལ་བོ་པ་སྟག་སྟོན་ཤེས་རབ་འོད་ཟེར། དམར་སྟོན་བསོད་ནམས་འཕེལ། སློབ་དཔོན་གྲགས་འབུམ། དོན་ཞབས་སངས་རྒྱས་རིན་ཆེན། མཁན་ཆེན་གྲགས་པ་ཚུལ་ཁྲིམས། མཁན་ཆེན་རྒྱལ་བ་བཟང་པོ། མཁས་བཙུན་བྱང་ཆུབ་སེང་གེ འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། ཀུན་མཁྱེན་ཤཱཀྱ་དོན་གྲུབ། དབོན་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། སྐུ་དབོན་ངག་དབང་མཁྱེན་བརྩེ་རབ་བརྟན། མཆོད་དཔོན་ཀུན་དགའ་རབ་བརྟན། དེས་རྗེས་སུ་བཟུང་བ་ལྷོ་དྲུང་ཆོས་རྗེ་ཚུལ་ཁྲིམས་དབང་ཕྱུག དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ།།  ༈  །།པདྨའི་རིགས་ཀྱི་བདག་པོ་འཕགས་པ་འཇིག་རྟེན་དབང་ཕྱུག་ཞལ་བཅུ་གཅིག་པ་དཔལ་མོ་ལུགས་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། འཕགས་པ་སྤྱན་རས་གཟིགས། དགེ་སློང་མ་དཔལ་མོ། པཎྜི་ཏ་ཟླ་བ་གཞོན་ནུ། ཡེ་ཤེས་བཟང་པོ། བལ་པོ་པེ་ཉ་བ། བྱང་སེམས་ཟླ་བ་རྒྱལ་མཚན། གྲུབ་ཐོབ་ཉི་ཕུག་པ་ཆོས་ཀྱི་གྲགས་པ། སྤྲུ་པ་རྡོ་རྗེ་རྒྱལ་པོ། ཞང་སྟོན་དགྲ་འཇིགས། མཁན་ཆེན་རྩི་འདུལ་བ་ཐུགས་རྗེ་བྱང་ཆུབ། འཛིན་པ་བདེ་བ་ཅན་པ། ཆུ་བཟང་པ་བྱང་ཆུབ་འབར། རིན་པོ་ཆེ་ཤེས་རབ་འབུམ། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ། བླ་མ་བུདྡྷ་ཤྲཱི། ཁྱབ་བདག་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་དགའ་དབང་ཕྱུག འདྲེན་མཆོག་དཀོན་མཆོག་འཕེལ། དཀོན་མཆོག་ལྷུན་གྲུབ། རྗེ་བཙུན་བྲང་ཏི་པ་ནམ་མཁའ་དཔལ་བཟང༌། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། མཁས་བཙུན་ཀུན་དགའ་ལེགས་པ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ལྷུན་གྲུབ་དཔལ་ལྡན་པ་ལས་ཀྱང་ཚུལ་ཁྲིམས་ལྷུན་གྲུབ་པས་གསན་པ་ཡིན་པས་དེ་པའི་གསན་ཡུལ་གང་ཡིན་བརྟག།  ༈  །།འཇམ་དབྱངས་ཀུན་དགའ་ལེགས་གྲུབ་ཀྱིས་མཛད་པའི་རྗེས་གནང་གི་ཡི་གེ་ལ་བརྟེན་ནས་དཔལ་མོ་ལུགས་ཀྱི་འཕགས་པ་བཅུ་གཅིག་ཞལ་གཙོ་འཁོར་ལྔའི་རྗེས་སུ་གནང་བ་དང༌། རྗེ་མཆོག་ལེགས་རྡོ་རྗེས་མཛད་པའི་སྨྱུང་གནས་ཀྱི་ཆོ་ག་རྗེས་གནང་ཡི་གེའི་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། འཕགས་པ་ཐུགས་རྗེ་ཆེན་པོ། དངོས་གྲུབ་བརྙེས་པའི་དགེ་སློང་མ་དཔལ་མོ། པཎྜི་ཏ་ཙནྡྲ་ཀུ་མཱ་ར། པཎྜི་ཏ་ཤྲཱི་ཛྙཱ་ན་བྷ་དྲ། བལ་པོའི་པཎྜི་ཏ་པེ་ཉ་བ། བྱང་སེམས་ཟླ་བ་རྒྱལ་མཚན། གྲུབ་ཐོབ་ཉི་ཕུག་པ་ཆོས་ཀྱི་གྲགས་པ། སྤྲུ་པ་རྡོ་རྗེ་རྒྱལ་པོ། ཞང་སྟོན་དགྲ་འཇིགས། མཁན་ཆེན་རྩི་འདུལ་བ་ཐུགས་རྗེ་བྱང་ཆུབ། མཁན་ཆེན་བདེ་བ་ཅན་པ། བྱང་སེམས་ཆུ་བཟང་པ་བྱང་ཆུབ་འབར། རིན་པོ་ཆེ་ཤེས་རབ་འབུམ་པ། རྒྱལ་སྲས་ཐོགས་མེད་པ་བཟང་པོ་དཔལ། གྲུབ་ཆེན་བུདྡྷཱ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། བྱམས་པ་ཀུན་དགའ་ཆོས་གྲགས། རྨོར་པ་གྲུབ་ཆེན་ཀུན་དགའ་རྣམ་རྒྱལ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ།འཕགས་པ་སྤྱན་རས་གཟིགས་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་རྒྱལ་སྲས་ཐོགས་མེད་ནས། གཉགས་དབོན་བསོད་ནམས་བཟང་པོ། འཕགས་པ་བསོད་ནམས་དར། འཕགས་ཆེན་ཀུན་དགའ་བཟང་པོ། ཀུན་མཁྱེན་ཤཱཀྱ་དོན་གྲུབ་མན་འདྲའོ།།  ༈  །།དགེ་སློང་མ་དཔལ་མོ་ལུགས་ཀྱི་སྨྱུང་གནས་ཀྱི་ཆོ་ག་རྒྱལ་སྲས་ཐོགས་མེད་པས་མཛད་པ་དང་དཀོན་མཆོག་དཔལ་ལྡན་པས་མཛད་པ་གཉིས་ཀྱི་ཆོ་གའི་ལུང་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་འོད་དཔག་མེད། འཕགས་པ་སྤྱན་རས་གཟིགས། གྲུབ་མཆོག་དགེ་སློང་དཔལ་མོ། པཎ་ཆེན་ཟླ་བ་གཞོན་ནུ། པཎ་ཆེན་ཡེ་ཤེས་བཟང་པོ། པཎ་ཆེན་བལ་པོ་པེ་ཉ་བ། བྱང་སེམས་ཟླ་བ་རྒྱལ་མཚན། གྲུབ་ཐོབ་ཉི་ཕུག་པ་ཆོས་ཀྱི་གྲགས་པ། སྤྲུ་པ་རྡོ་རྗེ་རྒྱལ་པོ། ཞང་དགྲ་འཇིགས་པ། མཁན་ཆེན་རྩི་འདུལ་བ། བདེ་བ་ཅན་པ། བྱང་སེམས་ཆུ་བཟང་པ་ཆེན་པོ། ཆོས་རྗེ་ཤེས་རབ་འབུམ། རྒྱལ་སྲས་ཐོགས་མེད་པ། གྲུབ་ཆེན་བུདྡྷ་ཤྲཱི། ས་བཟང་འཕགས་པ། ཀུན་སྤངས་ཆོས་རིན།«་་་་་རྡོ་རྗེ་འཆང་གིས་ས་བཟང་འཕགས་པ་ལས་གསན་པས་ཀུན་སྤངས་མ་བཅུག་ཀྱང་ཆོག་གོ།»རྡོ་རྗེ་འཆང་ཀུན་དགའ་བཟང་པོ། བྱང་སེམས་བསོད་ནམས་རིན་ཆེན། མུས་ཆེན། མཁས་གྲུབ་དཔལ་རྡོར་བ། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་བཙུན་བསོད་ནམས་དབང་ཕྱུག་རྣམས་གང་རུང་གིས་ཀྱང་འཐུས། ཐམས་ཅད་བཅུག་ཀྱང་བྱིན་རླབས་ཆེ། ཡོངས་འཛིན་སངས་རིན། བྱ་བཏང་ཀུན་དགའ་མཆོག་ལྡན། རྒྱལ་བ་ལྷ་མཆོག་སེང་གེ མཁས་གྲུབ་གྲགས་པ་བློ་གྲོས་དང༌། རྗེ་དཀོན་མཆོག་ལྷུན་གྲུབ་གང་རུང༌། འཇམ་དབྱངས་སངས་རྒྱས་སེང་གེ འདྲེན་མཆོག་བློ་གྲོས་ཆོས་འཕགས། རྗེ་ཀུན་དགའ་ལུང་རིགས། རྗེ་ཀུན་དགའ་རྒྱལ་མཚན། མཁན་ཆེན་ཀུན་དགའ་ཚུལ་ཁྲིམས། རྗེ་སངས་རྒྱས་དཔལ་བཟང༌། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། འདྲེན་མཆོག་བསྟན་འཛིན་ལྷུན་གྲུབ། རྒྱལ་བའི་སྲས་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །གཞན་ཡང་བྱ་བཏང་ཀུན་དགའ་མཆོག་ལྡན་པས་མཛད་པ་དང༌། རྗེ་ཀུན་དགའ་ལུང་རིགས་པས་མཛད་པའི་སྨྱུང་གནས་ཀྱི་ཆོ་ག་རྣམས