༈ །ཚེ་དཔག་མེད་ཀྱི་སྐོར་ལས། ལུང་ལུགས་སངས་རྒྱས་གསང་བའི་ལུགས་ཀྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། ཀུ་ཀུ་རཱ་ཛ། རྒྱལ་པོ་ཛཿ སིངྷ་རཱ་ཛ། ཨུ་པ་རཱ་ཛ། རྡོ་རྗེ་བཞད་པ། སངས་རྒྱས་གསང་བ། བི་མ་ལ་མི་ཏྲ། གཉགས་ལོ་ཙཱ་བ། སོག་པོ་དཔལ་ཡེ། གནུབས་ཆེན། ཡོན་ཏན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། ཉང་ཤེར་མཆོག ཉང་ཡེ་འབྱུང༌། ཟུར་ཆེ་ཆུང༌། ཐུགས་སྲས་ཀ་ཆེན་བཞི། གསང་བདག་སྒྲོ་ཕུག་པ། ཁ་རག་གནུབས་གཤེན། མཁས་པ་ཇོ་སད། རོག་ཤེས་རབ་འོད། རོག་བརྩོན་འགྲུས་སེང་གེ འཁྲུལ་ཞིག་དར་མ་སེང་གེ བསོད་ནམས་དཔལ། དེ་གཉིས་ཀ་ལས་དཔལ་ཆེན་པ། དྲིན་ཅན་པ། གཙུག་རྒྱན་ནོར་བུ། ཀུན་རྒྱལ་བ། ཆོས་རྒྱལ་བ། བྱང་ཆུབ་བཟང་པོ། ཀུན་རྡོར་བ་རྣམས་རོག་བརྒྱུད་དང༌། དེ་ནས་ས་དཔལ་མགོན་པ།སོ་བསོད་ནམས་རིག་འཛིན། སོ་བདུད་འདུལ། སོ་དབང་འཛིན་པ། གྲུབ་ཆེན་དམ་པ་རིན་པོ་ཆེ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །རྫོང་ཆེན་ལུགས་ཀྱི་ཚེ་དབང་ལ། ཆོས་ལོངས་སྤྲུལ་གསུམ་སོགས་གོང་གི་གཏོར་དབང་གནད་ཀྱི་ཤོག་གཅིག་མའི་བརྒྱུད་པ་དང་འདྲའོ། །བྱང་གཏེར་ཚེ་སྒྲུབ་ལྕགས་སྡོང་མ་ལ། ཚེ་དཔག་མེད། ལྷ་མོ་ཙཎྜ་ལཱི། ཨཽ་ཌྱཱན་ཡབ་ཡུམ། གཏེར་སྟོན་རྒོད་ལྡེམ། སངས་རྒྱས་བྱམས་བཟང༌། སེ་སྟོན་རིན་རྒྱལ། སྤྱན་འཚབ་པ།བྱམས་པ་ཆོས་ཀྱི་རྒྱལ་མཚན། བློ་གྲོས་རྒྱལ་མཚན། བྱམས་པ་བཟང་པོ། ཀུན་བཟང་ཉི་མ། ནམ་མཁའ་འབྲུག་སྒྲ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །ཡང་ན་བྱམས་པ་ཆོས་རྒྱན་ནས། བྱང་བདག་ཡབ་སྲས། ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་བླ་མ། རིག་འཛིན་པདྨ་ཕྲིན་ལས། དེ་གཉིས་ཀ་ལས་རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན།པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །པདྨ་གླིང་པའི་རྡོར་ཕྲེང་ལ། སྣང་བ་མཐའ་ཡས། ཚེ་དཔག་མེད། ཨཽ་ཌྱཱན་ཡབ་ཡུམ། གཏེར་སྟོན་པདྨ་གླིང་པ། དེའི་སྲས་ཟླ་བ། ཆོས་རྗེ་རྣམ་གཉིས། གསུམ་ཀ་ལས་བསྟན་འཛིན་གྲགས་པ། དེས་མདོ་སྔགས་བསྟན་འཛིན་དང༌། པདྨ་ཕྲིན་ལས། སྔ་མས་ཕྲིན་ལས་ལྷུན་གྲུབ། ཕྱི་མས་གསུང་སྤྲུལ་ཚུལ་རྡོར། རིག་འཛིན་ཕྲིན་ལས་ལྷུན་གྲུབ། དེ་གཉིས་ཀ་ལས་རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །གྲུབ་ཐོབ་ལུགས་ཀྱི་ཚེ་དབང་ལ། སྣང་བ་མཐའ་ཡས། ཚེ་དཔག་མེད། དཔལ་རྟ་མགྲིན། ཨཽ་ཌྱཱན་ཆེན་པོ། ཐང་སྟོང་རྒྱལ་པོ། རྡོ་རིངས་ཀུན་སྤངས་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག བསྟན་འཛིན་ཉི་ཟླ་བཟང་པོ། དབང་ཕྱུག་རབ་བརྟན་ཁུ་དབོན། ཀུན་མཁྱེན་བླ་མ། རིག་འཛིན་པདྨ་ཕྲིན་ལས། གཉིས་ཀ་ལས་རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །ཡང་ན་དབོན་མཆོག་ལྡན་ནས། རྗེ་བླ་མ་རིག་འཛིན་པདྨ་ཕྲིན་ལས་མན་འདྲའོ།། ༈།སྤྱན་རས་གཟིགས་ཀྱི་སྐོར་ལས། འགྲོ་འདུལ་ཕྱག་བཞི་པའི་དབང་དང༌། ནམ་མཁའ་རྒྱལ་པོའི་སྒོམ་ལུང་ལ། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། སྲོང་བཙན་སྒམ་པོ། ཨཽ་ཌྱཱན་ཆེན་པོ། གྲུབ་ཐོབ་དངོས་གྲུབ། མངའ་བདག་ཉང༌། ལ་སྟོད་པ་མི་བསྐྱོད་རྡོ་རྗེ། ཤཱཀྱ་བཟང་པོ། ལྷ་རྗེ་དགེ་འབུམ། ལྕམ་ཡེ་ཤེས་མཆོགཆུ་སྒོམ་པ། མཐའ་བཞི་བྱ་བྲལ། ཚུལ་ཆེན་བསོད་ནམས་སེང་གེ བཀྲ་ཤིས་རྒྱལ་མཚན། ཆུ་རགས་པ་བློ་རྒྱམ། འཕགས་མཆོག་ནོར་བཟང༌། བཟང་པོ་རྒྱལ་མཚན། དཔལ་ལྡན་སངས་རྒྱས། ངག་དབང་གྲགས་པ། བྱང་སེམས་ཤེས་རབ་དཔལ། རྗེ་ཀུན་དགའ་གྲོལ་མཆོག སྣ་ཚོགས་རང་གྲོལ། དེ་གཉིས་ཀ་ལས་བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །ཡང་ན་འཕགས་མཆོག་ནོར་བཟང་པ་ནས། མཁས་གྲུབ་ཆོས་རྗེ། སེང་གེ་རྒྱལ་མཚན། དཀོན་མཆོག་སྐྱབས། མངའ་རིས་པཎ་ཆེན། གཙང་པ་ངག་དབང༌། གར་གྱི་དབང་པོ། ངག་གི་དབང་ཕྱུག གཞན་ཕན་རྡོ་རྗེ། ཚུལ་ཁྲིམས་རྒྱལ་མཚན། ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །རྒྱལ་བ་རྒྱ་མཚོ་ལ། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་འབྱུང་གནས། གྲུབ་པའི་རྒྱལ་མོ། ཏི་ཕུ་པ། ཟངས་རི་རས་པ། རྗེ་དབུ་སེ། རས་ཆེན་པ། སྤོམ་བྲག་པ། ཀརྨ་པཀྴི།ཨཽ་ཌྱཱན་ཆེན་པོ། རང་བྱུང་རྡོ་རྗེ། ཤེ་གྲགས་སེང༌། དར་རྒྱལ་བ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། ཆོས་དཔལ་ཡེ་ཤེས། དཔལ་འབྱོར་དོན་གྲུབ།ཆོས་གྲགས་རྒྱ་མཚོ། བཀྲ་ཤིས་དཔལ་འབྱོར། མི་བསྐྱོད་རྡོ་རྗེ། དཀོན་མཆོག་འབངས། དབང་ཕྱུག་རྡོ་རྗེ། གཙུག་ལག་རྒྱ་མཚོ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན།དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །འཇམ་དཔལ་གཤིན་རྗེའི་གཤེད་ཚེ་བདག་རྣོན་པོ་ནད་གཅོད་ལ། གཤིན་རྗེའི་གཤེད། རྡོ་རྗེ་རྣོན་པོ།འཇམ་དཔལ་བཤེས་གཉེན། ཤཱནྟིཾ་གརྦྷ། ཡེ་ཤེས་སྙིང་པོ། ཁ་གརྦྷ། ཁྲག་འཐུང་ནག་པོ། གཙུག་ལག་དཔལ་དགེ ཨཽ་ཌྱཱན་ཆེན་པོ་པདྨཱ་ཀ་ར། བ་སུ་དྷཱ་ར།གནུབས་ཆེན། རྒྱ་ཞང་ཁྲོམ། གནུབས་ཆུང༌། མཚུར་སྟོན་རིན་རྡོར། སྐུ་ཞང་དཔལ་ལྡན། ཚུལ་ཁྲིམས་རིན་ཆེན། བྱང་ཆུབ་མགོན། ནམ་མཁའི་མཚན་ཅན།རིག་འཛིན་ཚུལ་ཁྲིམས། རྒྱ་སྟོན་དབོན་པོ། འབྲི་ཁུང་པ་རཏྣ། ཆོས་རྒྱལ་ཕུན་ཚོགས། བཀྲ་ཤིས་ཕུན་ཚོགས། ཆོས་ཀྱི་གྲགས་པ། དཀོན་མཆོག་ལྷུན་གྲུབ།རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ཆོས་རྒྱལ་ཕུན་ཚོགས་ནས། རིན་ཆེན་དར་རྒྱས། རྗེ་བླ་མ་རིག་འཛིན་པདྨ་ཕྲིན་ལས་མན་འདྲའོ།། ༈ །རྟ་མགྲིན་གྱི་སྐོར་ལས། ཡང་གསང་གི་གཏོར་དབང་ལ། སྣང་བ་མཐའ་ཡས། དཔལ་རྟ་མགྲིན། ཨཽ་ཌྱཱན་ཆེན་པོ། ལོ་ཆེན་བཻ་རོ་ཙ་ན། ཁྲི་སྲོང་ལྡེའུ་བཙན།གཏེར་སྟོན་རྣམ་གསུམ། ཞང་གཟི་བརྗིད། བླ་མ་རྒྱ། འདར་ཕྱར། བོ་སྟོང་རིན་ཆེན། ཉན་ཆེན་པ། ཆོས་རྒྱལ་དཔལ་བཟང༌། དཔལ་ལྡན་སེང་གེ རིན་ཆེན་བཀྲ་ཤིས། ཡོན་ཏན་མགོན་པོ། རྭ་བན་ཆོས་དཔལ། མུས་སྲད་པ། རྣམ་རྒྱལ་བཟང་པོ། དཀོན་མཆོག་བཟང་པོ། ཚར་ཆེན། མཁྱེན་བརྩེ། བསོད་ནམས་ཆོས་འཕེལ། དབང་རབ་ཁུ་དབོན། ཟུར་ཆེན། རྗེ་ཐམས་ཅད་མཁྱེན་པ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ།འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །ཤངས་ལུགས་སུ་གྲགས་པ་རྟ་མགྲིན་གསང་སྒྲུབ་ལ། སྣང་བ་མཐའ་ཡས། པདྨ་དབང་ཆེན། ཨཽ་ཌྱཱན་ཆེན་པོ། སངས་རྒྱས་དབང་ཆེན། སྐྱེར་ཁང་པ། གཉན་སྟོན། ཆོས་རྗེ་སྟོན་པ། ཤངས་སྟོན། རྒྱལ་མཚན་འབུམ། ཁྱུང་པོ་ཚུལ་མགོན། རི་ཁྲོད་རས་ཆེན། སངས་རྒྱས་རྡོ་རྗེ། ཐར་པ་དཔལ་བཟང༌། སངས་རྒྱས་རྣམ་རྒྱལ། ཚར་ཆེན། མཁྱེན་བརྩེ།དབང་རབ། བསོད་ནམས་མཆོག་ལྡན། ཆོས་དབྱིངས་རང་གྲོལ། རྗེ་ཐམས་ཅད་མཁྱེན་པ། རིག་འཛིན་པདྨ་ཕྲིན་ལས་མན་འདྲའོ། །ཉང་གཏེར་རྟ་ནག་ལ།སྣང་བ་མཐའ་ཡས། རྟ་མཆོག ཨཽ་ཌྱཱན་ཡབ་ཡུམ། ཁྲི་སྲོང་ལྡེའུ་བཙན། ཉང་རལ། ཉང་ཞིག རྒྱལ་སྲས་སྣེའུ། ཉི་མ་འོད་ཟེར། སྦྱིན་པ་སེང་གེ ཡེ་ཤེས་སྙིང་པོ།བཀྲ་ཤིས་རྒྱལ་མཚན། དགེ་འདུན་རྒྱལ་མཚན། བསམ་གཏན་དཔལ། ཉི་མ་རྡོ་རྗེ། ཕྲིན་ལས་དོན་གྲུབ། རི་པ་བརྩོན་རྒྱལ། ངག་དབང་བསྟན་པ། འཁོན་བསོད་ནམས་བསྟན་འཛིན། རིག་འཛིན་པདྨ་ཕྲིན་ལས་མན་འདྲའོ། །ཆོས་དབང་རྟ་ནག་ལ། སྣང་བ་མཐའ་ཡས། རྟ་མགྲིན་ནག་པོ། ཨཽ་ཌྱཱན་ཡབ་ཡུམ། ཁྲི་སྲོང་ལྡེའུ་བཙན། ཆོས་དབང༌། ཡར་ཀླུངས་སྤྲུལ་སྐུ་མཆེད། སྨན་ལུང་པ་ཤཱཀ་འབུམ་དང༌། ཤཱཀ་གཞོན། དེ་གཉིས་ཀྱིས་ཆོས་ཀྱི་འོད་ཟེར། རྒྱ་རྭ་བ་སངས་རྒྱས་ཡེ་ཤེས། རིན་ཆེན་བཟང་པོ། རིན་ཆེན་དབང་ཕྱུག ནམ་མཁའ་དཔལ། གྲགས་པ་རྒྱལ་མཚན། མཚོ་སྐྱེས་རྡོ་རྗེ། ཀརྨ་གུ་རུ། ཆོས་དབང་བསམ་གྲུབ།ཆོས་དབང་ཀུན་བཟང༌། རིག་འཛིན་ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །ཕྱག་རྡོར་གྱི་སྐོར་ལས། བྱང་ཆུབ་གླིང་པའི་གཏུམ་པོ་ལ། རྡོ་རྗེ་འཆང༌། གསང་བའི་བདག་པོ། ཨཽ་ཌྱཱན་ཆེན་པོ། ནམ་མཁའི་སྙིང་པོ། གཏེར་སྟོན་དཔལ་རྒྱལ་མཚན། རྒྱལ་མཚན་བཤེས་གཉེན། བསོད་ནམས་རྒྱལ་མཚན། ཆོས་ཉིད་ཤེས་རབ། ནམ་མཁའ་གྲགས་པ། བདེ་ལེགས་རྒྱལ་མཚན། སེ་རིན་རྒྱལ། མགོན་པོ་ཟླ་བ། བྱམས་པ་ཆོས་ཀྱི་རྒྱལ་མཚན།བྱང་བདག་ཡབ་སྲས། གཅེན་བསྟན་འཛིན་ནོར་བུ། གཅུང་ཕྱག་རྡོར་ནོར་བུ། ཟུར་ཆོས་དབྱིངས་རང་གྲོལ། རྗེ་ཐམས་ཅད་མཁྱེན་པ། རིག་འཛིན་པདྨ་ཕྲིན་ལས་མན་འདྲའོ། །གྲྭ་པའི་ཕྱག་རྡོར་ཁང་བརྩེགས་ལ། གསང་བའི་བདག་པོ། སློབ་དཔོན་པདྨ། གྲྭ་པ་མངོན་ཤེས། བུ་རྭ་བ་བསོད་རིན། ཉེ་གནས་ག་དྲན།སྒོམ་ཆེན་སྨོན་ལམ་འབར། གུང་ཆུང་སྟོན་པ། ཤ་མི་སྒོམ་ཆེན། དོལ་པ་བཛྲ་པཱ་ཎི། རྒྱ་བྱང་སེམས། བྲག་དཀར་སྨན་བླ། དཀོན་མཆོག་གཞོན་ནུ། མང་མཁར་ཚུལ་གཞོན། ཆོས་དཔལ་བཟང་པོ། སྲས་སངས་རྒྱས་རིན་ཆེན། འགོས་ལོ་གཞོན་ནུ། ཆག་ལོ་རིན་ཆེན་ཆོས་རྒྱལ། ཁྲ་རི་བ་རིན་རྒྱལ། རྗེ་གྲོལ་མཆོག