༈ །།པཎ་ཆེན་ངག་དབང་ཆོས་«་་་་་ངག་ཆོས་དང་བྱང་གླིང་པ་གཉིས་ཀྱིས་མཛད་པ་ཞེས་རྨོར་པའི་གསན་ཡིག་ཏུ་བྱུང༌། »གྲགས་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ།སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། བྲམ་ཟེ་སཛྫ་ན། ཇོ་བོ་ཏེ་ཛ་དེ་བ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། གཡོར་པོ་ཇོ་སྟོན། པུར་བསོད་ནམས་རིན་ཆེན། འཇད་ཕུ་བ་པདྨ་བཀྲ་ཤིས། སྟག་པ་ཇོ་བཟང༌། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་བཟང༌། བླ་ཆེན་བསོད་ནམས་དབང་ཕྱུག ཁྲོ་ཕུ་བ་བསོད་ནམས་སེང་གེ ཡང་རྩེ་བ་རིན་ཆེན་སེང་གེ ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཐུགས་སྲས་སེམས་དཔའ་ཆེན་པོ་རིན་ཆེན་རྣམ་རྒྱལ། གྲུབ་པའི་དབང་ཕྱུག་ནམ་མཁའི་མཚན་ཅན། ཆོས་རྗེ་རིན་ཆེན་དཔལ་གྲུབ། མཁྱེན་རབ་རིན་ཆེན་མཆོག་གྲུབ། རྡོ་རིང་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག གྲུབ་མཆོག་དབང་ཕྱུག་རབ་བརྟན། ཀུན་མཁྱེན་ངག་དབང་ཆོས་གྲགས། ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། འཇམ་དབྱངས་བསོད་ནམས་དབང་ཕྱུག མཁན་ཆེན་འཇམ་དབྱངས་བསྟན་འཛིན། ཐུགས་སྲས་འཇམ་དབྱངས་གྲགས་པ། མང་ཐོས་བསོད་ནམས་ཆོས་འཕེལ། ངག་དབང་ཚུལ་ཁྲིམས་བཟང་པོ། རྡོ་རྗེ་འཆང་བསོད་ནམས་དབང་ཕྱུག ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨ་ཝ་དྷཱུ་ཏཱི་པ། ཇོ་བོ་རྗེ། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ རོང་པ་འགར་དགེ འཇད་གྱང་ཕུ་བ། མལ་ལོ་ཙཱ་བ། རྗེ་བཙུན་བརྩེ་བ་ཆེན་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པཎྜི་ཏ། རྒྱལ་ཚ་ཆོས་ཀྱི་དབང་ཕྱུག རོང་པ་ཤེས་རབ་སེང་གེ བླ་མ་གཞོན་ནུ་ཚུལ་ཁྲིམས། བླ་མ་མགོན་པོ་འབུམ། བླ་མ་ནམ་མཁའ་རྒྱལ་མཚན། མ་ཏི་པཎ་ཆེན། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ།གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་བརྟན་པ། རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པ། ཀུན་མཁྱེན་མཁྱེན་བརྩེའི་ཞབས་མན་འདྲ། ཡང་ན་སངས་རྒྱས། ཕྱག་ན་རྡོ་རྗེ། གྲུབ་ཆེན་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ། རྗེ་ས་ཆེན་མན་འདྲ། ཡང་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་ཡི་གེའི་སྟེང་ནས་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྗེས་གནང་བསྟན་འཛིན་ལྷུན་གྲུབ་ནས། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་པས་གསན་པའི་བརྒྱུད་པ་ནི་འོག་རྣམ་སྲས་ཀྱི་སྐབས་ལྟར་དང༌། ཡང་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་པས་ཆོས་རྗེ་བསྟན་པ་རྒྱལ་མཚན་པའི་ངོར་མཛད་པའི་ཕྱག་རྡོར་གོས་སྔོན་ཅན་འགྲོ་བཟང་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་བཅས་ཟུར་ཕྱུང་མཛད་པའི་ཡི་གེའི་སྟེང་ནས་རྗེས་གནང་ཐོབ་པའི་བརྒྱུད་པ་ནི།མཚུངས་མེད་བསྟན་འཛིན་ལྷུན་གྲུབ་པ་ཡན་ཆད་ནི་རྣམ་ཐོས་སྲས་དང་སྦགས་སྒྲུབ་སྐབས་ཀྱི་བརྒྱུད་པ་དང་འདྲ་ཞིང༌། དེ་ནས་མཁན་ཆེན་རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ། དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་ལེགས་པར་ཐོས་སོ།། ༈ །།ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་འབྱུང་པོ་འདུལ་བྱེད་ཀྱི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། ཨ་བྷ་ཡཱ་ཀ་ར། ཤུ་བྷཾ་ཀ་ར། པཱུ་ཛ་ཏི། རཏྣ་རཀྵི་ཏ། གཽ་ཏཾ་ཤྲཱི། ཀཱིརྟི་པཎྜི་ཏ།ཡར་ལུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། བླ་མ་རྒྱལ་མཚན་རིན་ཆེན། གར་ཐིག་པ་བསོད་རྒྱལ། བཀའ་བཅུ་པ་གཞོན་ནུ་སེང་གེ བླ་མ་མགོན་པོ་འབུམ་པ།བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་པ་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ འདྲེན་མཆོག་རཏྣ་ཝརྡྷ། རྒྱལ་བ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ བྲང་ཏི་ནམ་མཁའ་དཔལ་བཟང༌། རྗེ་ནམ་མཁའ་སངས་རྒྱས།མཚུངས་མེད་བསོད་ནམས་རྒྱ་མཚོ། རྗེ་ལྷུན་གྲུབ་དཔལ་ལྡན། ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ལྷུན་གྲུབ་དཔལ་ལྡན་ནས། ལྡན་མ་མཁས་བཙུན་ཀུན་དགའ་བསྟན་འཛིན། དེས་བདག་ལའོ། །ཡང་ན་ལྷུན་གྲུབ་དཔལ་ལྡན་ནས། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་ངོར་ཆེན། འཇམ་དབྱངས་ཤེར་རྒྱམ། འདྲེན་མཆོག་རཏྣ་ཝརྡྷ། འཇམ་དབྱངས་ནམ་མཁའ་བརྟན་པ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་ནམ་མཁའ་དཔལ་བཟང༌། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། རྗེ་ནམ་མཁའ་སངས་རྒྱས་དང་འདི་གཉིས་གང་རུང༌། ཤར་པ་ཤེས་རབ་འབྱུང་གནས། རྗེ་དམ་ཆོས་བསམ་འགྲུབ། རྡོ་རྗེ་འཆང་སངས་རྒྱས་ཕུན་ཚོགས་མན་འདྲའོ། །རྗེ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་སྒྲུབ་ཐབས་དང་རྗེས་གནང་གི་ལུང་ཡང་ཐོས་སོ། །འདི་གུར་ནས་གསུངས་པའི་བླ་མེད་དུ་བཞེད་པའང་ཡོད་དེ། དེའི་བརྒྱུད་པ་ནི་འོག་ཏུ་འབྱུང་ངོ༌།། ༈ །།མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་སོའི་སྔགས་འཆང་སྙེ་མདོ་ཤཱཀྱ་དཔལ་ལ་གསང་བའི་བདག་པོས་དངོས་སུ་གནང་བའི་གུར་ནས་གསུངས་པ་དང་འབྲེལ་པའི་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་མེའི་དབང་དང་བཅས་པའི་རྗེས་སུ་གནང་བ་སེམས་དཔའ་སུམ་བརྩེགས་མར་གྲགས་པ་ཐོབ་པའི་བརྒྱུད་པ་ནི། དཔལ་ཕྱག་ན་རྡོ་རྗེ། སྔགས་འཆང་ཤཱཀྱ་དཔལ་བ། བླ་ཆེན་ཆོས་དཔལ་བ། ཆོས་རྗེ་རིན་ཆེན་དཔལ་བཟང༌། མཁས་པ་ལྷ་དབང་བློ་གྲོས། རྡོ་རྗེ་འཆང་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང༌། ངག་དབང་མཆོག་ལེགས་རྡོ་རྗེ། ཁྱབ་བདག་མཁྱེན་རབ་བསྟན་འཛིན། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། འདི་ཕྱིན་གྱི་བརྒྱུད་པ་མ་རྙེད་པས་སླར་བཟོ། མཚུངས་མེད་བསོད་ནམས་དཔལ་ལྡན། ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་བསོད་ནམས་དཔལ་ལྡན་ནས། མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་ལྷ་དབང་བློ་གྲོས་ནས། དྭགས་པོའི་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ། སྤྱན་སྔ་བསོད་ནམས་ལྷ་དབང༌། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། བྱམས་པ་ཀུན་དགའ་ཆོས་གྲགས། མཆོག་ལེགས་རྡོ་རྗེ་ཁུ་དབོན་མན་འདྲའོ།། ༈ །།ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་མངོན་རྟོགས་རྗེས་གནང་བྱེད་ཚུལ་གྱི་ཡི་གེ་ལ་བརྟེན་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཨུ་ཙཱརྻའི་རྗེས་སུ་གནང་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། འཕགས་པ་ཀླུ་སྒྲུབ། སློབ་དཔོན་པདྨ་བཛྲ། མཁས་པ་ཙནྡྲ་གོ་མི། རྒྱལ་པོ་དྷརྨཱ་ཕ་ལ། བླ་མ་ཟངས་གླིང་པ། ཁམས་པ་ཨ་སེང༌།ཇོ་སྲས་གཉལ་པ་རིན་ཆེན་འོད།«་་་་་འདི་ལ་གསན་ཡིག་གངྒཱའི་ཆུ་རྒྱུན་དུ་བླ་མ་བྱ་ནག་པ་ཡིན་འདྲ་ཞེས་སྣང༌། »བླ་མ་དཀོན་མཆོག་རྒྱ་མཚོ། ཇོ་སྲས་སྟག་ལ་མེ་འབར། སྟོན་གྲགས་ཞོ་རྭ་བ། བླ་མ་དོན་ཞབས་པ། བླ་མ་ལྷ་རྗེ། སློབ་དཔོན་ཆོས་གྲགས། ཨེ་པ་འཁོན་སྟོན། ལོ་ཙཱ་བ་མཆོག་ལྡན། བླ་མ་རྒྱལ་འོད། སློབ་དཔོན་སྨྲ་བའི་སེང་གེ ཆོས་རྗེ་བྱང་ཆུབ་སེང་གེ ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་སངས་རྒྱས་རིན་ཆེན། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། མཁན་ཆེན་བསོད་ནམས་རྒྱ་མཚོ། ཆོས་རྗེ་བསོད་ནམས་རབ་རྒྱས། ཐམས་ཅད་མཁྱེན་པ་སངས་རྒྱས་ཕུན་ཚོགས། མཚུངས་བྲལ་བསྟན་འཛིན་ལྷུན་གྲུབ། རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་བསྟན་འཛིན་ལྷུན་གྲུབ་ནས། ཀུན་མཁྱེན་དཔལ་ལྡན་ཆོས་སྐྱོང༌། དེ་ལས་བདག་གིས་ལེགས་པར་མནོས་སོ། །ཡང་ན་ངོར་ཆེན་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་བསོད་ནམས་ལྷུན་གྲུབ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་ཁམས་པ་ཨ་སེང་ནས། ཞང་སྟོན་དཀོན་མཆོག རུ་སྨོན་མཁར་བ། སྐྱི་སྟོན་རུ་ཞང༌། དཀོན་མཆོག་བློ་གྲོས། སློབ་དཔོན་ཆོས་གྲགས་མན་འདྲ། ཡང་ན་ལོ་ཙཱ་བ་མཆོག་ལྡན་ནས། སྐྱི་སྟོན་གྲགས་པ་རྒྱལ་མཚན། ཀུན་མཁྱེན་ཇོ་ནང་པ། བྱ་སྡེར་བ་བྱང་ཆུབ་སེང་གེ ས་བཟང་འཕགས་པ། ངོར་ཆེན་རྡོ་རྗེ་འཆང་མན་འདྲའོ། །ཡང་ན་མུས་ཆེན་དཀོན་མཆོག་རྒྱལ་མཚན། རཏྣ་ཝརྡྷ། མུས་ཆེན་སངས་རྒྱས་རིན་ཆེན། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ།། ༈ །།ཕྱག་རྡོར་གཏུམ་པོ་ཁྱུང་ལྔའི་རྗེས་གནང་གི་བརྒྱུད་པ་ནི།«་་་་་འདི་གཏེར་མའི་ལུགས་ཡིན་ཡང་ཕྱག་རྡོར་རྣམས་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་འདིར་བྲིས། »ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཕྱག་ན་རྡོ་རྗེ། སྤྲུལ་སྐུ་པདྨ་འབྱུང་གནས། གུ་རུ་ཆོས་ཀྱི་དབང་ཕྱུག སྤྲུལ་སྐུ་ཤཱཀྱ་སེང་གེ སྤྲུལ་སྐུ་ཤཱཀྱ་འབུམ། རིན་ཆེན་བྱང་ཆུབ་རྡོ་རྗེ། ཆོས་རྗེ་སྟག་པ་བ། ཟུར་དབེན་པ་ཆོས་བཟང་བླ་མ། མཉམ་མེད་བདེ་ལེགས་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། མཁས་མཆོག་ལྷ་དབང་བློ་གྲོས། རྗེ་བཙུན་སངས་རྒྱས་སེང་གེ བྱམས་པ་རིན་ཆེན་རྣམ་རྒྱལ། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས།མཁན་ཆེན་ལྷུན་གྲུབ་དཔལ་ལྡན། འཇམ་མགོན་སངས་རྒྱས་ཕུན་ཚོགས། མཁན་ཆེན་བསོད་ནམས་དཔལ་ལྡན། ཀུན་མཁྱེན་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། དེས་བདག་ལའོ། །ཡང་ན་མཁན་ཆེན་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཛིན་པ་བསྟན་འཛིན་ལྷུན་གྲུབ། རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ།རྒྱལ་བ་རིགས་ལྔ། པདྨ་འབྱུང་གནས། ཁྲི་སྲོང་ལྡེའུ་བཙན། མངའ་བདག་ཉང་རལ་ནས་བརྒྱུད་དེ། སྔགས་འཆང་རྡོ་རྗེ་བཟང་པོ། རྡོ་རིང་ཀུན་བཟང་ཆོས་ཀྱི་ཉི་མ། དཔལ་ལྡན་ཀུན་དགའ་གྲོལ་མཆོག རྡོ་རིང་པ་ཀུན་དགའ་རྒྱལ་མཚན། ཆོས་གཏེར་དཀོན་མཆོག་ལེགས་པ། མཁན་གྲུབ་པ་མན་འདྲའོ།། ༈ །།རྡོ་རྗེའི་«་་་་་འདི་འགའ་ཞིག་ཏུ་སྤྱོད་པའི་རྒྱུད་དུ་འཇོག་པའང་ཡོད། »རིགས་ཀྱི་ཁྲོ་བོ་རྣམ་པར་འཇོམས་པ་མཐིང་ནག་ལྷ་བཅུ་དགུ་ཛ་ཡ་ཝརྨའི་ལུགས་སམ།མ་ཎི་ཀ་བཛྲའི་ལུགས་སུ་གྲགས་པའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་མངོན་དཀྱིལ་རིན་ཆེན་དབང་རྒྱལ་གྱི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང༌། གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ།«་་་་་ངོར་ཆེན་དང་ཐར་རྩེ་བའི་གསན་ཡིག་ན་མི་གསལ་ཡང་རྗེ་མཁྱེན་བརྩེ་དང་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་གསན་ཡིག་ན་སྣང༌། »རྗེ་བཙུན་བྱམས་པ། སྐལ་ལྡན་གངྒཱ་དྷ་ར། བྲམ་ཟེ་སློབ་དཔོན་མ་ཏི་བཛྲ། པཎྜི་ཏ་ཛ་ཡ་ཝརྨ། པཎྜི་ཏ་ཛྙཱ་ན་ཤྲཱི། ལོ་ཙཱ་བ་ཅོག་གྲུ་རབ་ཞི། བླ་མ་ཡོན་ཏན་ལེགས་པ། རྗེ་བསམ་གཏན་དབང་ཕྱུག བླ་མ་དོན་གྲུབ་ཡེ་ཤེས། རྗེ་ཆོས་ཀྱི་བློ་གྲོས། བླ་མ་རྡོ་རྗེ་རྒྱལ་མཚན། རྗེ་དཀོན་མཆོག་རྡོ་རྗེ། བླ་མ་དཀོན་མཆོག་རྡོ་རྗེ། བླ་མ་ཤེས་རབ་འབུམ། རོང་པ་ཆོས་ཀྱི་མགོན་པོ། ལོ་ཙཱ་བ་མཆོག་ལྡན། པུར་བསོད་ནམས་དབང་ཕྱུག བྱ་སྡེར་བ་བྱང་ཆུབ་རིན་ཆེན། བྱ་སྡེར་བ་བྱང་ཆུབ་གཞོན་ནུ། བྱ་སྡེར་བ་བྱམས་པ་རིན་ཆེན། བྱ་སྡེར་བ་བྱང་ཆུབ། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། ས་སྐྱ་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང༌།བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ཁྱབ་བདག་འཁོར་ལོའི་མགོན་པོ་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །གུ་གེ་པཎ་ཆེན་གྱིས་མཛད་པའི་མངོན་དཀྱིལ་གྱི་ལུང་ཡང་ནོས་སོ།། ༈ « །།འདི་དེ་སྔོན་མ་ཐོབ་ཀྱང་ཐོབ་འགྱུར་གྱི་དབང་གིས་བྲིས།་་་་་»ངག་དབང་མཆོག་ལེགས་རྡོ་རྗེའི་ཡི་གེའི་སྟེང་ནས་རྡོ་རྗེའི་རིགས་ཀྱི་བདག་པོ་གྲུབ་ཆེན་ས་ཝ་རི་ས་ལུགས་ཀྱི་རྡོ་རྗེ་རྣམ་པར་འཇོམས་པ་དཀར་པོ་ལྷ་བཅུ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ངམ་རིགས་གཏད་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། གྲུབ་ཆེན་ས་ཝ་རི་པ། ཛ་ཝ་རི་པ། དེ་ཝ་པཱུརྞ་མ་ཏི། འགར་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། གཤེན་སྟོན་རིན་ཆེན་དངོས་གྲུབ། དམར་ཆོས་ཀྱི་རྒྱལ་མཚན། སྒང་སྟོན་ཤེས་རབ་བླ་མ། སྒང་སྟོན་ཤེས་རབ་འབུམ། གྲགས་པ་རྡོ་རྗེ། གོ་རྭ་བ་དར་མ་བྱང་ཆུབ། ཡང་རྩེ་བ་རིན་ཆེན་སེང་གེ ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། འཇམ་དབྱངས་གྲགས་པ་རྒྱལ་མཚན། མཁས་པ་བསོད་ནམས་འཕེལ་བ། བྱང་སེམས་རིན་ཆེན་ཆོས་རྒྱལ། མཁན་ཆེན་རིན་ཆེན་རྒྱལ་པོ། བླ་ཆེན་ཆོས་རིག་རྒྱལ་མཚན། སློབ་དཔོན་བསོད་ནམས་དཔལ་འབྱོར། བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། མུས་ཆེན་ནམ་མཁའ་དཔལ་བཟང༌། བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། སྐྱོར་མདའ་བ་མང་ཐོས་བསོད་ནམས་དབང་ཕྱུག ཆོས་ཀྱི་རྗེ་དཔལ་ལྡན་ཆོས་སྐྱོང་ངམ་བླ་མ་གང་རུང་ཞིག དེ་ལས་ཐོས་པར་འགྱུར་བ་ཚུལ་ཁམས་རིན་ཆེན་ཞེས་བྱའོ། །ཡང་ན་ཡང་རྩེ་བ་རིན་ཆེན་སེང་གེ་ནས། བླ་མ་རྒྱལ་མཚན་མགོན། དྷརྨཱ་ཀཱིརྟི། བླ་མ་བཀྲ་ཤིས་རིན་ཆེན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་བསོད་ནམས་ལྷུན་གྲུབ། རཏྣ་ཝརྡྷ། ལྷ་མཆོག་སེང་གེ བུདྡྷ་སིངྷ༌། མུས་པ་ནམ་མཁའ་དཔལ་བཟང་མན་འདྲའོ།། ༈ །།ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་རྡོ་རྗེ་རྣམ་པར་འཇོམས་པ་བ་རི་ལུགས་ལྷ་གཅིག་བུམ་གཅིག་གི་རྗེས་སུ་གནང་བ། བཀྲུ་བྱབ་བསྲུང་གསུམ་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། སློབ་དཔོན་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ། རྡོ་རྗེ་གདན་པ་མྱ་ངན་མེད་པའི་དཔལ། པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། རྗེ་བཙུན་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། བླ་མ་བསོད་ནམས་དབང་ཕྱུག བླ་མ་རིན་ཆེན་དཔལ། བླ་མ་བྱང་ཆུབ་གཞོན་ནུ། མཁན་ཆེན་བྱང་ཆུབ་སེང་གེཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག རྗེ་དཀོན་མཆོག་འཕེལ་བ། རྒྱལ་བ་ལྷ་མཆོག་སེང་གེ ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་ཤེས་རབ་རྒྱལ་མཚན། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང༌། རྗེ་ནམ་མཁའ་སངས་རྒྱས། རྗེ་དམ་ཆོས་བསམ་འགྲུབ། ཐམས་ཅད་མཁྱེན་པ་སངས་རྒྱས་ཕུན་ཚོགས། འཇམ་མགོན་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། རྡོ་རྗེ་འཆང་ཆེན་པོ་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་མཚུངས་བྲལ་བསྟན་འཛིན་ལྷུན་གྲུབ། ཀུན་མཁྱེན་དཔལ་ལྡན་ཆོས་སྐྱོང༌། དེ་ལས་བདག་གིས་སོ། །ཡང་ན་པཎ་ཆེན། དཔལ་ལྡན་དོན་གྲུབ། ཤེས་རབ་འབྱུང་གནས། དམ་ཆོས་བསམ་འགྲུབ་མན་འདྲའོ། །ཡང་ན་མུས་ཆེན། དཀོན་མཆོག་བློ་གྲོས། སངས་རྒྱས་རིན་ཆེན། ས་ལོ་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ། །ཡང་ན་ངོར་ཆེན་ནས། གུ་གེ་པཎ་ཆེན། མཁན་ཆེན་ལེགས་པའི་འབྱུང་གནས། ས་སྐྱ་ལོ་ཙཱ་བ་མན་འདྲའོ།། ༈ །།གསུམ་པ་རྡོ་རྗེའི་རིགས་ཀྱི་ཡུམ་ནི་མཱ་མ་ཀཱི་དང་རིགས་མཆོག་ལ་སོགས་ཏེ་མ་བྱུང་ངོ༌། །བཞི་པ་རིགས་ཀྱི་ཁྲོ་བོ་བདུད་རྩི་ཐབ་སྦྱོར་སོགས་དང༌། རིགས་ཀྱི་ཁྲོ་མོ་འདོད་པའི་རྡོ་རྗེ་མ་སོགས་ཀྱང་མ་བྱུང་ངོ༌། །ལྔ་པ་རྡོ་རྗེའི་རིགས་ཀྱི་ཕོ་ཉ་ནི་ཁྲོ་བོ་འཆོལ་པ་སོགས་ཏེ། དེའང་ས་པཎ་གྱིས་མཛད་པའི་སྒྲུབ་ཐབས་དང༌།འཇད་བྱམས་པ་བཀྲ་ཤིས་ལྷུན་གྲུབ་པས་ཅུང་ཟད་བསྲིངས་པའི་སྒྲུབ་ཐབས་རྗེས་གནང་གི་ཡི་གེའི་སྟེང་ནས་རྡོ་རྗེའི་རིགས་ཀྱི་ཕོ་ཉ་ཁྲོ་བོ་དམེ་བ་བརྩེགས་པ་དུད་ཁའི་རྗེས་སུ་གནང་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་འཇམ་དཔལ་དབྱངས། སློབ་དཔོན་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་མྱ་ངན་མེད་པའི་དཔལ། པཎྜི་ཏ་ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། «གསན་ཡིག་ཕལ་ཆེར་དུ་འདི་མེད་པའང་བྱུང༌།་་་་་»སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ། བླ་མ་གྲྭ་ཐང་པ། བླ་མ་ཀུན་དགའ་བསོད་ནམས། བླ་མ་བློ་གྲོས་དཔལ། དགེ་བཤེས་སེང་གེ མཁན་པོ་བསོད་ནམས་ཤེས་རབ། མཁན་པོ་ཤེས་རབ་མགོན། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག མཁན་ཆེན་ལེགས་པའི་འབྱུང་གནས། རྗེ་ལྷ་མཆོག་སེང་གེ འདྲེན་མཆོག་སངས་རྒྱས་སེང་གེ ཐར་རྩེ་ནམ་མཁའ་དཔལ་བཟང༌། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། མཁན་ཆེན་ངག་དབང་ཆོས་གྲགས།བྱམས་པ་བསོད་ནམས་མཐའ་ཡས། འཇད་པ་བྱམས་པ་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་བཟང་པོ་རྒྱལ་མཚན།«་་་་་ཉག་བྲེ། »ས་སྐྱ་བདག་ཆེན་ཀུན་དགའ་བཀྲ་ཤིས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། མཁན་ཆེན་ཆོས་ཀྱི་རྒྱལ་པོ་བཀྲ་ཤིས་ལྷུན་གྲུབ། དེ་ལས་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་སོ། །ཡང་ན་མཁན་ཆེན་ལེགས་འབྱུང༌། ས་ལོ་ཀུན་དགའ་བསོད་ནམས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ།«་་་་་འདི་ནས་བརྒྱུད་པ་དེ་སྔོན་མ་ཐོབ་ཀྱང་ད་ཐོབ་རྒྱུའི་དབང་དུ་བྲིས། »རྡོ་རྗེ་འཛིན་དབང་སངས་རྒྱས་རྒྱ་མཚོ། མཁས་བཙུན་ཀུན་དགའ་རྒྱ་མཚོ། དེ་ལས་བདག་གིས་བཀྲུ་བྱབ་བསྲུང་གསུམ་དང་བཅས་པ་ཐོབ་བོ། །ཡང་ན་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ནས། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱས་འགྱུར་བ་བསོད་ནམས་སེང་གེ རྗེ་བཙུན་སྒོ་རུམ་ཀུན་དགའ་ལེགས་པའི་བློ་གྲོས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བསོད་ནམས། འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག རྨོར་ཆེན་པ་མན་འདྲ། ཡང་ན་ངོར་ཆེན་ནས་རྒྱལ་ཚབ་ཀུན་དབང༌། མཁན་ཆེན་ལེགས་འབྱུང༌། བདག་ཆེན་ངག་གི་དབང་ཕྱུག ཀུན་མཁྱེན་མཁྱེན་བརྩེ་མན་འདྲ། ཡང་ན་མཁས་བཙུན་དགེ་ལྟག་པར་ཁྲོ་བོའི་རྒྱལ་པོ་ཞལ་དངོས་སུ་གཟིགས་པའི་ཞལ་གཟིགས་ཀྱི་བརྒྱུད་པ་ནི། མཁས་བཙུན་དགེ་ལྟག་པ།དེ་ལས་རྗེ་བཙུན་རིན་པོ་ཆེ་གྲགས་པས་གསན། དེ་ནས་ས་སྐྱ་པཎྜི་ཏ། བླ་མ་གྲྭ་ཐང་པ་མན་འདྲ། ཡང་ན་དགེ་ལྟག་པ་ནས། དྲན་བུ་རིན་ཆེན་གྲུབ། མཁན་ཆེན་ཤེས་རབ་གཞོན་ནུ། སློབ་དཔོན་དཀོན་མཆོག་མཁར། རི་ལུང་ཕུག་པ་ཆོས་མགོན། ལྕེ་བློ་ལྡན་སེང་གེ ལྕེ་བཙུན་བསོད་ནམས་དཔལ། སྤྲུལ་སྐུ་དབང་ཕྱུག་རྡོ་རྗེ། བཀའ་བཞི་«་་་་་མངའ་རིས་པ། »པ་སེང་གེ་རྒྱལ་མཚན། སྔགས་འཆང་ཡོན་ཏན་དཔལ། བླ་མ་བློ་བཟང་པ། རྡོ་རྗེ་འཆང་མཁྱེན་«་་་་་ཞྭ་ལུ་སྐུ་ཞང་འདིས་ན་ལེནྡྲའི་མཁན་པོ་མཛད་ནས་ཚེས་བཅོ་བརྒྱད་ལ་གཤེགས་པས་དུས་མཆོད་འཛིན་པའི་དབོན་བརྒྱུད་ལ་བཅོ་བརྒྱད་པར་གྲགས། »རབ་ཆོས་རྗེ་རིན་ཆེན་མཆོག་གྲུབ། རྗེ་བཙུན་རྡོ་རིང་པ་ཆེན་པོ་ཀུན་བཟང་ཆོས་ཀྱི་ཉི་མ།«་་་་་ཁའུར་བཞུགས། »རྗེ་བཙུན་ཀུན་དགའ་ལེགས་པ།«་་་་་ཇོ་ནང་གི་མཁན་པོ་མཛད། བོ་དོང་དུ་གཤེགས། »ཚར་ཆེན་བློ་གསལ་རྒྱ་མཚོ། གནས་གསར་བ་མཁྱེན་བརྩེའི་དབང་ཕྱུག དབང་ཕྱུག་རབ་བརྟན། ངག་དབང་ཆོས་གྲགས།ངག་དབང་རྣམ་རྒྱལ། བདག་ཆེན་ཀུན་དགའ་བཀྲ་ཤིས། རྗེ་ལྷུན་གྲུབ་དཔལ་ལྡན། མཁན་ཆེན་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། ཆོས་ཀྱི་རྒྱལ་པོ་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལའོ། །མཁྱེན་བརྩེས་མཛད་པའི་ཡིག་ཆའི་སྟེང་ནས་སོ། །ཡང་ན་བརྒྱུད་པ་ལུགས་གཅིག་ལ།རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། ཌཱ་ཀི་མ་སེང་གེའི་གདོང་ཅན། གྲུ་སྤང་རྩེ་བ་རྡོ་རྗེ་སེང་གེ ཆོས་རྗེ་བྲག་ནག་པ། བྱང་སེམས་ཆེན་པོ། བླ་མ་དོན་གྲུབ་རྒྱལ་མཚན། སློབ་དཔོན་བསོད་ནམས་དང༌། བེ་བུག་པ་བདེ་ལེགས་རྒྱལ་མཚན། སྔགས་འཆང་ཆོས་རྒྱལ་བསོད་ནམས། དེ་སྲས་ཆོས་རྒྱལ་བསོད་ནམས་བཀྲ་ཤིས། མཁྱེན་བརྩེ་མན་འདྲ། ཡང་ན་མཁྱེན་རབ་རྗེ་ནས། རྗེ་དཀོན་མཆོག་ཚུལ་ཁྲིམས། འགོས་སྟོན་རྡོ་རྗེ་སེང་གེ མངའ་རིས་རུ་ཐོག་པ་ནམ་མཁའ་གཟི་བརྗིད། མཁྱེན་བརྩེའི་ཞབས་མན་འདྲ། ས་པཎ་གྱིས་མཛད་པའི་དམེ་བརྩེགས་ཀྱི་སྒྲུབ་ཐབས། ལས་ཚོགས་སྨྱོ་འབོག་འདོན་པ། སེར་བ་བཟློག་པ། རིམས་གསོ་བ། ཕྱུགས་ཀྱི་གོད་ཁ་གཅོད་པ། ཕྱུགས་ནད་གསོ་བ། མི་ནད་བསྲུང་བ། ར་ལུག་ལ་སྤྱང་ཀི་བསྲུང་བ། འབྲས་ཕོལ་ལྷོག་པ་གསོ་བ། ནད་པའི་སྔས་བསྲུང༌། ཞིང་གི་འབུ་བསྲུང༌། སྲིས་རྨེ་བ། འགོང་པོ་བསྲེག་པ་དང་བཅས་པའི་ལུང་ཐོབ་པའི་བརྒྱུད་པ་ནི། མཆོག་ལེགས་རྡོ་རྗེ་བརྒྱུད་པར་བཞུགས་པ་དང་འདྲའོ། །རྗེ་བསོད་ནམས་ལྷུན་གྲུབ་ཀྱི་རྗེས་གནང་བྱ་ཚུལ་གྲིབ་མདོས་དང་བཅས་པའི་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། རྗེ་བསོད་ནམས་ལྷུན་གྲུབ། དེ་དབོན་ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། དྲིན་ཅན་མཁྱེན་རབ་བླ་མ། རྨོར་ཆེན་པ་ཀུན་དགའ་ལྷུན་གྲུབ། ཆོས་རྗེ་ཀུན་དགའ་རྣམ་རྒྱལ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །།ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་ཡི་གེའི་སྟེང་ནས་ཇོ་བོ་ལུགས་ཀྱི་དམེ་བརྩེགས་ལྗང་ནག་གི་རྗེས་སུ་གནང་བ་བཀྲུ་བྱབ་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། ཇོ་བོ་ཨ་ཏི་ཤ ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོར་བ། བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར། མཁན་པོ་ཆོས་དབང་ཕྱུག མཁན་པོ་ཆོས་ཀྱི་བྱང་ཆུབ། ལོ་ཙཱ་བ་མཆོག་ལྡན། མཉམ་མེད་གྲགས་པ་རྒྱལ་མཚན། བླ་མ་ཤཱཀྱ། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། དམར་སྟོན་རྒྱལ་མཚན་འོད་ཟེར། གོང་མ་གྲགས་པ་འབྱུང་གནས། དྭགས་པོ་བཀྲ་ཤིས་རྣམ་རྒྱལ། སྤྱན་སྔ་བསོད་ནམས་ལྷ་དབང༌། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། ངོར་ཆེན་དཀོན་མཆོག་དཔལ་ལྡན། ཤར་ཆེན་ཀུན་དགའ་བཀྲ་ཤིས། ཤར་ཆེན་ཤེས་རབ་འབྱུང་གནས། དམ་པ་ཀུན་དགའ་དཔལ་འབྱོར། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་བསྟན་འཛིན་ལྷུན་གྲུབ་ནས། དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་འཇམ་དབྱངས་སངས་རྒྱས་ཕུན་ཚོགས་ནས། རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། མཁན་ཆེན་འཇམ་དཔལ་དབྱངས་སངས་རྒྱས་དཔལ་བཟང༌། དེས་བདག་ལའོ། །ཡང་ན་མཁན་པོ་ཆོས་ཀྱི་བྱང་ཆུབ།མཁས་བཙུན་ཚུལ་ཁྲིམས་རིན་ཆེན། བླ་མ་དར་མ་བཟང་པོ། རྗེ་གཞོན་ནུ་རྒྱལ་མཚན། བླ་མ་རྒྱལ་མཚན་དོན་གྲུབ། རྗེ་གཙང་པ་རིན་རྒྱལ། བྱ་བཏང་བོ་དྷི་སཏྭ། འཇམ་དབྱངས་རིན་ཆེན་གྲགས་པ། སྤྱན་སྔ་བསོད་ནམས་ལྷ་དབང༌། སྤྱན་སྔ་ངག་དབང་ཆོས་གྲགས། སྤྱན་སྔ་དཀོན་མཆོག་རྒྱ་མཚོ་མན་འདྲ། ཡང་ན་མཁན་པོ་ཆོས་དབང་ཕྱུག་ནས། མཁན་པོ་ཟུར་ཕུ་བ། སློབ་དཔོན་དཀོན་མཆོག་སེང་གེ བླ་མ་དར་མ་བཟང་པོ། ཆོས་རྗེ་གཞོན་ནུ་རྒྱལ་མཚན། བླ་མ་དོན་གྲུབ་རྒྱལ་མཚན། ཆོས་རྗེ་གཙང་པ་རིན་རྒྱལ། བྱ་བཏང་བོ་དྷི་སཏྭ། སློབ་དཔོན་འཇམ་དབྱངས་རིན་ཆེན་གྲགས་པ། སྤྱན་སྔ་བསོད་ནམས་ལྷ་དབང་མན་འདྲ། ཡང་ན་བྱ་འདུལ་འཛིན་ནས། ན་བཟའ་ཕྲེད་གསོལ་བ་ཆོས་ཀྱི་བྱང་ཆུབ། མཁན་པོ་ཆོས་ཀྱི་དབང་ཕྱུག«་་་་་བྱ་འདུལ་གྱི་དབོན་པོ། »མཁན་ཆེན་ཆོས་ཀྱི་བརྩོན་འགྲུས། བླ་མ་དར་མ་བཟང་པོ་མན་འདྲ། འདིའི་ལས་ཚོགས་གྲིབ་བསྲུང་བ། སེར་བ་བསྲུང་བ། རིམས་ནད་བསྲུང་བ། ཕྱུགས་ནད་བསྲུང་བ། མི་ལོ་ནད་ཅན་བསྲུང་བ། ར་ལུག་ལ་སྤྱང་ཀི་བསྲུང་བ། འབྲས་ཕོལ་ལྷོག་པ་གསོ་བ། ནད་པའི་སྔས་བསྲུང༌། ཞིང་གི་འབུ་སྲིན་བསྲུང་བ། བང་མཛོད་བསྲུང་བ།འགོང་པོ་བསྲེག་པ། དམེ་གྲིབ་བསྲུང་ཐབས་དང་བཅས་པའི་ལུང་ཐོབ་པའི་བརྒྱུད་པ་ནི། སྤྱན་སྔ་དཀོན་མཆོག་རྒྱ་མཚོ་ཡན་སྔར་དང་འདྲ་བ་ལས། དེ་ནས་མུས་ཆེན་སངས་རྒྱས་རྒྱལ་མཚན། དཔལ་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། རྒྱལ་རྩེ་བ་ངག་དབང་བསོད་ནམས་རྒྱལ་མཚན།མཁན་ཆེན་བཟང་པོ་རྒྱལ་མཚན། ངག་དབང་ཀུན་དགའ་ལྷུན་གྲུབ། ཆོས་རྗེ་ཀུན་དགའ་རྣམ་རྒྱལ། དེས་བདག་ལའོ།། ༈ །།ལྔ་པ་རྡོ་རྗེའི་རིགས་ཀྱི་ཕོ་ཉ་མོ་ནི་བློ་གྲོས་རྡོ་རྗེ་མ་དང༌། རྡོ་རྗེ་དྲིལ་བུ་མ་ལ་སོགས་པ་སྟེ། འདིར་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་སྒྲུབ་ཐབས་དང་དམ་པའི་ཕྱག་ལེན་ལ་བརྟེན་ནས་ཁྲོ་མོ་དམེ་བརྩེགས་ཀྱི་རྗེས་སུ་གནང་བ་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། ཌཱ་ཀི་མ་སེང་གེའི་གདོང་པ་ཅན། གྲུ་སྤང་རྩེ་བ་རྡོ་རྗེ་སེང་གེ ཆོས་རྗེ་བྲག་ནག་པ། བྱང་སེམས་ཆེན་པོ། བླ་མ་དངོས་གྲུབ་རྒྱལ་མཚན། སློབ་དཔོན་བསོད་ནམས་དར། བེ་ཕུག་པ་བདེ་ལེགས་རྒྱལ་མཚན། སྔགས་འཆང་ཆོས་རྒྱལ་བསོད་ནམས། དེ་སྲས་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། བླ་མ་གཉིས་ཙམ་བཙལ། དེ་ནས་མཁན་ཆེན་སངས་རྒྱས་ཕུན་ཚོགས། དེ་ལས་མུས་པའི་དགེ་བཤེས་ཚུལ་ཁྲིམས་ཀྱིས་གསན་ནམ་སྙམ། དེ་ནས་དྲིན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་ལན་མང་དུ་སྩལ་ཏོ། །ཡང་ན་མཁྱེན་བརྩེའི་ཞབས་ནས། འཕགས་མཆོག་བྱམས་པ་སྐལ་ལྡན་བཟང་པོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མན་འདྲའོ། །བྱ་རྒྱུད་རྡོ་རྗེའི་རིགས་སུ་མཐུན་བསྡེབས་པའི། །དེ་བཞིན་གཤེགས་དང་རིགས་ཀྱི་བདག་པོ་ཡུམ། །ཁྲོ་བོ་ཕོ་ཉ་དགའ་མའི་ཟློས་གར་གྱིས། །དངོས་གྲུབ་ལ་གོར་སྩོལ་བ་བཅུ་གསུམ་མོ། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། རྡོ་རྗེའི་རིགས་ཀྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་དགུ་པའོ།། །།བཞི་པ་ནོར་ཅན་གྱི་རིགས་ལ་འཕགས་པ་ནོར་བུ་བཟང་པོ་ལ་སོགས་པ་གནོད་སྦྱིན་གྱི་ཚོགས་རྣམས་ཏེ། འདིར་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་མངོན་རྟོགས་རྗེས་གནང་བྱེད་ཚུལ་གྱི་ཡི་གེ་ལ་བརྟེན་ནས་འཕགས་པ་ཛམ་བྷ་ལ་སེར་པོ་ཞལ་གཅིག་ཕྱག་གཉིས་པའི་རྗེས་སུ་གནང་བ་ཡི་གེ་དེ་ཉིད་ཀྱི་ལུང་དང་བཅས་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཨ་ཤྭ་ཀ་ཤྲཱི། ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ། བརྩེ་ཆེན་ཀུན་དགའ་སྙིང་པོ། དཔལ་ལྡན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། «འདི་མེད་པའང་ཡོད།་་་་་»འཕགས་པ་བློ་གྲོས་རྒྱལ་མཚན། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག འདྲེན་མཆོག་རཏྣ་ཝརྡྷ། རྗེ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ བྲང་ཏི་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ། འཇམ་མགོན་དཔལ་མཆོག་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། དྲིན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ཡོངས་འཛིན་ནས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་མན་འདྲའོ། །ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་འཕགས་པ་ཛམ་བྷ་ལ་ནག་པོ་ཞལ་གཅིག་ཕྱག་གཉིས་པའི་རྗེས་སུ་གནང་བ་ཡི་གེའི་ལུང་བཅས་ཐོབ་པའི་བརྒྱུད་པའང་བཤད་མ་ཐག་པ་ལྟར་རོ།། ༈ །།ཤེའུ་ལོ་ཙཱ་བ་ཆེན་པོ་བྱམས་པ་ཀུན་དགའ་ཆོས་གྲགས་ཀྱིས་མཛད་པའི་སྒྲུབ་ཐབས་རྗེས་གནང་བྱེད་ཚུལ་གྱི་ཡི་གེ་ལ་བརྟེན་ནས་ནོར་ཅན་གྱི་རིགས་ཇོ་བོ་ལུགས་ཀྱི་ཛམྦྷ་ལ་དཀར་པོ་འབྲུག་ཞོན་ཅན་ལྷ་ལྔའི་རྗེས་སུ་གནང་བ་ཐུན་མོང་མ་ཡིན་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཕགས་པ་སྤྱན་རས་གཟིགས། ཇོ་བོ་ཆེན་པོ་ཨ་ཏི་ཤ ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། བཤེས་གཉེན་པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། སྤྱན་སྔ་བསོད་ནམས་འཕེལ། བཀའ་བཅུ་པ་གཞོན་ནུ་སེང་གེ སྲིབས་རི་བ་གཞོན་ནུ་རྒྱལ་མཚན། ལྷ་ཕུག་པ་རིན་ཆེན་འོད་ཟེར། བླ་མ་དཔལ་ལྡན་གྲུབ་པ། «གསན་ཡིག་གངྒཱའི་ཆུ་རྒྱུན་དུ་ས་སྐྱའི་གསན་ཡིག་ན་མི་གསལ་ཡང་ལོ་པ་སྤྱན་སྔའི་གསན་ཡིག་ཏུ་བར་འདིར་བླ་མ་ཁ་ཤས་མ་རྙེད་ཚུལ་འདུག་ཅེས་སྣང༌།་་་་་»རིན་པོ་ཆེ་སངས་རྒྱས་འོད་ཟེར། གཙང་པ་བློ་བཟང་པ། བཀའ་འགྱུར་བ་ཤཱཀྱ་བཟང་པོ།«་་་་་འདི་གཉིས་རྗེ་བླ་མའི་གསན་ཡིག་ཏུ་འབྱུང་བ་ཤེའུ་ལོ་ཙཱ་བའི་གསན་ཡིག་ནས་ཁ་བསྐང༌།»སྤྱན་སྔ་བསོད་ནམས་ལྷའི་དབང་པོ། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། ཤེའུ་ལོ་ཙཱ་བ་བྱམས་པ་«་་་་་བུདྡྷ་ལཀྵྨཱིའི་གསན་ཡིག་ཏུ་འདིའི་ཚབ་ཏུ་ངག་དབང་མཆོག་ལེགས་རྡོ་རྗེ་བྱུང༌། »ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ།ཐམས་ཅད་མཁྱེན་པ་སངས་རྒྱས་ཕུན་ཚོགས། བཀའ་དྲིན་མཉམ་མེད་རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་ཐོབ་བོ། །ཡང་ན་ཀུན་དགའ་བསྟན་འཛིན་ནས། མཁན་ཆེན་སངས་རྒྱས་དཔལ་བཟང༌། དེ་ལས་བདག་གིས་ལེགས་པར་ནོས་སོ། །ལུང་ལ་ཕྱི་ཆུ་སྦྱིན་ལ་བརྟེན་ནས་བསྒྲུབ་པ། ནང་གཏོར་མ་ལ་བརྟེན་ནས་བསྒྲུབ་པ། གསང་བ་གའུ་ལ་བརྟེན་ནས་བསྒྲུབ་པ། ཐུགས་རྗེ་ཆེན་པོས་སྤྱན་ནས་ཛམྦྷ་ལ་སྤྲུལ་ཏེ་ཇོ་བོ་ལ་གནང་བའི་ལོ་རྒྱུས་རྗེས་གནང་གི་ཡི་གེ བསྟོད་པ་སྤྱན་རས་གཟིགས་དབང་མ། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས་ཀྱིས་མཛད་པའི་སྒོམ་བཟླས་རྗེས་གནང་བྱེད་ཚུལ་བཅས་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྨོར་ཆེན་པ་ཡན་གོང་དང་འདྲ་ལ། དེ་ནས་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱིས་གསན་ནམ་བརྟག དེ་ནས་རྩེ་གདོང་སྤྲུལ་པའི་སྐུ་རིན་པོ་ཆེ། མངའ་རིས་པ་བསོད་ནམས་བློ་གྲོས། ཆོས་རྗེ་ཏིང་འཛིན་རྡོ་རྗེ། དེས་བདག་ལ་སྩལ་ཏོ།། ༈ །།འདུལ་བ་ལུང་ལས། རྒྱལ་ཆེན་སྡེ་བཞི་པོ་མཁའ་ལྡིང་སྒྲ་སྙན་དང་སྒྲ་ཆུང༌། ཀླུ་དབུགས་དང་དབུགས་ཆེན་དུ་གྱུར་པ་ན་བཞི་གས་སངས་རྒྱས་འོད་སྲུངས་ལ་ཡོན་ཏན་ཤེས་ནས་དད་དེ་བསླབ་པའི་གཞི་བཟུང་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་འཇིག་རྟེན་སྐྱོང་བར་སྨོན་ལམ་བཏབ་པའི་མཐུ་བཙན་པོས་བསྟན་པ་རིན་པོ་ཆེ་སྐྱོང་བ་ལ་འཕགས་པའི་ཡུལ་དང་གངས་རིའི་ལྗོངས་འདིར་ཡོངས་སུ་གྲགས་ཤིང་མཁས་གྲུབ་མང་པོས་ཆོས་སྐྱོང་གི་གཙོ་བོར་མཛད་པའི་རྒྱལ་པོ་ཆེན་པོ་རྣམ་མང་ཐོས་པའི་སྲས་འདི་ཉིད་ཀྱི་གཟི་བརྗིད་མ་བཟོད་པར་ལྷ་མིན་གྱི་དཔུང་ཕྱིར་ལོག་པར་བརྟེན། ལྷ་རྣམས་ངལ་བསོས་པས་ངལ་བསོས་པོ་དང༌། ལྷ་མིན་གྱིས་གཡུལ་བཤམས་པའི་ཚེ་སེང་གེ་ཁྲོས་པ་ལ་ཞོན་ནས་སྲུངས་པས་གནས་སྲུང་པོ་དང༌། དུག་སྤྲུལ་ཆེན་པོར་སྤྲུལ་ནས་ལྷ་མིན་དབང་པོ་ར་རྒོད་ཀྱི་དམག་རྣམས་མྱོས་པར་བྱས་པས་ལུས་ངན་པོ་ཞེས་སོགས་མཚན་གྱི་རྣམ་གྲངས་མང་པོར་གྲགས་ཤིང༌། མུ་སྟེགས་ཀྱི་སྤྲང་པོ་ཉི་མའི་དངོས་གྲུབ་སོགས་བསྒྲལ་བར་དཀའ་བ་མང་པོ་ཚར་བཅད་པས་མཐུ་རྩལ་ཆེ་བ། ཚེ་དང་དཔལ་འབྱོར་སོགས་འདོད་དགུའི་ཆར་ཆེན་པོ་འབད་མེད་དུ་སྩོལ་བའི་ལྷ་མཆོག་འདི་ཉིད་ཀྱི་ཆོས་སྐོར་