དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་དང་པོའི་ནང༌།

གསུམ་གྱི་རྗེས་གནང་གི་བརྒྱུད་པ་ནི་འོག་གི་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་གི་བརྒྱུད་པ་དང་འདྲའོ།།    །།ཇོ་བོ་ལྷ་གཅིག་བོད་དུ་འབྱོན་པའི་དུས་ཕྱག་འཚལ་ཉེར་གཅིག་གི་ཞལ་འདོན་དང་བཅས་རྡོ་རྗེའི་གདན་དུ་བསྐོར་བ་མཛད་པའི་ཚེ་རྗེ་བཙུན་སྒྲོལ་མས་ཞལ་མངོན་སུམ་དུ་བསྟན་ཏེ་བོད་དུ་བཞུད་ཅིག་པར་ལུང་བསྟན། འདི་ལ་ཡི་དམ་བྱས་ན་བར་ཆད་མི་འབྱུང་ཞེས་བསྟོད་པ་ཤླཽ་ཀ་རེ་དང་ལས་ཚོགས་རེ་སྦྱར་ནས་གནང་བའི་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་རྗེས་གནང་ལ། ངག་དབང་ཆོས་གྲགས་པའི་ཡིག་ཆའི་སྟེང་ནས་ཐོབ་པའི་རྣམ་གྲངས་ནི། དང་པོ་སྒྲོལ་མ་མྱུར་མ་དཔའ་མོ།སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། དེ་བཞིན་དུ་གཉིས་པ་ནད་གདོན་ཞི་བའི་སྒྲོལ་མ་དཀར་མོ། གསུམ་པ་ཚེ་དང་ལོངས་སྤྱོད་འཕེལ་བའི་སྒྲོལ་མ་གསེར་མདོག བཞི་པ་ཚེ་སྒྲུབ་པའི་སྒྲོལ་མ་རྣམ་པར་རྒྱལ་མ་གསེར་མདོག་ཅན། ལྔ་པ་བུད་མེད་དབང་དུ་བྱ་བའི་སྒྲོལ་མ་ཧཱུྃ་སྒྲ་སྒྲོགས་མ་དམར་སེར་མ། དྲུག་པ་འབྱུང་པོ་འདུལ་བའི་སྒྲོལ་མ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མ་དམར་ནགབདུན་པ་གཞན་གྱི་རིག་སྔགས་བཟློག་པའི་སྒྲོལ་མ་གཞན་འཇོམས་མ་ནག་མོ། བརྒྱད་པ་སྒྲོལ་མ་བདུད་དང་དགྲ་འཇོམས་མ་དམར་ནགདགུ་པ་འཇིགས་པ་བསྲུང་བའི་སྒྲོལ་མ་དཀོན་མཆོག་གསུམ་མཚོན་མ་ལྗང་མོ། བཅུ་པ་སྒྲོལ་མ་བདུད་དང་འཇིག་རྟེན་དབང་དུ་མཛད་མ་དམར་མོ། བཅུ་གཅིག་པ་སྒྲོལ་མ་འགུགས་ཤིང་ཕོངས་སེལ་མ་གསེར་བཙོ་མ་ལྟ་བུ། བཅུ་གཉིས་པ་སྒྲོལ་མ་བཀྲ་ཤིས་ཐམས་ཅད་འབྱིན་མ་གསེར་མདོག་ཅན། བཅུ་གསུམ་པ་སྒྲོལ་མ་མེ་ལྟར་འབར་བ་དམར་མོ། བཅུ་བཞི་པ་སྒྲོལ་མ་ཁྲོ་གཉེར་ཅན་ནག་མོ། བཅོ་ལྔ་པ་སྒྲོལ་མ་ཞི་བ་ཆེན་མོ་དཀར་མོ། བཅུ་དྲུག་པ་འཕགས་མ་རིག་པ་ཧཱུྃ་སྒྲོལ་མ་དམར་མོ། བཅུ་བདུན་པ་སྒྲོལ་མ་འཇིག་རྟེན་གསུམ་མགོན་མ་དམར་སེར། བཅོ་བརྒྱད་པ་འཕགས་མ་ཀླུའི་དུག་ནད་ཐམས་ཅད་རབ་ཞི་མ་དཀར་མོ། བཅུ་དགུ་པ་སྡུག་བསྔལ་ཐམས་ཅད་སེལ་བའི་སྒྲོལ་མ་དཀར་མོ། ཉི་ཤུ་པ་རིམས་ནད་སྲུང་བའི་སྒྲོལ་མ་དམར་སེར། ཉེར་གཅིག་པ་ཕྲིན་ལས་ཡོངས་རྫོགས་ཀྱི་སྒྲོལ་མ་དཀར་མོ་རྣམས་ཏེ་སྒྲོལ་མ་ཉེར་གཅིག་དང༌། སེང་ལྡེང་ནགས་སྒྲོལ་ལྗང་མོ་དང་བཅས་པའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། ཇོ་བོ་རྗེ་མར་མེ་མཛད་བཟང་པོ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས།འཆད་ཁ་བ་ཡེ་ཤེས་རྡོ་རྗེ། དབོན་སྟོན་སྐྱེར་སྒང་པ། སངས་རྒྱས་སྒོམ་པ་བ་ཡེ་ཤེས་སྐྱབས། མཆིམས་ནམ་མཁའ་གྲགས། ཟེའུ་གྲགས་པ་ཤེས་རབ། ཟེའུ་གྲགས་པ་བརྩོན་འགྲུས། མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན། མཁན་ཆེན་གྲུབ་པ་ཤེས་རབ། ཀུན་མཁྱེན་རོང་སྟོན་ཆེན་པོ་ཤཱཀྱ་རྒྱལ་མཚན།པཎ་ཆེན་ཤཱཀྱ་མཆོག་ལྡན། བྲག་དཀར་སེམས་དཔའ་ཆེན་པོ་བསོད་ནམས་རྒྱལ་མཚན། བླ་མ་བསོད་ནམས་དཔལ་འབྱོར།གནུབས་སྒོམ་སྦས་པའི་རྣལ་འབྱོར། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་བསོད་ནམས་ཆོས་འཕེལ། ཐམས་ཅད་མཁྱེན་པ་ངག་དབང་ཆོས་ཀྱི་གྲགས་པ། ངག་དབང་བསོད་ནམས་རྒྱལ་མཚན། ཤར་ཆེན་ཡེ་ཤེས་བཟང་པོ། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། ཤེས་བྱ་བཟང་པོ། རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན། རྗེ་བཙུན་དེ་ཉིད་ཀྱིས་བདག་ཚུལ་ཁྲིམས་རིན་ཆེན་ལ་དགེས་བཞིན་དུ་སྩལ་ཏོ། །ཕྱག་འཚལ་ཉེར་གཅིག སྒྲུབ་ཐབས་ཡིག་རྙིང༌། རྗེས་གནང་གི་ཆིངས་ཐུབ་བསྟན་ཡངས་པ་ཅན་གྱི་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ་རྣམས་ཀྱི་སྟེང་ནས་མཛད་ཅིང་དེ་དག་གི་ལུང་ཡང་ཐོས་སོ།།    །།ཇོ་བོ་རྗེ་ལ་སྒྲོལ་མས་དངོས་སུ་གནང་བའི་རྗེ་བཙུན་སྒྲོལ་མ་འཇིགས་པ་ཀུན་སེལ་ཕྲིན་ལས་ཀྱི་སྒྲོལ་མ་ཉེར་གཅིག་དང་བཅས་པའི་རྗེས་གནང་གི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། ཇོ་བོ་རྗེ། འབྲོམ་སྟོན་པ། པོ་ཏོ་བ། ཤ་ར་བ། འཆད་ཁ་བ། སེ་སྤྱིལ་བུ་པ། རམ་ཕ་ལྷ་སྡིངས་པ། སངས་རྒྱས་དབོན། སློབ་དཔོན་ཡོན་ཏན་དཔལ། མཁན་ཆེན་བདེ་བ་དཔལ། མཁན་ཆེན་བཀའ་བཞི་པ། རིན་པོ་ཆེ་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད། འགྲོ་མགོན་དཔལ་ལྡན་ཡེ་ཤེས།གླང་ཐང་ཆོས་རྗེ་ཤེས་རབ་རྡོ་རྗེ། བྱང་ཆུབ་དཔལ་རྒྱལ་བ་བཟང་པོ།ནམ་མཁའ་བཟང་པོ། ཆོས་རྗེ་བློ་གྲོས་འབྱུང་གནས། རྗེ་བཙུན་དཀོན་མཆོག་བློ་གྲོས། ཐམས་ཅད་མཁྱེན་པ་འབུམ་རབ་འབྱམས་པ་རྒྱལ་བ་བློ་གྲོས། ངག་དབང་བརྟན་པའི་རྡོ་རྗེ། འཕགས་པ་ཆོས་ཀྱི་རྒྱལ་མཚན། མཁས་བཙུན་བསོད་ནམས་དབང་ཕྱུག མཁན་པོ་ཆེན་པོ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ།།    །།སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་སྒྲོལ་མའི་བསྟོད་སྒྲུབ་མཎྜལ་བཞི་ཆོག་གི་ལུང་གི་བརྒྱུད་པ་ནི། འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསོད་ནམས་དཔལ་ལྡན། མཁན་ཆེན་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཚུངས་བྲལ་ཀུན་དགའ་བསྟན་འཛིན། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ།།    །།ཨེ་ཝཾ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་རྗེས་གནང་གི་ཆོ་ག་ཁམས་གསུམ་འགུགས་པའི་ལྕགས་ཀྱུ། གསོལ་བ་འདེབས་པ་ཐུགས་དམ་གནད་ནས་བསྐུལ་བའི་སྒྲ་དབྱངས་བཅས་པའི་སྟེང་ནས་རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་དབང་གི་སྒྲོལ་མ་དམར་མོའི་རྗེས་སུ་གནང་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་རྡོ་རྗེ་འཆང༌། རྗེ་བཙུན་འཕགས་མ་སྒྲོལ་མ། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ། སློབ་དཔོན་ཤཱཀྱ་འོད་ཟེར། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། རྣལ་འབྱོར་གྱི་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། ཀླུ་པ་མཁན་ཆེན་བསོད་ནམས་དར། དམར་སྟོན་རྒྱལ་མཚན་འོད་ཟེར། གོང་མ་གྲགས་པ་འབྱུང་གནས།«་་་་་སྟེང་པ་ལོ་ཙཱ་བ། ས་སྐྱོང་ཐམས་ཅད་མཁྱེན་པ། ཚེས་ལྔ་རིན་ཆེན་རྣམས་སུའང་གྲགས། »དཔལ་ལྡན་ཀུན་བཟང་རྩེ་པ་བསོད་ནམས་རྒྱལ་མཚན། ཆག་ལོ་རིན་ཆེན་ཆོས་རྒྱལ། ས་ལོ་འཇམ་དཔལ་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང༌། ངག་དབང་མཆོག་ལེགས་རྡོ་རྗེ། རྗེ་བཙུན་མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། བཀའ་དྲིན་རྨད་བྱུང་རྡོ་རྗེ་འཆང་ཆེན་པོ་དཔལ་ལྡན་ཆོས་སྐྱོང་བ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །དེའི་ལས་ཚོགས་ཀྱི་ལུང་གི་བརྒྱུད་པ་ནི་ས་སྐྱ་བཀའ་འབུམ་གྱི་བརྒྱུད་པ་དང་གཅིག་གོ།    །།ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་སྒྲུབ་ཐབས་དང་རྗེས་གནང་བྱ་ཚུལ་གྱི་ཡི་གེ་ལ་བརྟེན་ནས་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ངོར་ལུགས་ཐུན་མོང་མ་ཡིན་པ་ཐོབ་པའི་རྗེས་གནང་གི་བརྒྱུད་པ་ལ་བཀའ་བབས་དང་པོ་ཇོ་བོ་ལུགས་ཀྱི་བརྒྱུད་པ་ནི། ཐུབ་པའི་དབང་པོ། རྗེ་བཙུན་མ་སྒྲོལ་མ། ངག་དབང་ཆོས་ཀྱི་གྲགས་པ།མགོན་པོ་གསེར་གླིང་པ། ཇོ་བོ་ཨ་ཏི་ཤ། འབྲོམ་རྒྱལ་བའི་འབྱུང་གནས། སྤྱན་སྔ་ཚུལ་ཁྲིམས་འབར། བཤེས་གཉེན་བྱ་ཡུལ་བ་གཞོན་ནུ་འོད། དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན། ཞང་སུམ་ཐོག་པ། ཞང་བཀའ་ཚལ་བ། བླ་མ་ལྷ། སློབ་དཔོན་རིན་ཆེན་བཟང་པོ། མཁན་ཆེན་བདེ་བ་དཔལ། དཀའ་བཞི་པ་གྲགས་པ་གཞོན་ནུ། བུ་སྟོན་ཐམས་ཅད་མཁྱེན་པ། འགྲོ་བའི་མགོན་པོ་བསོད་ནམས་རྒྱལ་མཚན། མཚུངས་མེད་དཔལ་ལྡན་ཚུལ་ཁྲིམས། མཁས་པ་ཡེ་ཤེས་རྒྱལ་མཚན། ཁྱབ་བདག་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། པཎ་ཆེན་ཆོས་དཔལ་བ། ཆོས་རྗེ་བློ་གྲོས་རྒྱ་མཚོ། ཐུགས་རྗེ་ཅན་རིན་ཆེན་བཟང་པོ། སྔགས་འཆང་ཀུན་དགའ་བསོད་ནམས། སྔགས་འཆང་དཀོན་མཆོག་ལེགས་འཛིན། མཁས་གྲུབ་དཔལ་ལྡན་དོན་གྲུབ། རྗེ་དཔལ་མཆོག་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། ཆོས་རྗེ་ཀུན་དགའ་འཆོས་འཕེལ། རྡོ་རྗེ་འཛིན་དབང་ཀུན་དགའ་བསྟན་འཛིན། དེས་བདག་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། བསྟན་འཛིན་ལྷུན་གྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ངག་གི་དབང་ཕྱུག ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་རིན་ཆེན་གྲགས། ས་སྐྱ་གོང་མ་ལྔ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དམ་པ་མན་འདྲའོ། །ཡང་ན་ངག་དབང་གྲགས་པ། གྲུབ་ཆེན་མ་ཏི། གཉན་ལོ་ཙཱ་བ། གནམ་ཁའུ་པ། ས་ཆེན་མན་འདྲ། ཡང་ན་བཀའ་བཞི་པ། རིན་ཆེན་བསོད་ནམས་གྲགས་པ། ཆོས་རྗེ་བླ་མ་མན་འདྲའོ།།    །།ཚར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་ཉམས་ལེན་སྙིང་པོ་བསྡུས་པ་དང༌། རྗེས་གནང་གི་ཡི་གེ་ཀུན་མཁྱེན་མཁྱེན་བརྩེས་མཛད་པའི་སྟེང་ནས་རྗེ་བཙུན་བཅོམ་ལྡན་འདས་མ་སྒྲོལ་མ་དཀར་མོ་སྤྱན་བདུན་མ་ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མའི་འོད་ཟེར་དྲུག་སྦྲགས་ཀྱི་རྗེས་སུ་གནང་བ་ཐུན་མོང་མ་ཡིན་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། རྗེ་བཙུན་མ་སྒྲོལ་མ་དཀར་མོ། པཎ་གྲུབ་ངག་གི་དབང་ཕྱུག་གྲགས་པ། བླ་མ་རྡོ་རྗེ་གདན་པ། རྗེ་བཙུན་བ་རི་ལོ་ཙཱ་བ། གྲུབ་ཆེན་སླེ་ནག་པ།དགེ་བའི་བཤེས་གཉེན་སྒྲེ་པ། མཉམ་མེད་སྒམ་པོ་ཟླ་འོད་གཞོན་ནུ། དྭགས་སྒོམ་ཚུལ་ཁྲིམས་སྙིང་པོ། སྒོམ་ཆུང་ཤེས་རབ་བྱང་ཆུབ། མཚུངས་མེད་དྭགས་པོ་འདུལ་འཛིན་པ།རྗེ་འབྲི་ཁུང་གླིང་པ། རྗེ་དམ་ཆོས་གླིང་པ། བླ་མ་ཆོས་ཀྱི་ཚུལ་ཁྲིམས། མཉམ་མེད་བླ་མ་ལྷ་ལུང་པ། ཐོག་གནས་པ་ཆེན་པོ།«་་་་་ལོ་པའི་གསན་ཡིག་ན་ཡོན་གནས་པ་ཞེས་སྣང༌།»བླ་མ་ཆོས་ཀྱི་དབང་ཕྱུག འདྲེན་མཆོག་བྱང་ཆུབ་བཟང་པོ། ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ། ལོ་པ་སྤྱན་སྔ་བསོད་ནམས་ལྷ་དབང༌། སྤང་གཤོང་ཧ་རི་ཁ་པ་དཔལ་ལྡན་རྒྱལ་མཚན། དྭགས་པོ་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་«པཎ་ཆེན་བཀྲས་རྣམ་པའི་དབོན་པོ་ཡིན།་་་་་»ལྷ།«་་་་་འབྲས་ཡུལ་སྐྱེད་ཚལ་གྱི་དགེ་བཤེས་གཉུག་ལ་ལེགས་བཤད་གླིང་གི་བླ་མར་བསྐོས་ནས་ཀརྨ་ཕྲིན་ལས་སུ་གྲགས།» ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག བོ་དོང་མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྡོ་རྗེ་འཆང་དབང་ཆེན་པོ་ངག་དབང་ཀུན་དགའ་ལྷུན་གྲུབ། གྲུབ་པའི་དབང་ཕྱུག་སངས་རྒྱས་རྒྱ་མཚོ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་གྲུབ་དབང་སངས་རྒྱས་རྒྱ་མཚོ་ནས། མཁས་བཙུན་ཆེན་པོ་སངས་རྒྱས་དཔལ་བཟང༌། དེས་བདག་ཤཱི་ལ་རཏྣ་ལའོ། །ཡང་ན་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས། མཁན་ཆེན་ཞྭ་ལུ་བ་མན་འདྲ། ཡང་ན་ཚར་ཆེན་རྡོ་རྗེ་འཆང་ནས། རྗེ་བཙུན་བོད་མཁར་པ། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། སྐྱེད་ཚལ་མཁན་ཆེན་ཐར་པ་རྒྱལ་མཚན། ཞྭ་ལུ་པ་མན་འདྲ། ཡང་ན་མཁྱེན་བརྩེའི་ཞབས་ལས། མཁན་ཆེན་བསླབ་གསུམ་པ། དགོན་གསར་བ་བསོད་ནམས་ཆོས་འཕེལ། འཇམ་དབྱངས་བྱང་གླིང་རྗེ་གསུམ་གྱིས་གསན། ཡབ་སྲས་བཞི་ཀ་ལས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་གསན་ནོ། །ཡང་ཡིག་ཆ་དེ་ཉིད་ཀྱི་སྟེང་ནས་ཐུན་མོང་བའི་རྗེས་གནང་ཐོབ་པའི་བརྒྱུད་པའང་བཤད་མ་ཐག་པ་ལྟར་རོ།།    །།རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་བཀའ་བབས་དགུ་དང་ལྡན་པའི་བརྒྱུད་པ་ལ་བཀའ་བབས་དང་པོ་ཇོ་བོ་ལུགས་ནི་གོང་གི་ངོར་ལུགས་ཀྱི་སྐབས་ལྟར་ཡིན་ལ། དེར་སླར་ཡང་བརྒྱུད་པའི་རྒྱུན་མི་འདྲ་བ་རྣམས་སྨོས་ན། མཁན་ཆེན་བདེ་བ་དཔལ་ནས། ཞང་སྟོན་བསོད་ནམས་གྲགས་པ། ཆོས་རྗེ་བླ་མ་དམ་པ། སྤོས་ཁང་པ་རིན་ཆེན་རྒྱལ་མཚན། རྒྱལ་བ་ཕྱག་ན་པ། ཀུན་བཟང་རྩེ་པ་བསོད་ནམས་རྒྱལ་མཚན། ཆག་ལོ་རིན་ཆེན་ཆོས་རྒྱལ། ཁྲ་རི་བ་རིན་ཆེན་རྒྱལ་མཆོག རྫོང་དཀར་ཤེས་རབ་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ།མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། རྡོ་རྗེ་འཛིན་དབང་སངས་རྒྱས་རྒྱ་མཚོ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་རྒྱ་མཚོ་ནས། མཁན་ཆེན་སངས་རྒྱས་དཔལ་བཟང༌། དེས་བདག་ལའོ། །ཡང་ན་སྤྱན་སྔ་ཚུལ་ཁྲིམས་འབར་ནས། བཤེས་གཉེན་སྒྲེ་པ། སྒམ་པོ་བསོད་ནམས་རིན་ཆེན། ཕག་མོ་གྲུབ་པ། སྟག་ལུང་ཐང་པ། བླ་མ་ལམ་པ། སློབ་དཔོན་ཚལ་པ། ཤཱཀྱ་གཞོན་ནུ། དོན་ཞབས་པ་སངས་རྒྱས་རིན་ཆེན། རྩེགས་པ་བསོད་ནམས་རྡོ་རྗེ། མ་ཏི་ཕ་ལ།«་་་་་གཙང་པ་བློ་བཟང་པ། སྐད་དོད་ལ་བལྟས་ན་བློ་གྲོས་བཟང་པོ་འདྲ། »རང་གྲོལ་ལྷུན་གྲུབ། ནམ་མཁའ་བློ་གྲོས། ཆག་ལོ་རིན་ཆེན་ཆོས་རྒྱལ་མན་འདྲ། ཡང་ན་སྒམ་པོ་བ་ནས། ལྷོ་ལ་ཡག་པ། སློབ་དཔོན་བརྟན་པ། སློབ་དཔོན་ཚལ་པ། ཤཱཀྱ་གཞོན་ནུ་མན་འདྲ། ཡང་ན་ཤཱཀ་གཞོན་ནས། ཤངས་པ་གྲགས་སེང༌། བླ་མ་མགོན་རྒྱལ་བ། མཁའ་སྤྱོད་དབང་པོ། འཁྲུལ་ཞིག་བསོད་ནམས་འབུམ། བླ་མ་རྒྱལ་མཚན། ཞྭ་དམར་བཞི་པ་སྤྱན་སྔ་ཐམས་ཅད་མཁྱེན་པ། ཆག་ལོ་མན་འདྲ། ཡང་ན་སྤྱན་སྔ་བ་ནས། བྱ་ཡུལ་བ། སླེ་ནག་པ། སྒྲེ་པ། སྒམ་པོ་པ་མན་འདྲ། ཡང་ན་ཟླ་འོད་གཞོན་ནུ་ནས། ཀརྨ་པ་དུས་གསུམ་མཁྱེན་པ།«་་་་་ཁམས་པ་དབུ་སེ། »ཁམས་པ་དབང་ཕྱུག་རྡོ་རྗེ། དབང་ཕྱུག་སེང་གེ ཁམས་པ་བྱ་བྲལ་བ་ཤེས་རབ་གཞོན་ནུ། སྤྱན་སྔ་ཆོས་ཀྱི་རྒྱལ་པོ། དེ་གཉིས་ཀ་ལས་རི་ཁྲོད་པ་གཞོན་ནུ་རྒྱལ་མཚན། དེ་ནས་རས་ཆེན་གཞོན་ནུ་དཔལ། གྲུབ་ཆེན་སངས་རྒྱས་རིན་ཆེན། དེ་ལས་སྒོ་རུམ་པ་སངས་རྒྱས་རྒྱལ་མཚན་དང༌། ཀུན་དགའ་རྒྱ་མཚོ་གཉིས་ཀྱིས་གསན། གཉིས་ཀ་ནས་རྗེ་བཙུན་ཀུན་དགའ་ལེགས་པ།འཇམ་མགོན་མཁྱེན་བརྩེ་མན་འདྲ། ཡང་ན་བླ་མ་དམ་པ་ནས། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་སངས་རྒྱས་དཔལ། སྒོ་རུམ་པ་མན་འདྲ། ཡང་ན་བདག་ཆེན་རྡོ་རྗེ་འཆང་ནས། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་བླ་མ་དམ་པ་ནས། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་གྲགས་པ་རྒྱལ་མཚན། བོ་དོང་འཇིགས་བྲལ། སྟག་ལུང་པ་ངག་དབང་གྲགས་པ། བོ་དོང་པ་འཆི་མེད་དཔལ་བཟང༌། བོ་དོང་པ་སངས་རྒྱས་ལྷུན་གྲུབ། བོ་དོང་སྔགས་རམས་ཡོན་ཏན་རྒྱ་མཚོ། མཁྱེན་བརྩེའི་ཞབས་མན་འདྲ། ཡང་ན་བླ་མ་དམ་པ་ནས། དཔལ་ལྡན་ཚུལ་ཁྲིམས།ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང༌། མུས་ཆེན་སེམས་དཔའ་ཆེན་པོ། པཎ་ཆེན་ཆོས་རིན་དཔལ་བ། རྗེ་བློ་གྲོས་རྒྱ་མཚོ། རཏྣ་བྷ་དྲ། ཀུན་དགའ་བསོད་ནམས། སྔགས་འཆང་དཀོན་མཆོག་ལེགས་འཛིན། མཁན་ཆེན་དཔལ་ལྡན་དོན་གྲུབ། ཤར་པ་ཡེ་ཤེས་འབྱུང་གནས། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་མན་འདྲ།ཡང་ན་བྱ་ཡུལ་བ་གཞོན་ནུ་འོད་ནས། འཆད་ཁ་པ། སྐྱེར་སྒང་པ། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། རྒྱང་རོ་བྱང་ཆུབ་འབུམ།མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན། སྤང་སྟོན་གྲུབ་པ་ཤེས་རབ། སྤྱང་ལུང་པ་གཞོན་ནུ་བློ་གྲོས། པཎ་ཆེན་ཤཱཀྱ་མཆོག་ལྡན། སྤྱང་ལུང་པ་གཞོན་ནུ་ཆོས་གྲུབ། རྗེ་ཀུན་དགའ་རྒྱལ་མཚན། སྔགས་འཆང་དཀོན་མཆོག་ལེགས་འཛིན་མན་འདྲའོ། །བཀའ་བབས་གཉིས་པ་ས་ལུགས་ཀྱི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། པཎ་གྲུབ་ཝཱ་གཱི་ཤྭ་ར། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ། ཆོས་རྒྱལ་བློ་གྲོས་རྒྱལ་མཚན། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་མན་གོང་དང་འདྲའོ། །བཀའ་བབས་གསུམ་པ་ཁ་ཆེ་པཎ་ཆེན་ལུགས་ཀྱི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི། མཁན་ཆེན་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། བར་འདིར་བཀའ་བཞི་པ་གྲགས་པ་གཞོན་ནུ་བྱུང༌། བྱང་སེམས་བསོད་ནམས་གྲགས་པ། བླ་མ་བསོད་ནམས་རྒྱལ་མཚན། འཇམ་དབྱངས་རིན་ཆེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་ཕྱག་ན། མཁན་ཆེན་ཀུན་དགའ་བློ་གྲོས། ཆག་ལོ་རིན་ཆེན་ཆོས་རྒྱལ། ཁྲ་རི་བ་མན་གོང་ལྟར་རོ། །ཡང་ན་ཁ་ཆེ་པཎྜི་ཏ་ནས། དཱ་ན་ཤཱི་ལ། གཙང་ཐང་པ་བླ་མ་ཀ་པ་བ། རྟོགས་ལྡན་གྲགས་སེང༌། གཡའ་བཟང་པ་བསོད་ནམས་འོད། བསོད་ནམས་རྡོ་རྗེ། གཙང་པ་བློ་བཟང་པ་མན་འདྲའོ། །བཀའ་བབས་བཞི་པ་ཨ་བྷ་ཡཱ་ཀ་རའི་ལུགས་ཀྱི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། སློབ་དཔོན་ཨ་བྷ་ཡཱ་ཀ་ར། ཤུ་བྷཾ་ཀ་ར་གུཔྟ། རཏྣ་རཀྵི་ཏ། གོ་ཏཾ་ཤྲཱི། ཀཱིརྟི་ཙནྡྲ། ཡར་ལུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། རོང་པ་ཤེས་རབ་སེང་གེ བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། མཁན་ཆེན་རིན་ཆེན་འཕེལ། ཡེ་ཤེས་འཕེལ། ཀུན་དགའ་བསོད་ནམས།བླ་མ་བྱང་སེམས་བ། རྒྱ་མ་བ་ཡོན་ཏན་འོད། ཤངས་དཀར་བ་རིན་ཆེན་རྒྱལ་མཚན། སྐུངས་ལུང་པ་སངས་རྒྱས་འོད། འཕགས་པ་རིན་པོ་ཆེ། ཆག་ལོ་རིན་ཆེན་ཆོས་རྒྱལ། ཁྲ་རི་བ་མན་འདྲའོ། །བཀའ་བབས་ལྔ་པ་གཉན་ལུགས་ཀྱི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། པཎྜི་ཏ་མ་ཏི། གཉན་ལོ་ཙཱ་བ་དར་མ་གྲགས། གནམ་ཁའུ་པ་དར་མ་རྒྱལ་མཚན།ས་སྐྱ་པ་ཆེན་པོ་མན་འདྲ་ཞིང༌། ས་ཆེན་བརྒྱུད་པར་བཞུགས་ཕྱིན་དེ་མན་ཆད་ཀྱི་བརྒྱུད་པ་ཚང་མ་དེད་ཆོག་གོ།  །།བཀའ་བབས་དྲུག་པ་དཔྱལ་ལུགས་ཀྱི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། རྡོ་རྗེ་གདན་པ་ནིསྐ་ལཾ་ཀ དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། དཔྱལ་ཨ་མོ་གྷ། མཁན་ཆེན་གཞོན་ནུ་དཔལ་ཡེ་ཤེས། ཐར་ལོ་ཉི་མ་རྒྱལ་མཚན། བུ་སྟོན་ཐམས་ཅད་མཁྱེན་པ། རྗེ་བཙུན་དཔལ་ཆེན་བཟང་པོ། རྗེ་ཡེ་ཤེས་དཔལ་བཟང༌། ཆག་ལོ་རིན་ཆེན་ཆོས་རྒྱལ། ཁྲ་རི་བ་རིན་ཆེན་རྒྱལ་མཆོག་མན་འདྲ་ཞིང་བུ་སྟོན་རིན་པོ་ཆེ་བརྒྱུད་པར་བཞུགས་ཕྱིན་དེ་མན་གྱི་བརྒྱུད་པ་གོང་མ་རྣམས་ཀྱང་འདིར་དྲངས་ཆོག་གོ།  །།བཀའ་བབས་བདུན་པ་རྔོག་ལུགས་ཀྱི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། ངག་དབང་གྲགས་པ།མར་པ་ཆོས་ཀྱི་བློ་གྲོས། རྔོག་ཆོས་སྐུ་རྡོ་རྗེ། རྔོག་མདོ་སྡེ། རྔོག་ཀུན་དགའ། རྔོག་གཟི་བརྗིད་གྲགས་པ། རྔོག་རིན་ཆེན་བཟང་པོ། རྔོག་ཆོས་ཀྱི་རྒྱལ་མཚན། གནག་ར་བ་སངས་རྒྱས་རྒྱལ་མཚན། རྔོག་བྱང་ཆུབ་དཔལ་བ། བྱམས་པ་གླིང་པ་བསོད་ནམས་རྣམ་པར་རྒྱལ་བའི་སྡེ། ཁྲུས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་སྡེ། ཞྭ་དམར་བཞི་པ་ཆོས་ཀྱི་གྲགས་པ། ཆག་ལོ་རིན་ཆེན་ཆོས་རྒྱལ། ཁྲ་རི་བ་མན་འདྲའོ།།  །།བཀའ་བབས་བརྒྱད་པ་སྒར་ལུགས་ཀྱི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། ཀརྨ་པ་རོལ་པའི་རྡོ་རྗེ། རྗེ་མཁའ་སྤྱོད་དབང་པོ། ཀརྨ་པ་དེ་བཞིན་གཤེགས་པ། མཁས་གྲུབ་བསོད་ནམས་འབུམ། བླ་མ་རྒྱལ་མཚན། ཞྭ་དམར་བ་བཞི་པ་ཆོས་ཀྱི་གྲགས་པ། ཆག་ལོ་རིན་ཆེན་ཆོས་རྒྱལ། ཁྲ་རི་བ་མན་འདྲའོ།།  །།བཀའ་བབས་དགུ་པ་ནགས་རིན་ལུགས་ཀྱི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། པཎྜི་ཏ་ངག་དབང་གྲགས་པ། པཎ་ཆེན་ནགས་ཀྱི་རིན་ཆེན། རྗེ་ཀུན་དགའ་མཆོག་གྲུབ། དེ་དཔོན་ཀུན་དགའ་གྲོལ་མཆོག