་ཀྱི་ལུང་ནི། བླ་མ་གཞན་དང་གཞན་སོ་སོ་ནས་ཐོབ་ཀྱང་སོ་སོའི་བརྒྱུད་པ་བཙལ་དགོས། གཉགས་དབོན་བསོད་ནམས་བཟང་པོས་མཛད་པའི་སྨྱུང་གནས་བླ་མ་བརྒྱུད་པའི་རྣམ་ཐར་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། གཉགས་དབོན་བསོད་ནམས་བཟང་པོ། འཕགས་མཆོག་བསོད་ནམས་དར། མཁན་ཆེན་བསོད་ནམས་རྒྱ་མཚོ་ནས་རིམ་པར། མཁན་ཆེན་བྲག་སྟོན་པ། བླ་མ་ཤཱཀྱ་རྒྱལ་མཚན། སློབ་དཔོན་ནམ་མཁའ་དཔལ་འབྱོར། རྗེ་དམ་པ་རིན་པོ་ཆེ། སྨྲ་དབང་ཕྱོགས་ལས་རྣམ་རྒྱལ། རྨོར་ཆེན་ཐམས་ཅད་མཁྱེན་པ། གྲུབ་དབང་སངས་རྒྱས་རྒྱ་མཚོ། མཁས་བཙུན་སངས་རྒྱས་བསྟན་འཛིན། དེས་བདག་ལའོ།།  ༈  །།ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་རྗེས་གནང་གི་ཡི་གེའི་སྟེང་ནས་འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། འཕགས་པ་སྤྱན་རས་གཟིགས། ཨེ་ར་པ་ཏི། རིགས་ངན་གྱི་རྣལ་འབྱོར་མ། པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས།རྗེ་བཙུན་ལྷོ་པ། ཞང་ཉི་ཕུག་པ་ཆོས་ཀྱི་གྲགས་པ། དྲང་ཕོ་ལུང་པ་གྲགས་ཚུལ། སྐྱུ་ར་མཁན་པོ་རྒྱལ་མཚན་མགོན། སློབ་དཔོན་བསོད་ནམས་གྲུབ། དགེ་བཤེས་ཀུན་དགའ་ཚུལ་ཁྲིམས། མཁན་ཆེན་བསོད་ནམས་གྲགས་པ། དོན་ཞབས་པ་སངས་རྒྱས་རིན་ཆེན། མཁན་ཆེན་ཤེས་རབ་མགོན། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། ཀུན་མཁྱེན་ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། བྱམས་པ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ངོར་ཆེན་ནས། གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན།མཁན་ཆེན་བསོད་ནམས་ལྷུན་གྲུབ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང༌། སྨྲ་བའི་ཉི་མ་ཀུན་དགའ་བསོད་ནམས། རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲའོ།།  ༈  །།སྤྱན་རས་གཟིགས་གཙོ་འཁོར་གསུམ་པ་ས་ལུགས་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཛེ་ཏཱ་རི། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ། ཚོགས་སྒོམ་པ། ཉན་ཆེན་པ། བསོད་ནམས་སྐྱབས། གཟུངས་ཀྱི་དཔལ། དཔལ་ཚུལ་བ། ཤར་ཆེན་ཡེ་རྒྱལ། ངོར་ཆེན་རྡོ་རྗེ་འཆང༌། མུས་ཆེན་དཀོན་རྒྱལ། ཀུན་མཁྱེན་བསོད་སེང༌། རྗེ་རཏྣ་ཝརྡྷ། རྗེ་ལྷ་མཆོག་པ། བུདྡྷ་སིངྷ༌། རྗེ་ནམ་མཁའ་དཔལ་བཟང་པ། མཁས་དབང་དཔལ་ལྡན་དོན་གྲུབ།ཤར་ཆེན་ཤེས་རབ་འབྱུང་གནས། བླ་མ་དམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེ་ལས་