བསྟན་པ་སྔ་དར་དང་ཕྱི་དར་གྱི་ལོ་པཎ་རྣམས་ལས་བརྒྱུད་པ་མཐའ་ཀླས་པར་བཞུགས་པ་ལས། ཐོག་མར་ཐམས་ཅད་མཁྱེན་པ་ཆེན་པོ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་སྒྲུབ་ཐབས་གཏོར་ཆོག་རྗེས་གནང་བྱ་ཚུལ་གྱི་ཡི་གེ་རྣམས་ཀྱི་སྟེང་ནས་ཕྱག་ན་རྡོ་རྗེ་འགྲོ་བཟང་སྙིང་པོའི་ལུགས་དང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྦགས་སྒྲུབ་ཀྱི་རྗེས་སུ་གནང་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། རྡོ་རྗེ་འཆང༌། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། «ཏེ་ཛ་དེ་ཝ།་་་་་»ཁ་ཆེན་དགོན་པ་བ། «མཚན་འཕགས་པ་ཤེས་རབ།་་་་་»ཟངས་དཀར་ལོ་ཙཱ་བ།«་་་་་གསང་མཚན་དཔའ་བོ་རྡོ་རྗེ།» གཡོར་པོ་ཇོ་སྟོན། «བཅུར་བྱུང༌།་་་་་»པུར་བསོད་ནམས་རིན་ཆེན། འབྱིད་ཕུ་བ་པདྨ་བཀྲ་ཤིས། ལྷ་རྗེ་ཇོ་བཟང༌། ཁྲོ་ཕུ་ལོ་ཙཱ་བ། བླ་ཆེན་བསོད་ནམས་དབང་ཕྱུག ཁྲོ་ཕུ་བ་བསོད་ནམས་སེང་གེ བཀའ་བཞི་པ་གྲགས་པ་གཞོན་ནུ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཇོ་ནང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་ཆེན་པོ་གྲགས་པ་རྒྱལ་མཚན། མཁན་ཆེན་བསོད་ནམས་ལྷུན་གྲུབ།འཇམ་དབྱངས་ས་སྐྱ་ལོ་ཙཱ་བ་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། མཚུངས་མེད་དཀོན་མཆོག་དཔལ་ལྡན། བདག་ཆེན་རྡོ་རྗེ་འཆང་ཀུན་དགའ་བཀྲ་ཤིས། རྗེ་བཙུན་ནམ་མཁའ་སངས་རྒྱས། རྗེ་དམ་ཆོས་བསམ་འགྲུབ། རྡོ་རྗེ་འཆང་ཆེན་པོ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། དྲིན་ཆེན་རྡོ་རྗེ་འཆང་དབང་དཔལ་ལྡན་ཆོས་སྐྱོང༌། དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་ལན་གཉིས་ཀྱི་བར་དུ་མནོས་སོ། །ཡང་ན་ཁྲོ་ཕུ་བ་བསོད་ནམས་སེང་གེ་ནས། ཡང་རྩེ་བ་རིན་ཆེན་སེང་གེ ཀུན་མཁྱེན་བུ་སྟོན། བླ་མ་དམ་པ་མན་འདྲ། ཡང་ན་བུ་སྟོན་རིན་པོ་ཆེ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ་དཔལ་བཟང༌། སློབ་དཔོན་རིན་ཆེན་དཔལ་གྲུབ། མཁྱེན་རབ་རིན་ཆེན་མཆོག་གྲུབ། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ས་སྐྱ་ལོ་ཙཱ་བ་མན་འདྲའོ། །ཡང་ན་ཕྱག་ན་རྡོ་རྗེ། ཀཱ་མ་རཱུ་པ། ཀཧྞ་པ། འགྲོ་བཟང་སྙིང་པོ། རིན་ཆེན་རྡོ་རྗེ། བྲམ་ཟེ་སཛྫ་ན། ཁ་ཆེ་དགོན་པ་བ། ཟངས་དཀར་ལོ་ཙཱ་བ། ཞུ་སྟོན་ས་སྐྱ་པ། གྲགས་པ་སེང་གེ རྒྱ་སྟོན་གྲུབ་པ་པོ།«་་་་་དཔལ་ཡིན་ནམ། »གྲུབ་མཆོག་རྡོ་རྗེ་དཔལ། ཁྲོ་ཕུ་བ་བསོད་ནམས་སེང་གེ་མན་འདྲའོ། །དེར་མ་ཟད་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་བཀའ་སྲོལ་ཟབ་ཅིང་རྒྱ་ཆེ་བའི་གདམས་པ་བཞུགས་པ་རྣམས་དུས་དབང་གིས་ཆོས་པར་རློམ་པ་ཕལ་ཆེར་མི་ཆོས་ཀྱི་ཞར་ལ་ལྷ་ཆོས་འགྲུབ་ཏུ་རེ་བའི་ལེ་ལོ་དང་རྣམ་པར་གཡེང་བའི་དབང་གིས་ནུབ་ཏུ་ཉེ་བ་ན། རྡོ་རྗེ་འཆང་ཚར་ཆེན་ཆོས་ཀྱི་རྒྱལ་པོས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྣམ་པར་ཐར་པ་བཞིན་རྣམ་ཐོས་སྲས་བཀའ་མི་འདྲ་བ་བཅོ་ལྔ་ཙམ་གྱི་ཆོས་སྐོར་གསན་ཞིང༌།ཕྱོགས་གཅིག་ཏུ་བསྒྲིགས་པའི་རྒྱུན་མ་ཉམས་པ་རྣམས་ལེགས་པར་ཐོབ་པ་ལ། འདི་ཉིད་ཀྱི་གོང་གནོན་དུ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྗེས་གནང་མཛད་པའི་སྲོལ་ལྟར་མནོས་པ་ནི་གོང་དུ་སྨོས་ཟིན་ཅིང༌། སློབ་དཔོན་འགྲོ་བཟང་སྙིང་པོས་རྒྱུད་དང་མན་ངག་ལ་བརྟེན་ནས་རྒྱལ་པོ་ངལ་བསོས་པོ་ཞི་བ་ནོར་དུ་བསྒྲུབ་པ་དང་དྲག་བྱེད་མཐུ་རུ་བསྒྲུབ་པའི་ཆོ་ག་སོགས་མཛད་པ་ལས་ཐོག་མར་ཞི་བ་བདེ་བྱེད་སེར་པོ་ལྷ་དགུ་ཟངས་དཀར་བ་ནས་བརྒྱུད་པ་སྟོད་ལུགས་སྨད་ལུགས་ཀྱི་བརྒྱུད་པ་ཆུ་བོ་གཉིས་འདྲེས་ལས། ཕྱག་ལེན་གྱི་རིམ་པ་སྨད་ལུགས་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་བཞེད་སྲོལ་གཙོ་ཆེ་བར་མཛད་ལ། དེར་མ་ཟད་རྗེས་གནང་ལྔ་ཕྲག་གསུམ་གྱི་ཆོ་ག་སོ་སོའི་ལུགས་སྲོལ་ཉམས་པ་མེད་པ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་ཕྱག་ལེན་བཞིན།མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་ཆོག་ཁྲིགས་སུ་མཛད་པའི་ནོར་འཛིན་དཔལ་མོའི་རྒྱན་ཕྲེང་གི་སྟེང་ནས་ལེགས་པར་ཐོས་པ་ཡིན་ཞིང༌། བསྒྲིག་རིམ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་གསན་ཡིག་གི་གོ་རིམ་ལྟར་བཀོད་པ་ལ། རྣམ་སྲས་ཀུན་གྱི་རྩ་བར་གྱུར་པ་ཞི་བ་བདེ་བྱེད་སེར་པོ་ལྷ་དགུའི་རྗེས་སུ་གནང་བ། ༡ འདི་དང་འབྲེལ་བར་ཤིན་ཏུ་གཉན་པ་སློབ་མ་དམ་ལྡན་བསྙེན་སོང་རེ་རེ་ཙམ་ལས་མང་པོར་མི་གནང་བའི་དྲག་པོའི་རྗེས་གནང་ཤིན་ཏུ་གཉན་ཅིང་བཀའ་རྒྱ་དམ་པ། ཟངས་དཀར་བའི་གོང་ཁུག་སྲོ་མ་ཅན་ལས་བྱུང་བའི་གསང་སྒྲུབ་ལྗང་སེར་བེ་ཅོན་ཅན། ཡུམ་པདྨ་གཙུག་ཕུད་མ་སྟེ།ཡབ་ཡུམ་གཉིས་ཀྱི་རྗེས་གནང་སྟོད་ལུགས་ལས་འོངས་པ། ༢ སློབ་དཔོན་ཀླུ་སྒྲུབ་ཀྱིས་སྤྲང་པོ་ཉི་མའི་དངོས་གྲུབ་བསྒྲལ་བའི་དྲག་བྱེད་རྟ་སྔོན་བདུད་མོ་བཞིས་བསྐོར་ལྷ་ལྔའི་རྗེས་གནང༌།«་་་་་རྣམ་སྲས་དམར་པོའི་སྐོར་དང་རྙིང་མ་བཀའ་གཏེར་ནས་བཤད་པ་རྣམས་བླ་མེད་དུ་གཏོགས་ཀྱང་འདིར་སྡེ་ཚན་གྱི་དབང་གིས་ཕྱོགས་གཅིག་ཏུ་བཀོད་དོ།། »༣ དེ་ཉིད་ལ་ཅུང་ཟད་ཁ་བསྒྱུར་ཅིང་རྒྱལ་ཆེན་བཞི་བསྣན་པའི་ནང་མ་མོ་ལྟར་བསྒྲུབ་པ་ལྷ་དགུའི་རྗེས་གནང༌། ༤གནུབས་ཀྱིས་བསྒྱུར་བའི་བཻ་ཤྲ་ཝ་ཎ་ཁ་རག་ཁྲམ་ཐོགས་ནག་པོའི་རྒྱུད་ལས་གསུངས་པའི་དྲག་པོ་མཐུ་རུ་བསྒྲུབ་པའི་ནང་ནས་དྲག་བྱེད་སེང་ཞོན་ཀླུ་བརྒྱད་ཀྱིས་བསྐོར་བའི་རྗེས་གནང༌། ༥ དེ་ཉིད་ལ་ཅུང་ཟད་ཁ་བསྒྱུར་བ་བཞོན་པ་མེད་པའི་དྲག་བྱེད་རྐང་ཐང་ལྷ་བརྒྱད་ཀྱི་རྗེས་གནང༌།«་་་་་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་མི་གསལ་ཡང༌། ཆོག་སྒྲིགས་གཉིས་ཀ་ན་འདུག་ཅིང་ཕྱག་ལེན་ལའང་མཛད། »༦ གསང་བ་གཤིན་རྗེ་ལྟར་བསྒྲུབ་པ་མདུང་དམར་ཅན་ལྷ་བཅུ་གསུམ་གྱི་རྗེས་གནང༌།«་་་་་ཁ་རག་ཁྲམ་ཐོགས་ཀྱི་རྒྱུད་ན་མུ་སྟེགས་ཉི་མ་སྒྲུབ་པ་དང་བྷ་རི་ཧའི་གྲོང་ཁྱེར་གཞོམ་པའི་ཆེད་དུ་སློབ་དཔོན་ནཱ་གཱརྫུ་ནའི་ཐུགས་ནས་རྒྱུད་བཏོན་པར་བཤད་པས་སྤྲང་པོ་ཉི་མའི་དངོས་གྲུབ་བསྒྲལ་བའི་ཆོས་སྐྱོང་ཡང་འདི་ཡིན་ནམ་སྙམ།» ༧ བྲམ་ཟེ་སུ་པ་ཏོས་ཞག་གསུམ་ལ་མུ་སྟེགས་པ་བཅོ་ལྔ་བསྒྲལ་བའི་ཡང་གསང་དྲག་པོ་སྲིན་པོ་བཞིས་བསྐོར་གཙོ་འཁོར་ལྔའི་རྗེས་གནང༌། ༨ ཤུ་རཾ་ག་ཝརྨའི་ལུགས་ཀྱི་རྣམ་སྲས་མཐིང་ཁ་ཞལ་གསུམ་ཕྱག་དྲུག་པ་ཡུམ་གྱིས་འཁྲིལ་བ་གཙོ་འཁོར་བཅོ་ལྔ་པའི་རྗེས་གནང༌། ༩ རྣམ་སྲས་དམར་སེར་ལས་མཁན་མདུང་དམར་ཅན་དང་བཅས་པའི་གཙོ་འཁོར་གཉིས་ཀྱི་རྗེས་གནང༌། ༡༠ གར་མཁན་མཆོག་གི་རྒྱུད་ནས་སྲས་གར་མཁན་མཆོག་གུར་ཀུམ་གཞོན་«་་་་་འདི་ལ་རྗེས་གནང་མེད།»ནུའི་མདངས་ཅན་ཞལ་བཞི་ཕྱག་བཅུ་དྲུག་པ་བསྟན་པའི་ཤུགས་ལ་སློབ་དཔོན་འགྲོ་བཟང་སྙིང་པོ་དང་ཁ་ཆེ་རིན་ཆེན་རྡོ་རྗེ་སོགས་ཀྱིས་བཀྲལ་བའི་གར་མཁན་མཆོག་ལྗང་གུ་ཞལ་གསུམ་ཕྱག་བཅོ་བརྒྱད་ལྷ་བརྒྱད་ཀྱི་རྗེས་གནང༌། ༡༡ དེ་ལ་ཅུང་ཟད་ཁ་བསྒྱུར་བ་གར་མཁན་མཆོག་དམར་སྨུག་ཞལ་གསུམ་ཕྱག་བཅོ་བརྒྱད་པ་ཡུམ་བཅས་ཀྱི་རྗེས་གནང༌། ༡༢ རྣམ་སྲས་དཀར་པོ་ཚེ་འཕེལ་ལྷ་དགུའི་རྗེས་གནང༌། ༡༣ ལྷ་སྲས་མུ་ཏིག་བཙན་པོ་དང་བློན་པོ་ཞང་ལྷ་བཟང་ཀླུ་དཔལ་གཉིས་བྷ་ད་ཧོར་གྱི་སྒོམ་གྲ་བཅོམ་པའི་དམག་ལ་འབྱོན་སྐབས་དཔལ་ཨོ་ཌྱཱན་ཆེན་པོས་གནང་བའི་རྣམ་སྲས་ཞི་དྲག་གཉིས་ལས་ཞི་བ་ལྗང་ཡུལ་མའམ་སྤྲིན་གསེབ་མར་གྲགས་པ་སེར་ཆེན་ལྷ་དགུའི་རྗེས་གནང༌། ༡༤ དྲག་པོ་ཡང་གསང་མདུང་དམར་ཅན་ཕྱག་མཚན་བཞི་པ་ལས་མཁན་དང་བཅས་པའི་གཙོ་འཁོར་གཉིས་ཀྱི་རྗེས་གནང༌། ༡༥ རྒྱལ་བ་སྟག་ལུང་པ་ནས་བརྒྱུད་པའི་རྣམ་སྲས་རིགས་ཆེན་བརྒྱད་དུ་གྲགས་པའི་ནང་ནས། རྣམ་སྲས་དམར་པོ་གསུང་མཆོག་ལུས་ངན་པོ་སྙན་གྲགས་སྒྲུབ་ཀྱི་རྗེས་གནང་དང༌། སྟང་ལུང་པའི་ཡི་གེའི་སྟེང་ནས་ཨ་པ་ར་ཙི་ཏ་དཀར་པོ་དཔའ་གཅིག་གི་རྗེས་སུ་གནང་བ་རྣམས་ལེགས་པར་ནོས་ནས་རྒྱབ་བརྟེན་ལུང་གི་སྐོར་ལ། གནོད་སྦྱིན་གྱི་སྡེ་དབོན་ཆེན་པོ་གར་མཁན་མཆོག་གི་རྟོག་པ། ༼དབང་༽བརྟག་པ་གཉིས་དང་ལེའུ་བཅུ་དྲུག་པ་ཁ་ཆེའི་མཁས་པ་ཆེན་པོ་དྷ་ན་གུཔྟ་དང་རབ་ཞི་ལོ་ཙཱ་བས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་མཐོ་གླིང་འཛམ་གླིང་རྒྱན་དུ་བསྒྱུར་བ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་སྣ་ཚོགས་སྒྲུབ་པ་ལེའུ་ཉི་ཤུ་རྩ་བདུན་པ། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་ཀྱི་རྒྱུད་རིན་ཆེན་འབྱུང་བ་ལེའུ་བཅུ་དགུ་པ་རྒྱ་གར་གྱི་པཎྜི་ཏ་ཁ་ཆེ་དགོན་པ་བ་དང་ལོ་ཙཱ་བ་མངའ་རིས་པ་ཡེ་ཤེས་སྡེས་བསྒྱུར་བ། སྣ་ཚོགས་དག་པའི་རྒྱུད་ལེའུ་སུམ་ཅུ་པ་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ་ཟངས་དཀར་ལོ་ཙཱ་བས་བསྒྱུར་བ། འདི་གླེང་གཞིའི་སྐབས་སློབ་དཔོན་གང་གིས་མཛད་ན་འགྲོ་བཟང་སྙིང་པོས་མཛད་ཅེས་དང་རྒྱུད་ཀྱི་རྫོགས་མཚམས་སུ་མཛད་པ་པོ་བཤད་པ་མཐུན་པར་བྱུང་ཡང་སྐྱེ་རྒྱུད་ཀྱི་ལེའུའི་སྐབས་སློབ་དཔོན་འགྲོ་བཟང་སྙིང་པོས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཞུས་པར་བཤད་པ་ཅུང་ཟད་འགལ་བ་ལྟར་སྣང་ཡང་གསུང་བ་པོ་ཕྱག་ན་རྡོ་རྗེ་དང་འགྲོ་བཟང་སྙིང་པོས་དེའི་བཀའ་བསྡུས་པར་མཛད་པའི་སྒྲ་བཤད་པ་འདྲའོ།«་་་་་རྗེ་མཁྱེན་བརྩེའི་གསན་ཡིག་ན་འདི་གཉིས་ཀྱི་བར་དུ་སྣ་ཚོགས་དག་པའི་རྒྱུད་ལེའུར་ཉེར་དགུ་པ་དང་འགྲོ་བཟང་གིས་མཛད་པའི་སྒྲུབ་ཐབས་གསེར་འོད་འབར་བ་གཉིས་འདུག་ཀྱང་དཔེ་མ་འབྱོར་བས་མ་ཐོབ།་་་་་»འགྲོ་བཟང་སྙིང་པོས་མཛད་པའི་ཞི་བ་བདེ་བྱེད་ལྷ་དགུའི་སྒྲུབ་ཐབས་གསེར་འོད་འབར་བའི་ཊཱི་ཀ་སེམས་ཅན་དབུལ་བ་རྣམས་ཀྱི་དོན་དུ་ཞི་བ་ནོར་སྒྲུབ་ལས་སྦྱོར་དང་བཅས་པ་བཤད་ཟིན་ཏོའི་མཐའ་ཅན། དེས་མཛད་པའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དྲག་བྱེད་སེང་ཞོན་ཁྲོས་པའི་ཕྲིན་ལས་སྒྲུབ་ཚུལ་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག་གི་མཐའ་ཅན།«་་་་་འཁོར་ཀླུ་བརྒྱད་ཀྱིས་མ་བསྐོར་བར་སྒྲོལ་བྱེད་ནག་པོ། ཁྱབ་འཇུག ལྷ་མོ་དཔལ་ཚུལ་གནོད་སྦྱིན་གྱི་དམག་དཔུང་དང་བཅས་པ་སྣང་ངོ༌། »དེས་མཛད་པའི་རྣམ་ཐོས་སྲས་བདེ་བྱེད་ཀྱི་རྟོག་པ་རྫོགས་བྱང་གི་མཐའ་ཅན་པཎྜི་ཏ་ཏེ་ཛ་དེ་ཝ་དང་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་ཞུས་ཤིང་བསྒྱུར་བ།«་་་་་རྣམ་སྲས་སེར་ཆེན་ཕྱག་མཚན་རིན་པོ་ཆེའི་བེ་ཅོན་དང་ནེའུ་ལེ་འཛིན་པ་ཞིག་སྣང༌། »འགོར་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ་དངོས་གྲུབ་ཀྱི་འབྱུང་གནས་ཞེས་ཡོད་པ་ཤུ་རཾ་ཀ་ཝརྨས་མཛད་པའི་ཞི་བ་བདེ་བྱེད་སེར་པོ་ལྷ་དགུའི་མན་ངག་ཡིད་བཞིན་༼དབང་༽ནོར་བུའི་སྒྲུབ་ཐབས་ཞེས་པ་རྫོགས་བྱང་གི་མཐའ་ཅན། དེའི་ཊཱི་ཀ་སློབ་དཔོན་ཤུ་རཾ་ཀ་ཝརྨས་མཛད་པའི་སྒྲུབ་ཡིག་འདི་ལ་གཉིས་ཏེ་ཞེས་པ་འགོར་ཡོད་པ་ལ་ཟབ་མོ་ཡིན་པས་གསང་བར་ཞུའི་མཐའ་ཅན།«་་་་་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདི་གཉིས་ཀྱི་བར་དུ་བདེ་བྱེད་ཀྱི་ཆོ་ག་སྣ་ཚོགས་པའི་མཛོད་དང་དཔའ་བོ་རྡོ་རྗེས་མཛད་པའི་ལུས་ངན་པོའི་སྒྲུབ་ཐབས་ཐར་ལོའི་འགྱུར་གཉིས་འདུག་པ་དཔེ་མ་འབྱོར་བས་མ་ཐོབ། »ཤོག་དྲིལ་དྲུག་པ་ཞེས་པ་ནམ་མཁའ་མཛོད་ཀྱི་སྒྲུབ་ཐབས་ལ་ནང་གསེས་ཀྱི་སྐུ་གདུང་༼ཀོང་༽རྒྱལ་མཚན་གྱི་སྒྲུབ་ཐབས་ཏེ་བསྙེན་པའི་ཆོ་ག གསུང་ཆོས་ཀྱི་དུང་སྒྲུབ་༼ཀོང་༽པའི་ཆོ་ག ཙིཏྟ་རིན་པོ་ཆེ་ཐུགས་༼ཀོང་༽སྒྲུབ་པའི་ཆོ་ག འཆི་མེད་ཡོན་ཏན་༼ཀོང་༽སྒྲུབ་པའི་ཆོ་ག སྤུ་གྲིས་བསད་༼ཀོང་༽པ་ཕྲིན་ལས་སྒྲུབ་པའི་ཆོ་ག བུམ་པ་བཟང་པོའི་དངོས་གྲུབ་མཐར་ཐུག་བང་མཛོད་སྒྲུབ་༼ཀོང་༽པའི་ཆོ་ག་རྣམས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཏེ་ཛ་དེ་ཝས་མཛད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བ།དེའི་གསལ་བྱེད་ཟངས་དཀར་ལོ་ཙཱ་བས་མཛད་པ་ལ་སྐུ་གཟུགས་ཀྱི་རྒྱལ་མཚན་༼ཀོང་༽ལ་བརྟེན་ནས་རྒྱལ་པོ་ཞལ་དངོས་སུ་བལྟ་བའི་ཤོག་དྲིལ། གསུང་དབྱངས་ཆོས་ཀྱི་དུང་ལ་བརྟེན་༼ཀོང་༽ནས་སྙན་གྲགས་ཀྱི་རྒྱུན་སྒྲུབ་པའི་ཤོག་དྲིལ། ཙིཏྟ་རིན་པོ་ཆེ་ཐུགས་ཀྱི་སྒྲུབ་པ་ལ་བརྟེན་ནས་༼ཀོང་༽རྒྱལ་པོ་དང་ཚངས་པའི་བུ་མོའང་འགུགས་པའི་ཤོག་དྲིལ། ཡོན་ཏན་ཤེལ་གྱི་བུམ་པར་བརྟེན་ནས་འཆི་མེད་༼ཀོང་༽ཀྱི་ཚེ་སྒྲུབ་པའི་ཤོག་དྲིལ། ཕྲིན་ལས་དྲག་པོ་གནམ་ལྕགས་ཀྱི་སྤུ་གྲི་ལ་བརྟེན་ནས་༼ཀོང་༽དགྲ་སྲོག་མྱུར་དུ་གཅོད་པའི་ཤོག་དྲིལ། མཐར་ཐུག་གཏེར་གྱི་བུམ་པ་ལ་བརྟེན་ནས་དགོས་༼ཀོང་༽འདོད་ཀུན་འབྱུང་ནམ་མཁའ་མཛོད་བསྒྲུབ་པའི་ཤོག་དྲིལ། མཇུག་ཏུ་གང་