སངས་རྒྱས་ཡེ་ཤེས། བྱམས་པ་ལྷུན་གྲུབ། རྗེ་བཙུན་ཀུན་སྙིང༌། མཁན་ཆེན་བསོད་ནམས་མཆོག་གྲུབ། རིག་འཛིན་པདྨ་ཕྲིན་ལས་མན་འདྲའོ། །ལས་འབྲེལ་རྩལ་གྱི་དྲེགས་འདུལ་ལ། ཀུན་ཏུ་བཟང་པོ། ཕྱག་ན་རྡོ་རྗེ། ཨཽ་ཌྱཱན་ཡབ་ཡུམ། ལས་འབྲེལ་རྩལ། ལེགས་ལྡན་པ། སྲས་ལེགས་ལྡན་རྩལ། ཡོན་ཏན་མགོན་པོ། རྡོ་རྗེ་གདན་པ། ཆོས་སྐུ་འོད་ཟེར། ཡེ་ཤེས་ཀུན་དགའ། པདྨ་འོད་ཟེར། ག་ག་ཤྲཱི། རྩེ་ལེ་རིག་འཛིན། ཀརྨ་གུ་རུ། མངའ་བདག་བཀྲ་ཤིས་ལྷུན་གྲུབ། བསྟན་འཛིན་འགྱུར་མེད། མདོ་སྔགས་བསྟན་འཛིན་ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །རྡོ་རྗེ་གླིང་གཏེར་བརྒྱུད་ལྟར་ན། གཏེར་སྟོན་ཉང་ཆེན་པོ་ནས། ཐུགས་སྲས་པ། ཆོས་ཉིད་རང་གྲོལ། རས་ཆེན་པ། བསོད་ནམས་མཚན་ཅན། འཁྲུལ་ཞིག་པ། འཛམ་གླིང་གྲགས་པ།པདྨ་གྲགས་པ། ལུང་རིགས་རྒྱ་མཚོ། བསྟན་འཕེལ་རྒྱ་མཚོ། གཞན་ཕན་རྣམ་རོལ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །པདྨ་གླིང་པའི་གཏེར་བརྒྱུད་ལྟར་ན། གཏེར་སྟོན་ཆེན་པོ་ནས། གྲུབ་པ་ཀུན་འདུས། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་དབང་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །ཕག་མོའི་སྐོར་ལས། ཉང་གཏེར་ཞལ་གཉིས་མ། དོན་གྲུབ་མ། དབུ་བཅད་མ་གསུམ་ལ། རྡོ་རྗེ་ཕག་མོ། དགའ་རབ་རྡོ་རྗེ། ཨཽ་ཌྱཱན་ཡབ་ཡུམ། ཁྲི་སྲོང་ལྡེའུ་བཙན། མངའ་བདག་ཉང་རལ། ནམ་མཁའ་དཔལ། གླན་བང་སོ་བ། གཉོས་བསོད་གྲགས། གཉོས་སྟོན་དཔལ། སངས་རྒྱས་འབར། ཉི་མའི་སྙིང་པོ། འོད་གསལ་རྒྱལ་མཚན། ཆོས་ཉིད་ཤེས་རབ། བསོད་ནམས་མཚན་ཅན། ཡོན་ཏན་སེང་གེ ཤེས་རབ་རྣམ་རྒྱལ། ཨ་སེང་རྒྱལ་མཚན། ཀུན་བཟང་རྣམ་རྒྱལ། ཤཱཀྱ་བཟང་པོ། མངའ་རིས་པཎ་ཆེན། ཉང་ཀུན་དགའ་ལྷུན་གྲུབ། ཀརྨ་གུ་རུ། ཉང་བསྟན་འཛིན་ཆོས་རྒྱལ། ཉང་བསྟན་འཛིན་ཆོས་དབང༌།རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །ཁྲོས་ནག་ལ། རྗེས་མ་ཁྲོས་ནག ཨཽ་ཌྱཱན་ཡབ་ཡུམ། ཉང་ཡབ་སྲས། ལྷ་རི་སངས་རྒྱས་རས་པ། གྲུབ་ཐོབ་མེ་ལོང་རྡོ་རྗེ། ཤེས་རབ་དབང་ཕྱུག བློ་གྲོས་སེང་གེ ཡོན་ཏན་རྡོ་རྗེ། རིན་ཆེན་དངོས་གྲུབ། མངའ་རིས་པཎ་ཆེན། ཀུན་དགའ་ལྷུན་གྲུབ། ཀུན་བཟང་དཔལ་འབྱོར། ཆོས་དབང་ལྷུན་གྲུབ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །ཤེས་རབ་ཀྱི་ལྷའི་སྐོར་ལས། མ་ཏི་ལུགས་ཀྱི་འཇམ་དཀར་ལ། འཇམ་དཔལ། ཛཻ་ཏཱ་རི། པཎྜི་ཏ་མ་ཏི། ནོར་བུ་གླིང་པ། འབྱུང་གནས་སྦས་པ། ཁ་ཆེ་པཎ་ཆེན། བྱང་ཆུབ་དཔལ། བདེ་བ་དཔལ།གྲགས་པ་གཞོན་ནུ། བསོད་ནམས་གྲགས། འཁོན་བསོད་ནམས་རྒྱལ། ལོ་ཆེན་སྐྱབས་མཆོག་དཔལ། ནམ་མཁའ་འོད་ཟེར། གྲགས་པ་འཕེལ། ལོ་ཆེན་ཤེས་རིན། གནས་བརྟན་འོད་འཕྲོ་བ། ཤེས་རིན་སྐུ་སྐྱེ། རྗེ་ཚར་ཆེན་པ། མཁྱེན་བརྩེ་ཁུ་དབོན། བསོད་ནམས་མཆོག་གྲུབ། རྗེ་ཐམས་ཅད་མཁྱེན་པ། རིག་འཛིན་པདྨ་ཕྲིན་ལས་མན་འདྲའོ། །ཡང་ན་མཁན་ཆེན་བདེ་བ་དཔལ་ནས། སངས་རྒྱས་གཞོན་ནུ་པ། བསོད་ནམས་ཤེས་རབ། ཤེས་རབ་མགོན་པོ། ཤར་ཆེན། ངོར་ཆེན། མུས་ཆེན། བྱམས་རམས་པ། ནོར་བུ་ཕུན་ཚོགས། ཤངས་སྟོན་པ། ཤེས་རབ་འོད་ཟེར། ཐར་པ་རྒྱལ་མཚན། མདོ་སྔགས་བསྟན་འཛིན།ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །དམ་པའི་འཇམ་དཔལ་སྨྲ་སེང་ལ། སངས་རྒྱས། ཉི་མའི་ཤིང་རྟ། རིག་བྱེད་གཞོན་ནུ།དབྱངས་ཅན་བཟང་པོ། དམ་པ་སངས་རྒྱས། དརྤན་ཨཱ་ཙཱརྻ། འཆིམས་ནམ་མཁའ་གྲགས། གཞོན་ནུ་བྱང་ཆུབ། ཉང་སྟོད་པ་ཚུལ་ཁྲིམས། དོན་གྲུབ་རིན་ཆེན། དེ་བ་རཱ་ཛ། སློབ་དཔོན་གཉན། ཚུལ་ཁྲིམས་དགའ། བཀྲ་ཤིས་དཔལ། བླ་བྲང་པ་བཟང་པོ་དཔལ། ཉི་མ་རྒྱལ་མཚན། རོང་སྟོན། དྭགས་པོ་བཀྲ་ཤིས་རྣམ་རྒྱལ། བསོད་ནམས་ལྷ་དབང༌། ཀུན་དགའ་བཀྲ་ཤིས། དྭགས་པོ་ཕྱོགས་ལས་རྣམ་རྒྱལ། བསོད་ནམས་དགེ་ལེགས། རྩེ་ལེ་རིག་འཛིན། ཨཽ་ཌྱཱན་བསྟན་འཛིན། ཀརྨ་གུ་རུ། ནམ་མཁའ་ཆོས་དབང༌། བློ་མཆོག་རྡོ་རྗེ། བསོད་ནམས་མཆོག་ལྡན། རྗེ་ཐམས་ཅད་མཁྱེན་པ། ཕ་བོང་ཁ་པ་ངག་དབང་བསྟན་འཛིན།རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །དབྱངས་ཅན་མ་ལ། ལྷ་མོ་དབྱངས་ཅན། བྲམ་ཟེ་ཕུར་བུ། གཏུམ་པོའི་སྡེ། མཆོད་སྡོང་སེང་གེ ཉི་མ་སེང་གེདཔེ་མེད་འཚོ། རྒྱ་མཚོ་ཆེན་པོ། སུམ་པ་ལོ་ཙཱ་བ། གཟད་པ་རིན་རྒྱལ་བ། བོ་དོང་རིན་རྩེ། ཐང་ཆེན་བློ་གྲོས་དཔལ། ཆོས་དཔལ་རྒྱལ་མཚན། ཀུན་མཁྱེན་ཆེན་པོ། མཁས་གྲུབ་ཆོས་རྗེ། སངས་རྒྱས་དབོན་པོ། ཀུན་སྤངས་སེམས་དཔའ་ཆེན་པོ། སངས་རྒྱས་ཡེ་ཤེས། སངས་རྒྱས་རྒྱལ་མཚན། རྫ་ཡིག་པ་ཚུལ་རྒྱལ། རྩེ་ལེ་རིག་འཛིན་པ། སྲས་ཨཽ་ཌྱཱན་བསྟན་འཛིན། པདྨ་དབང་ཆེན། རིན་ཆེན་དར་རྒྱས། རིག་འཛིན་ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །ཕྲིན་ལས་ཀྱི་ལྷའི་སྐོར་ལས། རྣམ་འཇོམས་མཐིང་ག་སངས་རྒྱས་གསང་བའི་ལུགས་ལ། སྟོན་པ་སངས་རྒྱས། ཕྱག་རྡོར། རྒྱལ་བའི་སྡེ། གཞོན་ནུའི་སྡེ། སངས་རྒྱས་གསང་བ། ཀུ་ས་ལི་ཆེ་ཆུང༌། ཇོ་བོ་ཨ་ཏི་ཤ། རོང་པ་འགར་དགེ འཛད་རྐྱང་ཕུ་བ། མལ་ལོ་ཙཱ་བ། ས་སྐྱ་པ་གོང་མ་ལྔ། བླ་མ་བསོད་དབང༌། བྱང་གཞོན་པ། ཤར་ཆེན། ངོར་ཆེན། མུས་ཆེན། དཀོན་མཆོག་བློ་གྲོས། ཀརྨ་ཕྲིན་ལས་པ། ཆོས་གྲུབ་གྲགས་པ། དཀོན་མཆོག་འབངས།དབང་ཕྱུག་རྡོ་རྗེ། གཙུག་ལག་རྒྱ་མཚོ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ།འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །རྣམ་འཇོམས་བ་རི་ལུགས་ལ།སངས་རྒྱས། ཕྱག་ན་རྡོ་རྗེ། ཛཻ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ། བླ་མ་བསོད་ནམས་དབང་ཕྱུག རིན་ཆེན་དཔལ། བྱང་གཞོན་པ། བྱང་ཆུབ་སེང་གེ ཤར་ཆེན། ངོར་ཆེན། དཔལ་རྡོར་བ། བྱ་འགྱུར་བ་བསོད་སེང༌། སྒོ་རུམ་ཀུན་ལེགས། མཁྱེན་བརྩེ་ཁུ་དབོན། བསོད་ནམས་མཆོག་ལྡན། བསོད་ནམས་མཆོག་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །ཆོས་དབང་དྲང་སྲོང་ལོཀྟྲི་ལ། དྲང་སྲོང་དྲི་མེད། དྷརྨ་ཨ་ཤྭ་ཀ བྲམ་ཟེ་ལེགས་གྲུབ། པྲ་ཧསྟི། ཨཽ་ཌྱཱན་ཆེན་པོ། མངའ་བདག་ཡབ་སྲས། གཏེར་སྟོན་ཆོས་དབང༌། པདྨ་དབང་ཆེན། ཡར་སྟོན་སངས་རྒྱས། གཉན་སྟོན་བཀྲས་སེང༌། ཆོས་ཉིད་རང་གྲོལ། སངས་རྒྱས་ལྷུན་དབང༌། ཀུན་དགའ་བཀྲ་ཤིས།རྒྱལ་སྲས་ཆོས་རྗེ། ཆོས་འཕགས་བཟང་པོ། ཤཱཀྱ་དཔལ་བཟང༌། འཇམ་དབྱངས་རྒྱལ་མཚན། མཁའ་དབྱིངས་རྡོ་རྗེ། རིན་ཆེན་ཕུན་ཚོགས། ཆོས་རྒྱལ་ཕུན་ཚོགས། བཀྲ་ཤིས་ཕུན་ཚོགས། གཉིས་ཀས་ཆོས་ཀྱི་གྲགས་པ། དཀོན་མཆོག་ལྷུན་གྲུབ་མན་འདྲའོ། །ཡང་ན་བཀྲ་ཤིས་ཕུན་ཚོགས་ནས། ཆོས་དབྱིངས་རང་གྲོལ། རིག་འཛིན་ཕྲིན་ལས་ལྷུན་གྲུབ་མན་འདྲའོ། །ཡང་ན་གཏེར་སྟོན་ནས། ཀ་ཐོག་པ་རྒྱལ་བཟང༌། སངས་རྒྱས་ཡེ་ཤེས། མདོ་སྡེ་རྒྱ་མཚོ། དགེ་འདུན་རྒྱ་མཚོ། མཁའ་དབྱིངས་རྡོ་རྗེ་མན་འདྲ། ཡང་ན་དགེ་འདུན་རྒྱ་མཚོ་ནས། རབ་འབྱམས་ཆོས་རྗེ་ཡབ་སྲས། རྩེ་ལེ་རིག་འཛིན། ཨཽ་ཌྱཱན་བསྟན་འཛིན། ཀརྨ་གུ་རུ། ཆོས་དབང་བསྟན་འཛིན། ཆོས་དབང་ཀུན་བཟང༌། ཕྲིན་ལས་ལྷུན་གྲུབ་མན་འདྲའོ།། ༈ །རིན་ཆེན་གླིང་པའི་འཇམ་དཔལ་ནཱ་ག་རཀྴ་ལ། འཇམ་དཔལ། ཕྱག་ན་རྡོ་རྗེ། ཨཽ་ཌྱཱན་ཆེན་པོ། མངའ་བདག་ཁྲི་སྲོང༌། གཏེར་སྟོན་རིན་ཆེན་གླིང་པ། ནམ་མཁའ་འོད་ཟེར། ཆོས་དབྱིངས་པ། བླ་མ་དཔལ་བཟང༌།ནམ་མཁའ་ལེགས་པ། སློབ་དཔོན་ཕུན་ཚོགས། རྡོ་རྗེ་རིན་ཆེན། ཡོན་ཏན་རྡོ་རྗེ། གཡུང་དྲུང་རྒྱལ་མཚན། བསོད་ནམས་བློ་གྲོས། རྩེ་ལེ་རིག་འཛིན། ཀརྨ་གུ་རུ། ཆོས་དབང་བསམ་གྲུབ། ཆོས་དབང་ཀུན་བཟང༌། རིག་འཛིན་ཕྲིན་ལས་ལྷུན་གྲུབ་མན་འདྲའོ། །ཡང་ན་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ནས། ཀརྨ་གསང་སྔགས་དང༌། བློ་མཆོག་རྡོ་རྗེ་བརྒྱུད་དེ། རྗེ་ཐམས་ཅད་མཁྱེན་པ་མན་འདྲའོ།། ༈ །བསྟན་སྲུང་མགོན་པོའི་སྐོར་ལས། ལེགས་ལྡན་ཚོགས་ཀྱི་བདག་པོའི་བརྒྱུད་པ་ནི། ཀུན་བཟང༌། རིགས་ལྔ། ཕྱག་རྡོར། རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། དྷརྨ་བོ་དྷི། བལ་པོ་ནོར་འཛིན། གནུབས་ཆེན་སངས་རྒྱས་ཡེ་ཤེས། ཡོན་ཏན་རྒྱ་མཚོ། ཉང་ཤེར་མཆོག