ཆོས་རྗེ་ཀུན་དགའ་རྒྱལ་མཚན། སྔགས་འཆང་དཀོན་མཆོག་ལེགས་འཛིན། མཁས་གྲུབ་དཔལ་ལྡན་དོན་གྲུབ། འཇམ་དབྱངས་དཔལ་མཆོག་རྒྱལ་མཚན། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས། ཀུན་དགའ་བསྟན་འཛིན། དེས་བདག་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། ཀུན་མཁྱེན་དཔལ་ལྡན་ཆོས་སྐྱོང༌། དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་སོ། །ཡང་ན་དཔལ་ལྡན་དོན་གྲུབ་ནས། ཤར་ཆེན་ཤེས་རབ་འབྱུང་གནས། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། རྗེ་རྡོ་རྗེ་འཆང་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། རྡོ་རྗེ་འཛིན་དབང་སངས་རྒྱས་རྒྱ་མཚོ། དེས་བདག་ལའོ། །ཡང་ན་སངས་རྒྱས་རྒྱ་མཚོ་ནས། སངས་རྒྱས་དཔལ་བཟང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་བརྒྱུད་ལུགས་མི་འདྲ་བ་གཅིག་ལ། འཕགས་པ་རིན་པོ་ཆེ་ཡན་གོང་ལྟར་ལས། དེ་ནས་ཤཱཀྱ་འོད་ཟེར། རྒྱལ་ཚ་ཆོས་ཀྱི་དབང་ཕྱུག མཁས་པ་ཡོན་ཏན་ཁྲི།མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུངས་པ་མཁས་གྲུབ་སེང་གེ་རྒྱལ་མཚན། དགེ་བའི་བཤེས་གཉེན་ཀླུ་པ་བསོད་ནམས་དར། དམར་སྟོན་རྒྱ་མཚོ་རིན་ཆེན། གོང་མ་གྲགས་པ་འབྱུང་གནས། མཁན་ཆེན་བསོད་ནམས་རྒྱལ་བ། ཆག་ལོ་རིན་ཆེན་ཆོས་རྒྱལ། ས་ལོ་འཇམ་དཔལ་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེཨེ་ཝཾ་ཐར་པ་རྩེ་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཤར་པ་ཤེས་རབ་འབྱུང་གནས། ཁྱབ་བདག་ཞྭ་ལུ་བ་མན་འདྲའོ།།    །།སྒྲོལ་མ་དཀར་མོའི་སྒྲུབ་སྐོར་དང་ལས་ཚོགས་ཐོར་བུ་རྣམས། འཇམ་མགོན་མཁྱེན་བརྩེས་ཕྱོགས་གཅིག་ཏུ་བསྡེབས་པའི་ལུང་ཐོབ་པའི་རྣམ་གྲངས་ལ། མཁྱེན་བརྩེས་མཛད་པའི་རྗེས་གནང་གི་ཡི་གེདེས་མཛད་པའི་སྦྱིན་སྲེག་གི་ཡི་གེ་ཆོག་ཁྲིགས་ངག་འདོན་བཀླག་ཆོག་ཏུ་བཀོད་པ་ཚེ་དང་བསོད་ནམས་ཀྱི་ཉི་མ་བདུན་འབར། དེས་མཛད་པའི་ཚེ་ཁྲིད་སྐྱབས་ཡུལ་ཞིང་ཁམས་མ།བླ་མ་བརྒྱུད་པའི་ལོ་རྒྱུས། བཤམ་དུམ་འཐོར་གྱིས་སོང་ཡང་འགལ་བ་མེད་གསུངས་པའི་མཐའ་ཅན། ངག་དབང་གྲགས་པས་མཛད་པའི་སྒྲོལ་དཀར་གྱི་སྒོ་ནས་འཆི་བ་བསླུ་བའི་རྟོག་པ་བསྡུས་པ། དེས་མཛད་པའི་སྒྲུབ་ཐབས་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་ལོ་ཙཱ་བ་བ་རིས་བསྒྱུར་བ། ཡང་སྒྲུབ་ཐབས། བུམ་ཆོག གཏོར་ཆོག སྒོམ་པའི་སྲུང་འཁོར་རྣམས་ཆོས་ཚན་གཅིག་ཏུ་བྱས་པ། བྱིས་པའི་སྲུང་འཁོར་གྱི་གདམས་པ་ཡོན་ཏན་དཔག་ཏུ་མེད་པ། བར་ཆད་ཞི་བྱེད་ལྟས་ངན་གཡང་དུ་ལེན་པ། སློབ་དཔོན་པདྨ་ནག་པོས་མཛད་པའི་བྱད་འགྲོལ་བ་རིའི་འགྱུར། ཀླུ་སྒྲུབ་ཀྱིས་མཛད་པའི་གནས་དང་ཆོམ་རྐུན་བསྲུང་བ། ཅེ་སྤྱང་སྔོན་མོའི་ལམ་སྲུང་བཅས་པའི་ལུང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཇམ་དབྱངས་མཁྱེན་བརྩེའི་ཞབས་ཡན་གོང་དང་འདྲ་བ་ལས། དེ་ནས་མཁན་ཆེན་བསླབ་གསུམ་རྗེ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞྭ་ལུ་པ་ཆེན་པོ། བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། རྡོ་རྗེ་འཛིན་པ་ཆེན་པོ་སངས་རྒྱས་རྒྱ་མཚོ། མཁན་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་སངས་རྒྱས་དཔལ་བཟང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་སྦྱིན་སྲེག ཁྲིད་ཡིག རྗེས་གནང༌། འཆི་བསླུ་བཅས་པའི་བརྒྱུད་ལུགས་གཅིག་ལ། འཇམ་དབྱངས་མཁྱེན་བརྩེ། མཆོད་དཔོན་དྲུང་པ་དཀོན་མཆོག རྗེ་དབང་རབ་མན་འདྲ། ཡང་ངག་དབང་གྲགས་པས་མཛད་པའི་སྒྲུབ་ཐབས་སོགས་ཀྱི་བརྒྱུད་ལུགས་གཅིག་ལ། རྡོ་རྗེ་འཆང་དབང་རབ། རྗེ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། དེ་དབོན་དཔལ་མཆོག་རྒྱལ་མཚན། ཁྱབ་བདག་ཞྭ་ལུ་པ་མན་འདྲ། ཡང་ལྟས་ངན་གཡང་ལེན་གྱི་བརྒྱུད་ལུགས་གཅིག་ལ། རྗེ་དབང་རབ་ནས། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། ཁྱབ་བདག་ཞྭ་ལུ་བ་མན་འདྲའོ།།    །།སྒྲོལ་མའི་མན་ངག་རྨི་ལམ་བརྟག་ཐབས་ཤིན་ཏུ་ཟབ་པ་ལྷ་མོ་ཤྲ་མ་ཎའི་སྒྲུབ་ཐབས། ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པའི་ལུང་དང་དམིགས་ཁྲིད་བཅས་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། ཛེ་ཏཱ་རིའམ་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་མྱ་ངན་མེད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། ཤར་པ་ཡེ་ཤེས་འབྱུང་གནས། ཤར་པ་ཀུན་དགའ་སེང་གེ བླ་མ་སེང་གེ་རྒྱལ་མཚན། གར་ཐིག་པ་བསོད་ནམས་རྒྱལ་མཚན། བླ་མ་ཤེས་རབ་རྡོ་རྗེ།གྲགས་པ་རྡོ་རྗེ། བླ་མ་གྲགས་པ་དོན་གྲུབ། གྲུབ་ཆེན་རི་ཁྲོད་པ། ཤར་དྭགས་པོའི་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ། ཡོངས་འཛིན་བདེ་ལེགས་བཟང་པོ། ཆག་ལོ་རིན་ཆེན་ཆོས་རྒྱལ།རྗེ་ཤར་ཁང་པ་ཤེས་རབ་རྒྱལ་མཚན། རྗེ་བཙུན་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྔགས་འཆང་སངས་རྒྱས་རིན་ཆེན། བཅོ་བརྒྱད་པ་མཁྱེན་རབ་བསྟན་འཛིན་བཟང་པོ།བྱམས་པ་ངག་དབང་ལྷུན་གྲུབ། རྡོ་རྗེ་འཆང་མཁྱེན་རབ་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ།།    །།བཞི་པ་པདྨའི་རིགས་ཀྱི་ཁྲོ་བོ་ནི་རྟ་མགྲིན་ཏེ། དེའང་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་སྒྲུབ་ཐབས་རྗེས་གནང་གི་ཡི་གེའི་སྟེང་ནས་ཇོ་བོ་ཆེན་པོ་དཱི་པཾ་ཀ་རས་ཡོལ་ཆོས་དབང་ལ་གནང་བའི་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ་གཤོག་པ་ཅན་ཇོ་བོ་ལུགས་སུ་གྲགས་པའི་རྗེས་སུ་གནང་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཕགས་པ་སྤྱན་རས་གཟིགས། དཔལ་རྟ་མགྲིན། ཇོ་བོ་ཨ་ཏི་ཤ ཡོལ་གྲུབ་ཐོབ་ཆོས་དབང༌། མཐའ་བཞི་གྲུབ་ཐོབ་རིན་པོ་ཆེ་སྨོན་ལམ་པ། རིན་པོ་ཆེ་ལམ་པ། ལྷ་ཡེ་ཤེས་འོད། སློབ་དཔོན་ལེགས་པ་ཤེས་རབ། ཞང་བྱང་ཆུབ་རིན་ཆེན། བླ་མ་བྱང་ཆུབ་གཞོན་ནུ། མཁན་ཆེན་བྱམས་པ་རིན་ཆེན། མཁས་བཙུན་བྱང་ཆུབ་སེང་གེ ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས། ངོར་ཆེན་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང༌། དེ་ནས་དཔལ་ལྡན་དོན་གྲུབ་ཡིན་ནམ། དེ་ནས་བླ་མ་གཉིས་གསུམ་ཙམ་མ་རྙེད་པས་སླར་བཙལ། ཁང་གསར་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་ལྷ་མཆོག་སེང་གེ རྗེ་ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་པ་མན་འདྲའོ། །ཐར་རྩེ་པཎ་ཆེན་གྱིས་མཛད་པའི་ཡི་གེའི་ལུང་ཡང་ཐོབ།།    །།ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་འཕན་ཡུལ་ལན་པའི་སྤྱིལ་བུར་བཞུགས་པའི་ཚེ་བྲན་ཁ་དཔལ་ཡོན་གྱིས་ཐོ་བཙམས་པ་ན་པདྨའི་རིགས་ཀྱི་ཁྲོ་བོར་གཏོགས་པ་རྟ་མགྲིན་ཤྭ་ན་བཞིས་བསྐོར་གྱི་སྒོ་ནས་བཏུལ་བ་སོགས་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བར་གྲགས་པའི་རྗེས་སུ་གནང་བ་གཞན་མའི་རྒྱས་བཀབ་མ་ཡིན་པའི་ཡིག་རྙིང་གི་དགོངས་པ་འཁྲུལ་མེད་རྒྱལ་དབང་ལྔ་པས་མཛད་པའི་ཡིད་ཆེས་སུམ་ལྡན་གྱི་སྟེང་ནས་རྡུལ་ཚོན་གྱི་མཎྜལ་དང༌། མེ་ཏོག་གདོང་གཡོགས་དབུ་རྒྱན་སོགས་འདི་ཁའི་ལུགས་ལྟར་ཕྱག་ལེན་ཤིན་ཏུ་གཙང་བར་ཐོབ་པའི་བརྒྱུད་པ་ནི། དཔལ་རྟ་མགྲིན། ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ། སློབ་དཔོན་སངས་རྒྱས་ཞི་བ། སློབ་དཔོན་སངས་རྒྱས་གསང་བ། ཀུ་ས་ལི་ཆེ་ཆུང་གཉིས། ཇོ་བོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། ཡོལ་གྲུབ་ཐོབ་ཆོས་དབང༌། མཐའ་བཞི་གྲུབ་ཐོབ། རིན་པོ་ཆེ་སྨོན་ལམ་པ།རིན་པོ་ཆེ་ལམ་པ། བླ་མ་ཡེ་ཤེས་འོད། སློབ་དཔོན་ལེགས་པ་ཤེས་རབ། བླ་མ་བྱང་ཆུབ་རིན་ཆེན། སློབ་དཔོན་བྱང་ཆུབ་གཞོན་ནུ། མཁན་ཆེན་བྱམས་པ་རིན་ཆེན། མཁས་བཙུན་བྱང་ཆུབ་སེང་གེ ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། ཆོས་རྗེ་བཀྲ་ཤིས་རྣམ་རྒྱལ།«་་་་་འདི་ལ་གསན་ཡིག་གངྒཱའི་ཆུ་རྒྱུན་དུ་རྣམ་རྒྱལ་བཀྲ་ཤིས་ཞེས་སྣང༌། »སྤྱན་སྔ་བསོད་ནམས་ལྷ་དབང༌། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་དང་པོའི་སངས་རྒྱས། དགེ་སློང་མ་དཔལ་མོ། དགེ་སློང་མ་དཔལ་གྱི་བཟང་མོ། སློབ་དཔོན་ཡེ་ཤེས་བཟང་པོ། ཇོ་བོ་ཆེན་པོ་མན་འདྲའོ། །ཡང་ན་སྤྱན་སྔ་ངག་དབང་ཆོས་གྲགས་ཡན་གོང་ལྟར་ལས། དེ་ནས་གཟིམས་འོག་པ་དཔལ་ལྡན་ཆོས་འབྱོར། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཁོན་སྟོན་འཇམ་དབྱངས་ངག་དབང་བསོད་ནམས་དབང་ཕྱུག མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། ངག་དབང་བློ་བཟང་རྒྱ་མཚོ། མཆོག་གི་སྤྲུལ་པའི་སྐུ་ངག་དབང་ཀུན་དགའ་བསོད་ནམས། ཡོངས་རྫོགས་བསྟན་པའི་མངའ་བདག་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ་བསྟན་པ་རྒྱས་པའི་ལང་ཚོའི་སྡེ། དེས་བདག་སྐལ་ལྡན་ཚུལ་ཁྲིམས་རིན་ཆེན་ལའོ། །དེའི་སྒྲུབ་ཐབས་རྗེས་གནང་ཤེའུ་ལོ་ཙཱ་བས་མཛད་པ་དང༌། བཅོ་བརྒྱད་མཆོག་ལེགས་རྡོ་རྗེས་མཛད་པའི་སྒྲུབ་ཐབས་རྗེས་གནང་དང༌། རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་སྒྲུབ་ཐབས་རྗེས་གནང་ཡིད་ཆེས་སུམ་ལྡན་བཅས་པའི་ལུང་རྣམས་ཐོས།།    །།ངག་དབང་མཆོག་ལེགས་རྡོ་རྗེའི་ཡི་གེ་དང༌། ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ཡི་གེ་གཉིས་ཆར་གྱི་སྟེང་ནས། རྗེས་རས་པ་བཛྲ་ཀཱིརྟི་ནས་བརྒྱུད་པའི་རྟ་མགྲིན་དམར་པོ་པད་དབྱུག་ཅན་པདྨ་གར་དབང་གི་རིགས་སུ་གཏོགས་པའི་རྗེས་སུ་གནང་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། དཔལ་རྟ་མགྲིན། ཨུ་རྒྱན་རིན་པོ་ཆེ། མ་གཅིག་གྲུབ་པའི་རྒྱལ་མོ། གྲུབ་ཆེན་ཏི་ཕུ་གསང་སྔགས་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། དབང་ཕྱུག་བཞད་པ་རྡོ་རྗེ། སྒམ་པོ་ཟླ་འོད་གཞོན་ནུ། ཕག་གྲུ་རྡོ་རྗེ་རྒྱལ་པོ། སྐྱུ་ར་རིན་ཆེན་དཔལ། སྤྱན་སྔ་གྲགས་པ་འབྱུང་གནས། ཡང་དགོན་པ་ཐུགས་ཀྱི་རྡོ་རྗེ། ཐུགས་སྲས་སྤྱན་སྔ་རིགས་ལྡན། ཟུར་ཕུག་པ་རིན་ཆེན་དཔལ་བཟང༌། འབའ་ར་བ་རྒྱལ་མཚན་དཔལ་བཟང༌། ཆོས་རྗེ་རིན་ཆེན་འཕེལ། མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། མཁན་ཆེན་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ཞྭ་ལུ་པ། བྱམས་པ་ངག་དབང་ལྷུན་གྲུབ། རྡོ་རྗེ་འཆང་མཁྱེན་རབ་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་འབའ་རྭ་བ་ནས། རྗེ་སངས་རྒྱས་སེང་གེ འཇམ་དབྱངས་ཆོས་ཀྱི་རྒྱལ་པོ།སྤྲུལ་སྤུ་རྡོ་རྗེ་རྒྱལ་པོ། ཕ་རྒོད་བསོད་ནམས་བཟང་པོ། རྡོ་རིང་པ་ཆེན་པོ་མན་འདྲ། ཡང་ན་མཁྱེན་རབ་རྗེ་ནས། ལོ་པ་ངག་དབང་ཆོས་གྲགས། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ་མན་འདྲའོ། །ཡི་གེ་ལེ་ཚན་གཉིས་ཀྱི་ལུང་ཡང་ཐོས།།    །།རྟ་མགྲིན་«་་་་་འདི་བྱ་རྒྱུད་ཁྲོ་བོར་མ་ངེས་ཀྱང་རྟ་མགྲིན་རྣམས་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་འདིར་བྲིས།» དམར་པོ་སྐྱེར་སྒང་ལུགས་སམ་གསང་སྒྲུབ་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཁྲོ་བོའི་རྒྱལ་པོ་རྟ་མགྲིན།སློབ་དཔོན་པདྨ་འབྱུང་གནས། དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་གཙང་མ་ཤངས་སྟོན།མཁས་བཙུན་རྒྱལ་མཚན་འབུམ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། བྱ་བཏང་རི་ཁྲོད་རས་ཆེན། སྤྲུལ་སྐུ་སངས་རྒྱས་རྡོ་རྗེ། ཕ་རྒོད་ཐར་པ་རྒྱལ་མཚན། རིན་ཆེན་སངས་རྒྱས་རྣམ་རྒྱལ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྗེ་བསོད་ནམས་ཆོས་འཕེལ། མཁས་གྲུབ་ངག་དབང་ཆོས་གྲགས། བྱམས་པ་བསོད་ནམས་ལྷུན་གྲུབ།«་་་་་འདི་གཉིས་གང་རུང༌།་་་་་»འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། མཚུངས་མེད་དམ་ཆོས་བསམ་འགྲུབ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། རྡོ་རྗེ་འཛིན་དབང་བསྟན་འཛིན་ལྷུན་གྲུབ། འཇམ་དཔལ་མགོན་པོ་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལ་ལན་གྲངས་དུ་མའི་བར་རོ། །ཡང་ན་བསྟན་འཛིན་ལྷུན་གྲུབ་ནས། ཀུན་མཁྱེན་དཔལ་ལྡན་ཆོས་སྐྱོང༌།དེས་བདག་ཤཱི་ལ་རཏྣ་ལའོ། །ཡང་ན་ཚར་ཆེན་ནས། མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་ཆོས་གྲགས་རྒྱ་མཚོ། སྤྱན་སྔ་ཀུན་དགའ་དོན་གྲུབ། བྱམས་པ་བསོད་ནམས་ལྷུན་གྲུབ་མན་འདྲའོ།།    །།པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་མངོན་རྟོགས་རྗེས་གནང་བྱ་ཚུལ་གྱི་ཡི་གེ་ལ་བརྟེན་ནས་བྱང་སེམས་ཟླ་བ་རྒྱལ་མཚན་ལ་ཞལ་གཟིགས་པའི་པདྨའི་རིགས་ཀྱི་ཁྲོ་བོ་རྟ་མགྲིན་ཟླ་རྒྱལ་ལུགས་སམ་ནག་པོ་ལྕགས་རལ་ཅན་དུ་གྲགས་པའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་རྟ་མགྲིན། བྱང་སེམས་ཟླ་བ་རྒྱལ་མཚན། ཞང་སྐྱི་ཚ་འོད་ཆེན། ཞང་དབུ་དཀར་བ། ཞང་ལོ་ཙཱ་བ། ཞང་བྱང་ཆུབ་རིན་ཆེན། དཔལ་རྒྱལ་བ་གྲུབ་པ། ཆོས་རྗེ་འཛིན་པ་རྒྱལ་མཚན་དཔལ། ཆོས་རྗེ་སྤང་ཁང་པ་གྲགས་པ་དཔལ། སྒྲུབ་པ་པོ་བླ་མ་རིན་ཆེན་བརྩོན་འགྲུས། མཁས་བཙུན་བྱང་ཆུབ་སེང་གེ ས་བཟང་འཕགས་པ། ཆོས་རྗེ་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། རྗེ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ རྗེ་བྲང་ཏི་པ་ནམ་མཁའ་དཔལ་བཟང༌། རྗེ་བྲང་ཏི་པ་ནམ་མཁའ་སངས་རྒྱས། འཇམ་དབྱངས་ནམ་མཁའ་དཔལ་བཟང༌། ཆོས་རྗེ་སངས་རྒྱས་དཔལ་བཟང༌། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། བསྟན་འཛིན་ལྷུན་གྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་མཁན་ཆེན་སངས་རྒྱས་དཔལ་བཟང་པ་ལས་ཐོབ་ཀྱང་དེའི་གསན་ཡུལ་གྱི་བླ་མ་གང་ཡིན་བརྟག རྒྱབ་བརྟེན་ལུང་ལ་སྒྲུབ་ཐབས། ནད་པ་གསོ་བ། སྟེང་གདོན་གཟིར་བ། ལུས་བསྲུང་བ། སེར་པ་བསྲུང་བ། ཕྱིར་བཟློག་པ། རྗེས་གནང་གི་ཡི་གེ་རྙིང་པ་རྣམས་དང༌། ཐར་རྩེ་པའི་ཡི་གེའི་ལུང་བཅས་ཐོས་པའི་བརྒྱུད་པ་ནི། དཀོན་མཆོག་ལྷུན་གྲུབ་ཡན་གོང་ལྟར་དང༌། དེ་ནས་སངས་རྒྱས་སེང་གེ པཎ་ཆེན་མན་གོང་དང་འདྲ་ཞིང༌། བདག་གིས་ཐོབ་ཡུལ་དཔལ་ལྡན་ཆོས་སྐྱོང་ལས་སོ།།    །།པདྨའི་རིགས་ཀྱི་ཁྲོ་མོ་ནི། ཐར་རྩེ་པཎ་ཆེན་གྱིས་མཛད་པའི་ཡི་གེ་ལྟར་རིགས་ཀྱི་ཁྲོ་མོ་རི་ཁྲོད་ལོ་མ་གྱོན་མ་སེར་མོའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། རྡོ་རྗེ་གདན་པ་མྱ་ངན་མེད་པའི་དཔལ།པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། བརྩེ་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། ཤར་པ་ཤེས་རབ་འབྱུང་གནས། ཤར་པ་རྡོ་རྗེ་འོད་ཟེར། བླ་མ་རིན་ཆེན་ཡེ་ཤེས། བླ་ཆེན་སངས་རྒྱས་སྲས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་བསམ་གཏན་གྲུབ། གློ་བོ་ལོ་ཙཱ་བ་ཤྲཱི་ཝན་བོ་དྷི། ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ཛྙཱ་ན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ཁྱབ་བདག་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག འདྲེན་མཆོག་རཏྣ་ཝརྡྷ། ལྷ་མཆོག་སེང་གེ བུདྡྷ་སིངྷ༌། བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང༌། མཁས་དབང་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། མཁས་བཙུན་གྲུབ་དབང་དམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཁན་ཆེན་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་མུས་ཆེན། ཀུན་མཁྱེན་བསོད་ནམས་སེང་གེ རཏྣ་ཝརྡྷ། དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་དཀོན་མཆོག་ལྷུན་གྲུབ་ནས། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་པ་མན་འདྲའོ། །འདིའི་སྒོ་ནས་ཡུལ་ཕྱོགས་ཀྱི་རིམས་ནད་གཅོད་པའི་གཟུངས་ཆོག་ནི། འགྲོ་མགོན་འཕགས་པའི་གསུང་རབ་ཀྱི་ལུང་བརྒྱུད་ལྟར་རོ།།    །།དྲུག་པ་པདྨའི་རིགས་ཀྱི་ཕོ་ཉ་ནི། ཁྲོ་བོ་སྤྱི་གཙུག་འབར་བ་ལ་སོགས་པ་ནི་མ་བྱུང༌། རིགས་ཀྱི་ཕོ་ཉ་མོ་ནི། འཇིགས་མེད་དཔལ་དང་དབྱངས་ཅན་མ་སོགས་ཏེ། འདིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྙིགས་མ་ལྔ་དང་ལྡན་པའི་འགྲོ་བ་རྣམས་ཕྱི་རོལ་པའི་ལྷའི་གཟུགས་དང་རྟགས་དང་མཚན་མས་འདུལ་བར་དགོངས་ནས་ལྷ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབང་ཕྱུག་སོགས་ཕྱི་རོལ་པའི་ལྷ་རྣམས་སྐུའི་ཆ་ཤས་ནས་ཕྱུང་བའི་སྐབས་དབྱངས་ཅན་མ་ཆེ་བ་ལས་ཕྱུང་བར་བཤད་ཅིང་ངེས་པའི་དོན་དུ་དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག་མ་ཡིན་ལ། དེ་ཡང་རིགས་མང་དུ་ཡོད་པའི་ནང་ནས་ཤེས་རབ་བསྐྱེད་པའི་ལྷག་པའི་ལྷ་པདྨའི་རིགས་ཀྱི་ཕོ་ཉ་མོ་ངག་དབང་ལྷ་མོ་དབྱངས་ཅན་མ་དཀར་མོའི་རྗེས་སུ་གནང་བ་སློབ་དཔོན་དཔེ་མེད་རྒྱ་མཚོ་ཆེན་པོ་དང༌། སུམ་པ་ལོ་ཙཱ་བའི་བཞེད་སྲོལ་ཐར་རྩེ་པཎྜི་ཏ་ནམ་མཁའ་དཔལ་བཟང་གིས་མཛད་པའི་སྒྲུབ་ཐབས་དང་རྗེས་གནང་ཁ་སྐོང་དང་བཅས་པའི་ཡི་གེའི་སྟེང་ནས་དམ་པའི་ཕྱག་ལེན་འཁྲུལ་མེད་བཞིན་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ།བྲམ་ཟེ་ཕུར་བུ། བྲམ་ཟེ་ཙནྡྲ་ཀ«་་་་་ཐར་རྩེ་པ་དང་ཤར་པའི་གསན་ཡིག་ན་གཏུམ་པོ་བདེ་ཆེན་ཞེས་འདི་གཉིས་གཅིག་ཏུ་མཛད་འདུག་ཀྱང་ངོར་ཆེན་དང་མཁྱེན་བརྩེའི་གསན་ཡིག་ན་སོ་སོར་སྣང་ངོ༌།། »བྲམ་ཟེ་བདེ་ཆེན། བྲམ་ཟེ་མཆོད་སྡོང་«་་་་་ཐར་རྩེ་པ་དང་ཤར་པའི་གསན་ཡིག་ན་འདི་གཉིས་གཅིག་ཏུ་འདུག་ཀྱང་ངོར་ཆེན་དང་མཁྱེན་བརྩེའི་གསན་ཡིག་ན་འདི་ལྟར་སྣང་ངོ༌།། »སློབ་དཔོན་སེང་གེ ཉེ་བའི་སེང་གེ«་་་་་ངོར་ཆེན་གྱི་གསན་ཡིག་ན་འདི་བཞིན་བྱུང་ཞིང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་ཨུ་པ་སིངྷ་ཞེས་རྒྱ་སྐད་སོར་བཞག་བྲིས་འདུག ཐར་རྩེ་དང་ཤར་པ་སོགས་གསན་ཡིག་མང་པོར་ཉི་མ་སེང་གེ་ཟེར་བ་འདུག་པ་ཡིག་སྐྱོན་ཤོར་རམ་སྙམ།» དཔེ་མེད་འཚོ་ཆེན་པོ།«་་་་་ངོར་ཆེན་གྱི་གསན་ཡིག་ན་འདི་བཞིན་བྱུང་ཞིང་མཁྱེན་བརྩེའི་གསན་ཡིག་ན་དཔེ་མེད་རྒྱ་མཚོ་ཆེན་པོ་ཞེས་སྣང་བ་དོན་གཅིག་པ་འདྲ། ཐར་རྩེ་པ་དང་ཤར་པའི་གསན་ཡིག་ན་དཔེ་མེད་རྒྱ་མཚོ་ཆེན་པོ་སོ་སོར་ཕྲལ་འདུག་པ་ཡིག་ནོར་བྱུང་ངམ་སྙམ། »སུམ་པ་ལོ་ཙཱ་བ་དཔལ་མཆོག་དང་པོའི་རྡོ་རྗེ། ཀུན་དགའ་བླ་མ། སྤྱི་བོ་ལྷས་«་་་་་ཐར་རྩེ་པ་དང་ཤར་པའི་གསན་ཡིག་ན་བྱང་ཆུབ་བདེ་ཟེར་བ་འདུག་ཀྱང་འཇམ་དབྱངས་མཁྱེན་བརྩེའི་གསན་ཐོར་འདི་བཞིན་སྣང་བ་ལོ་རྒྱུས་སོགས་དང་མཐུན། »པ་བྱང་ཆུབ་འོད། དམ་པ་ཤེས་རབ། གྲུ་རྡོ་རྗེ་སེང་གེ བུ་སྟོན་སེང་གེ་འོད། ལྷ་གཞོན་ནུ་འབུམ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། བླ་མ་རོལ་པའི་རྡོ་རྗེ།«་་་་་ཀརྨ་པ་དང་མི་གཅིག »མཁས་པ་ཙནྡྲ་ཤྲཱི། འདིར་སངས་རྒྱས་ཕུན་ཚོགས་པའི་གསན་ཡིག་ན་ཚུལ་ཁྲིམས་རྒྱལ་མཚན་ཞེས་པ་ལྷག་པོ་བྱུང༌། རྒྱལ་དབང་སོགས་ཀྱི་དེར་ནི་མེད། སྐུ་ཞང་མཁྱེན་རབ་ཆོས་རྗེ། ཐམས་ཅད་མཁྱེན་པ་ལོ་ཆེན་ཆོས་སྐྱོང་བཟང་པོ། ས་ལོ་འཇམ་དཔལ་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང༌། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་ཆེན་ཤེས་རབ་འབྱུང་གནས། དབུ་མཛད་ཀུན་དགའ་དཔལ་འབྱོར། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཆང་བཀྲ་ཤིས་བཟང་པོ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། ཀུན་མཁྱེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཤཱི་ལ་རཏྣ་ལ་བཀའ་དྲིན་དུ་སྩལ་ཏོ། །ཉེ་བརྒྱུད་ནི་རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་ས་མནྟ་ཤྲཱིས་ཐུགས་སྲས་ལོ་ཙཱ་བ་ལ་གནང་བའི་རྒྱ་གར་པཎ་ཆེན་གྱི་ཕྱག་ལེན་འཁྲུལ་པ་མེད་པའི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། ངག་དབང་དབྱངས་ཅན་མ། དེས་རྗེས་སུ་བཟུང་བའི་རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་ཛྙཱ་ན་བྷ་དྲ་མུ་ནཱིནྡྲ། པཎྜི་ཏ་ཆེན་པོ་ས་མནྟ་ཤྲཱི། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། བླ་མ་རོལ་པའི་རྡོ་རྗེ་མན་གོང་དང་འདྲ། ཡང་སུམ་པ་ལོ་ཙཱ་བ་ནས་བརྒྱུད་པའི་དབྱངས་ཅན་མའི་རྗེས་གནང་དང་སྒྲུབ་སྐོར་ལ། སྒྲུབ་ཐབས་དངོས། ཞར་བྱུང་རྨི་ལྟས། གཏོར་མའི་ཆོ་ག་དང་བཅས་པ།ཐུན་མོང་བའི་གེགས་སེལ་ལ་ཕྲིན་ལས་འཆོལ་བ། གྲིབ་སེལ་བ། ཏིང་ངེ་འཛིན་གྱིས་འདོད་ཆགས་སེལ་བ། སྨྱོ་འབོག་སེལ་བ། འདི་ལས་ཟབ་པ་མེད་པའི་གེགས་སེལ། རྟགས་མེད་ན་སྤོགས་ཆོག རྫས་ཀྱི་ཆག་གེགས་སེལ་བ། ནོར་རྒྱུན་མའི་ཕྲག་དོག་སེལ་བ་རིགས་གསུམ། ལྷ་མོ་དཔལ་མོའི་ཕྲག་དོག་སེལ་བ་རིགས་གསུམ་དང་བཅས་པ། ཐུན་མོང་མ་ཡིན་པའི་གེགས་སེལ་ལ། ཏིང་ངེ་འཛིན་ལ་བརྟེན་ནས་ཤེས་རབ་འཕེལ་ཞིང་མི་འགྲིབ་པ། ཕོངས་པ་སེལ་བ། ཆགས་པ་སེལ་བ། རྙིང་རླུང་སེལ་བ་རྣམས་དང༌། སྦྱིན་སྲེག་གི་ཆོ་གརྩོད་པ་ལས་རྒྱལ་བ། བསྒྲུབ་བྱ་དབང་དུ་བྱ་བ། བྱིས་པ་བློ་རྣོ་བར་བྱེད་པ། རིལ་བུའི་སྦྱོར་བ། དམ་ཚིག་མེ་ལོང་ལ་བརྟེན་པའི་ཞལ་ཤེས་དང་བཅས་པ་བྲམ་ཟེ་ཕུར་བུས་མཛད་པའི་ཡི་གེ་སོགས། གཞུང་མན་ངག་ལས་འཇམ་དབྱངས་སྨོན་ལམ་དཔལ་བ་དང་པཎྜི་ཏ་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་བཞིན་བཀོད་པའི་ལུང་དང་བཅས་ལེགས་པར་ནོས་པའི་བརྒྱུད་པ་ནི།ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་ཡན་རིང་བརྒྱུད་ལྟར་ལ། དེ་ནས་བླ་མ་གཞོན་ནུ་རྒྱལ་མཚན། རྗེ་ཚུལ་ཁྲིམས་རྒྱལ་མཚན་དཔལ་བཟང༌། རྗེ་བཙུན་བཙོང་ཁ་པ་ཆེན་པོ། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། ཆོས་རྗེ་དཔལ་ལྡན་སེང་གེ འཇམ་དབྱངས་ལེགས་པ་ཆོས་འབྱོར། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། རྗེ་ཐུབ་བསྟན་པ། རྗེ་ཕྱོགས་ལས་རྣམ་རྒྱལ། རྡོ་རྗེ་འཆང་སྔགས་རམས་པ་དགེ་འདུན་བཀྲ་ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། ལྷའི་བཙུན་པ་བསོད་ནམས་དཔལ་བཟང༌། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་སྣང་མཛད་རྡོ་རྗེ། ཟུར་འཇམ་དབྱངས་ཆོས་དབྱིངས་རང་གྲོལ། འདི་ནས་བླ་མ་གསུམ་ཙམ་བཙལ། དེ་ནས་མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །སྒྲུབ་ཐབས། སྤོགས་ཆོག རྟགས་རྩོད་པ་རྒྱལ་བ། དབང་སྡུད། དུག་སེལ། བྱིས་པ་བློ་རྣོ་བར་བྱེད་པ། ཁམས་འདུས་སེལ་བ་རྣམས་མན་ངག་ཚིགས་བཅད་དུ་བསྡེབས་པ་བོ་དོང་པ་བི་ཛ་ཡས་མཛད་པ། དེས་མཛད་པའི་སྒྲུབ་ཐབས་ཚིག་ལྷུག མན་ངག་བྱིང་བ། རྒོད་པ། འདོད་ཆགས། ཞེ་སྡང༌། མི་དགའ་བ།སྡུག་བསྔལ་སོགས་གེགས་སེལ་སྦྱིན་སྲེག་དང་བཅས་པ། དེས་མཛད་པའི་ཚངས་པའི་བུ་མོ་དབྱངས་ཅན་མ་ལ་བསྟོད་པ་རྒྱན་གྱི་ཕྲེང་བ་དང་བཅས་པའི་ལུང་ནོས་པའི་བརྒྱུད་པ་ནི། སྤྱི་བོ་ལྷས་པ་བྱང་ཆུབ་འོད་ཡན་སྔར་ལྟར་ལས། དེ་ནས་འཛིམ་པ་མགོན་པོ་ཟླ་བའི་འོད། ལྷོ་པ་རིན་ཆེན་གྲགས། འཛིམ་མཁན་ཆེན་བདེ་གཤེགས། འཛིམ་པ་རྒྱལ་མཚན་དཔལ།ཀུན་སྤངས་ཆོས་གྲགས་དཔལ། ས་བཟང་མ་ཏི་པཎ་ཆེན། ལོ་ཆེན་གྲགས་པ་རྒྱལ་མཚན། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། སྟག་ལུང་ངག་དབང་གྲགས་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། གླང་ཐང་སྤྱན་སྔ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག ཁྱབ་བདག་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་ཞྭ་ལུ་པ་ཆེན་པོ། འདི་ནས་ཀྱང་བླ་མ་བཞི་ཙམ་བཙལ། དེ་ནས་མཁན་ཆེན་སངས་རྒྱས་དཔལ་བཟང༌། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་དབྱངས་ཅན་མ། པཎྜི་ཏ་ཤཱི་ལ་ཨཱ་ཀ་ར། ཙནྡྲ་ཤྲཱི། གཽ་ཏཾ་ཤྲཱི། ཐར་ལོ་ཉི་མ་རྒྱལ་མཚན། བུ་སྟོན་ཐམས་ཅད་མཁྱེན་པ། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་གྲགས་པ་རྒྱལ་མཚན་མན་འདྲ།།    །།ཐར་རྩེ་ནམ་མཁའ་དཔལ་བཟང་གིས་མཛད་པའི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་གི་ཁ་སྐོང་དང་བཅས་པའི་ལུང་བརྒྱུད་ནི། ཤར་ཁང་པ་ཤེས་རབ་རྒྱལ་མཚན་ཡན་གོང་ལྟར་ལ། དེ་ནས་པཎ་ཆེན་ནམ་མཁའ་དཔལ་བཟང༌། ཤར་ཆེན་ཀུན་དགའ་བཀྲ་ཤིས། མཁས་གྲུབ་དཔལ་ལྡན་དོན་གྲུབ།«་་་་་འདི་གཉིས་དགོས་མི་དགོས་བརྟག »ཤར་པ་ཤེས་རབ་འབྱུང་གནས། ཤར་པ་ཡེ་ཤེས་བཟང་པོ། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསོད་ནམས་དཔལ་ལྡན། རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །བྲམ་ཟེ་ཕུར་བུས་མཛད་པའི་སྒྲུབ་ཐབས་ངག་གི་འོད་ཟེར། དྲང་སྲོང་མངོན་ཤེས་ཅན་གྱིས་མཛད་པའི་ལས་སྦྱོར་གྱི་རྩ་བ་འདི་གཉིས་ཀྱི་ལུང་ནི་མཁན་ཆེན་སངས་རྒྱས་དཔལ་བཟང༌། དེ་ལས་དཔལ་ལྡན་ཆོས་སྐྱོང༌། དེ་ལས་བདག་གིས་མནོས་སོ། །སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ལས་འབྱུང་བའི་དབྱངས་ཅན་དཀར་མོའི་རྗེས་སུ་གནང་བ་དང༌། དཔལ་ལྡན་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི་རྗེས་གནང་སྒྲུབ་ཐབས་གེགས་སེལ་ལས་སྦྱོར་དང་བཅས་པ་ལེའུ་བཞི་པ་འོད་ཀྱི་དྲྭ་བ། བསྟོད་པ་གཞོན་ནུ་རོལ་དགའ་དང་བཅས་པ་རྣམས་ཀྱི་ལུང་བརྒྱུད་ནི། སུམ་པ་ལོ་ཙཱ་བ་ཡན་གོང་ལྟར་ལ། དེ་ནས་བླ་བྲང་པ་ཉི་མ་རྒྱལ་མཚན། ཀུན་མཁྱེན་ཀློང་ཆེན་པ། མཁས་གྲུབ་ཆོས་རྗེ། སངས་རྒྱས་དབོན་པོ། ཀུན་སྤངས་སེམས་ཅན་ཆེན་པོ། བླ་མ་སངས་རྒྱས་ཡེ་ཤེས། རྗེ་སངས་རྒྱས་རྒྱལ་མཚན། རྗེ་ཡིག་པ་ཚུལ་ཁྲིམས་རྒྱལ་མཚན། རྩེ་ལེ་བསོད་ནམས་རྣམ་རྒྱལ། རྩེ་ལེ་ཨོ་རྒྱན་བསྟན་འཛིན། རིག་འཛིན་མཐུ་སྟོབས་རྣམ་རྒྱལ། རྗེ་པདྨ་དབང་ཆེན། སྡོམ་བརྩོན་རིན་ཆེན་དར་རྒྱས། རིག་འཛིན་ཕྲིན་ལས་ལྷུན་གྲུབ། སྤྲུལ་པའི་སྐུ་མཆོག་གཏེར་བདག་གླིང་པ། དེ་སྲས་རིན་ཆེན་རྣམ་རྒྱལ། རྫོགས་ཆེན་པ་ཐེག་མཆོག་བསྟན་འཛིན་པ། དབོན་རིན་པོ་ཆེ་པའམ་ངེས་ལེགས་བསྟན་འཛིན་པ། དེས་བདག་ལའོ།།    །།སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་དཀར་མོ་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་རྗེས་སུ་གནང་བ་ཐུན་མོང་མ་ཡིན་པ་བོ་དོང་འཇིགས་བྲལ་གྱིས་མཛད་པའི་སྒྲུབ་ཐབས་ལས་ཚོགས་བསྟོད་པ་གཉིས་བཅས་ཐོབ་པའི་བརྒྱུད་པ་ནི། ཚངས་པའི་བུ་མོ་དབྱངས་ཅན་མ།པཎྜི་ཏ་ཤཱི་ལ་ཨཱ་ཀ་ར། ཙནྡྲ་ཤྲཱི། གཽ་ཏཾ་ཤྲཱི། ཐར་ལོ་ཉི་མ་རྒྱལ་མཚན། བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་གྲགས་པ་རྒྱལ་མཚན།བོ་དོང་པཎ་ཆེན་དབྱངས་ཅན་དགའ་བ། སྟག་ལུང་པ་ངག་དབང་གྲགས་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། གླང་ཐང་སྤྱན་སྔ་ཤཱཀྱ་རྒྱལ་མཚན། ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། བྱམས་པ་བསོད་ནམས་མཐའ་ཡས། ཐུབ་བསྟན་མཁན་ཆེན་བཟང་པོ་རྒྱལ་མཚན། ངག་དབང་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། འཇམ་དབྱངས་སངས་རྒྱས་ཡེ་ཤེས། དེས་བདག་ལའོ། །ཡང་ན་རྨོར་ཆེན་ནས། དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས། ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེ་ལས་བྱམས་པ་བསོད་ནམས་མཐའ་ཡས། ཡངས་ཅན་མཁན་པོ་ངག་དབང་རྣམ་རྒྱལ། དེ་གཉིས་ཆར་ལས་མཁན་ཆེན་བཟང་པོ་རྒྱལ་མཚན་མན་འདྲའོ། །མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡི་གེའི་ལུང་ཡང་ཐོས།།    །།རྒྱུད་ཆེན་ཀྲཱི་ཡའི་ཆུ་ལས་སྐྱེས་པའི་རིགས། །བདེ་བར་གཤེགས་དང་བདག་པོ་རྒྱལ་བའི་ཡུམ། །ཁྲོ་བོ་ཁྲོ་མོ་མངག་གཞུག་ཕོ་མོར་བཅས། །ལྷག་པ་ལྷ་ཡི་སྡེ་ཚན་ཉི་ཤུ་བདུན། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། པདྨའི་རིགས་ཀྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་བརྒྱད་པའོ།།  །།གསུམ་པ་རྡོ་རྗེའི་རིགས་ལ། དང་པོར་རིགས་ཀྱི་གཙོ་བོ་ནི་མི་བསྐྱོད་པ་ལ་སོགས་པ་སྟེ་འདིར་གྲུབ་པའི་སློབ་དཔོན་ཆེན་པོ་ཛེ་ཏཱ་རིས་ཆོ་གའི་ཡན་ལག་རྣམས་སྤྱོད་རྒྱུད་ལྟར་བཀྲལ་བའི་ལུགས་སུ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་དཀྱིལ་ཆོག་ལས་སྒྲིབ་རྣམ་སྦྱོང་གི་སྟེང་ནས་རྡོ་རྗེའི་རིགས་ཀྱི་གཙོ་བོ་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལྷ་མོ་བརྒྱད་ཀྱིས་བསྐོར་བ་ལྷ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ནོས་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས།འཇམ་དཔལ་དབྱངས། ཛྙཱ་ན་གརྦྷ། ཛྙཱ་ན་ཤཱནྟ། བུདྡྷ་ཤཱནྟ།«་་་་་ངོར་ཆེན་གོང་དཀར་བ་མཁྱེན་བརྩེ་གསུམ་གྱི་གསན་ཡིག་ན་འདུག་རུང་ཐར་རྩེ་པ་དང་ཤར་པའི་གསན་ཡིག་ཏུ་མི་སྣང་བ་ཆད་པ་འདྲ། »བུདྡྷ་གུ་ཧྱ། ཀུ་ས་ལི་ཆེ་ཆུང་གཉིས། སུ་ཝརྞ་ཌྭི་པ་དྷརྨ་ཀཱིརྟི། དཔལ་དཱི་པཾ་ཀཱ་ར། གོ་མི་སྒོམ་ཆེན། སྐྱི་ནོར་ཛྙཱ་ན། གཉགས་ལྡོམ་བུ་བ། སྤུག་ཐམས་ཅད་མཁྱེན་པ། ཆོས་ཀྱི་རྒྱལ་མཚན།«་་་་་གོང་དཀར་བའི་གསན་ཡིག་ན་ཆོས་ཀྱི་ཏོག་ཟེར་བ་འདུག་པ་ཏོག་གི་སྐད་དོད་ཀེ་ཏུ་རྒྱལ་མཚན་ལའང་འཇུག་པར་དགོངས་སམ་སྙམ། »བྱ་རིན་ཆེན་«་་་་་བླ་མ་བྱ་ནག་ཆེན་པོ། »འོད། «མངའ་རིས་གློ་བོ་པ་ཡིན།་་་་་»གློ་ཆེན་སངས་རྒྱས་སྲས། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། བླ་མ་སེང་གེ་རྒྱལ་མཚན།མཁན་ཆེན་ཤེས་རབ་རྡོ་རྗེ། ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ཛྙཱ་ན། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། །རྒྱལ་ཚབ་ཀུན་དབང༌། ཡོངས་འཛིན་དཀོན་མཆོག་འཕེལ།བྱ་བཏང་ཀུན་དགའ་མཆོག་ལྡན། རྗེ་སངས་རྒྱས་སེང་གེ ཐར་རྩེ་པ་ནམ་མཁའ་དཔལ་བཟང༌། རཏྣཱརྠ་སིདྡྷིཿ ཤར་ཆེན་ཤེས་རབ་འབྱུང་གནས། ཤར་ཆེན་ཡེ་ཤེས་བཟང་པོ།དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་སངས་རྒྱས་ཕུན་ཚོགས། བར་འདིར་བླ་མ་ཞིག་བཙལ་དགོས། རྗེ་བཙུན་ནམ་མཁའ་དཔལ་བཟང༌། དེས་བདག་ལ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་སྩལ་ཏོ། །ཡང་ཤུག་རྭ་བ་ཀུན་དགའ་དཔལ་འབྱོར་ལས་ལན་ཅིག་ཐོབ་ཀྱང་དེ་པའི་གསན་ཡུལ་གྱི་བླ་མ་གང་ཡིན་མ་ངེས། ཡང་ན་བྱ་བཏང་ཀུན་དགའ་མཆོག་ལྡན་ནས། རྗེ་ལྷ་མཆོག་སེང་གེ སངས་རྒྱས་སེང་གེ་མན་འདྲ། ཡང་ན་དཀོན་མཆོག་འཕེལ་ནས། འཇམ་དབྱངས་ས་སྐྱ་ལོ་ཙཱ་བ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་པ་མན་གོང་བཞིན་ནོ། །ཡང་ན་ཇོ་བོ་ཆེན་པོ་ནས། བ་རི་ལོ་ཙཱ་བ། རྗེ་བཙུན་ས་ཆེན། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ།ཆོས་རྒྱལ་འཕགས་པ། སྣུར་ཡེ་ཤེས་རྒྱལ་མཚན། སྣུར་ཆོས་འཕགས། གར་ཐིག་པ་སེང་གེ་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། མ་ཎི་ཀ་ཤྲཱི་ཛྙཱ་ན་མན་འདྲ། ཡང་ན་སངས་རྒྱས། འཇམ་དབྱངས། ཛེ་ཏཱ་རི། ཁ་ཆེ་ཡེ་ཤེས་རྡོ་རྗེ། ལོ་ཆུང་གྲགས་འབྱོར་ཤེས་རབ། ས་སྐྱ་པ་ཆེན་པོ་མན་འདྲའོ།།    །།གཉིས་པ་རྡོ་རྗེའི་རིགས་ཀྱི་བདག་པོ་ནི་རིགས་པ་མཆོག་དང་གླང་པོའི་རྣ་བ་ལ་སོགས་པ་སྟེ། འདིར་ཞྭ་ལུ་པ་ཤར་ཆེན་ཡེ་ཤེས་རྒྱ་མཚོས་མཛད་པའི་དཀྱིལ་ཆོག་གསང་བ་ནོར་བུའི་གཏེར་མཛོད་ཀྱི་སྟེང་ནས་སློབ་དཔོན་འགྲོ་བཟང་སྙིང་པོའི་ལུགས་ཀྱི་དཔལ་གསང་པའི་བདག་པོ་ཕྱག་ན་རྡོ་རྗེ་ལྷ་ཉི་ཤུ་རྩ་གཅིག་གམ།«་་་་་འདི་གཉིས་གང་གི་དབང་ཐོབ་པ་ཡིན་ཡིད་ལ་མ་ངེས་པས་སླར་ཁང་གསར་བའི་གསན་ཡིག་ལ་བརྟག་་་་་»ལྷ་བཅུ་བདུན། ལྷ་གཅིག་རྣམས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། དཔལ་ཀུན་ཏུ་བཟང་པོ། སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། བྲམ་ཟེ་སཛྫ་ན། ཇོ་བོ་ཏེ་ཛ་དེ་ཝ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། གཡོར་པོ་ཇོ་སྟོན་རྡོ་རྗེ་རྩེ་མོ། པུར་བསོད་«་་་་་གྲ་དོལ་གྱི་མཚམས་ན་བཅུར་ཟེར་བ་ཞིག་འདུག་པ་དེ་ནས་ཡིན་པ་ཆོག་སྒྲིགས་དངོས་གྲུབ་འདོད་འཇོར་བཤད། »ནམས་རིན་ཆེན། འབྱེད་ཕུ་བ་ཀརྨ་བཀྲ་ཤིས། ལྷ་རྗེ་སྟག་པ་ཇོ་བཟང༌། གནུབས་ལོ་ཙཱ་བ་བྱམས་པའི་དཔལ། བླ་ཆེན་བསོད་ནམས་དབང་ཕྱུག ཁྲོ་ཕུ་བ་བསོད་ནམས་སེང་གེ ཡང་རྩེ་བ་རིན་ཆེན་སེང་གེ ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། ཆོས་རྒྱལ་ནམ་མཁའི་མཚན་ཅན། ཆོས་རྗེ་རིན་ཆེན་དཔལ་གྲུབ། སྐུ་ཞང་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་མཁྱེན་རབ་རྗེ། དེ་ལས་ལྕགས་སྒོག་ལུང་པ་བཀྲ་ཤིས་དཔལ་«་་་་་ཚར་ཆེན་གྱི་ལམ་ཡིག་ཏུ་ཀུ་ས་ལིའི་བླ་མ་དང་ལམ་དུ་མཇལ་གསུངས་པ་དེ་ཡིན། »འབྱོར་དང༌། འབྲོག་ཁང་དོན་གྲུབ་རྒྱལ་མཚན་གཉིས་ཀྱིས་གསན། གཉིས་ཀ་ནས་འཇམ་དབྱངས་བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཡང་ན་ཁ་ཆེ་རིན་ཆེན་རྡོ་རྗེ་ནས། ཁ་ཆེ་དགོན་པ་བ་ཛ་ཡ་ཨཱ་ནནྡ། ཟངས་དཀར་ལོ་ཙཱ་བ། ཞུ་སྟོན་ས་སྐྱ་པ། ཇོ་བཙུན་གྲགས་པ་སེང་གེ རྒྱ་སྟོན་སྒྲུབ་པ་པོ། རྒྱ་སྟོན་གྲུབ་མཆོག བླ་མ་རྡོ་རྗེ་དཔལ། ཁྲོ་ཕུ་སེམས་དཔའ་ཆེན་པོ་མན་འདྲ། ཡང་ན་ཁྲོ་ཕུ་བ་ནས། བླ་མ་དཔལ་ལྡན་པ། བུ་སྟོན་མན་འདྲ།ཡང་ན་གྲུབ་མཆོག་པ་ནས། དཔལ་སེང་པ། སྤྲུལ་སྐུ་རྒྱལ་ཚ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ་མན་འདྲ། ཡང་ན་རྡོ་རྗེ་དཔལ་ནས། གཞོན་ནུ་སེང་གེ བྲག་སྟོན་བསོད་ནམས་རྒྱལ་མཚན། དེ་སྲས་ཀུན་མཁྱེན་བུ་སྟོན་མན་འདྲའོ། །སྤྱིར། ཆུ་ཡིས་དབང་བསྐུར་ཅོད་པཎ་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་གསུངས་ཀྱང་དམིགས་ཀྱིས་བསལ་བ་བྱ་རྒྱུད་ཀྱི་ཆོ་ག་ཆུང་བ་རྒྱ་གར་ནས་འགྱུར་བ་འགའ་དང་འདི་ཉིད་ཀྱི་དཀྱིལ་ཆོག་བཞིར་སློབ་མའི་དབང་ལྔ་ཕྱིར་མི་ལྡོག་པའི་དབང་དང་བཅས་པ་མཛད་མོད་རྣལ་འབྱོར་རྒྱུད་དང་འཁྲུལ་བར་མི་བྱའོ།། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*