ལས་བརྒྱུད་༼ཀོང་༽ཀྱི་ལོ་རྒྱུས་ཉུང་ངུ་དང་འཁོར་ལོ་བྲི་ཚུལ་གྱི་ཡིག་ཆུང་དང་བཅས་པ།«་་་་་འདི་གཉིས་ཀྱི་བར་དུ་ཁྲོ་ལོས་ཀོང་བུ་རི་པ་ལ་ཞུས་པའི་ཤོག་དྲིལ་དྲུག་གི་ཡི་གེ་ཟུར་པ་ཞིག་རྗེ་མཁྱེན་བརྩེའི་གསན་ཡིག་ཏུ་ཐེབས་ཀྱང་དཔེ་མ་འབྱོར་བས་མ་ཐོབ།་་་་་»བསྙེན་པའི་གནད་སྙིང་དུ་དྲིལ་བ། སྒྲུབ་པའི་གནད་སྙིང་དུ་དྲིལ་བ། སྲོག་གནད་ལ་དབབ་པ་སྟེ་དོན་གསུམ་གྱི་མན་ངག་རྣམ་སྲས་སྙིང་དྲིལ་ལམ་སྙིང་དང་འདྲ་བའི་གནད་ཀྱི་ཡི་གེ་ཁྲ་«་་་་་རྒྱ་གར་དུ་གཙིགས་པོ་ཆེར་བྱས་ཏེ་རིན་པོ་ཆེ་སྣ་ལྔའི་ཁུ་བས་བྲིས་པས་ཁྲ་བོ་ཞེས་པའི་མིང་ཐོགས་སྐད།»བོ།«་་་་་འདི་གཉིས་ཀྱི་བར་ན་རྗེ་མཁྱེན་བརྩེའི་གསན་ཡིག་ན་གནོད་སྦྱིན་བྲེལ་ཕོངས་ཀྱི་མནན་ཐབས་གུར་ག་དེ་ཝས་མཛད་པ་འདུག་ཀྱང་དཔེ་མ་འབྱོར་བས་མ་ཐོབ།་་་་་»ཟངས་དཀར་ལོ་ཙཱ་བའི་མགུལ་ཁུག་«་་་་་མགུལ་ཁུག་སྲོ་མ་ཅན་གྱི་ཁ་གསལ་མ་བྱུང་ཡང་དཔེ་དང་གསན་ཡིག་ཞུས་དག་ཕེར་བས་ཡིད་ཆེས་སུ་བྱས་སོ། »།སྲོ་མ་ཅན་ལ་རྣམ་སྲས་གསེར་ཆེན་གྱི་གསང་སྒྲུབ་རིན་པོ་ཆེའི་ཁང་པ་བརྩེགས་པ་ཞེས་བྱ་བ་རྫོགས་བྱང་གི་མཐའ་ཅན། རྣམ་སྲས་ལྗང་སེར་བེ་ཅོན་མའི་ཐུགས་༼དབང་༽སྒྲུབ་གསང་སྒྲུབ་རྫོགས་སོའི་མཐའ་ཅན། རྒྱལ་པོ་རྣམ་ཐོས་སྲས་ཀྱི་གསང་བའི་མན་ངག ཅེས་པར་ནང་གསེས་ཀྱི་དངོས་གྲུབ་ཀྱི་གཞི་བཟུང་བ། རྟེན་གཟུགས་པ། གཤམ་བུ་བདུན་གྱིས་དངོས་གྲུབ་བསྡུ་བ། ཚེ་སྒྲུབ་པ། བསེ་རག་ཁ་འཆིང་བ་དང་བཅས་པ་འགྲོ་བཟང་སྙིང་པོས་མཛད་པ་ཡིན་གྱི་མཐའ་ཅན། སྣ་ཚོགས་དག་པའི་རྒྱུད་ལས་གང་ལ་དམིགས་པའི་ལིངྒ་ཡི་ཞེས་སོགས་མནན་པ། རྨི་ལྟས། འཁོར་ལོའི་ཁ་ཆིངས། སྔགས་ཀྱི་ཁ་ཆིངས་དང་བཅས་པའི་བསེ་རག་འཆིང་བ་ཤིན་ཏུ་རྒྱས་པ་འགྲོ་བཟང་སྙིང་པོ་དེ་སྐད་གསུང་ངོའི་མཐའ་ཅན། རྒྱུན་དུ་འགྲོགས་པར་འདོད་ན་རྟེན་གསུམ་གཟུགས་པའི་མན་ངག་ཐམས་ཅད་འགྲུབ་པར་ཐེ་ཚོམ་མེད་དོའི་མཐའ་ཅན། རྟེན་གསུམ་གཟུགས་པའི་མན་ངག་འཁོར་ལོ་འདྲི་ཚུལ་ཁྱི་དམར་པོའི་སྙིང་ལ་བརྟེན་པའི་མན་ངག་གཤམ་བུའི་ཚུལ་དུ་བཟླས་སོའི་མཐའ་ཅན།«་་་་་མཁྱེན་བརྩེའི་གསན་ཡིག་ན་ཚར་གཉིས་མ་བྱུང་ཡང་ཕྱི་མ་འདི་གསལ་བྱེད་དུ་འདུག་པས་ཁ་ཕྲལ་ནས་བྲིས་པ་ཡིན། »བསྙེན་སྒྲུབ་ལས་གསུམ་གྱི་རྟགས་མ་བྱུང་ན་སྤོགས་པའི་ཆོ་ག་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པའི་མཐའ་ཅན།སྤྱིར་གཅེས་པའི་མན་ངག་གསུམ། བྱེ་བྲག་ཏུ་གཅེས་པའི་མན་ངག་དགུ། སྒོས་སུ་གཅེས་པའི་མན་ངག་གཅིག་རྣམས་སྟོན་པ་ཞལ་གདམས་རིན་པོ་ཆེའི་ཕྲེང་བ། འགོར་བསམ་པ་བཞིན་དུ་བསྒྲུབ་པ་སྲིད་པས་ཉེར་བླངས་ན་ཞེས་ཡོད་པའི་རྣམ་སྲས་སེར་ཆེན་གསང་སྒྲུབ་ཅེས་པ་རྟེན་བཅའ་བ། སྒྲུབ་ཐབས་བསྙེན་པ་རྟགས་དང་བཅས་སྟོན་པ་ཁ་ཆེ་དགོན་པ་བའི་ཐུན་མོང་མ་ཡིན་པའི་གདམས་པ་ཟབ་མོ་ཡིན་ནོའི་མཐའ་ཅན། འགོར་གནོད་སྦྱིན་དབང་པོའི་ཚེ་སྒྲུབ་ནི་ཞེས་ཡོད་པའི་རྣམ་སྲས་དཀར་པོའི་ཚེ་སྒྲུབ་ཤིན་ཏུ་ཟབ་པ་ཨི་ཐིའི་མཐའ་ཅན། རྣམ་ཐོས་སྲས་ཀྱི་སྲོག་འཁོར་དགོས་འདོད་ཀུན་འབྱུང་ངམ་མན་ངག་དགོས་འདོད་ཀུན་འབྱུང་དུ་གྲགས་པ་ལ་གཞི་སྒྲུབ་རྟེན།«་་་་་རྗེ་མཁྱེན་བརྩེའི་གསན་ཡིག་ན་ནང་གསེས་རྣམས་གསལ་ཁ་མི་འདུག་ཀྱང་ཆོས་སྡེའི་མིང་དང་གསན་ཡིག་མཐུན་པས་ཐེ་ཚོམ་མ་དགོས་པས་ཞིབ་པར་བཀོད་དོ།། »གཤམ་བུ་བདུན་པ། ཚེ་སྒྲུབ། བསེ་རག་ཁ་ཆིངས་རྣམས་གོང་མ་དང་ཞུས་དག་ཅུང་ཟད་མི་ཕེར་བའི་འདྲ་མིན་གཅིག རྣམ་ཐོས་སྲས་ཀྱི་བསད་གསོ་གཉིས་ལས་གནད་ཀྱི་མན་ངག་ཤིན་ཏུ་གབ་པ་མ་གྲུབ་ན་གནད་ལ་དབབ་པ་དངོས་གྲུབ་ཅི་འདོད་སྟེར་རོ་རྫོགས་སོའི་མཐའ་ཅན། བསྙེན་སྒྲུབ་ལས་གསུམ་གྱི་རྟགས་མེད་ན་སྤོགས་ཆོག་གོང་དང་འདྲ་མིན་ཅུང་ཟད་རྒྱས་པ་གསང་བ་རྒྱ་རུ། ལྕགས་མཁྱིད་གང་པ་གྱིམ་ཤང་འཕྲུལ་གྱི་རྒྱལ་པོ། བྱི་བ་ལོ་པ། ཟངས་མཁྱིད་གང་པ། གསེར་གྱི་བྱེ་བ། ཤ་བོ་རྭ་བཅུ། རྒྱ་རུ་སྟོད་སྔོན་སྨད་དམར། རྐུན་མའི་ལག་པ། རྒྱའི་པགས་པ་རྣམས་ལ་བརྟེན་ནས་ནོར་སྒྲུབ་པ། ཕྱི་གྲི་རྒོད་ཀྱི་ལག་པ། ནང་གསེར་གྱི་བྱི་བ། གསང་བ་རྒྱ་རུ། ཡང་གསང་བསེའི་གའུ་ལ་བརྟེན་ནས་ནོར་སྒྲུབ་པ། སྐུ་འཁར་བ། གསུང་གཏོར་མ། ཐུགས་ཙིཏྟ། ཡོན་ཏན་རིན་ཆེན། ཕྲིན་ལས་ཕུར་པ་ལ་བརྟེན་ནས་ནོར་སྒྲུབ་པ། རྣམ་སྲས་སྲེ་ཐོད་མ་ཞར་བྱུང་སྤོགས་ཆོག་དང་བཅས་པ། རི་དྭགས་རྒྱའི་པགས་པ། རྐུན་མ་བྱི་བ་འདྲ་བའི་ལག་པ། རྒྱ་ལྕགས་ལ་བརྟེན་ནས་སྒྲུབ་པ། གཞན་གྱི་ནོར་འགུགས་པའི་མན་ངག་རྣམས་ལྷ་ས་ནས་ཟངས་དཀར་ལོ་ཙཱ་བས་སྤྱན་དྲངས་པ། མ་ཧཱ་རཱ་ཛའི་ཕྱག་མཚན་གཉིས་ཀྱིས་ཕྲིན་ལས་སྒྲུབ་པའི་དང་པོ་རྒྱལ་མཚན་ལ་༼དབང་༽བརྟེན་ནས་རྒྱལ་པོའི་འཁོར་གྱི་མ་རུངས་པ་རྣམས་ཀྱི་བར་གཅོད་དང་འཁུ་ལྡོག་སེལ་བ། སྙིགས་དུས་སྐྱེ་བོ་དབུལ་ཞིང་ཕོངས་པའི་དོན་དུ་ནེའུ་ལེ་ལ་བརྟེན་ནས་༼དབང་༽ནོར་ཚུལ་བཞིན་དུ་སྒྲུབ་པ་གཉིས་ཁ་ཆེ་པཎ་ཆེན་གྱི་མན་ངག རྒྱལ་པོའི་རྗེས་སུ་འབྲང་བའི་གཏོར་མའི་མན་ངག་སྒྲུབ་པའི་ཆ་རྐྱེན་བསོད་ནམས་བསྐྱེད་པའི་ཐབས་ཇོ་བོ་རྗེས་ཟངས་དཀར་ལོ་ཙཱ་བར་གནང་བ་ཐེ་ཚོམ་མེད་དོའི་མཐའ་ཅན། འགོར་ལོ་རྒྱུས་དང་བཅས་པའི་ཤེས་པ་དཀར་པོའི་སྲོག་འཁོར་མནན་ཐབས་བར་གཅོད་མེད་པར་མྱུར་དུ་འགྲུབ་བོའི་མཐའ་ཅན། གནོད་སྦྱིན་བསེ་གདོང་ཅན་མནན་ཐབས་སྲོག་དང་འདྲ་བས་ཤིན་ཏུ་ཟབ་ཀྱི་མཐའ་ཅན། འགོར་རྒྱབ་འདྲེ་བཀར་བའི་ཐབས་བསྟན་པ་ཞེས་ཡོད་པའི་གནོད་སྦྱིན་ཤེས་པ་དཀར་པོ་མནན་ཐབས་གལ་ཆེ་གསུང་ངོའི་མཐའ་ཅན།«་་་་་རྗེ་མཁྱེན་བརྩེའི་གསན་ཡིག་ན་དམ་སྲི་ཁ་ཆིངས་དང་བྲེལ་ཕོངས་མནན་པ་གཉིས་འདུག་སྔར་སོང་ཟིན་པ་དེ་ལས་ཟུར་པ་མ་རྙེད་པས་ལུང་མ་ཐོབ། »གསུང་རྟེན་བཅའ་ཞིང་དཀྱིལ་འཁོར་འདྲི་བ། རྫས་བསག་པ། ལྷ་བསྒོམ་སྔགས་བཟླ། དངོས་གྲུབ་བླང་བ། གནད་ལ་བོར་བ་སྟེ་དོན་ལྔའི་སྒོ་ནས་བསྟན་པའི་གསང་སྒྲུབ་ལྗང་གུ་བེ་ཅོན་ཅན་པའི་ཡི་གེ་ཟངས་དཀར་ལོ་ཙཱ་བས་མཛད་པ་མགུལ་ཁུག་སྲོ་ཆུང་མ། འདི་རྣམ་སྲས་རང་གིས་ཚུར་གསུངས་པའི་གདམས་པ་ཐུགས་ཟིན་སྙིང་གི་བུ་ལའང་གསེར་སྲང་ཕྱེད་ཀྱི་འབུལ་བ་མེད་པར་མི་སྦྱིན་པ། རྣམ་སྲས་ལྗང་ནག་སྤུ་གྲི་དང་ཙིཏྟ་འཛིན་པ་སེང་གེ་ལ་ཆིབས་པ་རྒྱལ་པོ་«་་་་་འདིའི་ལས་མཁན་དམར་པོ་ཞུབ་ཅན་བསེ་མདུང་དང་སྤུ་གྲི་འཛིན་པ་བྱ་ཁྲ་ལ་ཆིབས་པ་ཞེས་སྣང་ངོ༌།། >རྗེས་མ།>>>
རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply