དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་དང་པོའི་ནང༌།

  །།སྒྲུབ་ཐབས་ཀུན་ལས་བཏུས་པའི་བ་རི་བརྒྱ་རྩའམ། སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་རྗེས་གནང་གི་རིམ་པ་ལ་རྫོང་ཆུང་བ་སོགས་རྒྱ་མཚོ་ཐོབ་ན་རྒྱུན་ཡོད་ཕྱིར་དེ་དང་མངོན་རྟོགས་མཐུན་པའི་ལྷ་རྣམས་ཀྱི་རྗེས་གནང་ཟུར་དུ་མི་དགོས་པར་གཅིག་གོ་གཅིག་གིས་ཆོད་པར་བཞེད་ཀྱང་རྒྱ་མཚོའི་རྗེས་གནང་གི་ཆིངས་སྐུ་གསུང་ཐུགས་དང༌། འདིར་ལུང་གསུམ་གྱི་ཆིངས་ཡིན་པས་ཕྱག་ལེན་མི་འདྲ་བའི་དབང་གིས་སོ་སོར་མ་འདྲེས་པ་དངོས་གཙང་བ་ནས་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཐོ་ཡིག་མུན་སེལ་སྒྲོན་མའི་སྟེང་ནས་ཕྱག་ལེན་འཕྱུགས་མེད་དང༌། རྒྱ་གཞུང་གི་ལུང་ཡང་གོ་རིམ་སོར་བཞག་ལ་གསལ་བྱེད་ཀྱི་མཆན་བུ་དང་བཅས་བཀོད་པ་ལ། དཔལ་རྡོ་རྗེ་གདན་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་མན་ངག་གི་ཆོ་ག་«»ཁམས་པ་བ་རི་བའི་འགྱུར།«་་་་་རྗེས་གནང་ཡོད། »བཅོམ་ལྡན་འདས་འཇམ་དཔལ་དབྱངས་དམར་«་་་་་འདི་གསུམ་བསྡོམས་པར་རྗེས་གནང་གཅིག »སེར་ཕྱག་གཉིས་པའི་སྒྲུབ་ཐ«»བས་བརྟན་པའི་འཁོར་ལོ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་བཱི་རྻ་བྷ་དྲ་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ། བརྟན་པའི་འཁོར་ལོའི་སྒྲུབ་ཐ«»བས་སློབ་དཔོན་སྐནྡས་མཛད་པ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་བའི་འགྱུར།«་་་་་འདི་གསུམ་བསྡོམས་པར་རྗེས་གནང་གཅིག་་་་་»ཚིག་ལྷུག་པའི་བརྟན་པའི་འཁོར་ལོའི་སྒྲུབ་ཐབ«»ས་བ་རི་བའི་འགྱུར། ཚིག་ལྷུག་པའི་ཨ་ར་པ་ཙ་ན་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབ«»ས་སློབ་དཔོན་པདྨ་«་་་་་རྒྱ་གར་གྱི་སློབ་དཔོན་གཞན་ཞིག་གི་མཚན་གྱི་རྣམ་གྲངས་ཡིན་པ་འདྲ།་་་་་»འབྱུང་གནས་ཀྱིས་མཛད་པ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་བའི་འགྱུར།«་་་་་འདི་གཉིས་དང་འོག་ཏུ་འབྱུང་བའི་འཕྲལ་དུ་ཉམས་སུ་མྱོང་བའི་འཇམ་དབྱངས་ཀྱི་སྒྲུབ་ཐབས་གསུམ་ལ་རྗེས་གནང་གཅིག་་་་་»ཨ་ར་པ་ཙ་ནའི་སྒྲུབ་ཐབ«»ས་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ་རྒྱ་གར་གྱི་མཁན་པོ་ཀ་མ་ལ་ཀུཾ་ཏ་དང་ལོ་ཙཱ་བ་རིན་བཟང་གི་འགྱུར། རྣམ་དག་འཇམ་དཔལ་ལམ་འཇམ་དཔལ་རྡོ་རྗེ་སེར་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབ«»ས་བ་རི་བའི་འགྱུར།«་་་་་རྗེས་གནང་ཡོད། »བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་དམར་པོ་ཕྱག་གཉིས་པ་གཙོ་འཁོར་ལྔའི་སྒྲུབ་ཐབ«»ས་སྒྱུར་བྱེད་གོང་འདྲ།«་་་་་རྗེས་གནང་ཡོད། »འཇམ་དཔལ་ངག་གི་རྒྱལ་པོ་སེར་པོ་ཕྱག་གཉིས་པ་གཙོ་འཁོར་གཉིས་པའི་སྒྲུབ་ཐབ«»ས་བ་རི་བ་རཏྣ་ཀཱིརྟཱིའི་འགྱུར།«་་་་་རྗེས་གནང་ཡོད། »འཇམ་དཔལ་རྒྱལ་པོ་རོལ་པ་དམར་སེར་ཕྱག་གཉིས་པའི་སྒྲུབ་ཐབ«༡༠»ས་འགྱུར་གོང་འདྲ།«་་་་་རྗེས་གནང་ཡོད། »རིག་པ་འཛིན་པའི་སྡེ་སྣོད་ལས་གསུངས་པའི་འཇམ་དཔལ་དཀར་པོ་ཕྱག་གཉིས་པའི་སྒྲུབ་«་་་་་འདི་གསུམ་བསྡོམས་པར་རྗེས་གནང་གཅིག་ཅིང་ཐོ་ཡིག་ན་ཡེ་ཤེས་སྦྱོར་བ་ཞེས་པ་འདི་ཁ་ལས་ཟུར་པ་མ་རྙེད། »ཐབ«༡༡»ས་འགྱུར་གོང་འདྲ། «འདི་གསུམ་བསྡོམས་པར་རྗེས་གནང་གཅིག་ཅིང་ཐོ་ཡིག་ན་ཡེ་ཤེས་སྦྱོར་བ་ཞེས་པ་འདི་ཁ་ལས་ཟུར་པ་མ་རྙེད།་་་་་»རིག་པ་འཛིན་པའི་སྡེ་སྣོད་ལས་བསྡུས་པའི་འཇམ་དབྱངས་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབ«༡༢»ས་དོན་ཡོད་རྡོ་རྗེ་དང་བ་རི་བའི་འགྱུར། འཇམ་དཔལ་གྱི་ཤེས་ར«༡༣»བ་སྦྱོར་བ་རི་བའི་འགྱུར།«་་་་་འདི་གསུམ་བསྡོམས་པར་རྗེས་གནང་གཅིག་ཅིང་ཐོ་ཡིག་ན་ཡེ་ཤེས་སྦྱོར་བ་ཞེས་པ་འདི་ཁ་ལས་ཟུར་པ་མ་རྙེད། »གུར་ནས་གསུངས་པའི་འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེ་སེར་པོ་ཕྱག་དྲུག་པའི་སྒྲུབ་ཐབ«༡༤»ས་དོན་ཡོད་རྡོ་རྗེ་དང་རཏྣ་ཀཱིརྟིའི་འགྱུར།«་་་་་རྗེས་གནང་ཡོད། »ཆོས་དབྱིངས་ངག་གི་དབང་ཕྱུག་དཀར་པོ་ཞལ་བཞི་ཕྱག་བརྒྱད་པའི་སྒྲུབ་ཐབ«༡༥»ས་བ་རི་བའི་འགྱུར།«་་་་་རྗེས་གནང་ཡོད། »མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ་དཀར་པོ་ཞལ་གསུམ་ཕྱག་བཞི་པའི་སྒྲུབ་ཐབ«༡༦»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »འཇམ་དཔལ་རྡོ་རྗེ་དཀར་པོ་དཔའ་བོ་གཅིག་པ་ཕྱག་གཉིས་པའི་སྒྲུབ་ཐབ«༡༧»ས་བ་རི་བའི་འགྱུར།«་་་་་རྗེས་གནང་ཡོད། »འཇམ་དཔལ་ཤེས་རབ་འཁོར་ལོ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབ«༡༨»ས་འགྱུར་གོང་འདྲ།«་་་་་རྗེས་གནང་ཡོད། »འཕྲལ་དུ་ཉམས་སུ་མྱོང་བའི་འཇམ་དཔལ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབ«༡༩»ས་འགྱུར་གོང་འདྲ།«་་་་་རྗེས་གནང་གོང་གི་ཨ་ར་པ་ཙ་ན་གཉིས་ལས་ལོགས་སུ་མེད།» གཤིན་རྗེའི་གཤེད་ནག་པོ་གདོང་དྲུག་པའི་སྒྲུབ་ཐབ«༢༠»ས་འགྱུར་གོང་འདྲ།«་་་་་རྗེས་གནང་ཡོད། »གཤིན་རྗེའི་གཤེད་ནག་པོ་ཕྱག་གཉིས་པའི་སྒྲུབ་ཐབ«༢༡»ས་འགྱུར་གོང་འདྲ།«་་་་་རྗེས་གནང་ཡོད། »གཤིན་རྗེའི་གཤེད་དགྲ་ནག་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབ«༢༢»ས་འགྱུར་གོང་འདྲ།«་་་་་རྗེས་གནང་ཡོད། »རྡོ་རྗེ་ཆོས་བནྡུ་ཀའི་མེ་ཏོག་མདངས་ཅན་ཕྱག་གཉིས་པའི་སྒྲུབ་ཐབ«༢༣»ས་སློབ་དཔོན་ཛ་ན་པ་ཏྲས་མཛད་པ་འགྱུར་གོང་འདྲ།«་་་་་རྗེས་གནང་ཡོད། »སེང་གེ་སྒྲ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབ«༢༤»ས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་དོན་ཡོད་རྡོ་རྗེ་དང་བ་རི་བའི་འགྱུར།«་་་་་རྗེས་གནང་ཡོད། »ཧ་ལ་ཧ་ལ་དཀར་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབ«༢༥»ས་སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པ་དོན་ཡོད་རྡོ་རྗེ་དང་བ་རི་བའི་འགྱུར།«་་་་་འདི་དང་འོག་གི་ཧ་ལ་ཧ་ལ་གཉིས་ལ་རྗེས་གནང་གཅིག »ཁ་སར་པཱ་ཎི་དཀར་པོ་ཕྱག་གཉིས་པ་ལྷ་ལྔ་པའི་སྒྲུབ་ཐབ«༢༦»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »ཡི་གེ་དྲུག་པ་དཀར་པོ་ཕྱག་བཞི་པ་གཙོ་འཁོར་གསུམ་པའི་སྒྲུབ་ཐབ«༢༧»ས་དཔལ་ལྡན་ལྷན་སྐྱེས་རོལ་པས་མཛད་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་སྤྱན་རས་གཟིགས་དཀར་པོ་ཕྱག་དྲུག་པའི་སྒྲུབ་ཐབ«༢༨»ས་སངས་རྒྱས་ཀྱིས་གསུངས་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »ཧ་ལ་ཧ་ལ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབ«༢༩»ས་ལྷན་སྐྱེས་རོལ་པས་མཛད་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་འདི་དང་གོང་གི་ཧ་ལ་ཧ་ལ་གཉིས་ལ་རྗེས་གནང་གཅིག་ལས་མེད། »པདྨ་གར་དབང་དམར་པོ་ཕྱག་གཉིས་པ་གཙོ་འཁོར་དགུ་པའི་སྒྲུབ་ཐབ«༣༠»ས་སངས་རྒྱས་ཀྱིས་གསུངས་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »སྒྱུ་འཕྲུལ་དྲྭ་བའི་རིམ་པའི་སྤྱན་རས་གཟིགས་ནག་པོ་དབུ་ལྔ་ཕྱག་བཅུ་གཉིས་པའི་སྒྲུབ་ཐབ«༣༡»ས་སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »དབང་དུ་བྱེད་པ་སྒྲོལ་མ་ལྗང་གུ་ཕྱག་གཉིས་པའི་སྒྲུབ་ཐབ«༣༢»ས་སློབ་དཔོན་རྡོ་རྗེ་མྱུ་གུས་མཛད་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »སྒྲོལ་མ་དཀར་མོ་ཕྱག་བཞི་མ་གཙོ་འཁོར་གསུམ་པའི་སྒྲུབ་ཐབ«༣༣»ས་སློབ་དཔོན་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོས་མཛད་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »སེང་ལྡེང་ནགས་སྒྲོལ་ལྗང་གུ་ཕྱག་གཉིས་མ་གཙོ་འཁོར་གསུམ་པའི་སྒྲུབ་ཐབ«༣༤»ས་«་་་་་རྗེས་གནང་ཡོད། »སངས་རྒྱས་ཀྱིས་གསུངས་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་ཀླུ་སྒྲུབ་ཀྱིས་མཛད་ཟེར་བའང་སྣང༌། »སྒྲོལ་དཀར་ཚེ་འཛིན་ཕྱག་གཉིས་པའི་སྒྲུབ་ཐབ«༣༥»ས་ངག་གི་དབང་ཕྱུག་གྲགས་པའི་སློབ་མ་ཐུ་བོས་མཛད་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »ཨཽ་ཌི་ཡཱ་ནའི་འོད་ཟེར་ཅན་མ་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་གཙོ་འཁོར་གཉིས་མའི་སྒྲུབ་ཐབ«༣༦»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་འདི་དང་འོག་གི་འོད་ཟེར་ཅན་གཉིས་ལ་རྗེས་གནང་གཅིག རྒྱ་གཞུང་གི་མཆན་ན་གསུམ་ཟེར་བ་འདུག་པ་བརྟག »རྟོག་པ་ནས་གསུངས་པའི་འོད་ཟེར་ཅན་སེར་མོ་ཞལ་གསུམ་ཕྱག་བརྒྱད་མ་གཙོ་འཁོར་ལྔ་པའི་སྒྲུབ་ཐབ«༣༧»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་ཐོ་ཡིག་ན་འོག་ན་འབྱུང་བ་ཞེས་མངོན་རྟོགས་ཤིག་ཡོད་ཁུལ་འདུག་ཀྱང་རྒྱ་དཔེར་མི་གསལ་བས་དཔྱད། རྗེས་གནང་ཡོད། »རྟོག་པ་ནས་གསུངས་པའི་འོད་ཟེར་ཅན་དཀར་མོ་ཞལ་ལྔ་ཕྱག་བཅུ་གཙོ་འཁོར་བཞི་པའི་སྒྲུབ་ཐབ«༣༨»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་སེར་མོ་ཕྱག་གཉིས་པའི་སྒྲུབ་ཐབ«༣༩»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »ཨོ་ཌྱཱན་གྱི་འོད་ཟེར་ཅན་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་མ་ལྷ་གཉིས་མའི་སྒྲུབ་ཐབ«༤༠»ས་སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པ་འགྱུར་གོང་འདྲ།«་་་་་འདིའི་རྗེས་གནང་གོང་གི་ཨོ་ཌྱཱན་དང་གཅིག »ཨོ་ཌྱཱནའི་རིམ་པའི་འོད་ཟེར་ཅན་མ་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་མའི་སྒྲུབ་ཐབ«༤༡»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »ཙུནྡ་དཀར་མོ་ཕྱག་བཞི་པའི་སྒྲུབ་ཐབ«༤༢»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། ཤྲཱི་ཛམྦྷ་ལ་ཡང་ཟེར།་་་་་»དཔལ་གནོད་གནས་སེར་པོ་ཕྱག་གཉིས་པའི་སྒྲུབ་ཐབ«༤༣»ས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »ཨུ་ཙུཥྨ་ཛམྦྷ་ལ་ནག་པོ་ཕྱག་གཉིས་པའི་སྒྲུབ་ཐབ«༤༤»ས་རྣལ་འབྱོར་པ་དགའ་བ་སྦྱིན་གྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »ནོར་རྒྱུན་མ་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབ«༤༥»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »ཁྲོ་གཉེར་ཅན་སེར་མོ་ཕྱག་བཞི་མའི་སྒྲུབ་ཐབ«༤༦»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »རྣམ་སྣང་སྒྱུ་དྲ་ནས་གསུངས་པའི་བྱམས་པ་དམར་སེར་ཞལ་གསུམ་ཕྱག་བཞི་པའི་སྒྲུབ་ཐབ«༤༧»ས་འཕགས་པ་ཐོགས་མེད་ཀྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »གུར་ནས་གསུངས་པའི་ཤེར་ཕྱིན་དཀར་མོ་ཕྱག་གཉིས་པའི་སྒྲུབ་ཐབ«༤༨»ས་སངས་རྒྱས་ཀྱིས་གསུངས་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »གདན་བཞི་དང་སམྤུ་ཊ་ནས་གསུངས་པའི་ཤེར་ཕྱིན་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབ«༤༩»ས་སློབ་དཔོན་དགེ་འདུན་བྱིན་གྱིས་སྲས་ཀྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »ཤེར་ཕྱིན་སེར་མོ་ཕྱག་གཉིས་པའི་སྒྲུབ་ཐབ«༥༠»ས་ལོ་པཎ་གོང་འདྲ།«་་་་་འདི་དང་འོག་ནས་འབྱུང་བའི་མདོར་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ལ་རྗེས་གནང་གཅིག་ཀྱང་འདི་སྔགས་རིང་ཞིང་འོག་མ་ལ་ཤུ་བྷཾ་མན་ལས་མེད་རུང་སྔགས་རིང་བའི་རྗེས་ཟློས་བྱས་པས་ཐུང་བ་ཤུགས་ཀྱིས་འབྱུང་བར་དགོངས་སམ་སྙམ། »ཤེར་ཕྱིན་སེར་མོ་ཕྱག་གཉིས་«༥༡»མ་ལོ་པཎ་གོང་འདྲའི་འགྱུར།«་་་་་ཕྱག་མཚན་འཛིན་ལུགས་དང་སྔགས་གོང་དང་མི་མཐུན་ཞིང་འོག་ནས་འབྱུང་བའི་གསེར་མདོག་ཅན་དང་བསྡོམས་པར་རྗེས་གནང་གཅིག »མི་གཡོ་བ་སྔོན་པོ་ཕྱག་གཉིས་པའི་སྒྲུབ་ཐབ«༥༢»ས་སློབ་དཔོན་པྲ་བྷ་ཨཱ་ཀ་ར་ཀཱིརྟིས་མཛད་པ།«་་་་་འདི་གཉིས་ལ་རྗེས་གནང་གཅིག་ལས་མེད་ཅིང་དཀོན་མཆོག་ལྷུན་གྲུབ་ཀྱི་ཐོ་ཡིག་ན་གསུམ་ཡོད་ཟེར་བ་བརྟག་་་་་»གཏུམ་པོ་སྔོན་པོ་ཕྱག་གཉིས་པའི་སྒྲུབ་ཐབ«༥༣»ས་ལོ་པཎ་གོང་འདྲའི་འགྱུར། རྡོ་རྗེ་ཧཱུྃ་མཛད་ནག་པོ་ཕྱག་གཉིས་པའི་སྒྲུབ་ཐབ«༥༤»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »རི་ཁྲོད་མ་སེར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབ«༥༥»ས།«་་་་་རྗེས་གནང་ཡོད། »རི་ཁྲོད་ལོ་མ་གྱོན་མའི་གཟུང«༥༦»ས།«་་་་་རྗེས་གནང་མེད། »དགྲ་ནག་ནས་གསུངས་པའི་རྡོ་རྗེ་དབྱངས་ཅན་མ་དམར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབ«༥༧»ས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »བགེགས་དགྲ་སྔོན་པོ་ཕྱག་གཉིས་པའི་སྒྲུབ་ཐབ«༥༨»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »རལ་གཅིག་མ་ནག་མོ་ཕྱག་བཞི་མའི་སྒྲུབ་ཐབ«༥༩»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »དུག་སེལ་མ་སེར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབ«༦༠»ས།«་་་་་རྗེས་གནང་ཡོད། »དུག་སེལ་མའི་གཟུང«༦༡»ས་ལོ་པཎ་གོང་འདྲའི་འགྱུར། རིག་བྱེད་མ་དཀར་དམར་ཕྱག་བཞི་མའི་སྒྲུབ་ཐབ«༦༢»ས་བ་རིའི་འགྱུར།«་་་་་རྗེས་གནང་ཡོད། »རྟོག་པ་ལས་གསུངས་པའི་རིགས་བྱེད་མ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབ«༦༣»ས་ཀླུ་སྒྲུབ་ཀྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »སྒྲོལ་མ་སྔོན་བྱུང་ནས་འབྱུང་བའི་རིགས་བྱེད་མ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབ«༦༤»ས་ལོ་«་་་་་འདི་དང་གོང་གི་རིགས་བྱེད་མ་གཉིས་ཕྱག་མཚན་ཅུང་ཟད་མི་མཐུན་རྗེས་གནང་ཡོད། »པཎ་གོང་འདྲའི་འགྱུར། ཨཽ་ཌྱཱན་ནས་འབྱུང་བའི་རིགས་བྱེད་མ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབ«༦༥»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་འདི་དང་འོག་ནས་འབྱུང་བའི་རིགས་བྱེད་མ་གཉིས་ལ་རྗེས་གནང་གཅིག »ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་དམར་པོ་ཕྱག་གཉིས་པའི་སྒྲུབ་ཐབ«༦༦»ས་ས་ར་ཧས་མཛད་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »གང་བ་བཟང་པོའི་རྒྱུད་ནས་བཤད་པའི་ནོར་རྒྱུན་མ་གཙོ་བོར་གྱུར་པའི་དཔལ་གནོད་གནས་ལྷ་ཉི་ཤུ་རྩ་བདུན་གྱི་སྒྲུབ་ཐབ«༦༧»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »རྒྱ་ནག་རིམ་པའི་སྒྲོལ་མ་ནག་མོ་ཕྱག་བཞི་མའི་སྒྲུབ་ཐབ«༦༨»ས་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ།«་་་་་གོང་གི་རལ་གཅིག་མ་དང་གཅིག་པར་སྣང་ཡང་རྗེས་གནང་ཟུར་དུ་ཡོད། »གུར་ནས་འབྱུང་བའི་རྡོ་རྗེ་སྒྲོལ་མ་སེར་མོ་ཞལ་བཞི་ཕྱག་བརྒྱད་མ་ལྷ་བཅུ་གཅིག་གི་སྒྲུབ་ཐབ«༦༩»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད།»གཤིན་རྗེའི་གཤེད་དམར་པོ་ཕྱག་གཉིས་པའི་སྒྲུབ་ཐབ«༧༠»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »རྣམ་སྣང་སྒྱུ་དྲྭ་ནས་གསུངས་པ་རིག་ཙོ་རྐྱང་རྣམས་ལས་སོ་སོར་འབྲང་མ་སེར་མོ་ཞལ་གཅིག་ཕྱག་བརྒྱད་མའི་སྒྲུབ་ཐབ«༧༡»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »གཙུག་ཏོར་རྣམ་རྒྱལ་གཙོ་རྐྱང་གི་སྒྲུབ་ཐབ«༧༢»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་གཙུག་ཏོར་རྣམ་རྒྱལ་གྲྭ་ལྔའི་ཁྲོད་དུ་བསྲེས་པ་མི་འོས་ཀྱང་རྒྱ་གཞུང་ན་འདི་བཞིན་འདུག་རྗེས་གནང་ཡོད། »རྨ་བྱ་ཆེན་མོ་ལྗང་གུ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབ«༧༣»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »སྟོང་ཆེན་རབ་འཇོམས་དཀར་མོ་ཕྱག་དྲུག་མའི་སྒྲུབ་ཐབ«༧༤»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »གསང་སྔགས་རྗེས་འཛིན་མཐིང་ནག་ཕྱག་བཞི་མའི་སྒྲུབ་ཐབ«༧༥»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »བསིལ་བའི་ཚལ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབ«༧༦»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »ཕྱིར་བཟློག་མ་ཆེན་མོ་ནག་མོ་ཕྱག་དྲུག་མའི་སྒྲུབ་ཐབ«༧༧»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད།»རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ནག་མོ་ཞལ་གསུམ་ཕྱག་བཞི་མའི་སྒྲུབ་ཐབ«༧༨»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »རྣམ་པར་རྒྱལ་མ་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབ«༧༩»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད་ཅིང་འཕགས་མ་གཞན་གྱིས་མི་ཐུབ་མ་ཡང་ཟེར། »རྡོ་རྗེ་གནྡྷ་རི་ནག་མོ་ཞལ་དྲུག་ཕྱག་བཅུ་གཉིས་མའི་སྒྲུབ་ཐབ«༨༠»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྒྲུབ་ཐབ«༨༡»ས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »རྡོ་རྗེ་ལྕགས་སྒྲོག་མ་ལྗང་གུ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབ«༨༢»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »སྟོབས་པོ་ཆེ་དམར་པོ་ཕྱག་བཞི་པའི་སྒྲུབ་ཐབ«༨༣»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »གཞན་གྱིས་མི་ཐུབ་པའི་གདུགས་དཀར་པོ་ཅན་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབ«༨༤»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་བརྒྱད་པའི་སྒྲུབ་ཐབ«༨༥»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »ཀྱེ་རྡོ་རྗེ་ཧེ་རུ་ཀ་ཕྱག་གཉིས་པའི་སྒྲུབ་ཐབ«༨༦»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »བདག་མེད་མ་ནག་མོ་ཕྱག་གཉིས་མ་གཅིག་པུའི་སྒྲུབ་ཐབ«༨༧»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད། »ཡང་བདག་མེད་མའི་སྒྲུབ་ཐབ«༨༨»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་རྗེས་གནང་ཡོད།»གསེར་མདོག་ཅན་གྱི་ཤེར་ཕྱིན་མ་ཕྱག་གཉིས་མའི་སྒྲུབ་ཐ«༨༩»བས་ལོ་པཎ་གོང་འདྲའི་འགྱུར།«་་་་་གོང་གི་ཤེར་ཕྱིན་སེར་མོ་ཕྱག་གཉིས་མའི་རྗེས་གནང་ལས་ལོགས་སུ་མེད། »མདོར་བསྡུས་པའི་རྡོ་རྗེ་ཕག་མོ་དམར་མོ་ཕྱག་གཉིས་མའི་སྒྲུབ་ཐབ«༩༠»ས་ལོ་པཎ་གོང་«་་་་་རྗེས་གནང་ཡོད་ཅིང་རྒྱ་དཔེ་རྙིང་པ་ཞིག་ན་འདིའི་གོང་དུ་ཧེ་རུ་ཀའི་མངོན་རྟོགས་འདུག་ཅིང་ས་སྐྱ་ངོར་གྱི་དཔེ་རྒྱུན་ན་འདིར་འཛུད་ཅེས་པའི་ཀ་བརྡ་ཞིག་བརྒྱབ་འདུག་པས་སླར་དཔྱད་དོ། »།འདྲའི་འགྱུར། རིགས་བྱེད་མ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབ«༩༡»ས་ལོ་པཎ་གོང་འདྲའི་འགྱུར།«་་་་་ཨོ་རྒྱན་ནས་འབྱུང་བའི་རིག་བྱེད་མ་ལས་ལོགས་སུ་རྗེས་གནང་མེད། »སྒྲོལ་མ་དཀར་མོ་ཉེ་བར་སྟོན་པའི་སྒྲོལ་མ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབ«༩༢»ས་ལོ་པཎ་གོང་འདྲའི་འགྱུར་རྣམས་ཏེ།དེ་ལྟར་སྒྲུབ་ཐབས་བརྒྱ་རྩ་ནས་བཤད་པའི་ལྷ་ཚོགས་རྣམས་ཀྱི་སྒྲུབ་ཐབས་དགུ་བཅུ་གོ་གཉིས་ལ་རིགས་མཐུན་བསྡེབས་པའི་རྗེས་གནང་དོན་དགུ་དང་བཅས་པའི་ཐོ་ཡིག་མུན་སེལ་སྒྲོན་མེ་ཞེས་བྱ་བ་འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་སྟེ་རྗེས་གནང་རྒྱ་གཞུང་གི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཛཻ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་«་་་་་འདི་གངྒཱའི་ཆུ་རྒྱུན་ལ་མེད། »པ་ཆེ་བ་མྱ་ངན་མེད། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། མཁས་གྲུབ་གཟུངས་ཀྱི་དཔལ་བ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས།ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེང་གེངོར་ཆེན་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ། མཁན་ཆེན་དཔལ་མཆོག་རྒྱལ་མཚན། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཁན་ཆེན་ཤེས་བྱ་བཟང་པོ། རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་ངོར་ཆེན་ནས། མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ དཀོན་མཆོག་འཕེལ་མན་འདྲ།ཡང་ན་ངོར་ཆེན་ནས། མཁས་གྲུབ་དཔལ་ལྡན་རྡོ་རྗེ། དཀོན་མཆོག་འཕེལ་མན་འདྲ། བོད་གཞུང་ཐོ་ཡིག་མུན་སེལ་སྒྲོན་མེའི་བརྒྱུད་པ་ནི། འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ་ནས། པཎ་ཆེན་ནམ་མཁའ་དཔལ་བཟང་མན་འདྲ། ཐོ་ཡིག་མུན་སེལ་སྒྲོན་མེར་རྗེས་གནང་བདུན་ཅུ་དོན་དགུ་ཡོད་གསུང་ཡང་དོན་དུ་དོན་བརྒྱད་ལས་མ་བྱུང་ཞིང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་གསན་ཡིག་ཏུ་ཡང་དོན་བརྒྱད་ལས་མི་འདུག་པས་སྒོ་མཐུན། ཡང་ཧེ་རུ་ཀའི་སྒྲུབ་ཐབས་ཞིག་ཡོད་མེད་ཐེ་ཚོམ་གྱི་གཞིར་བྱུང་བས་དེའི་རྗེས་གནང་ཡོད་ན་དོན་དགུ་འགྲིག་རུང་དེའི་རྒྱུན་ཡོད་མེད་སོམ་ཉིར་སྣང་བས་སླར་ཡང་དཔྱད་དོ།།    །།འཕགས་པའི་ཡུལ་གྱི་མ་ཧཱ་པཎྜི་ཏ་ཀུན་གྱི་གཙུག་ཏོར་ལྟ་བུ་གངས་རིའི་ལྗོངས་འདིར་ཐུབ་པའི་བསྟན་པ་རིན་པོ་ཆེ་གསལ་བར་བྱེད་པ་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་རོལ་པ་ཆེན་པོ་དཔལ་ཇོ་བོ་ཆེན་པོ་ཨ་ཏི་ཤ་ནས་ཉེ་བར་བརྒྱུད་པའི་ཡི་དམ་གྱི་ལྷའི་མངོན་པར་རྟོགས་པ་དང་རྗེས་སུ་གནང་བ་མན་ངག་ཐོར་བུ་རྣམས་དཔལ་སྣར་ཐང་གི་མཁན་ཆེན་མཆིམས་ནམ་མཁའ་གྲགས་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་པར་བརྟེན་སྣར་ཐང་བརྒྱ་རྩར་གྲགས་པའི་ཆོས་སྐོར་ནོས་པའི་རྗེས་གནང་གང་ཡོད་མཆན་བུས་བཀྲོལ་ཏེ་བཀོད་པ་ལ། བཅོམ་ལྡན་འདས་ཐུབ་པའི་དབང་པོ་གཙོ་རྐྱང་གི་མངོན་རྟོགས།«༡་་་་་རྗེས་གནང་ཡོད། »རྟེན་འབྲེལ་གྱི་གཟུངས་ཆུང་«༢་་་་་ལུང་ལས་རྗེས་གནང་མེད། »མཉམ་པ་མེད་པའི་བླ་མ་དགེ་བའི་བཤེས་གཉེན་རིན་ཆེན་སྒང་བའི་ཞལ་ནས་བྱུང་བའི་བླ་མའི་རྣལ་འབྱོར།«༣་་་་་ལུང་ལས་རྗེས་གནང་མེད།་་་་་»རང་ཁམས་མ་བདེ་བའི་དུས་བླ་མ་ལ་གསོལ་བ་གདབ་པ་སྐྱེར་སྒང་པ་ལས་བརྒྱུད་པའི་མན་ངག«» བླ་མའི་འདས་མཆོད་བྱ་ཐབས་«་་་་་ལུང་ལས་རྗེས་གནང་མེད། »བླ་མའི་གསུང་བཞིན་ནམ་མཁའ་གྲགས་ཀྱིས་བསྡེབས་པ།«» དེས་བསྡེབས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཚུལ་བཟུང་ནས་བྱང་ཆུབ་སེམས་དཔའི་ཕྲིན་ལས་མཛད་པ་གནས་བརྟན་ཆེན་པོ་བཅུ་དྲུག་ལ་གསོལ་བ་འདེབས་པ།«༦་་་་་རྗེས་གནང་ཡོད། »བཅོམ་ལྡན་འདས་མི་འཁྲུགས་པ་སྤྲུལ་སྐུའི་ཆ་ལུགས་ཅན་གྱི་མངོན་རྟོགས་བླ་མ་ཞང་སྟོན་པའི་ཞལ་ནས་བྱོན་པ་ལྟར་བཀོད་པ།«༧་་་་་རྗེས་གནང་ཡོད། »ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པ་ཕྱག་བཞི་པའི་མངོན་རྟོགས་བླ་མའི་གསུང་བཞིན་བསྡེབས་པ།«༨་་་་་རྗེས་གནང་ཡོད། »རྗེ་བཙུན་སེང་གེ་སྒྲའི་མངོན་རྟོགས་མཆིམས་ནས་མཆིམས་ལ་བརྒྱུད་པའི་མན་ངག་བླ་མའི་གསུང་ལས་བྱུང་བ་ལྟར་བསྡེབས་པ།«༩་་་་་རྗེས་གནང་ཡོད། »ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གཙོ་རྐྱང་གི་བཟླས་ལུང་མངོན་རྟོགས་ཞང་མའི་ཞལ་ལས་བྱུང་བ་ལྟར་དགེ་སློང་ནམ་མཁའ་གྲགས་ཀྱིས་བསྡེབས་པ།«༡༠་་་་་རྗེས་གནང་ཡོད། »དེས་བསྡེབས་པའི་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལྗང་གུ་གཙོ་རྐྱང་གི་མངོན་པར་རྟོགས་པ་བླ་མའི་གསུངས་ལས་བྱུང་བ།«༡༡་་་་་རྗེས་གནང་ཡོད། »དེས་བསྡེབས་པའི་ཐམས་ཅད་མཁྱེན་པ་སྒྲུབ་པའི་བར་གཅོད་ཐབས་ཀྱིས་བསྲུང་བ་ཇོ་མོ་ལ་གསོལ་བ་གདབ་པ་བླ་མའི་གསུང་ལས་བྱོན་པ།«༡༢་་་་་སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་འདོན་པའི་མན་ངག་ཡིན། ལུང་ལས་རྗེས་གནང་མེད། »དེས་བསྡེབས་པའི་སྒྲོལ་མ་དཀར་མོས་ཚེ་བསྲིང་བའི་མན་ངག«༡༣་་་་་རྗེས་གནང་ཡོད། »དེས་བསྡེབས་པའི་རྗེ་བཙུན་རི་ཁྲོད་ལོ་མ་གྱོན་མ་སེར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས།«༡༤་་་་་རྗེས་གནང་ཡོད། »དེས་བསྡེབས་པའི་ལྷ་མོ་འོད་ཟེར་ཅན་མ་ཕྱག་གཉིས་མའི་སྒྲུབ་ཐབས།«༡༥་་་་་རྗེས་གནང་ཡོད། »ཞར་བྱུང་ཆོམ་རྐུན་འཆིང་བ་དང་བཅས་པ།«༡༦་་་་་ལུང་ལས་རྗེས་གནང་མེད། »དགྲ་ནག་ནས་གསུངས་པའི་ལྷ་མོ་དབྱངས་ཅན་མ་དམར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས།«༡༧་་་་་རྗེས་གནང་ཡོད། »ཞར་བྱུང་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པ་པཎྜི་ཏ་སུ་མ་ཏི་ཀཱིརྟི་ནས་བརྒྱུད་པ།«༡༨་་་་་ལུང་ལས་རྗེས་གནང་མེད། »འཕགས་པ་འཇམ་དཔལ་སྨྲ་བའི་སེང་གེ་དམར་སེར་ཕྱག་གཉིས་པའི་སྒྲུབ་ཐབས།«༡༩་་་་་རྗེས་གནང་ཡོད། »ཞར་བྱུང་འཇམ་དབྱངས་དང་དབྱངས་ཅན་མ་ཡབ་ཡུམ་ལ་བརྟེན་པའི་རིལ་བུའི་ལས་སྦྱོར།«༢༠་་་་་ལུང་ལས་རྗེས་གནང་མེད། »འཕགས་པ་འཇམ་དཔལ་དཀར་པོའི་སྒྲུབ་ཐབས།«༢༡་་་་་རྗེས་གནང་ཡོད། »ཞར་བྱུང་མ་ཤའི་ལས་སྦྱོར།«༢༢་་་་་ལུང་ལས་རྗེས་གནང་ཟུར་དུ་མེད། »དཔལ་ཛམྦྷ་ལ་སེར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ།«༢༣་་་་་རྗེས་གནང་ཡོད། »བགེགས་མཐར་བྱེད་མཐིང་ག་ཕྱག་བཞི་པའི་སྒྲུབ་ཐབས།«༢༤་་་་་རྗེས་གནང་ཡོད།་་་་་»ཁྲོ་བོ་སྟོབས་པོ་ཆེ་དམར་པོ་ཕྱག་བཞི་པའི་སྒྲུབ་ཐབས།«༢༥» དཔལ་འབྱུང་པོ་འདུལ་བྱེད་ཕྱག་བཞི་པའི་སྒྲུབ་ཐབས།«༢༦་་་་་རྗེས་གནང་ཡོད།»དམེ་བ་བརྩེགས་པ་དུད་ཁ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས།«༢༧་་་་་རྗེས་གནང་ཡོད། »ཁྲོ་བོ་གཏུམ་པོ་ཆེན་པོ་མི་གཡོ་བ་དཀར་པོའི་སྒྲུབ་ཐབས་པཎྜི་ཏ་དཱ་ན་ཤཱི་ལའི་རང་འགྱུར།«༢༨་་་་་རྗེས་གནང་ཡོད།» ཇོ་བོ་མི་གཡོ་བ་སྔོན་པོའི་མངོན་པར་རྟོགས་པ་བླ་མའི་གསུང་བཞིན་བསྡེབས་པ།«༢༩་་་་་རྗེས་གནང་ཡོད། »འཕགས་པ་མི་གཡོ་བའི་དམིགས་པ་སྐོར་གསུམ་སྒོམ་པའི་མན་ངག«༣༠་་་་་ལུང་ལས་རྗེས་གནང་མེད། »བཅོམ་ལྡན་འདས་པདྨ་དབང་ཆེན་ཕྱག་གཉིས་པའི་མངོན་པར་རྟོགས་པ་བླ་མའི་«་་་་་རྗེས་གནང་ཡོད།་་་་་»གསུང་ལས་བྱོན་པ་ལྟར་བསྡེབས་པ།«༣༡» སྐུ་གསུང་ཐུགས་ཀྱི་རྟེན་ལ་སྐུ་ཁྲུས་གསོལ་བ་དགེ་བཤེས་འཆད་ཀ་བའི་ལུང་«ལུང་ལས་རྗེས་གནང་མེད།་་་་་»སྐྱེར་སྒང་པ་ལས་བྱུང་བ།«༣༢» གཙུག་ཏོར་འབར་བའི་སྒོ་ནས་རྨི་ལམ་མཚན་མ་ངན་པ་དང་བར་གཅོད་ཞི་བའི་གདམས་པ།«༣༣་་་་་ལུང་ལས་རྗེས་གནང་མེད།་་་་་»བཟང་པོ་སྤྱོད་པའི་སྒོ་ནས་འཆི་བ་བསླུ་བའི་ཆོ་ག་སྐྱེར་སྒང་པའི་མན་ངག«༣༤» བདག་ཉིད་ནམ་འཆི་བ་དང་གར་སྐྱེ་བ་སོགས་བརྟག་པ་དཔལ་ཨ་ཏི་ཤའི་གདམས་པ།«༣༥་་་་་ལུང་ལས་རྗེས་གནང་མེད། »ཇོ་བོ་ལུགས་ཀྱི་སཱཙྪ་དགུ་མ་བྱ་ཐབས་ཇོ་བོ་རྗེས་གཟུས་རྡོ་རྗེ་རྒྱལ་མཚན་ལ་གནང་བ།«༣༦་་་་་ལུང་ལས་རྗེས་གནང་མེད།» རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ཇོ་བོ་རྗེ་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་སྒྱུར་བ།«༣༧་་་་་ལུང་ལས་རྗེས་གནང་མེད། »ཇོ་མོ་གདུགས་དཀར་མོ་ཅན་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས།«༣༨་་་་་རྗེས་གནང་ཡོད། »ཞར་བྱུང་ནད་པ་ལ་ཕན་གདགས་པ།«༣༩་་་་་རྗེས་གནང་ཟུར་དུ་མེད། »ཕྱག་ན་རྡོ་རྗེ་མདོ་ལུགས་སྔོན་པོ་ཕྱག་གཉིས་དཔའ་བོ་གཅིག་པའི་མངོན་རྟོགས།«༤༠་་་་་རྗེས་གནང་ཡོད། »ཁ་འབར་མའི་གཏོར་མ་ཆ་ལྔ་པ།«༤༡་་་་་ལུང་ལས་རྗེས་གནང་མེད།་་་་་»ཁ་འབར་མའི་གཏོར་ཆེན་ཇོ་བོ་ཆེན་པོ་ལྷ་གཅིག་ནས་བརྒྱུད་པ།«༤༢» ཀླུ་ལ་གཏོར་མ་བཏང་སྟེ་འབྱོར་པ་སྒྲུབ་པའི་མན་ངག«༤༣་་་་་ལུང་ལས་རྗེས་གནང་མེད། »ཀླུ་སྨན་དང་བཅས་པའི་ཀླུ་གཏོར་གྱིས་གནོད་པ་ཞི་བའི་མན་ངག«༤༤་་་་་ལུང་ལས་རྗེས་གནང་མེད། »རྒྱལ་པོ་«་་་་་ལུང་ལས་རྗེས་གནང་མེད། »ཆེན་པོ་སྡེ་བཞིའི་གཏོར་མ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་དགེ་བཤེས་སྟོན་པས་བསྒྱུར་བ།«༤༥» རྗེན་གཏོར་གྱི་མན་ངག་བླ་མའི་ཞལ་ལས་བྱུང་བ་དགེ་སློང་ཆོས་ཀྱི་བླ་མས་ཡི་གེར་བྲིས་པ།«༤༦་་་་་ལུང་ལས་རྗེས་གནང་མེད། »སྤྱན་སྔ་པ་ལུགས་ཀྱི་གཏོར་མ་བརྒྱ་རྩའི་མན་ངག«༤༧» འཇུར་གེགས་ཀྱི་ཆུ་སྦྱིན་བྱ་ཐབས།«༤༨་་་་་ལུང་ལས་རྗེས་གནང་མེད། »ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་སྒྲུབ་ཐབས།«༤༩་་་་་རྗེས་གནང་ཡོད། »དེའི་སྒོ་ནས་ཆུ་སྦྱིན་བྱ་ཐབས།«༥༠་་་་་ལུང་ལས་རྗེས་གནང་མེད། »ངག་གི་དབང་ཕྱུག་འཇམ་དཔལ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས།«༥༡་་་་་རྗེས་གནང་ཡོད། »སོ་འབྲང་སེར་མོ་ཞལ་གསུམ་ཕྱག་བཅུ་མ་གཙོ་བོར་གྱུར་པའི་ལྷ་མོ་ལྔའི་སྒྲུབ་ཐབས།«༥༢་་་་་རྗེས་གནང་ཡོད། »ལྷ་མོ་ནོར་རྒྱུན་མ་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས།«༥༣་་་་་རྗེས་གནང་ཡོད། »དེའི་གཟུངས་ཀྱི་མན་ངག«༥༤་་་་་ལུང་ལས་རྗེས་གནང་མེད། »རྡོ་རྗེ་ཕག་«་་་་་ལུང་ལས་རྗེས་གནང་མེད། »མོ་དབང་དུ་བྱ་བའི་ཆོ་ག«༥༥» གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་སྒྲུབ་ཐབས་བླ་མ་རྡོ་རྗེ་གདན་པས་མཛད་པ་པཎྜི་ཏ་ཆོས་ཀྱི་སྡེ་དང་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བ།«༥༦་་་་་རྗེས་གནང་ཡོད། »བྱམས་པ་སེར་པོ་ཞལ་གསུམ་ཕྱག་བཞི་པའི་སྒྲུབ་ཐབས།«༥༧» ཤེར་ཕྱིན་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་སངས་རྒྱས་ཀྱིས་གསུངས་པ་ལོ་ཙཱ་བ་དགེ་སློང་རིན་ཆེན་གྲགས་ཀྱིས་བསྒྱུར་བ།«༥༨་་་་་རྗེས་གནང་ཡོད། »ནོར་རྒྱུན་མ་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་ལོ་ཙཱ་བ་དགེ་སློང་བ་རི་རིན་ཆེན་གྲགས་ཀྱིས་བསྒྱུར་བ།«༥༩་་་་་རྗེས་གནང་ཡོད། »ཁྲོ་གཉེར་ཅན་མ་སེར་མོ་ཕྱག་བཞི་མའི་སྒྲུབ་ཐབས་ལོ་ཙཱ་བ་དགེ་སློང་རིན་ཆེན་«རྗེས་གནང་ཡོད།་་་་་»གྲགས་ཀྱིས་བསྒྱུར་བ།«༦༠» རྣམ་སྲས་ལྗང་གུ་བེ་ཅོན་ཅན་ཕྱག་གཉིས་པ་«་་་་་རྗེས་གནང་ཡོད། »བླ་མ་ཁ་ཆེ་དགོན་པ་བའི་མན་ངག་གསང་བའི་ཡང་སྙིང་ལ་སྒྲུབ་ཐབས་གནད་ལ་དབབ་པ།«་་་་་ལུང་ལས་རྗེས་གནང་མེད། »བླ་རྡོ་«་་་་་ལུང་ལས་རྗེས་གནང་མེད། »བཅང་བ་གསུམ་གྱིས་བསྟན་པ།«༦༡» དཔལ་མགོན་པོ་གྲི་གུག་མཐིང་ནག་ཕྱག་གཉིས་པའི་སྒྲུབ་ཐབས།«༦༢་་་་་རྗེས་གནང་ཡོད།» དེའི་རྒྱུན་གཏོར།«་་་་་ལུང་ལས་རྗེས་གནང་མེད། »འཛིན་གཏོར།«་་་་་ལུང་ལས་རྗེས་གནང་མེད།་་་་་»མཆོག་སྲེད་ཀྱིས་མཛད་པའི་བསྟོད་པ་སྲིན་གཟུགས་མ་དང་བཅས་པ།«༦༣་་་་་ལུང་ལས་རྗེས་གནང་མེད། »ནག་པོ་ཆེན་པོའི་བསྟོད་པ་ཨ་ཝ་དྷཱུ་ཏཱི་པས་མཛད་པ།«༦༤་་་་་ལུང་ལས་རྗེས་གནང་མེད། »མགོན་པོའི་རྟགས་ཀྱི་ལེའུ།«༦༥་་་་་ལུང་ལས་རྗེས་གནང་མེད། »ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འདག་པར་བྱེད་པའི་ཆོ་ག་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ།«༦༦་་་་་ལུང་ལས་རྗེས་གནང་མེད།»གོང་དུ་བཤད་པའི་ལྷ་རྣམས་ཀྱི་རྗེས་གནང་གི་ཆོ་ག་སྟེ།«༦༧» རྗེས་གནང་སྒྲུབ་ཐབས་མན་ངག་རྣམས་བསྡོམས་པའི་བརྒྱ་ཐམ་པ་ལེགས་པར་ནོས་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། རྗེ་བཙུན་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། ཀུན་མཁྱེན་བློ་གྲོས་བརྟན་པ།པཎ་ཆེན་ཤཱནྟི་པ། སློབ་དཔོན་པཱ་ར་ཧེ་ཏ། ཇོ་བོ་ཆེན་པོ་དཔལ་ལྡན་མར་མེ་མཛད། འབྲོམ་རྒྱལ་བའི་འབྱུང་གནས། རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ། རྔོག་ལོ་བློ་ལྡན་ཤེས་རབ། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཆ་པ་ཆོས་ཀྱི་སེང་གེ གཙང་ནག་ཐུགས་རྗེ་སེང་གེ གྲོ་སྟོན་བདུད་རྩི་གྲགས། མཆིམས་ནམ་མཁའ་གྲགས།«་་་་་འདི་ཕྱོགས་གཅིག་ཏུ་བསྒྲིགས་མཁན། »སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། རྒྱང་རོ་པཎ་ཆེན། མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན། དབང་སྟོན་གྲུབ་པ་ཤེས་རབ། ཁུ་སྟོན་བསོད་ནམས་མཆོག་གྲུབ། ཆོས་རྗེ་དཔལ་འབར་བ་དཔལ་ལྡན་དོན་གྲུབ། རྩེས་ཐང་ལས་ཆེན་ཀུན་དགའ་རྒྱལ་མཚན། ཐེལ་བྲག་ལྕོག་ཐམས་ཅད་མཁྱེན་པ། ཐོན་པ་བློ་གྲོས་རྒྱལ་མཚན། ཤངས་རི་བོ་དགེ་འཕེལ་བ་རྗེ་ཕྱོགས་ལས་རྣམ་རྒྱལ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། རྡོ་རྗེ་འཆང་ངག་དབང་བློ་བཟང་རྒྱ་མཚོ། ཐུགས་སྲས་གནས་བརྟན་འཇམ་དབྱངས་གྲགས་པ། རབ་འབྱམས་ཆོས་རྗེ་བཀྲ་ཤིས་རྒྱལ་མཚན། གནས་ལྔ་རིག་པ་ངག་དབང་སྐལ་ལྡན་འདྲེན་པ་རྒྱ་མཚོ་འཇམ་དབྱངས་དགྱེས་པའི་འབངས། སྐྱོར་མདའ་བ་མཁས་བཙུན་བསོད་ནམས་དབང་ཕྱུག རྡོ་རྗེ་འཛིན་དབང་ཆོས་རྗེ་ཀུན་དགའ་རྒྱལ་མཚན། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་གོང་གསལ་འགའ་ཞིག་ལ་སྒོས་ཀྱི་བརྒྱུད་པ་འདུག་པ་ལྟར་ན། བླ་མའི་རྣལ་འབྱོར་གྱི་ལུང་གི་བརྒྱུད་པ་ལུགས་གཅིག་ནི། ཇོ་བོ་རྗེ་ནས། དགོན་པ་པ། སྤྱན་སྔ་བ། བྱ་ཡུལ་བ།དགྱེར་སྒོམ་ཆེན་པོ། སངས་རྒྱས་དབོན། དཔལ་ལྡན་གྲོ། མཆིམས་ནམ་མཁའ་གྲགས་མན་སྔར་དང་འདྲ། གནས་བརྟན་བཅུ་དྲུག་གི་རྗེས་གནང་ཕྱག་མཆོད་བཅས་ཀྱི་བརྒྱུད་པ་ལུགས་གཅིག་ནི། ཇོ་བོ་རྗེ་ནས། སེམས་ཙམ་རྣམ་བདེན་གྱི་པཎྜི་ཏ། རྔོག་བྱང་ཆུབ་འབྱུང་གནས། པོ་ཏོ་བ། ཤ་ར་བ། འཆད་ཀ་བ། སེ་སྤྱིལ་བུ་བ། ལྷ་སྤྱིལ་བུ་བ། རྒན་མོ་ལྷས་པ་ཆེན་པོ། གྲོ་མོ་ཆེ། མཆིམས་ནམ་མཁའ་གྲགས་མན་འདྲ། ཡང་མི་འཁྲུགས་པའི་ཉེ་བརྒྱུད་ལུགས་གཅིག་ནི། རྡོ་རྗེ་སེམས་དཔའ། ཇོ་བོ་རྗེ། རྣལ་འབྱོར་པ་ཆེན་པོ། སྤྱན་སྔ་ཚུལ་ཁྲིམས་འབར། བྱ་ཡུལ་བ། མུ་སྨན་པ་ཚར་ཆེན། གྲོ་བདུད་རྩི་གྲགས། མཆིམས་ནམ་མཁའ་གྲགས་མན་འདྲ། ཡང་མཆིམས་ནས། འདུལ་འཛིན་གྲགས་པ་བརྩོན་འགྲུས། མཆིམས་བློ་བཟང་གྲགས་པ་མན་འདྲ། ཡི་གེ་དྲུག་པའི་བརྒྱུད་པ་ལུགས་གཅིག་ནི་བྱ་ཡུལ་བ་ཡན་མི་འཁྲུགས་པ་ལྟར་ལ། དེ་ནས་གནུབས་ཡེ་ཤེས་སེང་གེ སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། འདུལ་འཛིན་གྲགས་པ་བརྩོན་འགྲུས། མཆིམས་བློ་བཟང་གྲགས་པ་མན་འདྲ། སེང་གེ་སྒྲའི་བརྒྱུད་པ་ལུགས་གཅིག་ནི། བྱ་ཡུལ་བ་ནས།«་་་་་བར་འདིར་བླ་མ་གཞན་ཡོད་མེད་བརྟག »མཆིམས་བརྩོན་སེང༌། མཆིམས་དོན་རྒྱལ། མཆིམས་བློ་གྲོས་བརྟན་པ། མཆིམས་ནམ་མཁའ་གྲགས་མན་འདྲ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་བརྒྱུད་པ་ལུགས་གཅིག་ནི། ཇོ་བོ་རྗེ་ནས་དགོན་པ་བ། ཀཱ་མ་པ་ཤེས་རབ་འོད། ལུམ་པ་བ་ཡེ་ཤེས་བྱང་ཆུབ། ཆུ་མིག་པ་ཤེས་རབ་གྲགས་པ། གྲོ་སྟོན་བདུད་རྩི་གྲགས། ཞང་སྟོན་ཆོས་ཀྱི་བླ་མ། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་མན་སྔར་བཞིན་ནོ། །སེང་ལྡེང་ནགས་ཀྱི་སྒྲོལ་མ་དང་འོད་ཟེར་ཅན་མའི་བརྒྱུད་པ་ལུགས་གཅིག་ནི་འཕགས་པ་བཅུ་གཅིག་ཞལ་བཞིན་ནོ། །དབྱངས་ཅན་མ་དམར་མོའི་བརྒྱུད་པ་ལུགས་གཅིག་ནི། པཎྜི་ཏ་སུ་མ་ཀཱིརྟི། མར་དོ་ཆོས་ཀྱི་དབང་ཕྱུག མཆིམས་ནམ་མཁའ་གྲགས་མན་འདྲ། འཇམ་དབྱངས་སྨྲ་སེང་གི་བརྒྱུད་ལུགས་གཅིག་ནི། གྲོ་སྟོན་བདུད་རྩི་གྲགས་ཡན་སྤྱི་བརྒྱུད་ལྟར་ལ། དེ་ནས་ཞང་སྟོན་ཆོས་ཀྱི་བླ་མ། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་མན་འདྲ། ཛམྦྷ་ལ་སེར་པོའི་བརྒྱུད་ལུགས་གཅིག་ནི། པཎྜི་ཏ་མཉྫུ་གྷོ་ཥ། ཤཱི་ལ་ཙནྡྲ། བླ་མ་གྲགས་རྒྱལ་བ། རྒྱང་རོ་པཎ་ཆེན། མཆིམས་བློ་བཟང་གྲགས་པ་མན་སྔར་དང་འདྲའོ། །བགེགས་མཐར་བྱེད། སྟོབས་པོ་ཆེ། མི་གཡོ་བ་དཀར་སྔོན་རྣམས་ཀྱི་བརྒྱུད་པ་«་་་་་བརྒྱུད་པ་འདི་མཆིམས་བློ་བཟང་གྲགས་པ་ནས་སྤྱི་བརྒྱུད་དང་འབྲེལ་བ་མ་གཏོགས། མཆིམས་ནམ་མཁའ་གྲགས་ནས་མིན་ནོ་གསུང༌། »ལུགས་གཅིག་ནི་འཕགས་པ་བཅུ་གཅིག་ཞལ་དང་འདྲ། མི་གཡོ་བའི་དམིགས་པ་སྐོར་གསུམ་གྱི་བརྒྱུད་ལུགས་གཅིག་ནི། ཆུ་མིག་པ་ནས། རྨ་ཤཱཀྱ་གཞོན་ནུ།«་་་་་བར་འདིར་བླ་མ་གཞན་ཡོད་མེད་བརྟག་་་་་»དཔལ་ལྡན་གྲོ། སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས་མན་འདྲ། «འདི་གྲོ་སྟོན་ནས་བརྒྱུད་པ་འདྲེན་པ་ལས་མཆིམས་ནམ་མཁའ་གྲགས་ཀྱི་བརྒྱུད་པ་ནི་མིན་ནོ།་་་་་»གདུགས་དཀར་གྱི་བརྒྱུད་པ་ལུགས་གཅིག་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ཨ་བྷ་ཡཱ་ཀ་ར། ཀཱིརྟཱི་ཙནྡྲ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན། རིན་ཆེན་རྒྱལ་མཚན། བསོད་ནམས་རྒྱལ་མཚན། བླ་མ་གཞོན་ནུ་བཀའ་བཅུ་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན་མན་འདྲ། ཁ་འབར་མའི་གཏོར་མ་ཆ་ལྔའི་ལུང་གི་བརྒྱུད་པ་ལུགས་གཅིག་ནི། ཇོ་བོ་རྗེ་ནས། འབྲོམ་སྟོན་པ། པོ་ཏོ་བ། རམ་སྡིངས་པ། ལྡན་ཤེས་རབ་གྲགས། སློབ་དཔོན་ཆུ་ནག་པ་རིན་ཆེན་སེང་གེ ར་ཟ་བ་དར་མ་རྒྱལ་མཚན། གཉིས་ཀ་ལས་མཆིམས་ནམ་མཁའ་གྲགས་པ་སྟེ་མན་སྔར་དང་འདྲ། རྗེན་གཏོར་གྱི་བརྒྱུད་པ་ལུགས་གཅིག་ནི། ཇོ་བོ་རྗེ་ནས། ནག་ཚོ་ལོ་ཙཱ་བ། དགེ་བཤེས་ཕྱག་སོར་བ། ཞུ་ལྡན་པ། དཔལ་ལྡན་གྲོ། ཞང་སྟོན་ཆོས་ཀྱི་བླ་མ། མཆིམས་ནམ་མཁའ་གྲགས་མན་འདྲ། ནོར་རྒྱུན་མའི་བརྒྱུད་པ་ལུགས་གཅིག་ནི་ཛམྦྷ་ལ་དང་འདྲ། ཤེར་ཕྱིན་མ་དཀར་མོ་དང་ཁྲོ་གཉེར་ཅན་སེར་མོའི་བརྒྱུད་པ་ལུགས་གཅིག་ནི་འཕགས་པ་བཅུ་གཅིག་ཞལ་དང་འདྲ།རྣམ་ཐོས་སྲས་ཀྱི་བརྒྱུད་པ་ལུགས་གཅིག་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། ཁ་ཆེ་དགོན་པ་བ། ཟངས་དཀར་«་་་་་བར་འདིར་བླ་མ་གཞན་ཡོད་མེད་བརྟག་་་་་»ལོ་ཙཱ་བ། ཆུ་མིག་པ། གྲོ་སྟོན་བདུད་རྩི་གྲགས། ཞང་ཆོས་ཀྱི་བླ་མ། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་མན་འདྲ། མགོན་པོ་གྲི་གུག་གི་བརྒྱུད་པ་ལུགས་གཅིག་ནི། རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། ཛི་ན་མི་ཏྲ། ཤཱནྟི་པ། ཇོ་བོ་རྗེ། དགེ་བཤེས་འབྲོམ་སྟོན་པ། སྤྱན་སྔ་བ། མུ་སྨན་པ་ཆར་ཆེན། གྲོ་སྟོན་བདུད་རྩི་གྲགས། ཞང་སྟོན་ཆོས་ཀྱི་བླ་མ།མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་མན་འདྲ། དབྱངས་ཅན་མ་དམར་མོ་མར་དོ་དང་དཱ་ན་ཤཱི་ལའི་རང་འགྱུར་གྱི་མི་གཡོ་བ་སོགས་མཆིམས་ཀྱིས་གསན་པས་བརྒྱུད་པ་སོ་སོར་བྱུང་བ་མ་གཏོགས་བརྒྱུད་པ་དེ་མིན་པ་ཇོ་བོ་ནས་བརྒྱུད་པ་མེད་དམ་སྙམ་པའི་འཁྲུལ་གཞི་གཟུང་བར་མི་བྱའོ།།    །།གནས་ལྔ་རིག་པ་ཡོངས་སུ་རྫོགས་པ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཨ་བྷ་ཡཱ་ཀ་ར་གུཔྟ་ཞེས་འཇིགས་མེད་འབྱུང་གནས་སྦས་པར་གྲགས་པ་དེ་ཉིད་ཨིནྡྲ་ཨུ་ལའི་གཙུག་ལག་ཁང་དུ་ཐོས་བསམ་སྒོམ་གསུམ་གྱིས་བརྟན་པ་སྤེལ་བའི་ཚེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བུད་མེད་བ་གླང་ཤ་བའི་རིགས་སུ་སྤྲུལ་ནས་ཤ་ཆང་བྱིན་པ་ཕྱིར་སློག་པའི་རྟེན་འབྲེལ་གྱིས་སྐུ་ཚེ་དེ་ལ་མཆོག་གི་དངོས་གྲུབ་མ་ཐོབ་ཀྱང་འགྱོད་བཤགས་ཀྱིས་གསོལ་བ་བཏབ་པའི་ཚེ་སྒྲིབ་སྦྱོང་དུ་སྔགས་ཀྱི་མན་ངག་དུ་མ་དང་ཁྱད་པར་སམྤུ་ཊའི་འགྲེལ་པ་རྒྱས་པ་གཅིག གདུལ་བྱ་རྣམས་ཀྱི་འཇུག་སྒོ་རྒྱུད་སྡེ་བཞིའི་ཆོ་ག་རྒྱས་པ་དང་དེའི་ལྷའི་ཚོགས་རྣམས་ཀྱི་རྗེས་སུ་གནང་བའི་ཆོ་ག་«་་་་་ལོ་རྒྱུས་གཅིག་ལ་མ་ཧཱ་བོ་དྷིས་ལུང་བསྟན་ཡང་ཟེར། »རྩོམས་ཤིག་པར་ལུང་བསྟན་ཞིང་དབུགས་ཕྱུང་བ་ལ་བརྟེན་ནས་རྒྱུད་སྡེ་སྤྱིའི་དགོངས་འགྲེལ་དུ་འགྱུར་བའི་ཕྲེང་བ་སྐོར་གསུམ་གྱི་ཡིག་ཆ་མཛད་ཅིང༌། འདི་ལ་གཙོ་བོ་འཕོ་བའི་དབང་དུ་བྱས་ན་དཀྱིལ་འཁོར་ལྔ་སྟོང་བརྒྱད་བརྒྱ་བཅུ་བདུན། རྩ་བའི་ལྷའི་དཀྱིལ་འཁོར་གྱི་དབྱེ་བ་ཉིས་སྟོང་དང་དྲུག་བརྒྱ་ང་བདུན། དེ་རྣམས་གཙོ་བོའི་རིགས་སོ་སོའི་དབང་དུ་བྱས་པ་རྩ་བའི་དཀྱིལ་འཁོར་ཉེར་བརྒྱད། དེ་ལས་སྤྲོས་པ་ཞེ་གཉིས། དེ་ལས་སྤྲོས་པ་ང་ལྔ་རྣམས་ཚད་ཐུབ་ཀྱི་མཁས་པ་ཡོངས་ལ་གྲགས་ཤིང༌། དེའི་སྟེང་དུ་ས་བཟང་མ་ཏི་པཎ་ཆེན་ཡན་ལ་རྡོ་རྗེ་ཕྲེང་བ་ལས་མ་དར་ནའང་པཎྜི་ཏ་དརྤན་ཨཱ་ཙཱརྻ་ཞེས་འགྲོ་བའི་མེ་ལོང་དུ་གྲགས་པ་དེ་ལ་ལཱི་ཏ་བཛྲ་སོགས་མཁས་གྲུབ་མང་པོ་ལ་བརྟེན་ནས་གསང་སྔགས་ཀྱི་སྒྲོ་འདོགས་བཅད། རྡོ་རྗེ་རྣལ་འབྱོར་མས་དངོས་སུ་བྱིན་གྱིས་བརླབས། མཆོག་གི་དངོས་གྲུབ་བརྙེས། ཚེམས་ལན་ཉི་ཤུ་བརྗེས་ཤིང་དགུང་ལོ་སྟོང་དང་ཉིས་བརྒྱ་བཞུགས་པ་དེས་ཕྲེང་བ་སྐོར་གསུམ་དུ་གསལ་བ་དེ་དོན་སོར་བཞག་ཐོག བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་ཚད། མཚན་དཔེའི་ངོས་འཛིན་སོགས་ལྷག་ཁ་ཡར་དང་བཅས་པ་བསྣན་པའི་རྡོ་རྗེ་སློབ་དཔོན་གྱི་བྱ་བའི་ཆོ་ག་ཀྲི་ཡཱ་ས་མུཙྪ་ཞེས་སྒྲུབ་དཀྱིལ་ཡན་ལག་དང་བཅས་པ་དོན་ཚན་དྲུག་ཅུ་རྩ་བཞིའི་སྒོ་ནས་སྟོན་པའི་བསྟན་བཅོས་ཆེན་པོ་ཞིག་མཛད་པ་འཕགས་པའི་ཡུལ་དུ་དར་རྒྱས་ཤིན་ཏུ་ཆེ་ཞིང༌། བོད་འདིར་ཐོག་མར་རྒྱ་དཔེ་ཞིག་བལ་པོའི་ཚོང་པའི་ལག་ནས་དཔལ་ལྡན་བླ་མ་དམ་པའི་གཅེན་འཇམ་དབྱངས་དོན་ཡོད་རྒྱལ་མཚན་གྱི་ཕྱག་ཏུ་བྱུང༌།དེ་ལ་བརྟེན་ནས་ཀུན་སྤངས་ཆོས་གྲགས་དཔལ་བཟང་གིས་བདག་རྐྱེན་མཛད་ནས་བི་ཀ་མཱ་ལ་ཤཱི་ལའི་པཎྜི་ཏ་ཆེན་པོ་མཉྫུ་ཤྲཱི་དང་ས་བཟང་ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་གྱིས་བསྒྱུར་ཀྱང་ཆོས་ཀྱི་རྒྱུན་མེད་པ་ལ། མངའ་རིས་པ་རྡོ་རྗེ་དཔལ་གྱིས་བལ་ཡུལ་ཡེ་རང་དུ་ཀྲི་ཡཱ་ས་མུཙྪའི་དབང་ཞུས་པའི་གཏམ་ཐོས་པའི་རྐྱེན་གྱིས་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་ཀྱིས་པཎྜི་ཏ་མ་ཧཱ་བོ་དྷི་ལས་དབང་ལུང་རྫོགས་པར་གསན། དེ་ནས་ཕྲེང་བ་དང་ཀྲི་ཡཱ་གཉིས་དབང་གི་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་དཀྱིལ་འཁོར་བཞི་བཅུ་རྩ་ལྔ་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་རྡོ་རྗེ་ཕྲེང་བའི་སྒྲུབ་དཀྱིལ་སྦྲགས་པ་རྡོར་ཕྲེང་མཛེས་རྒྱན་གྱི་སྟེང་སྟ་གོན་གསུམ་སྒྲུབ་མཆོད་སོགས་དམ་པའི་ཕྱག་ལེན་འཁྲུལ་མེད་དང་དབང་གི་སྐབས་ཀྱང་དཀྱིལ་འཁོར་མང་མར་ཕྲེང་བའི་སྟེང་དུ་ཀྲི་ཡཱའི་སྒོས་ཆོས་ཁ་ཡར་བསྣན་པའི་ཕྱག་ལེན་རྒྱས་པ། དུས་འཁོར་ལྷ་གྲངས་མངས་པའི་དཀྱིལ་འཁོར་སྒྲུབ་མཆོད་ཡུན་རིང་བར་བརྟེན་ཕྲེང་རྐྱང་གི་ཕྱག་ལེན་བསྡུས་ཤོས་འཁོར་ལོ་བསྒྱུར་དྲུག་ལ་ཀྲི་ཡཱའི་སྒོས་ཆོས་ཕྲ་མོ་རྣམས་ཀྱང་བསྣན་པའི་ཕྱག་ལེན་ཤིན་ཏུ་རྒྱས་པར་ཐོབ་པ་ལ། དཔལ་གསང་བ་འདུས་པའི་རྒྱུད་ལས་གསུངས་པའི་མི་བསྐྱོད་པའི་རིགས་གསང་འདུས་འཇ«»མ་དཔལ་རྡོ་རྗེ་ལྷ་བཅུ་དགུ། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་«»སོ་གཉིས། རྣམ་སྣང་སྒྱུ་དྲྭའི་རྒྱུད་«་་་་་སློབ་དཔོན་ཀུན་སྙིང་དང་བི་ཤྭ་མི་ཏྲས་རྣམ་སྣང་སྒྱུ་དྲྭ་གསང་འདུས་ཀྱི་རྒྱུད་ཕྱི་མའི་ཕྱི་མར་བཤད། སློབ་དཔོན་ཟླ་བ་གྲགས་པས་ཀྱང་དོན་གྱིས་གསང་འདུས་དང་ཕྱོགས་མཐུན་པར་བཞེད། »ལ་བརྟེན་པའི་འཇམ་དཔལ་རྡོ་རྗེ་ལྷ་«»ཞེ་གསུམ། རྩ་བའི་རྒྱུད་གཤིན་རྗེ་དགྲ་ནག་གི་རྒྱུད་ལ་བརྟེན་པའི་རྣམ་སྣང་གི་རིགས་འཇམ་«»དཔལ་གཤིན་རྗེ་གཤེད་ལྷ་བཅུ་གསུམ་སྟེ་ཕ་རྒྱུད་བཞི། བརྟག་པ་གཉིས་པ་ནས་གསུངས་པའི་ཧེ་རུ་ཀའི་རིགས་ཀྱི་དཔལ་དགྱེས་པ་«»རྡོ་རྗེ་ཐོད་པ་ཅན་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་དགུ། ཐུགས་རྡོ་རྗེ་ཞལ་གསུམ་«»ཕྱག་དྲུག་པ་ལྷ་དགུ། གསུང་རྡོ་རྗེ་ཞལ་«»གཅིག་ཕྱག་བཞི་པ་ལྷ་དགུ། སྐུ་རྡོ་རྗེ་ཞལ་«»གཅིག་ཕྱག་གཉིས་པ་ལྷ་དགུ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་མཁའ་འགྲོ་ལྔ་རིགས་«»བསྡུས་པ་ལྷ་ལྔ་བཅུ་རྩ་གསུམ། སམྤུ་ཊའི་རྒྱུད་ནས་གསུངས་པའི་བདག་«༡༠»མེད་ལྷ་མོ་ཉེར་གསུམ། བརྟག་གཉིས་ནས་གསུངས་པའི་བདག་«༡༡»མེད་ལྷ་མོ་བཅོ་ལྔ། ཡང་རྒྱུད་དེ་ཉིད་ལས་གསུངས་པའི་ཀུ་རུ་«༡༢»ཀུལླེ་ལྷ་བཅོ་ལྔ། མཁའ་འགྲོ་མ་རྡོ་རྗེ་གུར་ནས་བཤད་པའི་རྡོ་རྗེ་སྒྲོལ་མ་«༡༣»ལྷ་བཅུ་གསུམ། སམྤུ་ཊ་ནས་གསུངས་པའི་སྙིང་པོ་ཀྱེ་རྡོ་རྗེ་མཚོན་ཆ་«༡༤»ཅན་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་བཅུ་བདུན། ཐུགས་«༡༥»རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ལྷ་བཅུ་བདུན། གསུང་རྡོ་རྗེ་ཞལ་«༡༦»གཅིག་ཕྱག་བཞི་པ་ལྷ་དགུ། སྐུ་རྡོ་རྗེ་ཞལ་«༡༧»གཅིག་ཕྱག་གཉིས་པ་ལྷ་བཅུ་བདུན་རྣམས་གཉིས་མེད་ཀྱི་རྒྱུད། སམྤུ་ཊ་ནས་གསུངས་པའི་བདེ་མཆོག་རྡོ་རྗེ་སེམས་དཔའ་«༡༨»ལྷ་སོ་བདུན། བདེ་མཆོག་རྩ་བའི་རྒྱུད་ནས་གསུངས་པའི་འཁོར་ལོ་སྡོམ་པ་«༡༩»ཞལ་བཞི་ཕྱག་བཅུ་གཉིས་པ་ལྷ་དྲུག་ཅུ་རྩ་གཉིས།བདེ་«༢༠»མཆོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ལྷ་དྲུག་ཅུ་རྩ་གཉིས། བདེ་«༢༡»མཆོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་ལྷ་དྲུག་ཅུ་རྩ་གཉིས།ཕག་མོ་དམར་«༢༢»མོ་ལྷ་སུམ་ཅུ་རྩ་བདུན། ཕག་«༢༣»མོ་སྔོན་མོ་ལྷ་སོ་བདུན། ཕག་«༢༤»མོ་སེར་མོ་ལྷ་སོ་བདུན། ཨ་བྷི་དྷ་ན་ལས་གསུངས་པའི་ཧཱུྃ་མཛད་«༢༥»ཁྲོ་བོ་བཅུ་གཅིག«་་་་་འདི་བདེ་མཆོག་ཁྲོ་བོ་རྡོར་སེམས་སུ་ཨ་བྷ་ཡཱ་བཞེད་དོ།། »ཡང་རྒྱུད་དེ་ཉིད་ལས་གསུངས་པའི་བདེ་མཆོག་འཁོར་ལོ་སྒྱུར་དྲུག་«༢༦»ལྷ་བདུན་བཅུ་རྩ་གཉིས། རྡོ་རྗེ་བདུད་རྩིའི་རྒྱུད་ལ་བརྟེན་ནས་རྡོ་རྗེ་ཉི་མའི་རིགས་ཀྱི་རྡོ་རྗེ་བདུད་«༢༧»རྩི་ལྷ་ཉེར་གཅིག བདུད་རྩི་ཧཱུྃ་མཛད་«༢༨»ལྷ་ཉེར་དགུ། བདུད་«༢༩»རྩི་ཁྲོ་བོ་ལྷ་ཉེར་གཅིག བདུད་རྩི་འཁྱིལ་པ་«༣༠»ལྷ་བཅུ་གསུམ། ཧེ་རུ་ཀའི་རིགས་སངས་«༣༡»རྒྱས་ཐོད་པ་ལྷ་ཉི་ཤུ་རྩ་ལྔ། སངས་«༣༢»རྒྱས་ཐོད་པ་ལྷ་དགུ། མ་ཧཱ་མཱ་ཡཱའི་རྒྱུད་ཆུང་ལ་བརྟེན་པའི་མ་ཧཱ་«༣༣»མཱ་ཡཱ་ལྷ་ལྔ། གདན་བཞིའམ་རྒྱུད་གསེར་གྱི་ཆར་པ་ནས་བཤད་པའི་རྣམ་སྣང་གི་རིགས་རྣལ་འབྱོར་ནམ་མཁའ་«༣༤»ལྷ་ལྔ་བཅུ་རྩ་བརྒྱད། དེའི་ཡུམ་བཀའ་ཡེ་ཤེས་མཁའ་«༣༥»འགྲོ་ལྷ་བཅུ་གསུམ་རྣམས་བདེ་མཆོག་གི་ཕྱོགས་སུ་གཏོགས་པའམ་རྣལ་འབྱོར་མ་རྒྱུད། སྔོན་བྱུང་དྲང་སྲོང་ཉི་མའི་ཤིང་རྟ་སོགས་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་འདུལ་པའི་དོན་དུ་གསུངས་པ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལ་བརྟེན་ནས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་«༣༦»ལྷ་དྲུག་བརྒྱ་སུམ་ཅུ་རྩ་བཞི།«་་་་་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་སྟོང་དང་བཞི་བརྒྱ། »ཕ་རྒྱུད་མ་རྒྱུད་གཉིས་སུ་ཕྱེ་ན་དགྱེས་རྡོར་ནས་འདིའི་བར་མ་རྒྱུད་དུ་བསྡུས་ཀྱང་འཐད་དོ། །དེ་ཉིད་འདུས་པའི་རྒྱུད་ལས་གསུངས་པའི་ཐབས་གཙོ་བོར་སྟོན་པ་རྡོ་རྗེ་དབྱིང«༣༧»ས་ལྷ་ལྔ་བཅུ་རྩ་གསུམ། ངན་སོང་སྦྱོང་རྒྱུད་དང་བརྟག་པ་ཕྱོགས་གཅིག་ལ་བརྟེན་པའི་གཙུག་དགུ་«༣༨»ལྷ་སུམ་ཅུ་རྩ་བདུན། སྒྱུ་དྲྭའི་རྒྱུད་དང་འཇམ་དཔལ་གྲགས་པའི་མཚན་བརྗོད་ཀྱི་འགྲེལ་པ་ལ་བརྟེན་ནས་ཤེས་རབ་གཙོ་བོར་སྟོན་པ་ཆོས་«»དབྱིངས་གསུང་«༣༩»དབང་ལྷ་ཉིས་བརྒྱ་ཉེར་གཅིག་སྟེ་རྣལ་འབྱོར་རྒྱུད།«་་་་་རྩ་བཤད་འཕྲོས་པ་ཆ་མཐུན་པ་ཡན་ལག་གི་རྒྱུད་ལྔའི་ནང་ནས་ཡན་ལག་གི་རྒྱུད་དམ་རྡོར་དབྱིངས་དང་ཆ་མཐུན་པའི་རྒྱུད་དུ་བཤད་ཅིང་དེ་བཞིན་གཤེགས་པའི་རིགས་སུ་ངོས་འཛིན་པར་སྣང་ངོ༌། »།འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལ་བརྟེན་པའི་རྡོ་རྗེའི་རིགས་གསང་བའི་བདག་«»པོ་འབྱུང་པོ་འདུལ་«༤༠»བྱེད་ལྷ་སོ་གསུམ་པ་སྤྱོད་རྒྱུད།«་་་་་རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ན་བྱ་རྒྱུད་གསུམ། ཡོ་ག་གསུམ་ཞེས་འདུག་པས་བྱ་རྒྱུད་དུ་བཞེད་པ་འདྲའོ། »།དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་«»འོད་ཟེར་ཅན་«༤༡»མ་ལྷ་ཉི་ཤུ་རྩ་ལྔ། གཟུངས་གྲྭ་ལྔ་«༤༢»ལྷ་«»བཅུ་གསུམ། འདི་ཡན་གྱིས་ཕྲེང་རྐྱང་གི་དཀྱིལ་འཁོར་ཞེ་གཉིས་ཚང༌། ཀྲི་ཡཱ་ནས་གསུངས་པའི་བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་ཞེས་པ་ནོར་རྒྱུན་མའི་རྟོག་ཆུང་ལ་བརྟེན་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་གནས་གཙང་མའི་ལྷ་ནོར་རྒྱུན་«༤༣»མ་ལྷ་«»བཅུ་དགུ། གཟའ་ཡུམ་གྱི་རྟོག་པ་ལས་གསུངས་པའི་རིགས་བྱེད་མ་ནུབ་བྱང་གི་གྲྭར་བཞུགས་པ་དཀྱིལ་འཁོར་གྱི་གཙོ་བོར་«»བྱས་པའི་གཟའ་«༤༤»ཡུམ་ལྷ་ཞེ་དྲུག་གམ་ལྔ་བཅུ། དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་ཏོར་རྣམ་«༤༥»རྒྱལ་མ་ལྷ་«»སུམ་ཅུ་རྩ་གསུམ་སྟེ། བྱ་རྒྱུད་ཀྱི་དཀྱིལ་འཁོར་ལྔ་དང་བཅས་པ་རྣམས་ཀྱི་དབང་ལེགས་པར་ཐོབ་པའི་རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཀྱི་བརྒྱུད་པ་ནི།སཾ་མྱཀྶཾ་བུདྡྷ་བཛྲ་དྷ་རཿཛྙཱ་ན་ཌཱ་ཀི་ནཱི། ཨ་ཙཱརྻ་ཨ་བྷ་ཡཱ་ཀ་ར་གུཔྟཿ། པཎྜི་ཏཱ་ནུ་པ་མ་རཀྵི་ཏ། མ་ཧཱ་པཎྜི་ཏ་བི་བཀྵ་ཏ་དེ་ཝཿ། མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲཿ།ཨལྤ་ནཔྟི་ཀ་བྷཱུ་མི་དྷཱ་ར་ཥྱ་ཤྲཱིཿ། ཏ་སྱ་པུ་ཏྲ་བི་མ་ལ་ཤྲཱི་བྷ་དྲཿ། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པ། མཁས་པ་དཔེ་མེད་བསྲུངས་པ། མཁས་པ་ཆེན་པོ་«་་་་་མཁྱེན་བརྩེ་ཐར་རྩེ་སྒྲུབ་ཁང་གསུམ་གྱི་གསན་ཡིག་ན་བི་ཀྵ་ཏ་དེ་ཝ་དང༌། ཤར་པའི་གསན་ཡིག་ན་རྣམ་གྲངས་ལྷ་ཟེར་བ་འདུག་ཅིང་སྔགས་རམས་པའི་གསན་ཡིག་ན་བིཛྫ་དེ་ཝ་སྟེ་རྣམ་བཤད་ལྷ་ཞེས་སྣང་བ་སོགས་མི་མཐུན་ཙམ་ཁ་ཡར་བྱུང་བ་སླར་ཡང་བརྟག་གོ» །རྣམ་བཤད་ལྷ། མཁས་པ་ཆེན་པོ་ཤཱཀྱ་དཔལ་བཟང་པོ། དཔོན་ཆུང་ས་གཞིའི་དཔལ། དེའི་སྲས་དྲི་མེད་དཔལ་བཟང༌། མངྑར་ལོ་ཀ ཙཀྵུ་བོ་དྷི་སིངྷཿ། སྐྱི་ཤཱསྟ་ཀཱིརྟི་དྷྭ་ཛཿ། དོལྤོ་སརྦ་ཛྙཱ་པྲཛྙཱ་དྷྭ་ཛཿ། སུ་བྷཱུ་མི་མ་ཧཱ་པཎྜི་ཏ་མ་ཏི་དྷྭ་ཛཿ། སུ་བྷཱུ་མྱཱརྻ་ཀུ་མཱ་ར་མ་ཏིཿ།བཛྲ་དྷ་རཱ་ནནྡ་བྷ་དྲཿ། བོ་དྷི་སཏྭ་མ་ཏི་རཏྣཿ། མཉྫུ་གྷོ་ཥ་བུདྡྷ་རཏྣཿ། ཛི་ན་སུ་རོཏྟ་མ་སིངྷ་ཿ། མང་མཁར་འཇིག་རྟེན། མིག་བྱང་ཆུབ་སེང་གེ སྐྱི་སྟོན་གྲགས་པ་རྒྱལ་མཚན། དོལ་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། ས་བཟང་པཎ་ཆེན་བློ་གྲོས་རྒྱལ་མཚན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན། འཇམ་དབྱངས་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེང་གེ མྲྀ་དུ་སྭ་ར་རཏྣ་ནི་རཱ་བྷོ་གཿ།«་་་་་འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ།» མོཀྵཱ་གྲ་པ་ཊུ་སིདྡྷ་ག་ག་ན་ཤྲཱི་བྷ་དྲཿ།«་་་་་ཐར་རྩེ་པ་མཁས་གྲུབ་ནམ་མཁའ་དཔལ་བཟང༌།» བྷཱུ་མི་པཎྜྲ་ཀ་མཉྫུ་གྷོ་ཥཱ་ནནྡ་པུཎྱ་ནི་རཱ་བྷོ་ག་མཾ་ག་ལ་ཀཱིརྟི་དྷྭ་ཛཿ།«་་་་་ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་བཀྲ་ཤིས་གྲགས་པ་རྒྱལ་མཚན།» ཏ་ཏོ་གུ་རུ་དྭི་ཏྲི་མཱ་ཏྲ་ཨ་ལབྡྷེ་ཎ་པུ་ནརྣིཤྩི་ཏ་ལབྡྷ་ཤྩ་བནྡྷཿ། ཏཏ་ཤྲཱི་བྷཱུ་མཱི་པཎྜ་ཀ་ཝཱ་གིནྡྲཱ་ནནྡ་མངྒ་ལཾ། མ་ཧོ་པྲ་དྷྱཱ་ཡ་མཻ་ཏྲི་ཤཱི་ལ་ཤྲཱི་བྷ་དྲཿ། མོཀྵཱ་གྲ་མ་ཧོ་པཱ་དྷྱཱ་ཡ་ག་ག་ན་སཾ་ཀལྤ་སིདྡྷཿ། མ་ཧཱ་པྲ་སཱ་ད་སརྦ་ཛྙཱ་བུདྡྷ་ཤྲཱི་བྷ་དྲཿ། དེ་ནས་བླ་མ་གཉིས་གསུམ་ཙམ་མ་རྙེད་པས་སླར་ངེས་པར་རྙེད་པ་དང་སྦྲེལ། དེ་ནས་དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བཀྲ་ཤིས། མཁན་ཆེན་བྱམས་པ་ཚུལ་ཁྲིམས་དཔལ་བཟང༌། ཐར་རྩེ་མཁན་ཆེན་ནམ་མཁའ་བསམ་འགྲུབ། དྲིན་ཆེན་ཐམས་ཅད་མཁྱེན་པ་སངས་རྒྱས་དཔལ་བཟང༌། ཏེ་ནཱཏྨ་དྭནྡེ་ཤཱི་ལ་རཏྣཾ་པྲ་ད་དཱཏ། བཱ་རཏྣ་ནི་རཱ་བྷོ་གཱ་ཏ། པཱུརྦ་གྲྀ་ཧ་པྲཛྙཱ་དྷྭ་ཛཿ། མོཀྵཱ་གྲ་པཤྩི་མ་པཱུརྦ་བཏ།ཙ་པ་ར་མ་དེ་ཝ་སིངྷཱ་ཏ། པཱུརྦ་གྲྀ་ཧ་པཤྩི་མ་ས་མཱ་ནཿ། བཱ་རཏྣ་ནི་རཱ་བྷོ་གཱཏ། སྭཱ་མི་བུདྡྷི་སིངྷཿ། མོཀྵཱ་གྲ་པཤྩི་མ་ས་མཱ་ནཿ། དེས་བདག་བཙུན་པ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་དཀོན་མཆོག་ལྷུན་གྲུབ་ནས། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་པ་མན་སྔར་བཞིན་ནོ། །ཡང་ན་ལྷ་མཆོག་སེང་གེ་ནས། ཤར་ཁང་པ་མན་འདྲ། ཡང་ན་དཀོན་མཆོག་ལྷུན་གྲུབ་ནས། རྗེས་སངས་རྒྱས་སེང་གེ ཐར་རྩེ་པ་མན་འདྲ། བི་བྷཱ་ཥ་ཨ་བྷ་ཡཱ་ཀ་རཱཏ། སུ་ཙཱ་རཱ་ཀ་ར་གུཔྟཿ། ཤུ་བྷ་ཀ་ར་གུཔྟཿ། རཏྣ་རཀྵཱི་ཏ། མ་ཏུ་ལ་ལོ་ཙཱ་སིདྡྷ་ཤྲཱིཿ། མཁས་པ་ཤཱཀྱ་བཛྲཿ། མ་དྷྱ་བུདྡྷ་ལཀྵཿ། ལོ་ཀ་ཙཀྵུ་རུཏྟ་མ་བཱཾ། སྐྱི་ཤཱསྟ་པཤྩི་མ་པཱུརྦ་བཏ།ཝཱ་ཨ་བྷ་ཡཱ་ཀ་རཱཏ། ནཱ་ཡ་ཀཿ། ཡང་ན་འཇིགས་མེད་འབྱུང་གནས་ནས། ལེགས་སྤྱོད་འབྱུང་གནས་སྦས་པ། དགེ་བྱེད་སྦས་པ། རིན་ཆེན་བསྲུང་བ། ཞང་འཇིག་རྟེན་དུ་སྒྲོག་པ་གྲུ་པ་དཔལ། ཁམས་པ་ཤཱཀྱ་རྡོ་རྗེ། དབུས་པ་སངས་རྒྱས་འབུམ། འཇིག་རྟེན་མིག་མཆོག་ལྡན། སྐྱི་སྟོན་མན་སྔ་མ་བཞིན་ནོ། ཡང་ན་འཇིགས་མེད་འབྱུང་གནས་ནས། ད་«་་་་་འདྲེན་པ་སྟོབས་བཅུའི་དཔལ། »ཤ་པ་ལ་ཤྲཱིཿ། བི་བྷཀྵ་ཏ་དེ་ཝ་པཤྩི་མོཏྟ་མ་པ་ཏ། བཱ་པཎྜི་ཏ་ཤཱཀྱ་ཤྲཱི་ཡཱཿ། གླན་གོ་དནྟཿ། གཉགས་བཛྲ་དྷ་རཿ། ཁམས་ཤཱསྟ་ལྷོ་ཚད་པ་རཏྣ་རཏྣ། ལོ་ཀ་ཙཀྵུ་ཨུཏྟ་མཱཾ་ནིཤྩ་ས་མ་ནཿ། པུ་ནཿཔཉྩ་མཎྜ་ལ་པཉྩ་«་་་་་མཁའ་འགྲོ་ལྔ་འཁོར་ལོ་སྒྱུར་དྲུག་བསྲུང་བ་ལྔ་རྣམས་སོ་སོར་ཕྱེ་བས་ཏེ་ལྔ། »ད་ཤི་ཀ་བྷེ་ད་མཱ་ལེ། ཨ་བྷ་ཡཱ་ཀ་རཿ། རྣམ་བཤད་ལྷ་མན་གོང་ལྟར་རོ། ཡང་ན་མཁས་པ་ཤཱཀྱ་དཔལ་ནས། གླན་བ་སོ་བ། གཉགས་རྡོ་རྗེ་འཛིན་པ། ཁམས་སྟོན་ལྷོ་ཚད་པ་དཀོན་མཆོག་རིན་ཆེན། འཇིག་རྟེན་མིག་མཆོག་ལྡན་པ་མན་འདྲ། ཡང་དཀྱིལ་འཁོར་ལྔ་བཅུ་རྩ་ལྔར་དབྱེ་བའི་བརྒྱུད་པ་ནི། འཇིགས་མེད་འབྱུང་གནས། ཤཱཀྱ་རཀྵི་ཏཿ། གཽ་ཏཾ་གུ་རུཿ། བི་བྷཱུ་ཏི་ཙནྡྲཿ། གོ་དེ་ཝ་ཤྲཱིཿ། ཀྵནྟི་ཤྲཱིཿ། པཎྜི་ཏ་བུདྡྷ་ཤྲཱིཿ།པཎྜི་ཏ་ནཱ་ཐཿ། སྐྱི་ཤསྟ་ནི་ཤྩ་ས་མཱ་ནཿ། བཱ་མཎྜ་ལཱཥྚ་བིཾ་ཤཏྶ་«་་་་་ཡང་ན་དཀྱིལ་འཁོར་ཉེར་བརྒྱད་དུ་བསྡུས་པའི་བརྒྱུད་པ་ནི། »མ་ཧཱ་ར་ཥྱ་«་་་་་ཀྱེ་རྡོར་ལྷ་དགུ་མ་བཞི་དང་བཅུ་བདུན་མ་བཞི་བདག་མེད་མ་གཉིས་བདེ་མཆོག་གསུམ་ཕག་མོ་གསུམ་བདུད་རྩི་བཞི་རྣམས་རེ་རེ་བསྡུས་སོ།། »མཱ་ལེ། ཤཱཀྱ་བསྲུངས་པ། གཽ་ཏཾ་བླ་མ། གྲགས་འབྱོར་ཟླ་བ། ས་ལྷའི་དཔལ། བཟོད་པ་དཔལ། མཁས་པ་སངས་རྒྱས་དཔལ། མཁས་པ་མགོན་པོ། སྐྱི་སྟོན་མན་འདྲ། པཎྜི་ཏ་ཤཱཀྱ་ཤྲཱི་ཡཿ། དཀྵི་ཎ་སརྦ་ཛྙཱཿ། དེ་ཝ་གྲྀ་ཧ་ཤུཀླ། ཡར་ཀླུངས་པ་བྷ་ག་ཝཱན་ཁངྒ་སྱ། ཨལྤཿཔྲཛྙཱ་པྲ་ཎི་དྷིཿ། གུ་རུ་བོ་དྷི་སིངྷ་ནིཤྩ་ས་མཱ་ནཿ། ག་བི་མཱ་ལ་ཤྲཱི་ཡཿ། ལོ་ཀ་ཙཀྵུ་མ་ཏི་སྠི་རཿ། བོ་དྷི་སིངྷ་ནིཤྩ་ས་མཱ་ནཿ། མཁས་པ་ཤཱཀྱ་དཔལ་ནས། ལྷོ་པ་ཐམས་ཅད་མཁྱེན་པ། ལྷ་ཁང་དཀར་རུ་བ། ཡར་ཀླུངས་པ་བཅོམ་ལྡན་རལ་གྲི། གཅུང་པོ་ཤེས་རབ་སྨོན་ལམ། བླ་མ་བྱང་ཆུབ་སེང་གེ་མན་འདྲ། ཡང་ན་དྲི་མེད་དཔལ་ནས། །འཇིག་རྟེན་གྱི་མིག་བློ་གྲོས་བརྟན་པ། བྱང་ཆུབ་སེང་གེ་མན་འདྲ། མ་ཧཱ་པཎྜི་ཏ་དརྤན་ཨཱ་ཙཱརྻ་སྱ་ནེ་མ་ཏ་ཀྲི་ཡཱ་ས་མུཙྪཱ་ནཱཾ་མཎྜལ་པཉྩ་མ་ཙ་ཏུ་རིཾ་ཤ་དཱཾ་མཱ་ལ། བཛྲ་དྷ་རཿ། ཛྙཱ་ན་ཌཱ་ཀི་ནཱི། པཎྜི་ཏ་དརྤཎ་ཨཱ་ཙཱརྻཿ།ས་མནྟ་བྷ་དྲཿ། ཛྙཱ་ན་ཛྱོ་ཏིཿ། ཤྲཱི་ཧཱ་ནུ་མནྟཿ«་་་་་ཐར་རྩེ་པའི་གསན་ཡིག་ན་དཔལ་ཡིད་ཀྱི་འགྲམ་པ་ཞེས་བསྒྱུར་སྣང༌། »ཤྲཱི་མཉྫུ་བྷ་དྲཿ། ཤྲཱི་བྷ་དྲཿ། དྷརྨ་ཛྱོ་ཏི་བྷ་དྲཿ། མཁས་པ་ཆེན་པོ་སློབ་དཔོན་འགྲོ་བའི་མེ་ལོང་ལུགས་ཀྱི་བྱ་བ་ཡང་དག་པར་བསྡུས་པའི་དཀྱིལ་འཁོར་ཞེ་ལྔའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་མཁས་པ་འགྲོ་བའི་མེ་ལོང༌། ཀུན་ཏུ་བཟང་པོ། ཡེ་ཤེས་ཀྱི་གློག དཔལ་མྱུར་བའི་མཐའམ། འཇམ་དཔལ་བཟང་པོ། དཔལ་བཟང་པོ། ཆོས་ཀྱི་ཀློག་བཟང་པོ། མ་ན་ཛཱི་ཝ་བྷ་དྲཿ། གོ་ཏཾ་ཤྲཱི་བྷ་དྲཿ། ཤྲཱི་བི་ཛ་ཡ་བྷ་དྲཿ། ཤྲཱི་མ་ད་ན་བྷ་དྲ་པཱ་དཿ། ཤྲཱི་ལཀྵྨཱི་བྷ་དྲ་པཱ་དཿ། ག་ག་ན་བྷ་དྲཿ། ཨུ་ད་ཀ་ཛཱི་ཝ་བྷ་དྲཿ། ཤྲཱི་ཧརྵ་བྷ་དྲ་པཱ་དཿ། བྷ་ག་ཝརྦྷ་དྲཿ། ཛ་ག་ཏ་ཨཱ་ནནྡ་ཛཱི་ཝ་བྷ་དྲཿ། ཡིད་འཚོ་བ་བཟང་པོ། ངག་གི་དཔལ་བཟང་པོ། དཔལ་རྣམ་རྒྱལ་བཟང་པོ། དཔལ་མྱོས་བྱེད་བཟང་པོའི་ཞབས། དཔལ་ཕུན་ཚོགས་བཟང་པོའི་ཞབས། ནམ་མཁའ་བཟང་པོ། ཆུའི་འཚོ་བ་བཟང་པོ། དཔལ་འཕྲོག་བྱེད་བཟང་པོའི་ཞབས། སྐལ་ལྡན་བཟང་པོ། སྐྱེ་དགུ་ཀུན་དགའི་འཚོ་བ་བཟང་པོ། ཏ་སྱཻ་པུ་ཏྲ་མ་ཧཱ་བོ་དྷི།«་་་་་དེའི་སྲས་བྱང་ཆུབ་ཆེན་པོ།» ས་བཟང་ཨཱརྻ་ཀུ་མཱ་ར་མ་ཏི་ནིཤྩ་ས་མཱ་ནཿ།«་་་་་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་མན་འདྲའོ།། » >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*