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་མནོས་སོ། །ཤར་ཆེན་ཤེས་རབ་འབྱུང་གནས་ཀྱིས། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་ལའང་གསན་ནོ། །སྐྱེར་སྒང་པའི་བརྒྱུད་པ་ལྟར་ན། འཕགས་པ་སྤྱན་རས་གཟིགས། གྲུབ་ཆེན་རཱ་ཧུ་ལ། ཇོ་བོ་རྗེ། ནག་ཚོ་ལོ་ཙཱ་བ། ཕྱག་སོར་བ། ཤེས་ཚུལ་བ།ལྕེ་སྒོམ་པ། སྐྱེར་སྒང་པ། གཉན་སྟོན་པ། སངས་རྒྱས་སྟོན་པ། ཤངས་སྟོན་པ། ཁྱུང་པོ་ཚུལ་མགོན། རས་ཆེན་སངས་རྒྱས་སེང་གེ ཤངས་དཀར་བ་རིན་ཆེན། རྗེ་སངས་རྒྱས་དཔལ་བཟང༌། གྲུབ་ཆེན་ནམ་རྒྱལ། རྒྱ་སྒོམ་ལེགས་རྒྱལ། དཔལ་ལྡན་ཀུན་དགའ་གྲོལ་མཆོག རྗེ་ཀུན་དགའ་རྒྱལ་མཚན། སྔགས་འཆང་ཆེན་པོ་དཀོན་«་་་་་གསང་སྔགས་གསར་རྙིང་གི་སྔགས་འཆང༌། »མཆོག་ལེགས་འཛིན། མཁས་གྲུབ་དཔལ་ལྡན་དོན་གྲུབ་མན་གོང་དང་འདྲའོ།།  ༈  །།འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེས་མཛད་པའི་ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་པའི་སྒྲུབ་ཐབས་དང༌།དེའི་རྗེས་གནང་གི་ཆིངས་སྒྲུབ་ཐབས་བརྒྱ་རྩ་ལྟར་ལས་མ་ཎིའི་རྗེས་ཟློས་བརྒྱ་རྩ་བརྒྱད་ཀྱི་བར་དུ་བྱེད་པའི་རྗེས་སུ་གནང་བ་སྙན་བརྒྱུད་ཀྱི་ཚུལ་དུ་བཞུགས་པ་ཐོབ་པའི་བརྒྱུད་པའང་ཀུན་དགའ་ལེགས་པ་ཡན་ཆད་གཙོ་འཁོར་གསུམ་པ་ཇི་ལྟ་བ་བཞིན་ཡིན་ལ། དེ་ནས་འཇམ་དབྱངས་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཛིན་དབང་ཀུན་དགའ་བསྟན་འཛིན། དེས་རྗེས་སུ་བཟུང་བ་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ཐོབ་བོ། །ཡང་ན་ཀུན་དགའ་བསྟན་འཛིན།མཁན་ཆེན་སངས་རྒྱས་དཔལ་བཟང༌། དེས་བདག་ལ་སྩལ་ཏོ། །འདི་དང་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ཚིགས་སུ་བཅད་པ་མདོ་ཁམས་ཤར་ཕྱོགས་མར་གྲགས་པ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ལུང་ཡང་ཐོབ་ཅིང་འདི་གཉིས་སྒྲུབ་ཐབས་བརྒྱུད་ཚུལ་བཅས་གཅིག་པ་ཉིད་དོ།།  ༈  །།མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་སྒྲུབ་ཐབས་དང༌། སྟོང་ར་ཀུན་དགའ་ལེགས་གྲུབ་ཀྱིས་མཛད་པའི་རྗེས་གནང་གི་ཡི་གེའི་སྟེང་ནས་སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་རིགས་གཏད་ཐོབ་པའི་བརྒྱུད་པ་ནི། འཕགས་པ་ཐུགས་རྗེ་ཆེན་པོ། གྲུབ་ཆེན་རཱ་ཧུ་ལ་གུཔྟ་བཛྲ། ཇོ་བོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོར་བ་ཤེས་རབ་འབར། ཝ་ཡུ་བ་ཤེས་རབ་ཚུལ་ཁྲིམས། ལྕེ་སྒོམ་ཤེས་རབ་རྡོ་རྗེ། དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ གཉན་སྟོན་སྦས་པའི་«་་་་་ཆོས་ཀྱི་ཤེས་རབ། »རྣལ་འབྱོར། ཆོས་རྗེ་རྔོག་བརྩོན་འགྲུས་«་་་་་མཁས་གྲུབ་ཤངས་སྟོན་ཡང་ཟེར། »སེང་གེ འགྲོ་མགོན་ཤངས་སྟོན་ཚུལ་ཁྲིམས་འབུམ། གཉན་སྟོན་རྒྱལ་མཚན་དཔལ་བཟང༌།«་་་་་མུས་ཆེན་རྒྱལ་མཚན་དཔལ་བཟང༌།»སྔགས་འཆང་རྡོ་རྗེ་གཞོན་ནུ། མུས་ཆེན་ནམ་མཁའི་རྣལ་འབྱོར། མུས་ཆེན་དཀོན་མཆོག་རྒྱལ་མཚན། འདྲེན་མཆོག་རཏྣ་ཝརྡྷ། རྗེ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ མུས་པ་ནམ་མཁའ་དཔལ་བཟང༌། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། མཁྱེན་རབ་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་སྟོན་པ། གྲུབ་ཐོབ་ཨ་སེང༌། གསེར་གླིང་པ་བཀྲ་ཤིས་དཔལ། རྡོ་རྗེ་དཔལ་བ། ཆོས་དཔལ་ཤེས་རབ། གྲགས་པ་འབྱུང་གནས། ལོ་པ་ཚུལ་དར། སྤྱན་སྔ་ངག་དབང་ཆོས་གྲགས། བྱམས་པ་ཀུན་དགའ་ཆོས་གྲགས། མཆོག་ལེགས་རྡོ་རྗེ་མན་འདྲ། ཡང་ན་སངས་རྒྱས་སྟོན་པ། ཤངས་སྟོན་པ། རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ། གསེར་གླིང་པ་བྱམས་པ་དཔལ། སྨོན་ལམ་དབང་ཕྱུག བསོད་ནམས་རྒྱལ་མཚན། ཤེས་རབ་བཟང་པོ། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། ལོ་པ་ངག་དབང་ཆོས་གྲགས་མན་འདྲ། ཡང་ཉེ་བརྒྱུད་ནི། ཐུགས་རྗེ་ཆེན་པོ་མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ རཏྣ་ཝརྡྷ་མན་འདྲ།མུས་ཆེན་གྱིས་མཛད་པའི་ཡི་གེའི་ལུང་ཡང་ཐོབ། ཡང་ན་ཤངས་སྟོན་ནས། འཇག་ཆེན་བྱམས་པ་དཔལ་བཟང༌། འཇག་པ་བློ་གྲོས་དཔལ་བཟང༌། འཇག་ཆེན་ཀུན་དགའ། རྗེ་ཆོས་རྒྱལ་དཔལ་བཟང༌། མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། ཀུན་མཁྱེན་ཤཱཀྱ་དོན་གྲུབ་མན་འདྲའོ།།  ༈  །།འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སེང་གེ་སྒྲ། སློབ་དཔོན་ཙནྡྲ་གོ་མཱི། བྲམ་ཟེ་དཔལ་འཛིན།ཇོ་བོ་ནཱ་རོ་ཏ་པ། ཕམ་ཐིང་པ་སྐུ་མཆེད། ཨསྠུ་ལ་བཛྲ། བྷ་རོ་ཕྱག་རྡུམ།«་་་་་མཉྫ་གླིང་པ་ཐུགས་རྗེ་ཆེན་པོའང་ཟེར། »དེ་གཉིས་ཀ་ལས་མལ་ལོ་ཙཱ་བས་གསན། དེ་ལས་ས་སྐྱ་པ་ཆེན་པོས་གསན། གཉན་གཙུག་ཏོར།«་་་་་དེའི་ཉེ་གནས། »རྗེ་བཙུན་གྲགས་པ། ས་སྐྱ་པཎྜི་ཏ། ཤར་པ་ཡེ་ཤེས་འབྱུང་གནས།ཤར་པ་དུས་འཁོར་པ།«་་་་་ཡེ་ཤེས་རིན་ཆེན། »ཀུན་དགའ་བྱང་ཆུབ། མཁན་པོ་རྒྱལ་བཟང་པ། བླ་མ་གྲགས་པ་དཔལ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། ཁྱབ་བདག་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག འདྲེན་མཆོག་དཀོན་མཆོག་འཕེལ་བ། རྗེ་ལྷ་མཆོག་སེང་གེཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། འདྲེན་པ་བྲང་ཏི་མཁས་པ། རྗེ་དཔལ་ལྡན་དོན་གྲུབ། ཤར་པ་ཤེས་རབ་འབྱུང་གནས། རྗེ་མཁས་བཙུན་དམ་པ་ཀུན་དགའ་ལེགས་པ། མཁན་པོ་ཆེན་པོ་བུདྡྷ་ལཀྵྨཱི། འདྲེན་མཆོག་ཤེས་བྱ་བཟང་པོ། མཁྱེན་བརྩེའི་གཏེར་ཆེན་བཀྲ་ཤིས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ།།  ༈  །།དཔལ་ས་སྐྱ་པའི་གསེར་ཆོས་ལྕགས་རི་ལས་མི་འདའ་བ་བཅུ་གསུམ་གྱི་སྟེང་དུ་གཅིག་བསྣན་པའི་ཀླུ་པའི་གསེར་ཆོས་བཅུ་བཞིར་གྲགས་པའི་ཡ་གྱལ་སེང་གེ་སྒྲའི་ངག་བསྲུང་འགྲོལ་གྱི་མན་ངག་ཤིན་ཏུ་ཟབ་པའི་མཐར་ཐུག་མྱོང་བས་ཐོན་པའི་ལུང་མན་ངག་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། འཕགས་པ་སེང་གེ སློབ་དཔོན་ཛེ་ཏཱ་རི། རྡོ་རྗེ་གདན་པ་མྱ་ངན་མེད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ། བླ་ཆེན་ཡར་སྒོམ་སེ་བོ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། རྣལ་འབྱོར་གྱི་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག མཆོད་དཔོན་དྲུང་པ་དཀོན་མཆོག་པ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། ཁྱབ་བདག་པདྨ་ཕྲིན་ལས། འཕགས་མཆོག་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །གསེར་ཆོས་ཚེ་དཔག་མེད་སྤྲུལ་སྐུའི་བརྒྱུད་པ་ནི་གོང་དུ་སོང༌།།  ༈  །།དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ལུགས་ཀྱི་གསང་སྒྲུབ་སྐོར་གསུམ་གྱི་ནང་ཚན་སྤྱན་རས་གཟིགས་གསང་སྒྲུབ་ཀྱི་བྱིན་རླབས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་གཙང་མ་ཤངས་སྟོན། མུས་ཆེན་རྒྱལ་མཚན་དཔལ་བཟང༌། བླ་མ་རྡོ་རྗེ་གཞོན་ནུ། མཚན་ལྡན་ནམ་མཁའི་རྣལ་འབྱོར། བྱང་སེམས་སྦྱིན་པ་བཟང་པོ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། བརྒྱུད་འཛིན་བློ་གྲོས་རྒྱལ་མཚན། མཁས་གྲུབ་དཔལ་ལྡན་དར་པོ། རྗེ་བཙུན་བསོད་ནམས་རྩེ་མོ། ལོ་ཆེན་འགྱུར་མེད་བདེ་ཆེན། པཎ་ཆེན་ངག་དབང་ཆོས་གྲགས། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བསྟན་པ་རབ་རྒྱས། མང་ཐོས་བསོད་ནམས་ཆོས་འཕེལ། གྲུབ་ཐོབ་སངས་རྒྱས་བསྟན་པ། ཐུགས་སྲས་སངས་རྒྱས་དཔལ་བཟང༌། དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་ཐོབ་བོ།།  ༈  །།ཐུགས་རྗེ་ཆེན་པོའི་སྒོ་ནས་མིག་གསལ་བྱེད་དགེ་བའི་བཤེས་གཉེན་ཉང་སྟོན་སྒྲུབ་པོས་ལྷོ་བྲག་མཁར་ཆུའི་གཏེར་ནས་བཏོན་པ། གཏེར་སྟོན་དངོས་ཀྱི་རྩ་བ་དང༌། དེས་སྐབས་དོན་གསུམ་གྱི་གསལ་བྱེད་ཤྲཱི་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེས་སྦྱར་བ་བརྒྱུད་པའི་གསོལ་འདེབས་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་འབྱུང་གནས། ཉང་སྟོན་སྒྲུབ་པ་པོ། འགྲོ་མགོན་ཤཱཀྱ་བཟང་པོ། ངག་གི་དབང་པོ། བཀྲ་ཤིས་རྣམ་རྒྱལ། དཀོན་མཆོག་དཔལ་འབྱོར། རིག་འཛིན་པདྨའི་མཚན་ཅན། བློ་བཟང་དོན་གྲུབ། དེ་ནས་བླ་མ་གཉིས་ཙམ་བཙལ། ཡང་ན་གནས་གསར་བ་ཀུན་དགའ་ལེགས་པའི་འབྱུང་གནས། ཆོས་རྗེ་བསྟན་འཛིན་ཕུན་ཚོགས། ཆོས་རྗེ་བསྟན་འཛིན་རྡོ་རྗེ། དེས་བདག་ལའོ། །ཡང་ན་ཀུན་དགའ་ལེགས་པའི་འབྱུང་གནས་ནས། རྡོ་རྗེ་འཛིན་དབང་ཀུན་དགའ་རྒྱ་མཚོ། དེ་ལས་བདག་གིས་ཐོས་སོ།།  ༈  །།གསུམ་པ་པདྨའི་རིགས་ཀྱི་ཡུམ་ནི་སྒྲོལ་མ་ལ་སོགས་པ་སྟེ། འདི་བླ་མེད་དུ་གཏོགས་པར་བཞེད་ཀྱང་འདིར་མཚན་བརྒྱ་རྩ་བརྒྱད་པའི་ལུང་བླང་དགོས་པ་དང་སྡེ་ཚན་གཅིག་ཏུ་གཞག་པའི་ཕྱིར་རྟ་མཆོག་གི་རིགས་སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ནས་གསུངས་ཤིང་གཉན་ལོ་ཙཱ་བས་སྤྱན་དྲངས་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་གཉན་གྱི་སྒྲོལ་མ་ཡན་ལག་དྲུག་པའི་རྗེས་སུ་གནང་བ་ཐུན་མོང་མ་ཡིན་པ་མཚན་བརྒྱའི་ལུང་དང་བཅས་པ། དེའི་ཡིག་ཆ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། འཕགས་པ་ཀླུ་སྒྲུབ། བ་ལིནྟ་པ།སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད། དཔལ་བདེ་བ། དྲི་མེད་སྦས་པ། རཏྣ་བཛྲ། རཏྣ་ཀཱིརྟི། བར་འདིར་བནྡེ་བ་ཆེན་པོ་འབྱུང་བའང་ཡོད། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོ་ཙཱ་བ་དར་མ་གྲགས། གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན། རྗེ་ས་སྐྱ་པ་ཆེན་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ། བྱང་ཆུབ་དཔལ། བདེ་བ་དཔལ། གྲགས་པ་གཞོན་ནུ། བསོད་ནམས་གྲགས་པ། གྲགས་པ་ཚུལ་ཁྲིམས། ཐོག་སྟོན་ཤེས་རབ་རྡོ་རྗེ། རྒྱལ་བཟང་བ།མཁན་ཆེན་བྱང་ཆུབ་སེང་གེ ཤར་པ་ཡེ་ཤེས་རྒྱལ་མཚན། ཁྱབ་བདག་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དབང༌། དཀོན་མཆོག་འཕེལ། ལྷ་མཆོག་སེང་གེ སངས་རྒྱས་སེང་གེ འདྲེན་མཆོག་ཀུན་དགའ་ལུང་རིགས། ནུབ་དགོན་པ་སྦྱིན་པ་གྲགས། སྔགས་འཆང་ཐམས་ཅད་མཁྱེན་པ་རྗེ་རྒྱལ་རྩེ་བ།དཔལ་ས་སྐྱ་པ་ཆེན་པོ་གྲུབ་མཆོག་བསོད་ནམས་དབང་པོ། བདག་པོ་རྒྱལ་རྩེ་བ།«་་་་་རྗེ་འདིས་ཤེས་རབ་འབྱུང་གནས་ལས་ཀྱང་གསན་ནོ།། »བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན། དབུ་མཛད་ཀུན་དགའ་དཔལ་འབྱོར། མཁས་གྲུབ་སངས་རྒྱས་ཕུན་ཚོགས། བཀའ་དྲིན་ཅན་རྗེ་བཙུན་བཀྲ་ཤིས་བཟང་པོ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་དཀོན་མཆོག་འཕེལ་བ་ནས། དཀོན་མཆོག་ལྷུན་གྲུབ། ལྷ་མཆོག་སེང་གེ་མན་འདྲ། ཡང་ན་ངོར་ཆེན་ནས། རྒྱུ་འགུལ་པཎ་ཆེན། གློ་བོ་ལེགས་འབྱུང༌། འཇམ་དབྱངས་ས་ལོ། དཀོན་མཆོག་ལྷུན་གྲུབ་མན་འདྲའོ། །རྗེ་བཙུན་རིན་པོ་ཆེ་གྲགས་པས་མཛད་པའི་འདིའི་སྒྲུབ་ཐབས་ཡན་ལག་དྲུག་དང་ལྡན་པའི་བརྒྱུད་པ་ནི་ས་སྐྱ་བཀའ་འབུམ་གྱི་བརྒྱུད་པ་ལྟར་རོ།།  ༈  །།དམ་པའི་ཕྱག་ལེན་ལྟར་པདྨའི་རིགས་ཀྱི་ཡུམ་སེང་ལྡེང་ནགས་ཀྱི་སྒྲོལ་མ་གཙོ་རྐྱང་གི་རྗེས་སུ་གནང་བ་ལུང་གསུམ་གྱི་ཆིངས་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། རྗེ་བཙུན་མ་འཕགས་མ་སྒྲོལ་མ། ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ། ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན།འཇམ་དབྱངས་ས་སྐྱ་པཎྜི་ཏ། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང༌། མུས་ཆེན་དཀོན་མཆོག་རྒྱལ་མཚན། མཁྱེན་རབ་རྡོ་རྗེ་འཆང༌། ཀུན་མཁྱེན་ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། བྱམས་པ་ཀུན་དགའ་ཆོས་གྲགས། སེམས་དཔའ་ཆེན་པོ་མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌།དེས་བདག་ལའོ། །ཡང་ན་རྗེ་བཙུན་མ་སྒྲོལ་མ། ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ བཤེས་གཉེན་འབྲོམ་སྟོན་པ། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། བྱ་འཆད་ཁ་བ་ཡེ་ཤེས་རྡོ་རྗེ། དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས།ཟེའུ་སྐུ་མཆེད། མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན། མཁན་ཆེན་གྲུབ་པ་ཤེས་རབ། ཀུན་མཁྱེན་རོང་སྟོན་ཆེན་པོ། པཎ་ཆེན་ཤཱཀྱ་མཆོག་ལྡན། རྗེ་བཙུན་ཀུན་དགའ་གྲོལ་མཆོག སྟག་ལུང་པ་ངག་དབང་རྣམ་རྒྱལ། དེ་དབོན་ངག་དབང་བཀྲ་ཤིས་དཔལ་གྲུབ། རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲའོ། །སེང་ལྡེང་ནགས་ཀྱི་སྒྲོལ་མ་གཙོ་འཁོར་  >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

About སྟག་ལྗོངས་འཆི་མེད། 98 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

Be the first to comment

Leave a Reply

Your email address will not be published.


*