ཉང་ཡེ་འབྱུང༌། ཟུར་ཆེན་ཤཱཀ་འབྱུང༌། ཟུར་ཆུང་ཤེར་གྲགས། གླན་ཤཱཀ་བཟང༌། འདར་ནག་བསོད་གྲགས། འདར་ནག་ཀུན་དགའ། ཇོ་བཙུན་ཤེས་འབར། ཧོར་ནག་དཔང་སྒྲོན། ཆོས་སྐྱོང་འོད། འདར་ཤཱཀྱ་བྱང་ཆུབ། འདར་ཀུན་དགའ་འོད། བར་སྟོན་བློ་རྒྱལ། སྣར་སྟོན་ཤཱཀྱ་དཔལ། སྣར་སྟོན་བུདྡྷ་དྷྭ་ཛ། ཤཱཀྱ་རམ་པ། རྡོར་རྒྱལ་བཟང་པོ། དཔང་ཆོས་ཀྱི་རྒྱལ་མཚན། བསོད་ནམས་རྒྱལ་མཚན།གཉིས་ཀས་དཔང་བདེ་ལེགས་རྒྱལ་མཚན། སེ་སྟོན་རིན་རྒྱལ། འདར་ནག་ཀུན་བཟང་རིན་ཆེན། གཞོན་ནུ་སྟོབས་ལྡན། བྱམས་པ་རིན་ཆེན་རྡོ་རྗེ། སྐྱི་སྟོན་ཚེ་རིང་དབང་པོ། ཟུར་ངག་དབང་ཕུན་ཚོགས། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །ཡང་དབང་ཁ་འདི་ཁོ་ནའི་བརྒྱུད་པ་ལྟར་ན། བ་སུ་དྷཱ་ར་ནས། གྲུབ་ཐོབ་རིན་ཆེན་སྐྱེ། རྨད་བུ་ཆོས་སེང༌། བྱེ་བུ་ལོག་སེ། ཤུད་བུ་རྡོར་སེང༌། ཞང་སྟོན་བཀྲ་ཤིས། ཟུར་ཆེ་ཆུང༌། གླན་ཇོ་གཟུངས། ཟུར་ཧེ་རུ། གཡུ་སྟོན་སངས་རྒྱས། གཡུ་སྟོན་ཆོས་མགོན། ལྕེ་གྲུབ་པ་འབུམ། ཟུར་བདེ་བྱེད་མགོན་པོ། འབྲོ་འཇམ་དབྱངས་བསམ་རྡོར། ཟུར་ཧཾ་ཤཱཀ་འབྱུང༌། ལང་འགྲོ་ཚེ་དབང་རྒྱལ་པོ། རྒྱལ་སྲས་ཆོས་རྗེ། ལེགས་པ་དཔལ་བཟང༌། གནུབས་རཏྣ་ཤྲཱི། ཟུར་རྒྱལ་བའི་སྲས་པོ། ཟུར་གསང་བདག་ནོར་བུ། ཟུར་བསྟན་འཛིན་རྡོ་རྗེ།ཟུར་ཤཱཀྱ་ཤེས་རབ་མན་འདྲ། ཡང་རྗེས་གནང་གཏོར་དབང་ལྟར་ན། ལྕེ་གྲུབ་འབུམ་ནས། བླ་མ་ཤཱཀྱ་སེང་གེ སྲས་སེང་གེ་དཔལ། རྡོར་གླིང་པ་བྱང་ཆུབ་རིན་ཆེན། བསོད་ནམས་བློ་རྒྱལ། ཆོས་ཀྱི་རྒྱལ་མཚན། དབང་བདེ་ལེགས་རྒྱལ་མཚན། སེ་རིན་རྒྱལ། སྤྱན་འཚབ་པ། ནུབ་དགོན་པ་བྱམས་པ་ཆོས་རྒྱན།བློ་གྲོས་རྒྱལ་མཚན། བྱམས་པ་བཟང་པོ། ཤཱཀྱ་རྒྱལ་མཚན། རིན་ཆེན་ཆོས་འཕེལ། རིག་འཛིན་པདྨ་ཕྲིན་ལས་མན་འདྲ། ཉང་གཏེར་ཕྱག་བཞི་པ་ལ། ཆེ་མཆོག་ཧེ་རུ་ཀ ཡེ་ཤེས་མགོན་པོ། ཨཽ་ཌྱཱན་ཡབ་ཡུམ། ཁྲི་སྲོང་ལྡེའུ་བཙན། ཉང་ཡབ་སྲས། ལྷ་རི་སངས་རྒྱས་རས་པ། མེ་ལོང་རྡོ་རྗེ། བསོད་ནམས་བློ་གྲོས། སྒོམ་སྡེ་བྱ་བྲལ། མངྒ་ལ་སིདྡྷི། བསོད་ནམས་རིན་ཆེན། ཀུན་དགའ་ཚུལ་ཁྲིམས། བཀྲ་ཤིས་དབང་ཕྱུག བསོད་ནམས་བཟང་པོ། འོད་གསལ་ཀློང་ཡངས། ཤཱཀྱ་དཔལ་བཟང༌། ཉི་ཟླ་གྲགས་པ། ནམ་མཁའ་དཔལ་ལྡན། འབྲུག་སྒྲ་བཟང་པོ། རིག་འཛིན་ཕྲིན་ལས་ལྷུན་གྲུབ་མན་འདྲའོ། །ཡང༌། དབང་བཀའ་དེ་ཉིད་དང༌། མགོན་དཀར་ཚེ་དབང་གི་བརྒྱུད་པ་ལྟར་ན། མེ་ལོང་རྡོ་རྗེ་ནས། ཀུ་མཱ་རཱ་ཛ། དབང་ཕྱུག་རིན་ཆེན། ཤེས་རབ་དབང་ཕྱུག བློ་གྲོས་སེང་གེ ཡོན་ཏན་རྡོ་རྗེ། བླ་མ་དཔལ་འབྱུང༌། དོལ་པོ་རིན་ཆེན་གྲུབ། ཁྲོ་རྒྱལ་འབར། མངའ་རིས་པཎ་ཆེན། མངའ་བདག་ཀུན་དགའ་ལྷུན་གྲུབ། ཀུན་དགའ་བསྟན་འཛིན།བསྟན་འཛིན་ནོར་བུ། བསྟན་འཛིན་ཆོས་རྒྱལ། ནམ་མཁའ་འབྲུག་སྒྲ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། རིག་འཛིན་འགྱུར་མེད་རྡོ་རྗེ། ཐུགས་སྲས་པདྨར་འགྱུར་མེད་རྒྱ་མཚོ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཆོས་དབང་མ་ནིང་ལ། ཀུན་བཟང༌། ཆེ་མཆོག དཔལ་མགོན། ཨཽ་ཌྱཱན་ཡབ་ཡུམ།གཏེར་སྟོན་ཆོས་དབང༌། སྨན་ལུང་པ། དྭགས་སྟོན། གཉན་སྟོན། སེ་སྡིངས་པ་ཁུ་དབོན། ཆོས་སྐུ་འོད་ཟེར། དཔལ་འབྱོར་དབང་ཕྱུག ཆོས་ཀྱི་དབང་པོ།ཀརྨ་གུ་རུ། མངའ་བདག་སྤྲུལ་སྐུ། ཆོས་དབང་ཀུན་བཟང༌། རིག་འཛིན་ཕྲིན་ལས་ལྷུན་གྲུབ་མན་འདྲ། ཆོ་གའི་ཁྲིགས་འདིས་རྡོར་གླིང༌། རཏ་གླིང༌། པད་གླིང༌། འཇའ་ཚོན་པ་རྣམས་ཀྱི་མ་ནིང་གི་སྲོག་དབང་ཀྱང་འགྲོས་གཅིག་པའི་ཕྱིར་བརྒྱུད་ཚུལ་གང་འདོད་གྲངས་ཀྱང་ཆོག་གོ །མགོན་པོ་སྟག་ཞོན་དང༌། བེད་བཀའ་གཏེར་ལ། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཤཱནྟིཾ་གརྦྷ། རོམ་བུ་གུ་ཧྱ། ཁྲག་འཐུང་ནག་པོ། སྒེག་པ་རྡོ་རྗེ། བ་སུ་དྷ་ར། གནུབས་ཆེན། བྲང་ང་ཀུན་གྲགས།སོ་བན་འབུམ་གྲགས། སྐྱོ་བན་མཐུ་ཆེན། ལྕེ་མདོ་སྡེ་སེང་གེ རོང་པ་རྒྭ་ལོ། ལྕེ་བློ་ལྡན་སེང་གེ བླ་མ་སྲིའུ་ཆུང་པ། འཇམ་དབྱངས་རིན་རྒྱལ། ཆོས་རྒྱལ་དཔལ་བཟང༌། ཆོས་སྐྱོང་རྒྱལ་མཚན། ཆོས་སྐྱོང་རིན་ཆེན། ཚར་ཆེན་ནོ། །ཡང༌། གནུབས་ཆེན་ནས། ཞང་ཁྲོམ། རོག་གྲགས་སེ། རོག་ཤེར་དབང༌། ལྕེ་མདོ་སྡེ་སེང་གེ རོང་པ་རྒྭ་ལོ། རོང་པ་ཤེར་སེང༌། བསོད་ནམས་ལྷུན་གྲུབ། ཀུན་འཕེལ། ངག་དབང་གྲགས་པ། དཔལ་ལྡན་ལེགས་དབང༌། བླ་མ་དབང་རྒྱལ། བཀྲ་ཤིས་ཡེ་ཤེས། ཆོས་རྒྱལ་བཟང་པོ། ཆོས་ཀྱི་འོད་ཟེར། ངག་དབང་རྒྱལ་མཚན། བསོད་ནམས་བློ་གྲོས། ཤམྦྷ་ར་བ་ཀུན་དགའ། ཚར་ཆེན་ནོ། །དེ་ནས། མཁྱེན་བརྩེ། བསོད་ནམས་ཆོས་འཕེལ། དབང་རབ་ཁུ་དབོན། ཆོས་དབྱིངས་རང་གྲོལ། རྗེ་ཐམས་ཅད་མཁྱེན་པ་མན་འདྲ། ཡང་ན་ལྕེ་བློ་ལྡན་སེང་གེ་ནས། ལྕེ་རིན་ཆེན་དཔལ། ལྕེ་དབང་ཕྱུག་རྡོ་རྗེ། བླ་མ་ཆོས་གྲགས། ཆོས་རྒྱལ་དཔལ་བཟང༌། བསོད་ནམས་བློ་གྲོས་མན་འདྲའོ།། ༈ །བསྟན་བསྲུང་སྣ་ཚོགས་པའི་སྐོར་ལས། ཨེ་ཀ་ཛ་ཊཱི་སྡེ་བདུན་སྦགས་སྒྲུབ་ལ། ཀུན་མཁྱེན་ཡན་སྙིང་ཏིག་སྤྱི་བརྒྱུད་ལྟར་ལས། ཀུན་མཁྱེན་ནས། བདེ་ལེགས་རྒྱ་མཚོ། མ་ཏི་མངྒ། ཡོན་ཏན་དཔལ། སྤྲུལ་སྐུ་བསམ་རྒྱལ། ནམ་མཁའ་གཞོན་ནུ། མཁའ་ཀློང་ཡངས་པ། སྨན་རྩེ་བ་བློ་རྒྱལ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། ཀརྨ་རྒྱལ་སྲས། རིན་ཆེན་དར་རྒྱས། རིག་འཛིན་ཕྲིན་ལས་ལྷུན་གྲུབ་མན་འདྲའོ། །ཨེ་ཀ་ཛ་ཊཱི་གཙོ་རྐྱང་ལ། ཇོ་འབེང་ཡན་སྙིང་ཏིག་སྤྱི་བརྒྱུད་ལྟར་ལས།དེ་ནས་ཁམས་སྒོམ་ཆེན་པོ། སྟོང་གསུམ་སྒོམ་ཆེན། ཀུ་མཱ་རཱ་ཛ། ཀུན་མཁྱེན་ཆེན་པོ། བདེ་ལེགས་རྒྱ་མཚོ། བྱ་བྲལ་ཆོས་རྗེ། སངས་རྒྱས་དབོན་པོ། སངས་རྒྱས་རྒྱལ་མཚན། རིན་ཆེན་གྲུབ། འཇངས་པ་ཀུན་རྒྱལ། གར་གྱི་དབང་ཕྱུག བློ་གྲོས་རྒྱལ་མཚན། དབང་གི་རྒྱལ་པོ། ཀུན་བཟང་རྣམ་རྒྱལ། རིག་འཛིན་ཕྲིན་ལས་ལྷུན་གྲུབ་མན་འདྲའོ།། ༈ །ལྷ་མོ་རེ་མ་ཏི་རང་བྱུང་རྒྱལ་མོ་ལ། བཀའ་མ་ལྟར་ན། གསང་བདག ཨཽ་ཌྱཱན་ཡབ་ཡུམ། དམ་འབྲེ་ས་ལེ། ལང་ལབ་བྱང་རྡོར། སྐྱི་ནག་གྱང་འགྱེལ། སྐྱི་བྱང་ཆུབ་འབུམ། སྐྱི་སྟོན་བློ་གྲོས། འདྲེ་གེ་རད། ལྕེ་རིན་རྡོར། རྭ་ཆོས་དབྱིངས། བརྩོན་སེང༌། ཆོས་བཀྲ་ཤིས། ཤེར་སེང༌། ཀུན་དགའ་སེང་གེ འཇམ་བློ། ཕུར་པ་སྐྱབས། ཚུལ་རྒྱམ་པ། རྗེ་བཙུན་རིན་པོ་ཆེ། ཆོས་བསམ་པ་སོགས་ལས་བློ་གྲོས་རྒྱ་མཚོར་བརྒྱུད་པ་མན་འདྲའོ། །གཏེར་བརྒྱུད་ནི། སློབ་དཔོན་པདྨ་ནས། གཏེར་སྟོན་པུ་རངས་པ་ཞང་བཙུན། ཁྱུང་པོ་སྟག་གཤམ་པ། ཀྱུ་ར་རྒྱལ་ཡེ། ཆག་བླ་ཆེན། སྟོང་དཔོན་ཤེར་མགོན། རྗེ་དུས་མཁྱེན། རས་ཆེན་པ། སྤོམ་བྲག་པ། ཀརྨ་པ། གཉན་རས། རང་བྱུང་རྡོ་རྗེ། ཀུན་དགའ་འོད་ཟེར། བསོད་ནམས་དཔལ། ཀུན་དགའ་བློ་གྲོས།སོག་དབོན་པ། མཐོང་བ་དོན་ལྡན། དཔལ་འབྱོར་དོན་གྲུབ། གཉན་པ་གྲུབ་ཆེན། ཆོས་གྲུབ་གྲགས་པ། དཀོན་མཆོག་འབངས། གཙུག་ལག་རྒྱ་མཚོ། ཆོས་ཀྱི་བློ་གྲོས། ལུང་རིགས་རྒྱ་མཚོ། གཏེར་བདག་གླིང་པ་མན་འདྲ། ལྷ་མོ་གཤོག་རྒོད་མ་ལ། སློབ་དཔོན་པདྨ། ཉང་ཡབ་སྲས། ཆོས་དབང་ཡབ་སྲས། འདོ་བོ་རས་པ། ཡོན་ཏན་རྡོ་རྗེ། ཆོས་རྗེ་ཤེས་རབ། ཁྲག་འཐུང་པ། ཛྙཱ་ན་བྷ་དྲ། སངས་རྒྱས་ཡེ་ཤེས། ཡེ་ཤེས་རྒྱལ་མཚན། བསམ་གཏན་རིན་ཆེན། ཆོས་དཔལ་བཟང་པོ། བསོད་ནམས་བཀྲ་ཤིས། མཚོ་སྐྱེས་རྡོ་རྗེ། རྣམ་རྒྱལ་ཕུན་ཚོགས། རྗེ་བཙུན་ཀུན་སྙིང༌། བསོད་ནམས་མཆོག་གྲུབ། གཏེར་བདག་གླིང་པ་མན་འདྲ། ཡང་ན་རྗེ་བཙུན་ནས་རིམ་པར་བརྒྱུད་དེ། བློ་གྲོས་རྒྱ་མཚོ་མན་འདྲའོ།། ༈ །ལྷ་མོ་སྲོག་སྒྲུབ་མའི་གཏོར་དབང་ལ། ཨཽ་ཌྱཱན་ཡབ་ཡུམ། ལས་འབྲེལ་རྩལ། རྒྱལ་སྲས་ལེགས་པ། བདེ་ལེགས་རྒྱ་མཚོ། བྱ་བྲལ་ཆོས་རྗེ། སངས་རྒྱས་དབོན་པོ། སངས་རྒྱས་ཡེ་ཤེས། སངས་རྒྱས་རྒྱལ་མཚན། རྒྱ་མ་མི་འགྱུར་བ། རིན་ཆེན་ཕུན་ཚོགས། ཤེས་རབ་འོད་ཟེར། སྲས་ཀུན་བཟང༌། རིན་ཆེན་དར་རྒྱས། ཕྲིན་ལས་ལྷུན་གྲུབ་མན་འདྲའོ། །ཡང་ན་ཨཽ་ཌྱཱན་ཡབ་ཡུམ་ནས།ཀུན་མཁྱེན་ཆེན་པོ། བདེ་ལེགས་རྒྱ་མཚོ་མན་སྔར་ལྟར་རོ། །གཟའ་བདུད་ཀྱི་སྲོག་དབང་ལ། རྡོ་རྗེ་འཆང༌། རིན་ཆེན་སྙིང་པོ། ཕྱག་རྡོར། ཨཽ་ཌྱཱན་ཡབ་ཡུམ།ལས་འབྲེལ་རྩལ། ལོ་སྟོན་རྡོ་རྗེ་འབུམ། མཐིང་མ་སངས་རྒྱས་གྲགས་འོད། རྡོ་རྗེ་རྒྱལ་པོ། དྷརྨ་ཀེ་ཏུ། ཆོས་ཀྱི་བློ་གྲོས། ཀོང་ཆེན་ནམ་མཁའ་དཔལ་ལྡན།སྣ་ཚོགས་རང་གྲོལ། ཀུན་དགའ་གྲགས་པ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ་མན་འདྲའོ། །ཡང་ན་ཀོང་ཆེན་པོ་ནས། ལེགས་ལྡན་རྗེ། བྱང་བདག་ཡབ་སྲས། ཆོས་དབྱིངས་རང་གྲོལ། རྗེ་ཐམས་ཅད་མཁྱེན་པ། རིག་འཛིན་པདྨ་ཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་ན་གཏེར་སྟོན་ནས། རྒྱལ་སྲས་ལེགས་པ། ཀུ་མཱ་རཱ་ཛ། ཀུན་མཁྱེན་ཆེན་པོ་ནས། རིན་ཆེན་ཕུན་ཚོགས་པར་སྲོག་སྒྲུབ་མ་ལྟར་ལས། དེ་ནས། གཙང་པ་ངག་དབང༌། སྣང་རྩེ་བ། བློ་གྲོས་རྒྱལ་མཚན། གཞན་ཕན་རྡོ་རྗེ། ཕྲིན་ལས་ལྷུན་གྲུབ་མན་འདྲའོ། །གཏོར་དབང་ལ། གསང་བདག ཨཽ་ཌྱཱན་ཆེན་པོ། ཀུན་མཁྱེན་ཆོས་རྗེ། འོད་གསལ་རང་གྲོལ། གྲགས་པ་འོད་ཟེར། ཟླ་བ་གྲགས་པ། གྲགས་པ་རྒྱ་མཚོ། སྨན་རྩེ་བ་བློ་རྒྱལ། བསོད་ནམས་རིན་ཆེན། ཀརྨ་གུ་རུ། བཤེས་གཉེན་ཕུན་ཚོགས། རིན་ཆེན་དར་རྒྱས། ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན།པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །གཟའ་དམར་ལ། གསང་བདག་ཕྱག་རྡོར། ཨཽ་ཌྱཱན་ཡབ་ཡུམ། ལས་འབྲེལ་རྩལ། རྒྱལ་སྲས་ལེགས་པ། ཀུ་མཱ་རཱ་ཛ། ཀུན་མཁྱེན་ཆེན་པོ་ནས། རིན་ཆེན་ཕུན་ཚོགས་བར་སྲོག་སྒྲུབ་མ་ལྟར་ལས། བཀྲ་ཤིས་རྒྱ་མཚོ། དུ་མ་རང་གྲོལ།ངག་དབང་ཡེ་གྲུབ། ཆོས་དབྱིངས་རང་གྲོལ། རིག་འཛིན་ཕྲིན་ལས་ལྷུན་གྲུབ་མན་འདྲའོ། །དམ་ཅན་རྡོར་ལེགས་གཏེར་ཁ་གཉིས་ལྡན་ལས། བྱང་གཏེར་ལྟར་ན། གསང་བའི་བདག་པོ། ཨཽ་ཌྱཱན་ཆེན་པོ། གཏེར་སྟོན་ཡབ་སྲས། རྡོ་རྗེ་རྣམ་གཉིས། བླ་མ་རྣམ་གཉིས། སངས་རྒྱས་དཔལ་བཟང༌། ཆོས་རྒྱལ་བསོད་ནམས་ཡབ་སྲས། མཁྱེན་བརྩེའི་དབང་ཕྱུག བྱམས་པ་སྐལ་བཟང༌། དབང་རབ་ཁུ་དབོན། ཆོས་དབྱིངས་རང་གྲོལ། རྗེ་ཐམས་ཅད་མཁྱེན་པ་མན་འདྲའོ། །རཏྣའི་གཏེར་བརྒྱུད་ལྟར་ན། ཨཽ་ཌྱཱན་ཡབ་ཡུམ། གཏེར་སྟོན། ཚེ་དབང་གྲགས་པ། ངག་དབང་གྲགས་པ། སྤེལ་ལྕོག་ལས་འཕྲོ་བ། འཇིག་རྟེན་མགོན་པོ།སངས་རྒྱས་ཕུན་ཚོགས། ནོར་བུ་ཆོས་བརྟན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཞིང་སྐྱོང་སེང་གདོང་ཅན་ལས་གསང་བའི་བདག་པོ། ཨཽ་ཌྱཱན་ཡབ་ཡུམ། པདྨ་གསལ། ལས་འབྲེལ་རྩལ། གཏེར་སྟོན་ལེགས་ལྡན་པ། ཀུ་མཱ་རཱ་ཛ། ཀུན་མཁྱེན་ཆེན་པོ། བསོད་ནམས་འོད་ཟེར། དྷརྨ་ཕ་ལ། ག་ག་ཀེ་ཏུ། བསོད་ནམས་བཟང་པོ། བླ་མ་རྣམ་འཇོམས། དྲི་མེད་སངས་རྒྱས། པུཎྱཱ་ཤྲཱི། གུ་རུ་ཛམྦྷ་ལ། བཟང་པོ་དཔལ། བསམ་གྲུབ་རྒྱལ་པོ། བཀྲ་ཤིས་རྒྱ་མཚོ། དུ་མ་རང་གྲོལ། གཞོན་ནུ་དོན་གྲུབ། ཆོས་དབྱིངས་རང་གྲོལ། ཕྲིན་ལས་ལྷུན་གྲུབ་མན་འདྲའོ། །ཉང་གཏེར་དུར་ཁྲོད་མ་མོ་ལ།ཁྲོས་ནག ཨཽ་ཌྱཱན་ཡབ་ཡུམ། ཁྲི་སྲོང་ལྡེའུ་བཙན། ཉང་ཡབ་སྲས། སངས་རྒྱས་རས་ཆེན། མེ་ལོང་རྡོ་རྗེ། རྒྱལ་སྲས་བློ་ལྡན་སེང་གེ དཔལ་མགོན་རྡོ་རྗེ། རྡོ་རྗེ་རང་གྲོལ། བསྟན་འཛིན་རྡོ་རྗེ། དགའ་བའི་རྡོ་རྗེ། བསམ་རྒྱལ་རྡོ་རྗེ། བྱང་ཆུབ་གླིང་པ། སྣ་ཚོགས་རང་གྲོལ། སྲས་ཀུན་དགའ་གྲགས་པ། ཀུན་དགའ་རྡོ་རྗེ།མདོ་སྔགས་བསྟན་འཛིན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། བསྟན་འཛིན་ལུང་རིགས་མན་འདྲའོ། །བརྟན་མ་བཅུ་གཉིས་ལ། ཨཽ་ཌྱཱན་ཆེན་པོ། ཆོས་དབང་ཡབ་སྲས། དམར་ཞབས་པ། གྲགས་རྒྱལ། བཀྲ་ཤིས་མཚན་ཅན། བདུད་འདུལ་ཤེར་འོད། རྣམ་མཁྱེན་ཆོས་བློ། བསོད་ནམས་སེང་གེ འཇམ་དབྱངས་བློ་གྲོས། ཆོས་སྐྱོང་ཚུལ་ཁྲིམས། ནམ་མཁའ་དཔལ་བཟང༌། འཇམ་དབྱངས་རྒྱལ་མཚན། པཎ་ཆེན་སྐུ་མཆེད། འཇམ་དབྱངས་མཁྱེན་བརྩེ་ཁུ་དབོན་གསུམ།རིག་འཛིན་ཕྲིན་ལས་ལྷུན་གྲུབ་མན་འདྲའོ། །ཡང་ན་དབོན་བསོད་མཆོག་ནས། ཆོས་དབྱིངས་རང་གྲོལ། རྗེ་ཐམས་ཅད་མཁྱེན་པ་མན་འདྲའོ། །ཉང་གཏེར་པེ་ཧ་ར་ལ། གསང་བདག ཨཽ་ཌྱཱན་ཡབ་ཡུམ། ཁྲི་སྲོང་ལྡེའུ་བཙན། མངའ་བདག་ཉང༌། དོན་སེང་རྒྱལ་མཚན། རྩ་ཐར་བྱ་བཏང༌། འཇམ་དབྱངས་བློ་གྲོས།འཇམ་དབྱངས་དཔལ་རིན། དཔལ་ལྡན་དོན་གྲུབ། ནམ་མཁའ་བཟང་པོ། མཁའ་ཀློང་ཡངས་པ། སྐལ་ལྡན་རྒྱ་མཚོ། རྒྱ་མ་མེ་འགྱུར་བ། འབྲི་ཁུང་ཟུར་པ། ཉི་ཟླ་སངས་རྒྱས། ལན་བུ་ཨ་མི། དཔལ་འབྱོར་ལྷུན་གྲུབ། ཆོས་དབྱིངས་རང་གྲོལ། རྗེ་ཐམས་ཅད་མཁྱེན་པ་མན་འདྲའོ།། ༈ །ནོར་ལྷའི་སྐོར་ལས། རྣམ་སྲས་ཕྱི་སྒྲུབ་སེར་ཆེན་སྤྲིན་གསེབ་མ་ལ། གསང་བའི་བདག་པོ། ཨཽ་ཌྱཱན་ཆེན་པོ། ཁྲི་སྲོང་ལྡེའུ་བཙན། མུ་ཏིག་བཙན་པོ། ཞང་ལྷ་བཟང་ཀླུ་དཔལ། གཏེར་སྟོན་གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་འོད། དབུས་པ་དམར་སྟོན། གཅུར་སྟོན། འོད་ཟེར་བླ་མ། ཡེ་ཤེས་རྒྱ་མཚོ། ཐབས་ཀྱི་བློ་གྲོས། གཟད་པ་རིན་རྒྱལ། བྲག་ཐོག་པ། རྡོ་རྗེ་གདན་པ། མུས་ཆེན་རྣམ་རྒྱལ་བཟང་པོ། ཤམྦྷ་ར་བ་ཀུན་དགའ་སངས་རྒྱས། ཚར་ཆེན། མཁྱེན་བརྩེ། དབང་རབ། མཁན་ཆེན་ཞྭ་ལུ་པ་བསོད་མཆོག རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །ནང་སྒྲུབ་མདུང་དམར་ཅན་རྟ་སྔོན་མ་ནི། བཤད་མ་ཐག་པ་བཞིན་ནོ། །གསང་སྒྲུབ་དྲག་པོ་རྟ་སྔོན་ལ། གཤིན་རྗེའི་གཤེད། རྒྱལ་པོ་ཀུན་སྐྱོང༌། བལ་པོ་ནོར་འཛིན། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་རྡོ་རྗེ་འབར། བྱང་ཆུབ་སྙིང་པོ། སྤྱི་བོ་དོང་རིང༌། གཙུག་ཏོར་འགྱིང་བ། བྱ་ཕོ་བརྩེགས་པ། འཇོལ་པོ་དབང་ཕྱུག དཔལ་སྲས། ཀླུས་བྱིན། ར་ཐུང༌། གཙོ་བོ་ལྷ་སྟེ་འདི་ཡན་གནུབས་བརྒྱུད་དོ། །དེ་ནས་སྦས་ཏི་དགྲ་བཅོམ། ཤེས་རབ་སེང་གེ ཚུལ་ཁྲིམས་དབང་ཕྱུག ཡོན་ཏན་ཚུལ་ཁྲིམས། ཤེས་རབ་རྡོ་རྗེ། བཀའ་བཞི་པ་བློ་གསལ་ཆོས་རྒྱལ་དཔལ་བཟང༌།ལེགས་པའི་བློ་གྲོས། རྗེ་དབོན་ཤཱཀྱ་རྒྱལ་མཚན། རྗེ་བཙུན་གྲོལ་མཆོག སྟག་ལུང་ཀུན་བཀྲས། རྗེ་བཙུན་ཀུན་སྙིང༌། མཁན་ཆེན་ཞྭ་ལུ་པ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །ཡང་གསང་ཕྱག་མཚན་བཞི་པ་ལ། རྡོ་རྗེ་འཆང༌། གསང་བའི་བདག་པོ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ༌། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། ཁྲི་སྲོང་ལྡེའུ་བཙན། ཞང་ལྷ་བཟང་ཀླུ་དཔལ། གཉལ་པ་ཉི་ཤེ་ནས་ཐབས་ཀྱི་བློ་གྲོས་ཡན་ཕྱི་ནང་གཉིས་ལྟར་ལས། དེ་ནས་དགེ་འདུན་རྒྱལ་མཚན། བསོད་ནམས་རིན་ཆེན། བླ་མ་དཔལ་ལྡན་པ། གཉགས་དབོན་ཆེན་པོ། མཁན་ཆེན་པདྨ་བཟང་པོ། མཁན་ཆེན་ཆོས་དབང༌།མཁན་ཆེན་ཆོས་གྲུབ་སེང་གེ ཐུགས་སྲས་ཀུན་རྒྱལ། ཚེ་དབང་བཀྲ་ཤིས། ཚར་ཆེན། མཁྱེན་བརྩེ་ཁུ་དབོན་གསུམ། ཕྲིན་ལས་ལྷུན་གྲུབ་མན་འདྲའོ། །ནང་སྒྲུབ་རྟ་སྔོན་ཅན་དང་ཡང་གསང་གཉིས་ལ་ཟངས་དཀར་ལོ་ཙཱ་བ་ནས་བརྒྱུད་དེ་གསར་མའི་འདྲེན་ཚུལ་ཀྱང་ཡོད་དོ། །གནོད་སྦྱིན་ཞང་བློན་ལ། གསང་བའི་བདག་པོ། མགོན་པོ་ཀླུ་སྒྲུབ། ཨཽ་ཌྱཱན་ཆེན་པོ། གྲྭ་པ་མངོན་ཤེས། ཉེ་གནས་ག་དྲན། པུ་ར་བ་བསོད་རིན། གཉིས་ཀས་སྨོན་ལམ་འབར། ཤ་མི་རྡོར་རྒྱལ།དོལ་པ་བཛྲ་པཱ་ཎི། རྒྱ་བྱང་སེང༌། བྲག་དཀར་སྨན་བླ། དཀོན་མཆོག་གཞོན་ནུ། འགར་ཚུལ་གཞོན། ཆོས་དཔལ་བཟང་པོ། གྲགས་པ་རྒྱལ་མཚན། པཎ་ཆེན་སྐུ་མཆེད། ཨཽ་ཌྱཱན་རྒྱལ་པོ། ཀུན་དགའ་བཀྲ་ཤིས། བསོད་ནམས་མཆོག་ལྡན། རིག་འཛིན་ཕྲིན་ལས་ལྷུན་གྲུབ་མན་འདྲ། ཛམ་དམར་ལ། ཨཽ་ཌྱཱན་ཆེན་པོ།གྲྭ་པ་མངོན་ཤེས། གྲྭ་ཐུགས་རྗེ་འབུམ། ཤུ་ལ་ཙནྡྲ། སློབ་དཔོན་ཚུལ་རྒྱལ། མཁན་པོ་ཉི་མ། སློབ་དཔོན་དོན་བཟང༌། དབུ་མ་པ་གྲུབ་བརྩོན། བཀྲ་ཤིས་བཟང་པོ། བློ་གྲོས་བཟང་པོ། མཁན་ཆེན་སེང་གེ་དཔལ། པཎ་ཆེན་བྱམས་གླིང་པ། ལོ་ཆེན་བསོད་ནམས་རྒྱ་མཚོ། རྩེ་ལེ་རིག་འཛིན། ཨཽ་ཌྱཱན་བསྟན་འཛིན། ཀརྨ་གུ་རུ། ཆོས་དབང་བསྟན་རྒྱལ། ཆོས་དབང་བསམ་གྲུབ། རིག་འཛིན་ཕྲིན་ལས་ལྷུན་གྲུབ་མན་འདྲའོ། །ལྷ་ཆེན་ལ། སྣང་མཐའ། ཐུགས་རྗེ་ཆེན་པོ། ཨཽ་ཌྱཱན་ཡབ་ཡུམ། མཆིམས་རྡོ་རྗེ་སྦྲེ་ཆུང༌། གཏེར་སྟོན་ལས་འབྲེལ་རྩལ། རྒྱལ་སྲས་ལེགས་པ། ཀརྨ་པ་རང་བྱུང་རྡོ་རྗེ། གཡུང་སྟོན་པ། རོལ་དཔལ་རྡོ་རྗེ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། སོག་དབོན་པ། མཐོང་བ་དོན་ལྡན། དཔལ་འབྱོར་དོན་གྲུབ། ཁམས་པ་གྲགས་རྒྱལ། ནམ་མཁའ་དཔལ་ལྡན། བླ་མ་སྤྲུལ་སྐུ། ཆོས་བཟང་རྒྱལ་མཚན། ཀུན་དགའ་ལྷུན་གྲུབ། པདྨ་ཕྲིན་ལས། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །སྨྲས་པ། རྒྱལ་བ་རྒྱ་མཚོའི་མཁྱེན་བརྩེ་ནུས་སོ་ཅོག །འདུས་པའི་རང་བཞིན་རྩ་གསུམ་ལྷ་ཚོགས་ཀྱི། །དངོས་གྲུབ་སྒྲུབ་ཐབས་དབང་བསྐུར་རྗེས་སུ་གནང༌། །གཅེས་བཏུས་འདོད་འཇོའི་བུམ་པ་བཟང་པོས་འབྱོར། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། རྩ་གསུམ་ལྷ་ཚོགས་ཀྱི་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ཞེས་བྱ་བའི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་བཅོ་ལྔ་པའོ།། །། >རྗེས་མ།>>>
རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply