བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་ལག་ཏུ་བླང་བའི་རིམ་པ་སྙིང་གཏམ་གླེན་པའི་ཚིག་ཏུ་བཙུན་པ་ཀུན་དགའ་དབང་ཕྱུག་ལ་གདམས་པ། རྟགས་ཀྱི་ཡི་གེ་ཞིབ་མོ་ཁྲག་སྐྱུགས་ཀྱི་ལོ་ལྷུན་གྱིས་གྲུབ་པའི་རྫོང་དུ་མཛད་པ། རྩ་བའི་སྔགས་ཀྱི་བཟླས་པའི་ཚུལ་ངེས་པ་སེང་གེའི་ང་རོ་མེ་བྱི་མཚུར་ཕུའི་གཙུག་ལག་ཁང་དུ་མཛད་པ། དྲག་པོའི་ལས་ཀྱི་བཟླས་པ་རྡོ་རྗེ་འབར་བའི་མཚོན་ཆ་མེ་བྱི་མཚུར་ཕུའི་གཙུག་ལག་ཁང་དུ་མཛད་པ། འདི་སྔགས་སྡེབས་ཡིན་འདུག་པ་གསར་མ་ཕྱོགས་ལ་གྲགས་ཆུང་བས་དཔལ་འཛིན་རྩ་བ་གསང་སྔགས་རྙིང་མ་བར་སོང་གཤིས་སྔ་འགྱུར་བཀའ་གཏེར་གྱི་མན་ངག་ཟབ་མོ་ནས་རྐུ་ཐབས་ཀྱི་ཚུལ་དུ་བྲིས་པར་མངོན་ནོ། །མདོ་ཁམས་ཏྲེ་ཤོད་པ་རྟོགས་ལྡན་བསོད་ནམས་དཔལ་གྱིས་བསྐུལ་བ་ལ་བརྟེན་ནས་ཐང་སྐྱའི་གཙུག་ལག་ཁང་དུ་མཛད་པའི་ལས་ཐམས་ཅད་པའི་སྦྱིན་སྲེག་དངོས་གྲུབ་ཀྱི་གཟི་བརྗིད་རབ་སྣང༌། ཞི་རྒྱས་ཀྱི་སྦྱིན་སྲེག་ཉེས་པའི་ཚང་ཚིང་མ་ལུས་པ་སྲེག་པར་ནུས་པ་བསོད་ནམས་ཀྱི་ཉི་མ་བདུན་འབར་མཚུར་ཕུའི་གཙུག་ལག་ཁང་དུ་མཛད་པ། རྒྱུད་རྟོག་པ་བདུན་པའི་འཁྲུལ་འཁོར་གྱི་སྐབས་སུ་ཁྱིམ་དུ་བཞག་ན་ཞི་བར་འགྱུར་རོ་ཞེས་པའི་མན་ངག་ཞི་བའི་དངོས་གྲུབ་བསྒྲུབ་པའི་ཆོ་ག་བདུད་རྩིའི་རྒྱ་མཚོ། དེའི་ཡན་ལག་འཇིགས་པ་ཞི་བའི་སྲུང་འཁོར། མཚོན་སྲུང་བ། ཚེ་སྒྲུབ་དང་བཅས་པ་གཙང་རོང་དམུ་ལྷ་ཤམྦྷར་གྱི་གཙུག་ལག་ཁང་དུ་མཛད་པ། ཡང་གནས་དེ་ཉིད་དུ་མཛད་པའི་རྒྱས་པའི་ལས་བསྒྲུབ་པའི་ཆོ་ག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབར་བ་ཡན་ལག་དང་བཅས་པ། དབང་དུ་བྱ་བའི་ཆོ་ག་དོན་ཡོད་པའི་ཞགས་པ་རྣམ་པར་གཡོ་བ། དེའི་ཡན་ལག་འགུགས་པའི་ཆོ་ག་ལྕགས་ཀྱུ་འབར་བ། བསྐྱེད་རྫོགས་ཀྱི་རིམ་པ་གང་རུང་གི་ལམ་གྱི་གྲོགས་སུ་རིག་པའི་སྐྱེས་བུ་འགུགས་པ་ཞུ་བའི་བསམ་གཏན་རིག་མ་མི་བསྲུན་པ་འདུལ་ཐབས་བུ་མོ་རེངས་པའི་སྦྱོར་བ་རྣམས་མེ་བྱི་ཤམྦྷར་དཔལ་གྱི་ཡང་དགོན་དུ་མཛད་པ། དབང་དང་འགུགས་པའི་ཆོ་ག་འཇིག་རྟེན་གསུམ་རྣམ་པར་གནོན་པ་མཚུར་ཕུའི་གཙུག་ལག་ཁང་དུ་མཛད་པ། དྲག་པོའི་ཆོ་ག་གཤིན་རྗེའི་གཟུགས་ལ་བརྟེན་ནས་དགྲ་སྡེ་འཕུང་བར་བྱ་བའི་མན་ངག་འཇིག་རྟེན་གསུམ་གྱི་བཤན་པ་ཆེན་པོ་རྣམ་པར་རོལ་པ་སྐལ་ལྡན་སྦྱིན་པ་རིན་ཆེན་གྱི་ཆེད་དུ་མཛད་པ། འཇིག་རྟེན་གསུམ་གྱི་བཤན་པ་ཆེན་པོ་རྣམ་པར་རོལ་པ་མ་གྲུབ་ན་སྤོགས་པའི་ཆོ་ག་འཇིག་རྟེན་གསུམ་ཟ་བ་མེ་ཕོ་བྱི་བའི་ལོར་མཛད་པ། བསད་པའི་ཕྲིན་ལས་གའུ་སྲོ་བའི་མན་ངག་ས་གསུམ་རྣམ་པར་འཇོམས་པའི་འཁྲུལ་འཁོར་མེ་བྱི་མཚུར་ཕུའི་གཙུག་ལག་ཁང་དུ་མཛད་པ། ཡང་གནས་དེ་ཉིད་དུ་མཛད་པའི་སྡིག་པ་སྦྱོང་བའི་ཆོ་ག་སྦྱིན་སྲེག་དང་འཁྲུལ་འཁོར་སྦྲགས་པ་འཇིག་རྟེན་གསུམ་ཕུང་བར་བྱེད་པ། མཛའ་བ་དབྱེ་བར་བྱེད་པ་ཤམྦྷར་དུ་མཛད་པ། ཡང་གནས་དེ་ཉིད་དུ་མཛད་པའི་སྡང་བ་ཡུལ་ནས་དབྱུང་བ་བསྐྲད་པའི་འཁྲུལ་འཁོར། གནས་དེ་ཉིད་དུ་མཛད་པའི་གཡམ་པ་ལ་བརྟེན་ནས་རེངས་པའི་ཆོ་ག་འཇིག་རྟེན་གསུམ་རྣམ་པར་གཡོ་བ། གནས་དེ་ཉིད་དུ་མཛད་པའི་ཏེའུ་ལོ་པའི་པགས་པ་ལ་བརྟེན་ནས་རེངས་པའི་ཆོ་ག་འཇིག་རྟེན་གསུམ་རྣམ་པར་འཆིང་བ། གནས་དེ་ཉིད་དུ་མཛད་པའི་ཡན་ལག་མཚོན་གྱིས་འབུགས་པའི་མན་ངག་འཇིག་རྟེན་གསུམ་ཕམ་པར་བྱེད་པ། སྲིན་པོས་འཛིན་པའི་ཆོ་ག་ལས་ཀྱི་སྲིན་པོ་ཞེས་བྱ་བ་མཚུར་ཕུར་མཛད་པ། ཡང་དེ་ཉིད་དུ་མཛད་པའི་རིམས་ནད་གཏང་བའི་མན་ངག་རིམས་ནད་ཆེན་པོ་འཁྲུག་པ། ཡང་གནས་དེ་ཉིད་དུ་མཛད་པའི་སྨྱོ་བར་བྱེད་པའི་ཆོ་ག་དྲག་པོའི་བཞད་གད་ཆེན་པོ། དྲག་ཤུལ་སྤྱོད་པའི་གཏོར་མ་དྲུག་ཅུ་རྩ་བཞིའི་ཆོ་ག་སྡིག་ཅན་སྒྲོལ་བའི་མཚོན་ཆ་ངར་མ་མདངས་དཀར་སྙིང་རྗེ་རྫོང་དུ་མཛད་པ། ལུགས་སྲོལ་འདི་ལ་ལྕགས་མཁར་མི་རྩིག་པའི་ཕྱོགས་སུ་མཛད་ནས། ལྕགས་མཁར་ཟུར་དགུ་པ་དང་ཟུར་བཅུ་དྲུག་པ་སོགས་སྤྲོ་ན་བྱར་རུང་གི་འོན་ཀྱང་རྙིང་མ་བ་ལྟར་བློས་བཏགས་ནས་བྱས་པ་ཡིན་པས་རྒྱུད་རྒྱ་གཞུང་གི་ཁུངས་ནི་མེད་ལ་ཞེས་ཟུར་ཟ་བ་ནི། སྤྱིར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བློས་བཏགས་ནས་བྱས་པ་ཁོ་ན་ཡིན་པས་གཞུང་ལུགས་དང་འགལ་ཞིང་རྒྱུད་རྒྱ་གཞུང་གི་ཁུངས་མེད་བཞིན་དུ་གསར་མ་བ་རྣམས་སྤྲོ་ན་བྱར་རུང་བའི་དམ་བཅར་སོང་བས་མ་ཐོབ་པའི་གཞུང་ཅིག་འདིར་ཤོར་བར་གདའོ། །མ་འགྲུབ་ན་གནད་ལ་དབབ་པའི་ཆོ་ག་ས་གསུམ་ངེས་པར་འཇོམས་པ་མེ་བྱི་མཚུར་ཕུར་མཛད་པ། ཡང་དེ་ཉིད་དུ་མཛད་པའི་བསད་པའི་སྦྱིན་སྲེག་གི་ཆོ་ག་དུས་ཀྱི་མེ་ལྕེ་འབར་བ་ཆེན་པོའི་ཕྲེང་བ། རྩ་སྔགས་ཀྱི་འཁྲུལ་འཁོར་བྲི་བའི་ཟིན་བྲིས་བྲིས་པས་ཆོག་གོའི་མཐའ་ཅན། རྟོག་བདུན་འཁྲུལ་འཁོར་མཆོག་གི་མན་ངག་རྫོང་རི་རྩེ་དགུའི་མགུལ་དུ་བརྗེད་བྱང་དུ་མཛད་པ། ལས་ཀྱི་གཤིན་རྗེ་ཡབ་ཡུམ་སྦྲགས་ཏེ་བསྒྲུབ་པའི་མན་ངག་དུག་ཧ་ལ་ཧ་ལ་ཆེན་པོ་ཞེས་པ་ལྷུན་གྱིས་གྲུབ་པའི་རྫོང་དུ་སྦྱར་བ་རྣམས་སོ། །འཇིགས་བྱེད་ཀྱི་འཁྲུལ་འཁོར་གྱི་ཆོ་ག་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་པ་དང་གཏོར་མའི་ཆོ་གའི་ལག་ལེན་བསོད་ནམས་ཀྱི་འོད་ཟེར་རྣམ་པར་སྤེལ་བའི་ཉི་མ་ཞེས་བྱ་བ་གཉིས་ཀྱི་ལུང་རྒྱུན་དེང་སང་མི་འདུག གཏོར་མའི་ཆོ་ག་འདི་ལ་ཞི་རྒྱས་དབང་དྲག་གི་དྲུག་ཅུ་པའི་ཁྱད་པར་སོགས་ལེགས་བཤད་ངོ་མཚར་བ་སྣང༌། འདི་གཉིས་གཤིན་རྗེ་གཤེད་སྐོར་ལ་ཤིན་ཏུ་མཁས་པས་རྒྱ་གར་གྱི་སློབ་དཔོན་དཔལ་འཛིན་དང་འདྲ་ཞེས་གླེང་བར་བརྟེན་མཚན་དེ་ལྟར་ཐོགས་སོ། །དེ་ལྟར་གོང་དུ་སྨོས་པའི་སྨིན་གྲོལ་རྣམས་ལེགས་པར་ཐོབ་པ་ལས། དབང་གི་བརྒྱུད་པ་དང་པོ་ནི་འཇམ་དཔལ་དབྱངས་དྲག་པོར་ཁྲོས་པ་དཔལ་རྡོ་རྗེ་འཇིགས་བྱེད། རྒྱལ་ཡུམ་རྡོ་རྗེ་རོ་ལངས་མ། གྲུབ་ཆེན་ལ་ལི་ཏ་བཛྲ། རྡོ་རྗེ་གདན་པ། དོན་ཡོད་རྡོ་རྗེ། པཎ་གྲུབ་ཡེ་ཤེས་འབྱུང་གནས་སྦས་པ། གྲུབ་ཐོབ་པདྨ་བཛྲ། བལ་པོ་བྷ་རོ་ཕྱག་རྡུམ།«་་་་་དཱི་པཾ་ཀ་ར་རཀྵི་ཏ་དང་གཅིག» མཐུ་སྟོབས་དབང་ཕྱུག་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ལོ་ཙཱ་བ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། རོང་པ་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ།«་་་་་ཁམས་པ་རྒྭ་ལོའི་སྐྱེ་བར་གྲགས་པས་དེ་ལྟར་དུ་ཐོགས། »དེ་སྲས་རོང་པ་ཤེས་རབ་སེང་གེ བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ཀུན་མཁྱེན་ཤེས་རབ་དཔལ་བཟང༌། རྭ་ལོ་གཉིས་པ་དགེ་བ་རྒྱལ་མཚན། གྲྭ་ཐང་པ་ཤེས་རབ་ཟླ་བའི་དབང་པོ། རྗེ་བཙུན་རྡོ་རིང་པ་ཆེན་པོ་ཀུན་བཟང་ཆོས་ཀྱི་ཉི་མ། འཇམ་དཔལ་དུས་དགྲའི་དབང་པོ་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག སྔགས་འཆང་དགོན་གསར་བ་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ངག་དབང་རྣམ་རྒྱལ། མཁན་ཆེན་བཟང་པོ་རྒྱལ་མཚན། རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། རྡོ་རྗེ་འཛིན་པ་ཆེན་པོ་བླ་མ་ཀུན་དགའ་རྒྱ་མཚོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་བརྒྱུད་ལུགས་གཅིག་ལ། ཚར་ཆེན་རྡོ་རྗེ་འཆང༌། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག དེ་ལས་མཁན་ཆེན་བསླབ་གསུམ་རྒྱལ་མཚན། སྔགས་འཆང་བསོད་ནམས་ཆོས་འཕེལ། རྗེ་བསོད་ནམས་ཚུལ་ཁྲིམས་གསུམ་གྱིས་གསན། ཡབ་སྲས་ལྔ་ཆར་ལས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་གསན་པ་མན་འདྲ། ཡང་ན་རོང་པ་ཤེར་སེང་ནས། འཕགས་འོད་ཡོན་ཏན་རྒྱ་མཚོ། སྤང་ཁང་པ་གྲགས་པ་དཔལ་བཟང༌།ཀུན་མཁྱེན་གངས་ཁྲོད་པ། ས་བཟང་མ་ཏི་པཎ་ཆེན། དེ་དབོན་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་བརྟན་པ། རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པའི་བློ་གྲོས། ཚར་ཆེན་རྡོ་རྗེ་འཆང་མན་འདྲའོ། །ས་བཅད་དང་པོ་དང་གཉིས་པའི་རྭ་རྟགས་ཡོད་པ་དང༌། རྟགས་གང་ཡང་མེད་པ་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། མཁན་ཆེན་བཟང་པོ་རྒྱལ་མཚན་ཡན་དབང་གི་བརྒྱུད་པ་དང་པོ་དང་འདྲ་ལ། དེ་ནས་རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། སྐྱོར་མདའ་བ་བསོད་ནམས་དབང་ཕྱུག མཁན་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེ་ཉིད་ཀྱི་མཁྱེན་བརྩེ་ནུས་པས་རྗེས་སུ་བཟུང་བ་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་མཁན་ཆེན་བཟང་པོ་རྒྱལ་མཚན། མཁས་བཙུན་ནམ་མཁའ་དཔལ་བཟང༌། དེས་བདག་ལའོ། །ཡང་ཀུན་གྱི་རྟགས་ཅན་གྱི་ལུང་བརྒྱུད་ལུགས་གཅིག་ལ། རྭ་འབུམ་སེང་ཡན་གོང་ལྟར་ལ། དེ་ནས་རྭ་དཀོན་མཆོག་སེང་གེ རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། དེ་སྲས་ཤེས་རབ་སེང་གེ འཕགས་འོད་ཡོན་ཏན་རྒྱ་མཚོ། བརྩེ་ཆེན་གྲུབ་ཆེན་ཀུན་བློ།རིག་པའི་དབང་ཕྱུག་དགེ་བ་རྒྱལ་མཚན། རྗེ་རིན་ཆེན་རྣམ་རྒྱལ། མུས་ཆེན་སངས་རྒྱས་རིན་ཆེན། རྗེ་བཙུན་ཀུན་དགའ་ལེགས་པའི་བློ་གྲོས། མཁྱེན་བརྩེའི་ཞབས་མན་འདྲ། དབང་བརྒྱུད་གསུམ་པ་གོང་དཀར་བའི་ལུགས་དང་ལྡོང་རྟགས་ཅན་གྱི་ལུང་བརྒྱུད་ནི། རྭ་འབུམ་སེང༌། ཀློག་སྐྱ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་དཔལ། ཆོས་ཀྱི་རྒྱལ་པོ་འཕགས་པ་བློ་གྲོས་རྒྱལ་མཚན། ཤར་གླིང་པ་རྒྱལ་མཚན་བཟང་པོ། སྒོ་རུམ་པ་དཀོན་མཆོག་རྒྱལ་མཚན། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ཆོས་རྗེ་བསོད་ནམས་རྒྱལ་མཚན། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། བླ་མ་བསོད་ནམས་མཆོག་ལྡན། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། ཚར་ཆེན་རྡོ་རྗེ་འཆང་ཆེན་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་མན་སྔར་དང་འདྲ། ཡང་ན་འཕགས་པ་རིན་པོ་ཆེ་ནས། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ།ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་མན་འདྲ། ཡང་དབང་གི་བརྒྱུད་པ་ལུགས་གཅིག་དང༌། ས་བཅད་དང་པོ་ཡོངས་རྫོགས་དང་རིགས་ཀྱི་རྟགས་ཅན་རྣམས་ཀྱི་ལུང་བརྒྱུད་ལུགས་གཅིག་ལ། རོང་པ་ཤེས་རབ་སེང་གེ་ནས། མཉམ་མེད་གྲགས་པ་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་དགེ་ལེགས་བཟང་པོ། བླ་ཆེན་ཆོས་དཔལ་བཟང་པོ། རྩ་བརྒྱད་པ་དབང་སྟོན་བཀྲ་ཤིས་བཟང་པོ། བྱ་བཏང་བསམ་འགྲུབ་རྒྱལ་མཚན། སྔགས་འཆང་རྡོ་རྗེ་རྒྱལ་མཚན། རྗེ་ནམ་མཁའ་དཔལ་བཟང༌། མང་ཐོས་དཔལ་ལྡན་ཆོས་སྐྱོང༌། མཆོག་གི་སྤྲུལ་སྐུ་རིག་འཛིན་ལེགས་ལྡན་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཡང་དབང་བརྒྱུད་ལུགས་གཅིག་ལ། རྭ་འབུམ་སེང་ནས། རྭ་དྷརྨ་སེང་གེ རྭ་དཀོན་མཆོག་སེང་གེ རྭ་ཆེན་ཤེས་རབ་རྒྱལ་མཚན། རྒྱ་སྟོན་དབང་ཕྱུག་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། ཁམས་པ་ཡོན་ཏན་འབུམ། བླ་མ་བརྩོན་འགྲུས་བཟང་པོ། དམར་སྟོན་རྒྱལ་མཚན་འོད་ཟེར།གྲུབ་ཆེན་བཟང་པོ་རྒྱལ་མཚན། འབྲོམ་པ་འཇིགས་བྱེད་པ་ཡེ་ཤེས་རྒྱལ་མཚན། རྭ་ཆེན་བསོད་ནམས་རྒྱལ་མཚན། ཀུན་མཁྱེན་མཁྱེན་བརྩེ་མན་འདྲ། ཡང་ན་གུ་གེ་པཎ་ཆེན་ནས། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ངོར་ཆེན་ལྷ་མཆོག་སེང་གེ རྭ་ཆེན་བསོད་ནམས་རྒྱལ་མཚན། མཁྱེན་བརྩེའི་ཞབས་མན་འདྲ། ཡང་དབང་བརྒྱུད་ལུགས་གཅིག་ལ། ཁམས་སྟོན་ཡོན་ཏན་འབུམ་ནས། མཆོད་རྟེན་དཀར་པོ་བ་སངས་རྒྱས་སྐྱབས། ལྷ་རིན་པོ་ཆེ་བསོད་ནམས་རིན་ཆེན། ཇོ་གདན་ཁྲོམ་ཡོན་ནམ་མཁའ་ལྷུན་བཟང༌། རྗེ་རིན་ཆེན་རྣམ་རྒྱལ། ཆོས་རྗེ་ནོར་བུ་ཕུན་ཚོགས། ཆོས་རྗེ་དཔལ་ལྡན་བཀྲ་ཤིས། ཆོས་ལུང་ཤར་གླིང་པ་འཁྲུལ་ཞིག་ཀུན་བཟང་མཐུ་སྟོབས་དཔལ་འབར། འཇམ་མགོན་མཁྱེན་བརྩེ་མན་འདྲ། ཡང་རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་ཉམས་ཁྲིད་དང་རྒྱ་རྟགས་ཅན་གྱི་ལུང་བརྒྱུད་ནི། རྭ་འབུམ་སེང་ཡན་དབང་བརྒྱུད་ལྟར་ལས། དེ་ནས་རྭ་དྷརྨ་སེང་གེ རྭ་དཀོན་མཆོག་སེང་གེ རྭ་ཤེས་རབ་རྒྱལ་མཚན། རྒྱ་སྟོན་དབང་ཕྱུག་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། མཁན་ཆེན་དང་མ་བ་བརྩོན་འགྲུས་བྱང་ཆུབ། ཉན་པོ་བ་སློབ་དཔོན་ཀུན་དགའ་རྒྱ་མཚོ། དབུར་སྟོད་པ་ཡོན་ཏན་ཆོས་རིན། ཡེར་པ་བ་བརྩོན་འགྲུས་རྒྱ་མཚོ། མལ་གྲོ་བ་གྲུབ་ཆེན་ཆོས་སྐྱོང་རྒྱལ་མཚན། མདོ་ཁམས་པ་བླ་ཆེན་ཡོན་ཏན་རྒྱ་མཚོ། རྡོ་རྗེ་འཆང་ཚར་ཆེན་བློ་གསལ་རྒྱ་མཚོ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ངག་དབང་རྣམ་རྒྱལ། མཁན་ཆེན་བཟང་པོ་རྒྱལ་མཚན། དུས་དགྲའི་དབང་པོ་ངག་དབང་ཀུན་དགའ་ལྷུན་གྲུབ། དེ་ཉིད་ཀྱིས་བདག་ཚུལ་ཁྲིམས་རིན་ཆེན་ལ་ཉམས་ཁྲིད་སྨིན་རྒྱས་སུ་སྩལ་ཏོ། །རྣལ་འབྱོར་བཞི་རིམ་གྱི་ཉམས་ཁྲིད་ཀྱི་བརྒྱུད་པ་ནི།རྭ་འབུམ་སེང་ཡན་དབང་བརྒྱུད་ལྟར་ལ། དེ་ནས་རྭ་ཤེས་རབ་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། མཁན་ཆེན་དང་མ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། ཉང་སྟོད་ཨཱརྻ་དེ་ཝ། བརྩེ་ཆེན་གྲུབ་ཆེན་ཀུན་བློ། ར་ལོ་གཉིས་པ་དགེ་བ་རྒྱལ་མཚན། རྗེ་རིན་ཆེན་རྣམ་རྒྱལ། མུས་ཆེན་སངས་རྒྱས་རིན་ཆེན། ས་ལོ་འཇམ་དཔལ་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྡོ་རྗེ་འཆང་སངས་རྒྱས་སེང་གེ ཐར་རྩེ་པ་ཆེན་པོ་ནམ་མཁའ་དཔལ་བཟང༌། ངག་དབང་མཆོག་ལེགས་རྡོ་རྗེ། འཁོར་ལོའི་མགོན་པོ་མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་མ་རྟགས་ཅན་གྱི་ལུང་བརྒྱུད་ནི། སློབ་དཔོན་ཡེ་ཤེས་འབྱུང་གནས་སྦས་པ་ནས། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། དབོན་ཆུང་བྷཱུ་མི་ཤྲཱི། པཎ་ཆེན་བི་མ་ལ་ཤྲཱི། པཎྜི་ཏ་བི་དྱ་ཨཱ་ཀ་ར། པཎྜི་ཏ་སརྻཱ་ཤྲཱི། ལོ་ཙཱ་བ་ཤྲཱི་མཱཾ་བོ་དྷི། རྒྱལ་ཁམས་ལོ་ཙཱ་བ་མ་ཎི་ཀ་ཤྲཱི།ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་བརྟན་པ།འགོས་སྟོན་རྡོ་རྗེ་སེང་གེ ཚར་ཆེན་རྡོ་རྗེ་འཆང་ཆེན་པོ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག་མན་འདྲའོ།། ༈ །དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ཞལ་གཅིག་ཕྱག་གཉིས་པའི་རྗེས་གནང་དང་སྒོ་རྟགས་ཅན་གྱི་ལུང་བརྒྱུད་ནི། རྗེ་བཙུན་སྒོ་རུམ་པ་ཆེན་པོ་ཡན་ངོར་ཆེན་བརྒྱུད་པར་བཞུགས་པའི་དབང་བརྒྱུད་ལྟར་ལས། དེ་ནས་འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག ཐུབ་བསྟན་མཁན་ཆེན་བྱམས་པ་རབ་བརྟན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། བཀའ་དྲིན་ཟླ་བྲལ་རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཉེ་བརྒྱུད་ནི། དཔལ་རྡོ་རྗེ་འཇིགས་བྱེད་ནས། རྗེ་བཙུན་སྒོ་རུམ་པ་མན་འདྲ་ཞིང༌། རྗེ་དབང་རབ་ཡན་ལ་བླ་མ་བཞི་ཡོད་པས་ཨོཾ་ཨཱཿཧཱུྃ་ཧོཿཡིན་གསུང་ངོ༌། །ཡང་ན་མཁྱེན་བརྩེའི་ཞབས་ནས། བྱམས་པ་རབ་བརྟན། འདྲེན་མཆོག་སྙིང་རྗེ་བཟང་པོ།མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ལའོ། །ཡང་དུག་དབང་རྨ་བྱ་རྒྱས་པའི་དབང་དང༌། ཨཱའི་རྟགས་ཅན་གྱི་ལུང་བརྒྱུད་ནི། གཙུག་ཏོར་འཁོར་ལོས་སྒྱུར་བ། དཔལ་རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཛྙཱ་ན་ཨཱ་ཀ་ར་གུཔྟ། པདྨ་བཛྲ། བལ་པོ་ཐུགས་རྗེ་ཆེན་པོ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌།རྒྭ་ལོ་ཡབ་སྲས་གཉིས། མཉམ་མེད་གྲགས་པ་རྒྱལ་མཚན། མཁས་གྲུབ་གཟུངས་ཀྱི་དཔལ་བ། བླ་མ་སེང་གེ་དཔལ། མཁས་གྲུབ་དགེ་བ་རྒྱལ་མཚན། རྗེ་རིན་ཆེན་རྣམ་རྒྱལ། རྗེ་སངས་རྒྱས་རིན་ཆེན། ངོར་ཆེན་ལྷ་མཆོག་སེང་གེ རྗེ་བུདྡྷ་སིངྷ༌། བྲང་ཏི་ནམ་མཁའ་དཔལ་བཟང༌། ངག་དབང་མཆོག་ལེགས་རྡོ་རྗེ།རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། མཁན་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་མུས་ཆེན་སངས་རྒྱས་རིན་ཆེན་ནས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་མན་འདྲའོ། །མཁན་རྟགས་ཅན་གྱི་ལུང་བརྒྱུད་ནི། བོ་དོང་མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་རབ་མན་འདྲའོ། །རྡོ་རྗེའི་རྟགས་ཅན་གྱི་ལུང་བརྒྱུད་གཅིག་ལ། རྭ་ཤར་བ་ལྟར་ན། རྭ་ཆོས་རབ་ནས།«་་་་་རྫོང་ཆུང་བའི་གསན་ཡིག་ན་རྭ་དྷརྨ་སེང་གེ རྭ་དཀོན་མཆོག་སེང་གེ ཤེས་རབ་རྒྱལ་མཚན་གསུམ་ལ་རྭ་ནུབ་པ། »དེ་སྲས་དྷརྨ་སེང་གེ རྭ་དཀོན་མཆོག་སེང་གེ རྭ་ཤེས་རབ་རྒྱལ་མཚན། རྒྱ་སྟོན་«་་་་་རྭ་ཚོ་ཤར་པ་ཡིན་ཟེར་བ་འདུག »དབང་ཕྱུག་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། མཁས་པ་ཡོན་ཏན་འབུམ། བསམ་ཡས་མཆོད་རྟེན་དཀར་པོ་བ་སངས་རྒྱས་སྐྱབས།ལྷ་བསོད་ནམས་རིན་ཆེན། ཁྲོམ་ཡོན་ནམ་མཁའ་ལྷུན་བཟང༌། རྗེ་དཔལ་འཛིན་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། བླ་མ་བསོད་ནམས་མཆོག་ལྡན།འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། ཚར་ཆེན་རྡོ་རྗེ་འཆང་ཆེན་པོ་མན་འདྲའོ། །རྭ་ནུབ་པ་ལྟར་ན། རྭ་ཆོས་རབ་ནས།«་་་་་རྫོང་པའི་གསན་ཡིག་ན་ཡེ་ཤེས་སེང་གེ་དང་འབུམ་སེང་གཉིས་ལ་རྭ་ཤར་པ། རྭ་ཚོ་ནུབ་པ་ཟེར་བ་འདུག »སྲས་ཡེ་ཤེས་སེང་གེ རྭ་འབུམ་སེང༌། རྗེ་བཙུན་རྒྭ་ལོ། མང་མཁར་ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ བླ་མ་སེང་གེ་རྒྱལ་མཚན། ཞང་སྟོན་བསོད་ནམས་གྲགས།«་་་་་འབྲི་ཁུང་དཔལ་འཛིན་གྱི་བླ་མ་ཆོས་ལུང་མཁན་ཆེན་ཡིན། »གཉན་སྟོན་རྡོ་རྗེ་གྲགས། ཁྲོམ་ཡོན་ནམ་མཁའ་ལྷུན་བཟང་མན་འདྲ། མུས་རྟགས་ཅན་གྱི་ལུང་བརྒྱུད་ནི། འཇམ་མགོན་མཁྱེན་བརྩེ་ཡན་དབང་བརྒྱུད་ཐོག་མ་ལྟར་ལས། དེ་ནས་དྲིན་ཆེན་སྦས་པའི་རྣལ་འབྱོར། ཁྱབ་བདག་དབང་ཕྱུག་རབ་བརྟན། རྗེ་བཙུན་བཀའ་འགྱུར་བ་མན་འདྲའོ།། ༈ །ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་དང་རྗེས་གནང་གི་ཡི་གེའི་སྟེང་ནས་འཆི་བདག་ལས་ཀྱི་གཤིན་རྗེ་དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་གྱི་རྗེས་གནང་ཐུན་མོང་མ་ཡིན་པ་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། དཱི་པཾ་ཀ་ར་རཀྵི་ཏ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། རོང་པ་རྒྭ་ལོ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ བླ་མ་སེང་གེ་རྒྱལ་མཚན། ཞང་སྟོན་བསོད་ནམས་གྲགས། གཉན་སྟོན་རྡོ་རྗེ་གྲགས། ཇོ་གདན་ནམ་མཁའ་ལྷུན་བཟང༌། སྔགས་འཆང་རིན་ཆེན་རྣམ་རྒྱལ། མུས་ཆེན་སངས་རྒྱས་རིན་ཆེན། ས་ལོ་ཙཱ་བ་ཀུན་དགའ་བསོད་ནམས། ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། མཚུངས་མེད་དཀོན་མཆོག་དཔལ་ལྡན། བྲང་ཏི་ནམ་མཁའ་དཔལ་བཟང༌། དབོན་ནམ་མཁའ་སངས་རྒྱས། རྗེ་དམ་ཆོས་པ། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། དུས་དགྲའི་དབང་པོ་བཀྲ་ཤིས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་འདྲེན་པ་ཀུན་དགའ་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ངོར་པ་དཔོན་སློབ་སངས་རྒྱས་ཚུལ་ཁྲིམས་པ་ལས་ཀྱང་ཐོབ་བོ། །ཡང་ན་རྗེ་སངས་རྒྱས་རིན་ཆེན་ནས། རྗེ་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ། བྲང་ཏི་པ། ཤར་ཆེན་ཁུ་དབོན།«་་་་་ཁུ་བོ་བདག་ཆེན་ཀུན་དགའ་བཀྲ་ཤིས། དབོན་ཤེས་རབ་འབྱུང་གནས། »རྗེ་དམ་ཆོས་སོགས། ཡང་ན་བྲང་ཏི་པ།མཁས་གྲུབ་དཔལ་ལྡན་དོན་གྲུབ། དེ་ལས་ནམ་མཁའ་སངས་རྒྱས་དང་ཤེས་རབ་འབྱུང་གནས་གཉིས་ཀྱིས་གསན། དེ་མན་འདྲ། ཡང་ན་རྗེ་དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས་མན་འདྲའོ།། ༈ །ལས་གཤིན་དཔའ་གཅིག་ཡབ་ཡུམ་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་ཆེན། ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་རོ་ལངས་མ། གྲུབ་ཆེན་ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པའི་དཔལ།གྲུབ་ཐོབ་པདྨ་བཛྲ། དཱི་པཾ་ཀ་ར་རཀྵི་ཏ།«་་་་་བྷ་རོ་ཕྱག་རྡུམ་དང་གཅིག »རྭ་ལོ་ཙཱ་བ་ཆེན་པོ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌།རྗེ་བཙུན་རྒྭ་ལོ། རོང་པ་ཤེས་རབ་སེང་གེ བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ཀུན་མཁྱེན་ཤེས་རབ་དཔལ་བཟང༌། ཆོས་རྗེ་དགེ་བ་རྒྱལ་མཚན། གྲྭ་ཐང་པ་ཤེས་རབ་ཟླ་བའི་དབང་པོ། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུགརྗེ་བཙུན་མཐུ་སྟོབས་ཀྱི་དབང་ཕྱུག་བསོད་ནམས་ཆོས་འཕེལ། འཇམ་དབྱངས་ངག་དབང་ཆོས་གྲགས། བྱམས་པ་ངག་དབང་ཆོས་གྲགས། བྱམས་པ་ངག་དབང་རྣམ་རྒྱལ། བདག་ཆེན་ཀུན་དགའ་བཀྲ་ཤིས། མཁས་གྲུབ་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། མཁས་གྲུབ་ཆེན་པོ་སངས་རྒྱས་དཔལ་བཟང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། མཁས་པ་བཀྲ་ཤིས་དབང་ཕྱུག རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། མཁས་གྲུབ་སངས་རྒྱས་དཔལ་བཟང༌། དེས་བདག་ལའོ།། ༈ །ཡང་ལས་གཤིན་དམར་པོ་ཁྲག་མདོག་ཡབ་ཡུམ་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྭ་འབུམ་སེང་ཡན་དཔའ་གཅིག་ཡབ་ཡུམ་ལྟར་ལ། དེ་ནས་རྭ་དྷརྨ་སེང་གེ རྭ་དཀོན་མཆོག་སེང་གེ རྭ་ཤེས་རབ་རྒྱལ་མཚན། རྒྱ་སྟོན་དབང་ཕྱུག་རྒྱལ་མཚན། ཀུན་དགའ་བརྩོན་འགྲུས། མཁན་ཆེན་དང་མ་བ། དེ་ནས་ཐོག་སྟོན་ཤེས་རབ་རྡོ་རྗེ། རིན་པོ་ཆེ་ཤེས་རབ་གྲགས། ལུང་པ་དཀོན་མཆོག་རྡོ་རྗེ། ཁྲོམ་ཡོན་ནམ་མཁའ་ལྷུན་བཟང༌། བྲག་ཐོག་པ་དཔལ་འཛིན་བཟང་པོ། གོང་དཀར་རྡོ་རྗེ་གདན་པ། ཐུགས་སྲས་ཀུན་དགའ་རྒྱལ་པོ། འབྲས་སྤུངས་པ་དྲིན་ཆེན་ཚེ་དབང་བཀྲ་ཤིས། ཐམས་ཅད་མཁྱེན་པ་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་བསོད་ནམས་ཆོས་འཕེལ། རྗེ་བླ་མ་དབང་ཕྱུག་རབ་བརྟན། མཁས་གྲུབ་ངག་དབང་ཆོས་གྲགས། འཇམ་དབྱངས་ངག་དབང་རྣམ་རྒྱལ། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བཀྲ་ཤིས།མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། རི་ཁྲོད་པ་བསོད་ནམས་ཆོས་འབྱོར། མཁས་པ་བཀྲ་ཤིས་དབང་ཕྱུག དབང་བླ་ཀུན་དགའ་བསྟན་འཛིན།མཁན་ཆེན་སངས་རྒྱས་དཔལ་བཟང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །ལས་གཤིན་དམར་པོ་བསེ་«་་་་་མ་རུ་ཙེ་བཞིས་བསྐོར་ཀྱང་ཟེར། »བྱ་བཞིས་བསྐོར་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྭ་འབུམ་སེང་ཡན་དཔའ་གཅིག་ཡབ་ཡུམ་ལྟར་ལ། དེ་ནས་རྭ་དྷརྨ་སེང་གེ རྭ་དཀོན་མཆོག་སེང་གེ རྭ་ཤེས་རབ་རྒྱལ་མཚན། རྒྱ་སྟོན་དབང་ཕྱུག་རྒྱལ་མཚན། ཀུན་དགའ་བརྩོན་འགྲུས། མཁན་ཆེན་དང་མ་བ། དེ་ནས་རིམ་བཞིན་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། རྡོ་རིང་པ། ཚར་ཆེན་རྡོ་རྗེ་འཆང༌། གནས་གསར་རྗེ་དྲུང་མཁྱེན་བརྩེའི་དབང་ཕྱུག སྔགས་འཆང་བསོད་ནམས་ཆོས་འཕེལ། རྗེ་དབང་ཕྱུག་རབ་བརྟན།ངག་དབང་ཆོས་གྲགས། མཁན་ཆེན་ངག་དབང་རྣམ་རྒྱལ། ངག་དབང་ཀུན་དགའ་བཀྲ་ཤིས། མཁས་གྲུབ་སངས་རྒྱས་ཕུན་ཚོགས། རི་ཁྲོད་པ་བསོད་ནམས་ཆོས་འབྱོར། མཁས་པ་བཀྲ་ཤིས་དབང་ཕྱུག དབང་བླ་ཀུན་དགའ་བསྟན་འཛིན། མཁན་ཆེན་སངས་རྒྱས་དཔལ་བཟང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ལས་གཤིན་རིགས་གསུམ་གྱི་མཆོད་གཏོར་འབུལ་ཚུལ་རྗེས་གནང་གི་ཐོ་དང་བཅས་པ་དང༌།ཚར་ཆེན་གྱིས་མཛད་པའི་རྗེས་གནང་གི་ཆིངས་ཀྱི་སྟེང་ནས་ཐོས་ཤིང་ཡིག་ཆ་དེ་དག་གི་ལུང་ཡང་ཐོས་སོ། །རྩེའི་རྟགས་ཅན་གྱི་ལུང་བརྒྱུད་ནི། མཁན་ཆེན་དང་མ་བ་ཡན་རྭ་ཁྲིད་མཁའ་འགྲོའི་སྙན་བརྒྱུད་ལྟར་ལས། དེ་ནས་མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཨཱརྻ་དེ་ཝ། བརྩེ་ཆེན་གྲུབ་ཆེན་ཀུན་བློ། ཁྲོམ་ཡོན་ནམ་མཁའ་ལྷུན་བཟང༌། རྗེ་དཔལ་འཛིན་བཟང་པོ། མཐུ་ཆེན་ཀུན་དགའ་རྣམ་རྒྱལ། རྗེ་བསོད་ནམས་མཆོག་ལྡན། རྗེ་ཚེ་དབང་བཀྲ་ཤིས། ཚར་ཆེན་རྡོ་རྗེ་འཆང་མན་འདྲའོ། །ས་བཅད་གསུམ་པ་དཔལ་འཛིན་ཉི་འོད་བཟང་པོས་མཛད་པའི་གླེགས་བམ་པོད་ཆུང་གི་ལུང་ནི། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ་ཡན་དབང་བརྒྱུད་དང་པོ་ལྟར་ལས། དེ་ནས་མང་མཁར་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ བླ་མ་སེང་གེ་རྒྱལ་མཚན། ཐམས་ཅད་མཁྱེན་པ་ཞང་སྟོན་བསོད་ནམས་གྲགས་པ། གངས་རིའི་ཁྲོད་ཀྱི་དཔལ་འཛིན་ཉི་འོད་བཟང་པོ།«་་་་་རྒྱ་མཚོ་སྤྲིན་གྱི་འབྲུག་སྒྲ་གློག་གི་ཕྲེང་བ་ཅན་ཡང་ཟེར། »བླ་མ་སྟག་ལུང་པ། ཞྭ་ལུ་པ་ཆེན་པོ། སྟག་ལུང་པ་ངག་དབང་གྲགས་པ། མི་ཉག་པཎ་ཆེན་གྲགས་པ་རྡོ་རྗེ། མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། འགོས་སྟོན་རྡོ་རྗེ་སེང་གེ ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག མཐུ་སྟོབས་དབང་ཕྱུག་དགོན་གསར་བ་བསོད་ནམས་ཆོས་འཕེལ། ཁྱབ་བདག་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ངག་དབང་རྣམ་རྒྱལ། མཁན་ཆེན་བཟང་པོ་རྒྱལ་མཚན། རྨོར་ཆེན་ཀུན་དགའ་ལྷུན་གྲུབ་མན་འདྲ། རྨོར་ཆེན་པས་མཁན་ཆེན་བཟང་པོ་རྒྱལ་མཚན་གྱི་དྲུང་དུ་ཞུས་པའི་དུས་རྭ་པོད་ས་སྐྱའི་ཕྱག་དཔེའི་ནང་ལྟར་མ་ཚང་བ་མེད་པར་ཞུས་པས་འཇམ་དབྱངས་མཁྱེན་བརྩེ་ཁུ་དབོན་གསུམ་བརྒྱུད་པར་བཞུགས་པ་ཐམས་ཅད། དེ་ཡན་གསན་ཡིག་གངྒཱའི་ཆུ་རྒྱུན་ལྟར་བྲིས་པ་ཡིན་ཞིང༌། མཁན་ཆེན་བཟང་རྒྱན་པས་ལུང་གསན་དུས་ཀྱང་ཕྱག་དཔེ་དེ་ཁ་ཡིན་འདུག་གསུང་ངོ༌། །སྨྲས་པ། སྡང་བས་ཟིལ་མནན་སྐྱེ་བོ་བྱང་ཆུབ་ཆེར། །བཀྲི་ཕྱིར་ཁྲོ་བོའི་རྒྱལ་པོར་ཟློས་པའི་གར། །གཤིན་རྗེ་མཐར་བྱེད་དམར་ནག་འཇིགས་གསུམ་གྱི། །དབང་དང་གྲོལ་བྱེད་ལམ་སྐོར་ཕལ་ཆེར་མནོས། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། གཤིན་རྗེའི་གཤེད་སྐོར་ཏེ་ཕ་རྒྱུད་ཀྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་བཅུ་བདུན་པའོ།། །།གསུམ་པ་གཏི་མུག་ཅན་གཙོ་བོར་འདུལ་བར་བྱེད་པ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་སྨིན་བྱེད་ཉིད་ནི་སྔོན་དུ་ཐོས་པ་མ་བྱུང་ངོ༌།། ༈ །གཉིས་པ་ཤེས་རབ་བླ་ན་མེད་པའི་རྒྱུད་ཀྱིས་བསྟན་པའི་སྐོར་ལ། དཔལ་འཁོར་ལོ་བདེ་མཆོག་སྦྱང་གཞི་སྒོང་སྐྱེས་སྦྱོང་བྱེད་ལྟར་ལེགས་པར་བཀྲལ་བའི་ཧེ་རུ་ཀའི་རིགས་དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོར་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་སྒྲུབ་ཐབས་དང༌། འདྲེན་མཆོག་གིས་མཛད་པའི་མཆོད་ཕྲེང༌། རྗེ་བཙུན་རིན་པོ་ཆེས་མཛད་པའི་དཀྱིལ་ཆོག ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་གསལ་བྱེད་ཁྱད་པར་བཞི་ལྡན་དང༌། ཤར་ཆེན་པ་དང་མཁན་ཆེན་བུདྡྷ་ལཀྵྨཱིས་མཛད་པའི་དབང་གི་མཚམས་སྦྱོར་རྣམས་ལ་བརྟེན་ནས་བརྒྱུད་པའི་བཀའ་བབས་དགུ་ལྡན་གྱི་དབང་བཞི་རྫོགས་པར་ནོས་པའི་བཀའ་བབས་དང་པོས་ལུགས་ཀྱི་བརྒྱུད་པ་ནི།«་་་་་ངོར་ཆེན་དང་མཁྱེན་བརྩེའི་གསན་ཡིག་ན་བཀའ་བབ་བདུན་ལས་མི་འདུག་ཀྱང་ཇོ་བོ་ལུགས་གཉིས་སོ་སོར་བགྲངས་གཉོས་ལུགས་བསྣན་པས་དགུ་བྱུང་ངོ༌།། »ཁྱབ་བདག་རྡོ་རྗེ་འཆང༌། དཔལ་ཕྱག་ན་རྡོ་རྗེ། བྲམ་ཟེ་ཆེན་པོ་ས་ར་ཧ།«་་་་་མདའ་བསྣུན། »འཕགས་པ་ཀླུ་སྒྲུབ། གྲུབ་ཆེན་ཤ་བ་རི་པ།«་་་་་ཕག་རོ་ཁུར། »སློབ་དཔོན་ལཱུ་ཧི་པ། དྷ་རི་ཀ་པ།«་་་་་བུད་མེད་ཅན། »རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས།«་་་་་ཀུརྨ་པཱ་ད། »ཤྲཱི་ཛཱ་ལནྡྷ་ར། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས།ཏཻ་ལོ་པ། ནཱ་རོ་ཏ་པ།«་་་་་ཀུན་ཏུ་བཟང་པོ། ནམ་མཁའི་སྙིང་པོ། སྙན་གྲགས་བཟང་པོ། ཡེ་ཤེས་དངོས་གྲུབ། རྩ་བཤད་པ་རྣམས་མཚན་གྱི་རྣམ་གྲངས་ཡིན་ཞེས་ཟེར་ཡང་དཔྱད་དོ།། »ཕམ་མཐིང་པ་གཅེན་འཇིགས་མེད་གྲགས་པ། གཅུང་ངག་གི་དབང་ཕྱུག ཀློག་སྐྱ་ཤེས་རབ་བརྩེགས།«་་་་་པྲཛྙཱ་ཀུ་ཊ། »མལ་ལོ་ཙཱ་བ་བློ་གྲོས་གྲགས། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། འུ་ཡུག་པ་བསོད་ནམས་སེང་གེ དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། མུས་ཆེན་སངས་རྒྱས་རིན་ཆེན།ངོར་ཆེན་སངས་རྒྱས་སེང་གེ ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང༌། དབོན་ནམ་མཁའ་སངས་རྒྱས། རྗེ་བཙུན་དམ་ཆོས་བསམ་འགྲུབ། བསྟན་པའི་སྒྲོན་མེ་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཛིན་པའི་དབང་ཕྱུག་ཀུན་དགའ་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ཅན་ལ་སྩལ་བའི་ཆོས་ཀྱི་ཐོག་མ་ཉིད་དོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། མཚུངས་མེད་བསོད་ནམས་དཔལ་ལྡན། དྲིན་ཆེན་མཁས་བཙུན་གྲུབ་པ་ནམ་མཁའ་དཔལ་བཟང༌། དེས་བདག་ཚུལ་རིན་ལའོ། །ཡང་ན་སངས་རྒྱས་སེང་གེ་ནས། ཐར་རྩེ་པ་ནམ་མཁའ་དཔལ་བཟང་དང༌། མུས་ཆེན་ནམ་མཁའ་དཔལ་བཟང་གཉིས་ཀྱིས་གསན།དེ་གཉིས་ཀ་ལས་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། དེ་ནས་ནམ་མཁའ་སངས་རྒྱས་མན་འདྲ། ཡང་ན་མུས་ཆེན་ཡན་གོང་ལྟར་ལ། དེ་ལས་ཀུན་མཁྱེན་གོ་བོ་རབ་འབྱམས་པ་དང་གྲུབ་ཆེན་དཀོན་མཆོག་བློ་གྲོས་གཉིས་ཀྱིས་གསན། གཉིས་ཀ་ལས་མུས་ཆེན་སངས་རྒྱས་རིན་ཆེན་གྱིས་གསན་པ་མན་གོང་ལྟར་རོ། །ཡང་ན་རྗེ་སངས་རྒྱས་རིན་ཆེན་ནས། འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་པ་མན་འདྲ། ཡང་ན་རྗེ་སངས་རྒྱས་རིན་ཆེན། འཇམ་དབྱངས་ས་ལོ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་རྗེ་སངས་རྒྱས་རིན་ཆེན་ནས། རྗེ་དཀོན་མཆོག་ལྷུན་གྲུབ།ཤར་ཁང་པ་བྲང་ཏི་པཎ་ཆེན། ཤར་ཆེན་ཀུན་དགའ་བཀྲ་ཤིས། དབོན་ཤེས་རབ་འབྱུང་གནས། རྗེ་དམ་ཆོས་མན་འདྲ། ཡང་ན་དཔལ་ལྡན་དོན་གྲུབ་ལས།ནམ་མཁའ་སངས་རྒྱས་དང་ཤེས་རབ་འབྱུང་གནས་གཉིས་ཀྱིས་གསན་པ་མན་འདྲ། ཡང་ན་རྗེ་དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས་མན་འདྲ། ཡང་ན་ས་པཎ་ནས། དམར་ཆོས་རྒྱལ། མི་ཉག་ཆོས་རྒྱལ། མི་ཉག་རྡོར་གྲགས། ལྕེ་མདོ་སྡེ་སེང་གེ སྟོན་ཤཱཀ ལྕེ་བློ་ལྡན།འཕགས་འོད། བུ་སྟོན་མན་འདྲ། ཡང་ན་ས་པཎ་ནས། བོ་དོང་རིན་པོ་ཆེ། ཁྲོ་ཕུ་རིན་པོ་ཆེ། བླ་མ་དཔལ་ལྡན་སེང་གེ ཀུན་མཁྱེན་བུ་མན་གོང་བཞིན་ནོ། །ཡང་ན་ས་པཎ་ནས། བོ་དོང་རིན་པོ་ཆེ། ཉན་ཆེན་བསོད་ནམས་བརྟན་པ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན་མན་གོང་བཞིན་ནོ། །ཡང་ན་ས་པཎ་ནས། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ།དཔལ་ལྡན་བླ་མ་དམ་པ། རི་ཁྲོད་པ་བློ་གྲོས་བརྟན་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་མན་འདྲའོ། །བཀའ་བབས་གཉིས་པ་བསྐྱེད་རིམ་གཙོ་བོར་སྟོན་པའི་བཤད་རྒྱུད་ཨ་བྷི་དྷ་ནའི་ལེའུ་སུམ་ཅུ་རྩ་གསུམ་པ་ནས་གསུངས་པའི་མར་དོ་ལུགས་ཀྱི་བརྒྱུད་པ་ནི།«་་་་་བདེ་མཆོག་ལཱུ་ཧི་པ་སྦྱངས་པའི་ཡོན་ཏན་ལྷ་བཅུ་གསུམ་མའམ་བདེ་མཆོག་ལ་ཝ་པའང་ཟེར། »རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལཱུ་ཧི་པ། ཌྷེཾ་ཀི་པ།«་་་་་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ཏུ་ལཱུ་ཧི་པ་དང་འདི་གཉིས་གཅིག་པར་མཛད་འདུག »པཎ་གྲུབ་དབང་པ་ལ་ཝ་པ། རྒྱལ་པོ་ཨིནྡྲ་བྷཱུ་ཏི། ཀ་ཙ་ཊ་པ།«་་་་་བུ་སྟོན་དང་རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ན་ཀ་ཙ་པ་རྡོ་རྗེ་གདན་པའི་གསན་ཡིག་ན་ཀ་ཙ་ཏྲ་པ་ཞེས་སྣང༌། »གྲུབ་ཆེན་དྲིལ་བུ་པ།«་་་་་བུ་རྗེ་བཙོང་ཁ་པ་ངོར་གོང་དཀར་ཐར་རྩེ་ཤར་པ་རྣམས་ཀྱི་གསན་ཡིག་ན་མི་གསལ་ཡང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདིར་རུས་སྦལ་ཞབས་སྣང་བ་བརྟག »ཛཱ་ལནྡྷ་རི་པ། ནག་པོ་སྤྱོད་པ། ཀུ་ཤ་ལ་ནཱ་ཐ།«་་་་་བུ་དང་གོང་དཀར་བའི་གསན་ཡིག་ཏུ་འདི་དང་དགེ་བའི་མགོན་པོ་སོ་སོར་འདུག་པ་རྒྱ་སྐད་བོད་སྐད་ཀྱི་ཁྱད་པར་ལས་དོན་གཅིག་པས་ཡིག་སྐྱོན་ཤོར་བ་འདྲ། ངོར་མཁྱེན་བརྩེ་ཐར་རྩེ་ཤར་པ་སོགས་ཀྱི་གསན་ཡིག་དང་དཀྱུས་མཐུན། »ཏཻ་ལོ་པ། ནཱ་རོ་པ། མ་ན་ཀ་ཤྲཱི་ཛྙཱ་ན།«་་་་་བུའི་གསན་ཡིག་ན་མ་ན་ཀ་དང་ཤྲཱི་ཛྙཱ་ན་ཞེས་འདུག་པ་ཡིག་སྐྱོན་བྱུང་ངམ་སྙམ། »བལ་པོ་བྷ་དནྟ།«་་་་་སུ་མ་ཏི་ཀཱིརྟི་དང་གཅིག་ཡིན་སྐད།བུའི་གསན་ཡིག་ན་བྷ་རན་དང༌། ངོར་ཆེན་གྱི་གསན་ཡིག་ཏུ་བྷ་ཏན་ཞེས་སྣང་བ་གཅིག་ལ་ཡིག་སྐྱོན་བྱུང་འདྲ། »ལོ་ཙཱ་བ་མར་པ་དོ་པ་ཆོས་ཀྱི་དབང་ཕྱུགགཟེ་པ་བློ་ལྡན་སེང་གེ གཟེ་པ་ཇོ་བདེ།«་་་་་རྗེ་བཙུན་བཙོང་ཁ་པ་རྡོ་རྗེ་གདན་པ་ཐར་རྩེ་པ་གསུམ་གྱི་གསན་ཡིག་ཏུ་བདེ་མཆོག་རྡོ་རྗེ་ཞེས་སྣང༌།» སློབ་དཔོན་ཁུ་པ། ཁམས་པ་ལྷོ་ཚད་པ་ཀུན་དགའ་རིན་ཆེན། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཁྱུང་ལྷས་པ། ཤར་ཆེན། ངོར་ཆེན། མུས་ཆེན། རྗེ་སངས་རིན་པ། རྗེ་དཀོན་མཆོག་ལྷུན་གྲུབ། སངས་རྒྱས་སེང་གེ དེ་ལས་ཐར་རྩེ་པ་དང་མུས་པ་ནམ་མཁའ་དཔལ་བཟང་གཉིས་ཀྱིས་གསན། གཉིས་ཀ་ལས་སྒྲུབ་ཁང་དཔལ་དོན་པ་མན་གོང་ས་ལུགས་དང་འདྲ། ཡང་ན་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ལ་ཝ་པ། ལ་ཀི་མི་པ། འབར་བའི་གཙོ་བོ། དགེ་བའི་གཙོ་བོ། ཀུ་ཤ་ལ་ནཱ་ཐ་མན་གོང་ལྟར་རོ། །ཡང་ན་ཁྱུང་ལྷས་པ་ནས། ཆོས་རྗེ་བཀྲ་ཤིས་རིན་ཆེན། ངོར་ཆེན་མན་འདྲ། ཡང་ན་གཟེ་པ་བློ་ལྡན་ནས། གཟེ་པ་དོན་གྲུབ་ཡེ་ཤེས། ས་ཕུག་པ་ཤཱཀྱ་རྡོ་རྗེ། ལོ་ཙཱ་བ་མཆོག་ལྡན་མན་འདྲ། བཀའ་བབས་གསུམ་པ་ཇོ་བོ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ལཱུ་ཧི་པ། སློབ་དཔོན་དྷ་རི་ཀ་པ། ཏཻ་ལོ་པ། ནཱ་རོ་པ། རཏྣ་ཨཱ་ཀ་ར་ཤཱནྟི།«་་་་་ཐར་རྩེ་པའི་གསན་ཡིག་ན་འདི་ཇོ་བོའི་རྗེས་སུ་འདུག་པ་ཡིག་ནོར་བྱུང་འདྲ།་་་་་»ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། རོང་པ་འགར་དགེ«་་་་་དགེ་བསྙེན་ཡིན། »ལྷ་རྗེ་སྟོད་པ་ཚུལ་ཁྲིམས་དཔལ།«་་་་་སྔགས་དཀར། »སྟེང་པ་ཐུགས་རྗེ་ཟླ་གསལ།«་་་་་རྗེ་བཙུན་བཙོང་ཁ་པ་དང་རྡོ་རྗེ་གདན་པའི་གསན་ཡིག་ན་སྟེང་ཤོད་ཞབས་གཉིས་ཞེས་སྣང༌། »ཤོད་ཉི་མ་ཁ་དྲོ། གཅེན་ཤེས་རབ་རྒྱལ་པོ།«་་་་་འདི་གཉིས་ཀྱི་ཚབ་ཏུ་རྗེ་བཙུན་བཙོང་ཁ་པ་དང་རྡོ་རྗེ་གདན་པའི་གསན་ཡིག་ཏུ་རྗེ་ཆེ་བ་དང་ཆུང་བ་ཞེས་པ་འདུག་ཅིང་ཞྭ་ལུ་ཙནྡྲ་པའི་གསན་ཡིག་ཏུ་རྗེ་ཆེ་ཆུང་གི་འོག་ཏུ་སོ་སོའི་མཚན་བརྒྱབ་འདུག་པ་དོན་ལ་གཅིག་པ་འདྲ། »གཅུང་ཤེས་རབ་གཙུག་ཏོར། ལྷ་རྗེ་ཆེན་པོ་དྷརྨ་ཙཀྲ«་་་་་སྔགས་པ་སེ་བོ། »ཐང་སྟོད་པ་ཆོས་འོད།«་་་་་རབ་བྱུང་སེ་བོ།» ཞིང་ཆེན་གྲགས་པ་དཔལ།«་་་་་བོད་བཙུན་གྲྭ་ཐེར་སེ་བོ།» བདེ་གཤེགས་དཔལ།«་་་་་བོད་བཙུན། »བླ་མ་སྒོམ་«་་་་་བཙུན་པ། »པ་ཡེ་ཤེས།«་་་་་གྱེར་ཕུག་པ་སྒོམ་ཡེ་དང་གཅིག་པ་འདྲ།»བླ་མ་གྲགས་ཆེན།«་་་་་བཙུན་པ་བྱར་བུ་བ། »བླ་མ་འཕགས་འོད། བུ་སྟོན་རིན་པོ་ཆེ། ཁྱུང་ལྷས་པ། ཤར་ཆེན། ངོར་ཆེན། སེམས་དཔའ་ཆེན་པོ། སངས་རིན་པ། སངས་རྒྱས་སེང་གེ དེ་ལས་ཐར་རྩེ་པ་དང་མུས་པ་ནམ་མཁའ་དཔལ་བཟང་གཉིས་ཀྱིས་གསན། གཉིས་ཀ་ལས་སྒྲུབ་ཁང་པ་མན་འདྲའོ། །བཀའ་བབས་བཞི་པ་ཁ་ཆེ་ལུགས་ཀྱི་བརྒྱུད་པ་ནི། ཙཀྲ་སཾ་ཝཱ་ར། བཛྲ་ཝ་ར་ཧཱི། གྲུབ་ཆེན་ལཱུ་ཧི་པ། རི་ཁྲོད་ཞབས།«་་་་་འདི་གོང་དཀར་བའི་གསན་ཡིག་ན་མི་འདུག་པ་ཆད་དམ་དཔྱད། »ཀནྟ་པ། འདྲེན་མཛད་ཞབས། བིཀྵ་ཏ་དེ་ཝ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། བི་བྷཱུ་ཏི་ཙནྡྲ། གཡག་སྡེ་ལོ་ཙཱ་བསོད་ནམས་བཟང་པོ།མངའ་རིས་ཟེ་དམར་བ་སངས་རྒྱས་ཡེ་ཤེས། བུ་སྟོན་ཐམས་ཅད་མཁྱེན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་ཇོ་ལུགས་དང་འདྲ། ཡང་ན་བི་བྷཱུ་ཏི་ཙནྡྲ་ནས། མངའ་རིས་པ་སངས་རྒྱས་ཡེ་ཤེས་མན་འདྲ། ཡང་ན་ཁ་ཆེ་པཎ་ཆེན་ནས། སྤྱི་བོ་ལྷས་པ་སེང་གེ་དཔལ། ཞང་ཕྱ་རུ་བ། འབྲོ་ལུང་པ། རིན་པོ་ཆེ་ཁྲོ་ཕུ་བ། ཡང་རྩེ་བ་རིན་ཆེན་སེང་གེ བུ་སྟོན་མན་འདྲ། ཡང་ན་རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ།སློབ་དཔོན་དྲིལ་བུ་པ། དྷ་རི་ཀ་པ། དགའ་བའི་རྡོ་རྗེ། ཡན་ལག་མེད་པའི་རྡོ་རྗེ། ཨ་བྷ་ཡཱ་དེ་ཝ་པཱུརྞ། ཁ་ཆེ་པཎ་ཆེན་མན་འདྲ། ཡང་ཉེ་བརྒྱུད་ནི་འཁོར་ལོ་སྡོམ་པ། པཎ་ཆེན་ཤཱཀྱ་ཤྲཱི་མན་གོང་བཞིན་ནོ། །བཀའ་བབས་ལྔ་པ་པུ་རངས་ལོ་ཆུང་ལུགས་ཀྱི་དབང་བཤད་གཉིས་ཀའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། གྲུབ་ཆེན་ལཱུ་ཧི་པ། ཌྷེཾ་ཀི་པ། དྷ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། ཛ་ལནྡྷ་རི་པ། སློབ་དཔོན་ནག་པོ་སྤྱོད་པ། དགེ་བའི་མགོན་པོ། རུས་སྦལ་ཞབས། གུ་ཧྱ་པ།«་་་་་རྗེ་བཙོང་ཁ་པ་དང་གོང་དཀར་བ་སངས་རྒྱས་ཕུན་ཚོགས་པ་གསུམ་གྱི་གསན་ཡིག་ན་བྷུ་བ་པ་ཞེས་སྣང༌། »རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་ཏ་པ། མ་ན་ཀ་ཤྲཱི། པྲ་ཛྙཱ་རཀྵི་ཏ། ཕམ་མཐིང་པ་གསུམ།«་་་་་འཇིགས་མེད་གྲགས་པ། ངག་དབང་གྲགས་པ། བྷ་དནྟ། »པུ་རངས་ལོང་ཆུང་གྲགས་མཆོག་ཤེས་རབ།«་་་་་འདི་ལས་སྟོད་སྲིབས་ཀྱི་གད་ལོགས་སུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་བྱོན་པ་ཡིན། »དམར་ཆོས་ཀྱི་རྒྱལ་མཚན། མངའ་རིས་ཀྱི་སྟོན་པ་དཀོན་མཆོག་འབར། ཐུར་ལ་བ་ཚུལ་ཁྲིམས་སྐྱབས། ཐང་སྤེ་བ་འཕགས་པ་སྐྱབས། གསེར་སྡིངས་པ་གཞོན་ནུ་འོད། བླ་མ་ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་ཇོ་བོ་ལུགས་བཞིན་ནོ། །ཡང་ན་དམར་ཆོས་རྒྱལ་ནས། མི་ཉག་ཆོས་རྒྱལ། མི་ཉག་རྡོར་གྲགས། ལྕེ་མདོ་སེང༌། བླ་མ་སྟོན་ཤཱཀ བློ་ལྡན་སེང་གེ འཕགས་འོད་མན་འདྲ།ཡང་ན་མ་ན་ཀ་དང་པྲཛྙཱ་རཀྵི་ཏ་གཉིས་ལས་ཀ་ན་ཀ་ཤྲཱིས་གསན། དེ་དང་ཕམ་མཐིང་པ་གཉིས་ཀ་ལས་བྷ་དནྟ། དེ་ནས་པུ་རངས་ལོ་ཆུང་མན་བཤད་མ་ཐག་པ་ལྟར་རོ། །བཀའ་བབས་དྲུག་པ་མར་ལུགས་ཀྱི་བརྒྱུད་པ་ནི།«་་་་་གསན་ཡིག་ཚོར་འདི་བཞིན་འདུག་ཀྱང་མར་ལོ་སོགས་མ་བྱུང་བས་དམར་ལུགས་ཟེར་རྒྱུ་ཡིན་ནམ་དཔྱད། »ཕམ་མཐིང་པ་ཡན་ས་ལུགས་དང་འདྲ་བ་ལ། དེ་ནས་བལ་པོ་བྷ་དནྟ། ལོ་ཆུང་གྲགས་མཆོག་ཤེས་རབ། དམར་ཆེན་པོ་ཆོས་ཀྱི་རྒྱལ་མཚན། དབོན་པོ་ཤེས་རབ་རྡོ་རྗེ། ཐུབ་པ་ཤེས་རབ། བརྩོན་འགྲུས་རྡོ་རྗེ། དམར་ཆོས་ཀྱི་རྒྱལ་མཚན། བླ་མ་ཤཱཀྱ་གཞོན་ནུ། ལྕེ་བློ་ལྡན་སེང་གེ བླ་མ་འཕགས་འོད། ཀུན་མཁྱེན་བུ་སྟོན། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་ཇོ་ལུགས་དང་འདྲ། བཀའ་བབས་བདུན་པ་དཔྱལ་ལུགས་ཀྱི་བརྒྱུད་པ་ནི། གྲུབ་ཆེན་ལཱུ་ཧི་པ། རྒྱལ་པོ་དྷ་རི་ཀ་པ། མངའ་བདག་མཻ་ཏྲི་པ། ནྱ་ཀ་པ། ཀནྡྷ་པ། བིཀྵ་ཏ་དེ་ཝ།པཎ་ཆེན་ཤཱཀྱ་ཤྲཱི། གྲུབ་ཐོབ་རྡོ་རྗེ་གདན་པ། པཎྜི་ཏ་ཀྵི་ཏི་གརྦྷ། དཔྱལ་ལོ་ཙཱ་བ་ཆོས་བཟང༌། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། དེ་སྲས་ཤེས་རབ་སེང་གེ གྲུ་མ་ཆོས་སྐྱོང་དཔལ། ཁྱུང་པོ་ལྷས་པ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་ཇོ་བོ་ལུགས་བཞིན་ནོ། །བཀའ་བབས་བརྒྱད་པ་སྦལ་སྤང་སྣ་ལུགས་ཀྱི་བརྒྱུད་པ་ནི།«་་་་་གོང་དཀར་བའི་གསན་ཡིག་ན་འདི་ཇོ་ལུགས་བརྒྱུད་པའི་རྣམ་གྲངས་སུ་མཛད་འདུག་ཅིང་ཐར་རྩེ་དང་ཤར་པའི་གསན་ཡིག་ན་དཀྱུས་བཞིན་དུ་སོ་སོར་སྣང༌། »སངས་རྒྱས། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ཆེན་པོ་ཙནྡྲི་ཀ་པ། བྲམ་ཟེ་ཆེན་པོ་མེ་ཀོ་པ། སློབ་དཔོན་ལཱུ་ཧི་པ།དྷ་རི་ཀ་པ། བྲམ་ཟེ་སྡོམ་པ་བཟང་པོ། ཇོ་བོ་རྗེ་ཨ་ཏི་ཤ། དེ་ལས་ལོ་ཆེན་རིན་ཆེན་བཟང་པོ་དང་ནག་ཚོ་ལོ་ཙཱ་བ་གཉིས་ཀྱིས་གསན། གཉིས་ཀ་ལས་འཕན་ཡུལ་འལ་པ་སྟོན་མགོན་དང་འལ་པ་ཇོ་བཙུན་གཉིས་ཀྱིས་གསན། དེ་གཉིས་ལས་སྒོམ་«་་་་་སྔགས་དཀར་ལྕང་ལོ་ཅན། »པ་མང་སྒོམ།«་་་་་འཕན་ཡུལ་རྒྱལ་བ། »སྦལ་སྤང་«་་་་་དྲང་སྲོང་སྲིན་པོ་རི་པ། »སྣ་པ།«་་་་་འདི་གཉིས་སྐུ་མཆེད་ཡིན།་་་་་»མེ་རེག་དར་མ་བྱང་ཆུབ།«་་་་་སྤང་ཞོ་བྲག་ནག་པ། »དེ་དབོན་རིན་ཆེན་རྒྱལ་པོ། བླ་མ་དོན་རི་བ་གྲགས་པ་དཔལ།«་་་་་བོད་བཙུན་ཕྱར་བུ་བ། »བླ་མ་འཕགས་འོད། ཀུན་མཁྱེན་བུ་སྟོན། ཁྱུང་པོ་ལྷས་པ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་ཇོ་ལུགས་བཞིན་ནོ། །བཀའ་བབས་དགུ་པ་གཉོས་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ།«་་་་་གསན་ཡིག་འགའ་ཞིག་ཏུ་འདིའི་རྗེས་སུ་ནག་པོ་པ་འདུག »གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། དེ་ལས་རཀྵི་ཏ། ནག་པོ་ལྷ་ལས་དད་པ། ཕམ་མཐིང་པ་སྟེ་གསུམ་གྱིས་གསན། གསུམ་ག་ལས་བལ་པོ་བྷ་དནྟ། དེ་ནས་ནག་པོ་ལྷ་ལས་དད་པའི་སློབ་མ། གཉོས་ལོ་ཙཱ་བ། གཉོས་བླ་མ། གཉོས་དཔལ་ལེ། ཕུག་ཀ་བ་ཇོ་བོ་འབུམ།«་་་་་སྔགས་དཀར་ལྕང་ལོ་ཅན།་་་་་»གཙང་པ་ལྷ་སྟེང་པ། «སྔགས་དཀར་ལྕང་ལོ་ཅན།་་་་་»ལྕེ་མདོ་སྡེ་སེང་གེ བླ་མ་སྟོན་ཤཱཀ«་་་་་བོད་བཙུན། »བླ་མ་བློ་ལྡན།«་་་་་སྔགས་དཀར་ལྕང་ལོ་ཅན། »བླ་མ་འཕགས་འོད། བུ་སྟོན་«་་་་་གོང་དཀར་བའི་གསན་ཡིག་ནའང་མཚན་གསལ་མི་འདུག» རིན་ཆེན་གྲུབ། མཁས་གྲུབ་ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་ཇོ་ལུགས་དང་འདྲའོ།། ༈ །གྲུབ་པའི་ཁྱུ་མཆོག་དཔལ་ལྡན་སྤྱོད་པའི་རྡོ་རྗེ་བརྟུལ་ཞུགས་གྲུབ་པའི་ཞབས་ཀྱིས་དཔལ་འཁོར་ལོ་སྡོམ་པ་རྩ་བའི་རྒྱུད་ཀྱི་ཟབ་དོན་སྦྱང་གཞི་མངལ་སྐྱེས་ལྟར་སྦྱོང་བྱེད་དུ་བཀྲལ་བའི་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། ཀུན་མཁྱེན་བསོད་ནམས་སེང་གེ་དང་མུས་ཆེན་སངས་རྒྱས་རིན་ཆེན་གྱིས་མཛད་པའི་སྒྲུབ་ཐབས་མ་ནོར་གསལ་བའི་སྒྲོན་མེ། རྗེ་བཙུན་རིན་པོ་ཆེས་མཛད་པའི་ནག་པོ་དཀྱིལ་ཆོག དེའི་གསལ་བྱེད་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་གསལ་བྱེད་ཁྱད་པར་བཞི་ལྡན། ཤར་ཆེན་དང་མཁན་ཆེན་སངས་རྒྱས་ཕུན་ཚོགས་པས་མཛད་པའི་བདེ་མཆོག་ལཱུ་ནག་གཉིས་ཀྱི་དབང་གི་མཚམས་སྦྱོར་རྣམས་ལ་བརྟེན་ནས་དབང་བཞི་ལེགས་པར་ནོས་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི། ལཱུ་ཧི་པ།དྷ་རི་ཀ་པ། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཤྲཱི་ཛ་ལནྡྷ་ར། གྲུབ་ཆེན་སྤྱོད་པའི་རྡོ་རྗེ།«་་་་་ནག་པོ་པར་གྲགས་པ་གསུམ་བྱོན་ཏེ། ནག་པོ་སྤྱོད་པ་བ། ནག་པོ་དམ་ཚིག་རྡོ་རྗེ། ནག་པོ་ལྷ་ལས་དད་པ་གསུམ་གྱི་དང་པོ་གཉིས་ལ་ནག་པོ་པ་ཆེ་བ་དང་ཆུང་བར་གྲགས་པ་ལས་འདི་ནག་པོ་པ་ཆེ་བ་ཀཧྣ་པ་སྟེ་སྤྱོད་པ་བར་གྲགས་སོ།། »སློབ་དཔོན་གུ་ཧྱ་པ། རྣམ་པར་རྒྱལ་བའི་ཞབས། ཏཻ་ལོ་པ། པཎ་ཆེན་ནཱ་རོ་པ། ཕམ་མཐིང་པ་གཅེན་འཇིགས་མེད་གྲགས་པ།གཅུང་ངག་གི་དབང་ཕྱུག ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་ཙཱ་བ་བློ་གྲོས་གྲགས།«་་་་་སྔགས་པ་གོས་དཀར་ཅན། »རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་པཎ་ཆེན། ཆོས་ཀྱི་རྒྱལ་པོ་འཕགས་པ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང༌། ཆོས་རྗེ་གཞོན་ནུ་སེང་གེ«་་་་་རྡུལ་ཚོན་གྱི་བརྒྱུད་པ་འདི་མན་ནས་བྱུང་སྐད། »རྗེ་སངས་རྒྱས་དཔལ་གྲུབ། ངོར་ཆེན་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ དེ་ལས་བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང་དང་མུས་ཆེན་ནམ་མཁའ་དཔལ་བཟང་གཉིས་ཀྱིས་གསན། སྔ་མ་ལས་དབོན་ནམ་མཁའ་སངས་རྒྱས་ཀྱིས་གསན། དེ་ལས་རྗེ་དམ་ཆོས་བསམ་འགྲུབ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། ཁྱབ་བདག་འཁོར་ལོའི་མགོན་པོ་བཀྲ་ཤིས་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་རྗེ་བཀྲ་ཤིས་བཟང་པོ་ནས། མཁན་ཆེན་རྡོ་རྗེ་འཆང་སངས་རྒྱས་དཔལ་བཟང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་རྗེ་སངས་རིན་ནས། རྗེ་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ། བྲང་ཏི་པ། ཤར་ཆེན་ཁུ་དབོན། རྗེ་དམ་ཆོས་བསམ་འགྲུབ་མན་འདྲ། ཡང་ན་བྲང་ཏི་པ། མཁས་གྲུབ་དཔལ་ལྡན་དོན་གྲུབ། དེ་ལས་ནམ་མཁའ་སངས་རྒྱས་དང་ཤེས་རབ་འབྱུང་གནས་གཉིས་ཀྱིས་གསན་པ་མན་འདྲ། ཡང་ན་རྗེ་དཀོན་མཆོག་ལྷུན་གྲུབ་ནས། དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས་མན་འདྲའོ། །ཡང་ན་ངོར་ཆེན་རྡོ་རྗེ་འཆང་ནས། ཁ་ཆར་བ་བསོད་ནམས་རྒྱལ་མཚན། རྗེ་སངས་རྒྱས་དཔལ་གྲུབ་མན་འདྲ། ཡང་ན་ངོར་ཆེན་ནས། མུས་པ་གྲུབ་ཆེན་དཀོན་མཆོག་བློ་གྲོས། རྗེ་བཙུན་སངས་རྒྱས་རིན་ཆེན། རྗེ་ལྷ་མཆོག་སེང་གེ རྡོ་རྗེ་འཆང་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང༌། དབོན་ནམ་མཁའ་སངས་རྒྱས། རྗེ་དམ་ཆོས་བསམ་འགྲུབ། འཇམ་དབྱངས་སངས་རྒྱས་ཕུན་ཚོགས་མན་གོང་ལྟར་རོ། །ཡང་ན་ངོར་ཆེན་ནས། མུས་ཆེན་སེམས་དཔའ་ཆེན་པོ། གྲུབ་ཆེན་དཀོན་མཆོག་བློ་གྲོས་མན་འདྲ། ཡང་ན་རྗེ་སངས་རྒྱས་རིན་ཆེན་ནས། ཆོས་རྗེ་དགེ་ལེགས་བཤེས་གཉེན། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་ནམ་མཁའ་དཔལ་བཟང་མན་འདྲ། ཡང་ན་འཕགས་པ་རིན་པོ་ཆེ་ནས། སྟག་སྟོན་ཤེས་རབ་གཞོན་ནུ། བླ་མ་བྲག་དཀར་བ། མཁས་གྲུབ་གཞོན་ནུ་བསོད་ནམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་འདྲ། བུ་སྟོན་རིན་པོ་ཆེའི་གསན་ཡིག་དང་འཇམ་དབྱངས་མཁྱེན་བརྩེས་ཚར་ཆེན་དང་གྲོལ་མཆོག་ལས་གསན་པ་ཚང་མར་རྣལ་འབྱོར་མའི་རྗེས་སུ་གྲུབ་ཆེན་དྲིལ་བུ་པ་འདུག་ནའང༌། ངོར་ཆེན་རྡོ་རྗེ་གདན་པ་ཐར་རྩེ་སྒྲུབ་ཁང་ཤར་པ་ཁྱབ་བདག་བཀའ་འགྱུར་བ་རྣམས་ཀྱི་གསན་ཡིག་ལྟར་ན། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ། ཤ་ཝ་རི་པ། ལཱུ་ཧི་པ། དྷ་རི་ཀ་པ། དྲིལ་བུ་པ་མན་མཐུན་པ་འདི་བཞིན་ནོ།། ༈ །གྲུབ་པའི་འཁོར་ལོས་སྒྱུར་བའི་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་ལེགས་པར་བཀྲལ་བའི་འཁོར་ལོ་སྡོམ་པའི་ཟབ་དོན་དྲིལ་བུ་པའི་ལུགས་ཀྱི་ཕྱི་དཀྱིལ་རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོར་རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་དཀྱིལ་ཆོག་གི་སྟེང་ནས་དབང་བཞི་ལེགས་པར་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌།རྡོ་རྗེ་ཕག་མོ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ། ལངྐ་ལི་པ། ནག་པོ་སྤྱོད་པ། དགེ་བའི་མགོན་པོ། ཏཻ་ལོ་པ། ནཱ་རོ་པ། མ་ཎ་ཀ་ཤྲཱི།«་་་་་འདི་གཉིས་རྨོར་གྱི་གསན་ཡིག་ན་མ་བྱུང་བར་ལྔ་པའི་གསན་ཡིག་ཏུ་ཡོད་པས་དགོས་མི་དགོས་བརྟག »ཀ་ཎ་ཀ་ཤྲཱི། ཕམ་མཐིང་པ་འཇིགས་མེད་གྲགས་པ། བལ་པོ་བྷ་དནྟ།«་་་་་སུ་མ་ཏི་ཀཱིརྟི་ཡང་ཟེར། »མར་དོ་ལོ་ཙཱ་བ་ཆོས་ཀྱི་དབང་ཕྱུག«་་་་་སྔགས་པ་གོས་དཀར་ཅན། »གཟེ་པ་བློ་ལྡན་སེང་གེ གཟེ་པ་ཇོ་བདེ། ཁམས་པ་ཤཱཀྱ་རྡོ་རྗེ།རོང་པ་ཆོས་མགོན། ལོ་ཙཱ་བ་མཆོག་ལྡན་པ། བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ། མཁན་ཆེན་རིན་ཆེན་རྣམ་རྒྱལ། ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། རྗེ་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་འཁོར་ལོ་སྡོམ་པ། ཀུན་མཁྱེན་བསོད་ནམས་སེང་གེཡོངས་འཛིན་དཀོན་མཆོག་འཕེལ་བ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། རྨོར་པ་གྲུབ་ཆེན་ཀུན་དགའ་རྣམ་རྒྱལ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། ངག་གི་དབང་ཕྱུག་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། རྡོ་རྗེ་འཛིན་པའི་དབང་ཕྱུག་ཀུན་དགའ་རྒྱ་མཚོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་རྡོ་རྗེ་འཆང༌།རྡོ་རྗེ་ཕག་མོ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། འབར་བ་འཛིན། ཀཧྣ་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་གྱོ་ལོ་ཙཱ་བ་བློ་གྲོས་གྲགས། རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་ཆེན་པོ། ས་པཎྜི་ཏ།འཕགས་པ་རིན་པོ་ཆེ། ཁྲོ་ཕུ་རིན་པོ་ཆེ། ཡང་རྩེ་བ་རིན་ཆེན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ། ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་འདྲ། ཡང་ན་ས་པཎ་ནས། བོ་དོང་རིན་ཆེན་བརྩོན་འགྲུས། ཁྲོ་ཕུ་རིན་པོ་ཆེ་མན་འདྲ། ཡང་ན་ས་པཎ་ནས། ཚོགས་སྒོམ་པ། ཁྲོ་ཕུ་བ་མན་འདྲའོ།། ༈ །སློབ་དཔོན་དྲིལ་བུ་པའི་བཞེད་སྲོལ་དཔལ་འཁོར་ལོ་བདེ་མཆོག་ལུས་ཀྱི་དཀྱིལ་འཁོར་དུ་དབང་བཞི་ལེགས་པར་ནོས་པའི་བཀའ་བབས་གཉིས་ལྡན་གྱི་དང་པོ་ས་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡུམ་རྡོ་རྗེ་ཕག་མོ། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ།«་་་་་རབ་བྱུང་གི་མཚན་བློ་གྲོས་སྙིང་པོ། »ཀུརྨ་པཱ་ད། འབར་བ་འཛིན་པ། ཀཧྞ་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། པཎ་ཆེན་ནཱ་རོ་པ། ཕམ་མཐིང་པ་གཅེན་འཇིགས་མེད་གྲགས་པ། གཅུང་ངག་གི་དབང་ཕྱུག ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། རྗེ་བཙུན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། བླ་མ་རྗེ་བཙུན་ཆེན་པོ། ཆོས་རྗེ་པཎྜི་ཏ། དེ་ལས་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་དང༌། ཚོགས་སྒོམ་ཀུན་དགའ་དཔལ། བོ་དོང་རིན་ཆེན་གསུམ་གྱིས་གསན། འཕགས་པ་ནས་ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན།ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྗེ་བཙུན་སངས་རྒྱས་རིན་ཆེན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། དེ་ལས་ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་དང་མུས་པ་ནམ་མཁའ་དཔལ་བཟང་གཉིས་ཀྱིས་གསན། གཉིས་ཀ་ལས་ངག་དབང་མཆོག་ལེགས་རྡོ་རྗེས་གསན། དེ་ནས་མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། འཁོར་ལོ་སྡོམ་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་མུས་ཆེན་ནས། ཀུན་མཁྱེན་བསོད་ནམས་སེང་གེ འདྲེན་མཆོག་དཀོན་མཆོག་འཕེལ་བ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། རྨོར་པ་གྲུབ་ཆེན་ཀུན་དགའ་རྣམ་རྒྱལ། མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲའོ། །ཡང་ན་རྗེ་སངས་རྒྱས་རིན་ཆེན་ནས། ངོར་ཆེན་ལྷ་མཆོག་སེང་གེ་དང་སངས་རྒྱས་སེང་གེ ཐར་རྩེ་ནམ་མཁའ་དཔལ་བཟང་མན་འདྲ། ཡང་ན་ངོར་ཆེན་ནས། གུ་གེ་པཎ་ཆེན། གློ་བོ་མཁན་ཆེན་ལེགས་པའི་འབྱུང་གནས། འཇམ་དབྱངས་ས་སྐྱ་ལོ་ཙཱ་བ། རྗེ་སངས་རྒྱས་སེང་གེ་མན་འདྲ། ཡང་ན་ས་པཎ་ལས། འཕགས་པ་རིན་པོ་ཆེ། ཚོགས་སྒོམ་རིན་པོ་ཆེ། བོ་དོང་རིན་པོ་ཆེ་གསུམ་གྱིས་གསན། དེ་གསུམ་ག་ལས་ཁྲོ་ཕུ་རིན་པོ་ཆེ་བསོད་ནམས་སེང་གེས་གསན། དེ་ལས་བླ་མ་དཔལ་ལྡན་སེང་གེ་དང་ཡང་རྩེ་བ་རིན་ཆེན་སེང་གེ་གཉིས་ཀྱིས་གསན། དེ་གསུམ་ག་ལས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། དེ་ནས་ཁྱུང་པོ་ལྷས་པ། གཞོན་ནུ་བསོད་ནམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་འདྲ། ཡང་ན་ཁྱུང་ལྷས་པ་ལས། མཁས་གྲུབ་ནོར་«་་་་་འོད་ཟེར་བའང་བྱུང༌། »བཟང་རིན་ཆེན། བཀའ་བཞི་པ་རིན་ཆེན་རྒྱལ་མཚན། སྐུ་ཞང་མཁྱེན་རབ་ཆོས་རྗེ། མཁན་ཆེན་རིག་འཛིན་རྒྱལ་པོ། ལྕགས་སྒོག་ལུང་པ་བཀྲ་ཤིས་དཔལ་འབྱོར།«་་་་་ཚར་ཆེན་གྱིས་ཀུ་སུ་ལིའི་བླ་མ་དང་ལམ་དུ་མཇལ་གསུང་བ་དེ་ཡིན། »བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན། ཐར་རྩེ་ནམ་མཁའ་དཔལ་བཟང་མན་འདྲ། བཀའ་བབས་གཉིས་པ་ཁ་ཆེ་ལུགས་ཀྱི་བརྒྱུད་པ་ནི། བཛྲ་དྷ་ར། བཛྲ་ཝཱ་ར་ཧཱི་པ། བཛྲ་གྷཎྜ་པ། དགའ་བའི་རྡོ་རྗེ། ཡན་ལག་མེད་པའི་རྡོ་རྗེ། ཨ་བྷ་ཡཱ་ཀ་ར་གུཔྟ། དེ་ཝ་པུརྞ། པཎ་ཆེན་ཤཱཀྱ་ཤྲཱི། སྤྱི་བོ་ལྷས་པ་སེང་གེ་དཔལ། ཞང་ཕྱ་རུ་བ། བྱང་སེམས་འབྲེ་ལུང་པ།«་་་་་ཐར་རྩེ་པ་དང་ཤར་པའི་གསན་ཡིག་ན་ཞང་འབྲེ་ལུང་པ་ཞེས་འདི་དང་གོང་མ་གཉིས་བླ་མ་གཅིག་ཏུ་མཛད་འདུག་ཀྱང་བུ་སྟོན་དང་མཁྱེན་བརྩེའི་གསན་ཡིག་ཏུ་དཀྱུས་ལྟར་སོ་སོར་སྣང་ངོ༌།། »ཁྲོ་ཕུ་རིན་པོ་ཆེ། ཡང་རྩེ་བ་རིན་ཆེན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ། མཁས་གྲུབ་ཁྱུང་པོ་ལྷས་པ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་མན་འདྲ། ཡང་ན་རྡོ་རྗེ་དྲིལ་བུ་པ། དེ་ཝ་པཱུརྞ། ཁ་ཆེ་པཎ་ཆེན་མན་འདྲ། ཉེ་བརྒྱུད་ནི། འཁོར་ལོ་སྡོམ་པ། ཁ་ཆེ་པཎ་ཆེན་མན་གོང་བཞིན་ནོ།། ༈ །མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་«་་་་་བྱིན་རླབས་འདི་དེ་སྔོན་མ་ཐོབ་ཀྱང་ཐོབ་རྒྱུའི་དབང་གིས་བྲིས་སོ།། »མཛད་པའི་བྱིན་རླབས་ཀྱི་ཆོ་ག་དང་ཁྲིད་ཡིག་གི་སྟེང་ནས་འཁོར་ལོ་བདེ་མཆོག་གི་རྫོགས་རིམ་ཤིན་ཏུ་ཟབ་པ་དྲིལ་བུ་རིམ་ལྔར་གྲགས་པའི་བྱིན་རླབས་དང་ཉམས་ཁྲིད་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཁྲོ་ཕུ་བསོད་ནམས་སེང་གེ་ཡན་གོང་གི་དབང་བརྒྱུད་ལེ་ཚན་ལྟར་ལས། དེ་ནས་ཡང་རྩེ་བ་རིན་ཆེན་སེང་གེ བླ་མ་གཉན་མཁར་བ་བཀྲ་ཤིས་བཟང་པོ། མཁས་གྲུབ་ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་འཁོར་ལོ་སྡོམ་པ་དཀོན་མཆོག་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། ཀུན་མཁྱེན་ཤཱཀྱ་དོན་གྲུབ། དེ་དབོན་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། རྨོར་པ་གྲུབ་ཆེན་ཀུན་དགའ་རྣམ་རྒྱལ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། སྐྱོར་མདའ་བ་རྗེ་བཙུན་བསོད་ནམས་དབང་ཕྱུག མཁས་གྲུབ་ཆེན་པོ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེས་མཛད་པའི་རིམ་ལྔའི་ཁྲིད་ཀྱི་ལུང་ཐོབ་པའི་བརྒྱུད་པ་ས་སྐྱ་བཀའ་འབུམ་དང་འདྲ་ལ། ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་བྱིན་རླབས་དང་ཁྲིད་ཀྱི་ལུང་ནི། མཁན་ཆེན་ངག་དབང་ཆོས་གྲགས། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། མུས་ཆེན་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་བཟང་པོ་རྒྱལ་མཚན། ངག་དབང་ཀུན་དགའ་ལྷུན་གྲུབ། སྐྱོར་མདའ་བ་མན་འདྲའོ།། ༈ །དཔལ་འཁོར་ལོ་སྡོམ་པ་དུས་ཀྱི་འཁོར་ལོ་དང་མཐུན་པར་བཤད་པ་མཁའ་འགྲོ་རྒྱ་མཚོ་ལྷ་སྟོང་དང་ལྔ་བརྒྱ་རིག་བྱེད་ཀྱིས་«་་་་་གོང་དཀར་བའི་གསན་ཡིག་ན་ལྷ་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་དགུར་བརྒྱད་ཀྱིས་ལྷག་པའི་བཅུ་ཕྲག་གཅིག་ཡོད་པར་བཤད་ཅིང༌། ལོ་པའི་གསན་ཡིག་ན་སྟོང་དང་བདུན་བརྒྱ་ཞེས་དང་རྒྱལ་དབང་ལྔ་པས་སྟོང་དང་ལྔ་བརྒྱ་ཞེ་ལྔ་ཞེས་སྣང་ངོ༌།། »ལྷག་པའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་སྒྲུབ་ཐབས་དངོས་གྲུབ་རིན་པོ་ཆེའི་མཛོད། དེས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་རིན་པོ་ཆེའི་མཛོད། མཆོད་ཕྲེང་བསོད་ནམས་རིན་པོ་ཆེའི་མཛོད། སྔགས་ཕྲེང་ངོར་ཆེན་གྱིས་ཞུས་དག་མཛད་པ་རྣམས་མཁན་ཆེན་སངས་རྒྱས་ཕུན་ཚོགས་པས་མཛད་པའི་གསུང་སྒྲོས་ཕྱག་ལེན་ཡིད་ཀྱི་མུན་སེལ་དང་དབང་གི་མཚམས་སྦྱོར་དམ་པའི་ཞལ་ལུང་དབང་གི་དངོས་གཞིའི་སྡོམ་བཅས་ཀྱི་དབང་བཞི་ལེགས་པར་ནོས་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང༌། ཡུམ་རྡོ་རྗེ་ཕག་མོ། འཕགས་པ་སྤྱན་རས་གཟིགས། བྱང་སེམས་བློ་གྲོས་རིན་ཆེན། གྲུབ་ཆེན་ཤ་ཝ་རི་པ། མངའ་བདག་མཻ་ཏྲི་གུཔྟ། རྒྱ་གར་ཕྱག་ན་རྡོ་རྗེ། སློབ་དཔོན་ཀ་མ་ལ་བཛྲ།«་་་་་པཎ་ཆེན་གོས་དཀར་པོ།་་་་་»པཎ་གྲུབ་ཛ་ཡ་ས་ན། སུམ་པ་ལོ་ཙཱ་བ་དར་མ་ཡོན་ཏན། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན ས་སྐྱ་པཎྜི་ཏ། རིན་པོ་ཆེ་སྐྱོབ་པ་དཔལ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་ངག་གི་དབང་ཕྱུག་གྲགས་པ། མཁན་ཆེན་བྱང་ཆུབ་སེང་གེས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་གུང་རུ་ཤེར་བཟང༌། ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེབྱས་འགྱུར་བ་བསོད་ནམས་སེང་གེ མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས།«་་་་་ཞྭ་ལུ་དང་དཔལ་འཁོར་ཆོས་སྡེའི་གདན་ས་པ། »རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པ།«་་་་་ཇོ་ནང་མཁན་པོ། »ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག«་་་་་ཞྭ་ལུའི་མཁན་པོ། »རྒྱུད་སྡེའི་མངའ་བདག་ཞྭ་ལུ་པ་«བྱང་གླིང་པ།་་་་་»རིན་ཆེན་བཀྲ་ཤིས་རྒྱལ་མཚན། མུས་ཆེན་འཇམ་པའི་དབྱངས་ནམ་མཁའ་དཔལ་བཟང༌། རིན་པོ་ཆེ་དཔལ་ལྡན་དོན་གྲུབ། རྡོ་རྗེ་འཆང་དཔལ་མཆོག་རྒྱལ་མཚན། ཁམས་སྟོན་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། ཆོས་རྗེ་མཚུངས་མེད་དོན་གྲུབ་རྒྱལ་མཚན། དྲིན་ཆེན་འཁོར་ལོ་སྡོམ་པ་བཀྲ་ཤིས་བཟང་པོ། དེས་སྐལ་བ་དང་ལྡན་པའི་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་ངོར་ཆེན་ནས། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱས་འགྱུར་བ་བསོད་ནམས་སེང་གེ་མན་འདྲ། ཡང་ན་ངོར་ཆེན་རྡོ་རྗེ་འཆང་ནས། ཀུན་མཁྱེན་བསོད་ནམས་སེང་གེ་མན་འདྲ། ཡང་ན་རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཏཻ་ལོ་པ།ནཱ་རོ་པ། རྡོ་རྗེ་གདན་པ། དྷ་བྱང་ཆུབ་སེམས་དཔའ།«་་་་་ཇོ་བོ་རྗེའི་དབོན་པོ་ཡིན། »ཨ་བྷ་ཡཱ་ཀ་ར།«་་་་་མཁྱེན་བརྩེའི་གསན་ཡིག་ན་ཨ་བྷྱ་རཀྵི་ཏ་ཞེས་གཅིག་ཏུ་བསྡོམས་འདུག་ཀྱང་གོང་དཀར་བ་དང་ཐར་རྩེ་པའི་གསན་ཡིག་ན་དཀྱུས་ལྟར་སྣང་ངོ༌།། »རཏྣ་རཀྵི་ཏ། པཎ་གྲུབ་ཛ་ཡ་སེ་ན། སུམ་པ་ལོ་ཙཱ་བ་མན་གོང་ལྟར་རོ། །ཡང་ན་སུམ་པ་ལོ་ཙཱ་བ་ནས། མཁས་པ་ས་མུ་དྲ། སེང་གེ་རྒྱལ་མཚན། ལོ་ཙཱ་བ་གྲགས་པ་རྒྱལ་མཚན།«་་་་་ངོར་ཆེན་དང་ཐར་རྩེ་པའི་གསན་ཡིག་ན་གྲགས་པ་དཔལ་ཞེས་པ་དཀྱུས་སུ་བྲིས་པར་རྡོ་རྗེ་ཡིན་ནམ་འདི་མ་དག་ཟེར་བའི་མཆན་འདུག་ཀྱང་རྡོ་རྗེ་གདན་པའི་གསན་ཡིག་ན་འདི་ལྟར་སྣང་ངོ༌།། »བག་སྟོན་གཞོན་ཚུལ་མན་འདྲ། ཡང་ན་སུམ་པ་ལོ་ཙཱ་བ་ནས། རྒྱ་ཐམས་ཅད་མཁྱེན་པ། སྲིན་པོ་རི་པའམ་སྦལ་སྤང་སྣ་པ། བསྒྲད་སྟོན་རྡོ་རྗེ་དཔལ།«་་་་་གོང་དཀར་བའི་གསན་ཡིག་ན་སྒྲག་སྟོན་ཞེས་སྣང༌། »མཚུར་ཕུ་བ་ཚུལ་ཁྲིམས་རིན་ཆེན། རྗེ་རང་བྱུང་རྡོ་རྗེ། སྙེ་མདོ་ཀུན་དགའ་དོན་གྲུབ་མན་འདྲ། ཡང་ན་རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། པདྨ་བཛྲ་ཆེ་ཆུང་གཉིས། ཨིནྡྲ་བྷཱུ་ཏི། ལྕམ་ལཀྵྨཱི་ཀ་ར། ཏཻ་ལོ་པ། ནཱ་རོ་པ། རྡོ་རྗེ་འཛིན་པ། ཨ་བྷ་ཡཱ་ཀ་ར། རཏྣ་ཤྲཱི།རྒྱལ་བའི་སྡེ། སུམ་པ་ལོ་ཙཱ་བ། རྗེ་བཙུན་གྲགས་པ་མན་གོང་བཞིན་ནོ། །ཡང་ན་སུམ་པ་ལོ་ཙཱ་བ། སྒང་དར་སྙིང༌། གཉན་རས། ཨ་ཀྵོ་བྷྱ་བཛྲ། སྒོམ་པ་ཤེས་རབ། བདེ་བ་ཅན་ཡེ་ཤེས་མགོན་པོ། བསམ་གཏན་གྲུབ། བླ་མ་གཞོན་ནུ་རྒྱལ་མཚན། འཛམ་གླིང་པཎྜི་ཏ་མན་འདྲའོ།། >རྗེས་མ།>>>
རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply