དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་དང་པོའི་ནང༌།

གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་སྐོར་ལ། རྫོགས་པའི་སངས་རྒྱས་ཉི་མའི་གཉེན་ཉིད་ཤིང་ཕོ་རྟའི་ལོ་ས་གས་ཉ་བའི་ཚེས་ལ་ཟག་པ་མེད་པའི་བདུད་རྩི་མཆོག་བརྙེས་པའི་གོ་འཕང་བླ་ན་མེད་པ་མངོན་དུ་མཛད་ནས་བགྲང་གཞི་བཞི་བཅུ་རྩ་དྲུག་འདས་པ་ལྕགས་འབྲུག་ནག་པའི་ཟླ་བར་ཤྲཱི་དྷ་ནྱ་ཀ་ཊ་ཀའི་མཆོད་རྟེན་གྱི་ནང་གི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲོས་ཏེ་སྤྲུལ་པའི་ཆོས་རྒྱལ་ཟླ་བ་བཟང་པོ་ལ་སོགས་པ་སྐལ་ལྡན་གྱི་གདུལ་བྱ་རྣམས་སྨིན་པར་མཛད། དེའི་ཕྱི་ལོ་ཆོས་རྒྱལ་ཟླ་བ་བཟང་པོས་དུས་འཁོར་རྩ་བའི་རྒྱུད་བསྡུས། བྱང་ཕྱོགས་ཤམ་བྷ་ལར་ཆོས་རྒྱལ་དྲུག་དང་རིགས་ལྡན་བཅུ་བདུན་འདས་ཤིང་རིགས་ལྡན་རྣམ་གནོན་གདོང་ལྔའི་དབང་པོས་སྒེག་པའི་ཆོས་ཀྱི་ཁྲིར་ཕེབས་ཤིང༌། དམ་པའི་ཆོས་བསྟན་ནས་ལོ་སུམ་ཅུ་རྩ་ལྔ་པ། མེ་མཁའ་རྒྱ་མཚོ་ལ་འདས་ལོ་དྲུག་ཅུ་སྐོར་བདུན་དང་ཉག་མ་ལྔ་བཅུར་སླེབས་པ། རབ་བྱུང་བཅུ་གསུམ་པའི་ཁྱུ་མཆོག་ཅོ་ཞེས་པའི་གནམ་ལོ་ཤར་བ། སྒྲོལ་བྱེད་བུ་མོ་དབོས་ཉ་བའི་ཟླ་བ། དཀར་པོའི་ཕྱོགས་ཀྱི་རྫོགས་པ་གསུམ་པའི་ཚེ་ས་ག་ལ་བར། རེས་གཟའ་པ་སངས། སྐར་མ་ཕུག་རོན། སྦྱོར་བ་ལས་བཟང༌། བྱེད་པ་སྔ་ཆ་བིཥྚི། ཕྱི་ཆ་གདབ་པ་རྣམས་ཤར་བའི་དུས་སུ་མདོ་ཁམས་ཕྱོགས་ཀྱི་དབྱིག་འཛིན་ཐིག་ལེ་ཤྲཱི་སེ་ན་ཤུ་བྷའི་རིགས་ཀྱི་ཆོས་ལྡན་གྱི་སའི་ཚངས་པ་ཆེན་པོས་ཕུན་ཚོགས་སྟོབས་ཀྱི་འཁོར་ལོས་ལེགས་པར་བསྲུངས་པའི་གདན་ས་ཆེན་པོ་ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་ཆེན་པོར་ཁམས་གསུམ་འགྲོ་བའི་བླ་མ་ཁྱབ་བདག་འཁོར་ལོའི་མགོན་པོ་དང་པོའི་སངས་རྒྱས་ཀཱ་ལ་ཙཀྲ་ཉིད་ངུར་སྨྲིག་བླ་གོས་གསར་པའི་ལང་ཚོས་མངོན་པར་སྒེག་པའི་བློ་གསལ་ཀུན་དགའ་སྟེར་བྱེད་ཕུན་ཚོགས་མཛད་པའི་ཆུ་གཏེར་སྐྱོང་བ་གང་དེ་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་བཞུགས་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ་གང་གིས་དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པའི་མངོན་པར་རྟོགས་པ་རྒྱས་པ་དངོས་གྲུབ་འདོད་འཇོ། དཀྱིལ་ཆོག་ཡོན་ཏན་ཀུན་འབྱུང༌། མཆོད་ཕྲེང་མཆོད་སྤྲིན་རྒྱ་མཚོ།མཁྱེན་རབ་རྗེས་མཛད་པའི་ཟིན་བྲིས་བཀྲ་ཤིས་རབ་རྒྱས། གཞན་ཡང་སློབ་མ་ཡང་སློབ་དང་བཅས་པའི་ཟིན་བྲིས་ཐོར་བུ་བཞུགས་པ་རྣམས་ཀྱི་སྟེང་ནས་རྡོ་རྗེའི་སློབ་བུ་ངག་དབང་ཚུལ་ཁྲིམས་རིན་ཆེན་དུ་བོད་པ་ལ་བྱིས་པ་འཇུག་པའི་དབང་བདུན་གྱི་དབང་བསྐུར་བ་ལ་བརྟེན་ནས་འོག་མིན་སྲིད་པའི་མཐར་ཐུག་པའི་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་བདེན་པ་ཉིད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའི་སླད་དུ་ལུང་བསྟན་ཅིང་རྗེས་སུ་གནང་བ་དང༌། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་མཆོག་གི་ངེས་དོན་གྱི་དཀྱིལ་འཁོར་རྣམས་སུ་དབང་གོང་མ་བཞི་གོང་ཆེན་དང་བཅས་པ་བདག་པོ་ཆེན་པོའི་དབང་རྣམས་བརྒྱུད་པའི་བཀའ་བབས་བཞི་དང་ལྡན་པ་ལེགས་པར་ནོས་པའི་དང་པོ་འབྲོ་ལུགས་ཀྱི་བརྒྱུད་པ་ནི། ཁྱབ་བདག་དང་པོའི་སངས་རྒྱས། ཆོས་སྐུ་རྡོ་རྗེ་འཆང༌། ལོངས་སྐུ་དུས་ཀྱི་འཁོར་ལོ། སྤྲུལ་སྐུ་ཤཱཀྱ་ཐུབ་པ། ཆོས་རྒྱལ་ཟླ་བ་བཟང་པོ། ལྷའི་དབང་པོ། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷའི་དབང་ལྡན་ཏེ་ཆོས་རྒྱལ་བདུན། རིགས་ལྡན་འཇམ་དཔལ་གྲགས་པ། པདྨ་དཀར་པོ། བཟང་པོ། རྣམ་རྒྱལ།བཤེས་གཉེན་བཟང་པོ། ཕྱག་ན་རིན་ཆེན།«་་་་་ཕྱག་དམར་བ་ཡང་ཟེར། »ཁྱབ་འཇུག་སྦས་པ། ཉི་མ་གྲགས་པ། ཤིན་ཏུ་བཟང་པོ། རྒྱ་མཚོ་རྣམ་རྒྱལ།«འདི་ནས་མེ་མཁའ་རྒྱ་མཚོའི་དབུ་ཚུགས།་་་་་»རྒྱལ་དགའ། ཉི་མ། སྣ་ཚོགས་གཟུགས། ཟླ་བའི་འོད། མཐའ་ཡས། ས་སྐྱོང༌། དཔལ་སྐྱོང༌། གྲུབ་ཆེན་དུས་འཁོར་ཞབས་པ་ཆེ་ཆུང༌།«་་་་་ཆེ་བ་ཙོར་ཡང་ཤའི་ཕོ་བྲང་དུ་འཁྲུངས། ཆུང་པ་ནཱ་ལེནྡ་པ། »རྒྱལ་སྲས་ནཱ་ལེནྡ་པ།«་་་་་བུ་སྟོན་རྗེ་བཙུན་བཙོང་ཁ་པ་གོང་དཀར་ཐར་རྩེ་ལོ་པ་སྤྱན་སྔ་སྒྲུབ་ཁང་པ་རྣམས་ཀྱི་གསན་ཡིག་ན་མི་འདུག་ཀྱང་མཁན་ཆེན་ངག་དབང་ཆོས་གྲགས་པའི་གསན་ཡིག་ན་ཁ་ཆེ་ཟླ་མགོན་དང་གཅིག་པར་མཛད། ངོར་ཆེན། རྡོ་རྗེ་འཆང་སྔགས་རམས་པ། རྗེ་མཁྱེན་བརྩེ་གསུམ་གྱི་གསན་ཡིག་ན་དཀྱུས་ལྟར་སྣང་བ་དཔྱད་དོ། »།ཁ་ཆེ་ཟླ་བ་མགོན་པོ།«་་་་་པཎ་དཀར། »འབྲོ་ལོ་ཙཱ་བ་ཤེས་རབ་གྲགས། གྲབ་སྒོམ་དཀོན་མཆོག་སྲུང༌།«་་་་་འཕན་ཡུལ་བ་བོད་བཙུན། »རྣལ་འབྱོར་བཟང་པོ་སྒྲོ་སྟོན་རྣམས་ལ་བརྩེགས།«་་་་་སྔགས་དཀར་ཅོ་བྲེག་ཅན། »གྲུབ་ཆེན་ཡུ་«་་་་་བཙུན་རྒན་»མོ་«་་་་་བུ་སྟོན་རྗེ་བཙོང་ཁ་པ་ངོར་ཆེན་གོང་དཀར་ཐར་རྩེ་ངག་ཆོས་ལོ་པ་རྣམས་ཀྱི་གསན་ཡིག་ན་མི་སྣང་བས་དཔྱད། »དད་པ་«་་་་་གསང་མཚན་མི་བསྐྱོད་རྡོ་རྗེ། »རྒྱལ་པོ། སྲས་ཆོས་ཀྱི་དབང་ཕྱུག«་་་་་སྔགས་དཀར་ཅོ་བྲེག་ཅན། »གྲུབ་ཐོབ་ནམ་མཁའ་འོད། སྤྲུལ་སྐུ་ཇོ་འབུམ། སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེས་རབ་འོད་ཟེར།«་་་་་ཕྱམ་རྩེ་བ། »ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས།«་་་་་སེ་སྟོན་ཀུན་རིག་གི་སྐྱེ་བར་གྲགས། བོད་བཙུན་ཡིན། »བྱང་སེམས་རྒྱལ་བ་ཡེ་ཤེས། འཕགས་འོད་ཡོན་ཏན་རྒྱ་མཚོ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། འཇམ་དབྱངས་གྲགས་པ་རྒྱལ་མཚན། ཤར་པ་ཡེ་ཤེས་རྒྱ་མཚོ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། སྐུ་ཞང་བསོད་ནམས་མཆོག་གྲུབ། ཆོས་རྗེ་དོན་གྲུབ་རྒྱལ་མཚན། བྱང་གླིང་འཇམ་དཔལ་བཀྲ་ཤིས་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ཚེ་དབང་ལྷུན་གྲུབ།ཁྱབ་བདག་ཀླུ་སྒྲུབ་རྒྱལ་མཚན། མཚུངས་མེད་སྨོན་ལམ་ལྷུན་གྲུབ། རྡོ་རྗེ་འཛིན་དབང་བརྩོན་འགྲུས་བཟང་པོ། སྟོབས་བཅུ་མངའ་བ་མཆོག་གི་བསྟན་པ་རིན་པོ་ཆེའི་སྣང་བྱེད། གསང་ཆེན་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག གནས་གསར་མཁན་པོ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ང༌། ཁྱབ་བདག་འཁོར་ལོའི་མགོན་པོ་དཔལ་ལྡན་དང་པོའི་སངས་རྒྱས་ངུར་སྨྲིག་འཆང་གི་རྣམ་པར་རོལ་པའི་དུས་འཁོར་བ་རྡོ་རྗེ་སློབ་དཔོན་ཆེན་པོ་ཀུན་དགའ་ཕུན་ཚོགས་པ། དེས་བདག་བནྡེ་ཤཱི་ལ་རཏྣའི་མིང་ཅན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་འཇམ་གསར་ནས། རྗེ་བཙུན་རོང་པ་རྒྭ་ལོ། དེ་སྲས་ཤེས་རབ་སེང་གེ སྐྱི་སྟོན་གྲགས་པ་རྒྱལ་མཚན། ཀུན་མཁྱེན་ཤེས་རབ་རྒྱལ་མཚན་མན་འདྲ། ཡང་ན་འཇམ་གསར་ནས། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ། ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། འཇམ་དབྱངས་ཤཱཀྱ་གཞོན་ནུ། གཞོན་ནུ་རྡོ་རྗེ། ཀུན་མཁྱེན་ཤཱཀྱ་དོན་གྲུབ་མན་འདྲ། ཡང་ན་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། གཉགས་ཕུ་བ་བསོད་ནམས་བཟང་པོ། པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་པར་རྒྱལ་བ། ཀུན་མཁྱེན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། མཁས་གྲུབ་རྣམ་རྒྱལ་རིན་ཆེན། ཡོངས་འཛིན་ཤཱཀྱ་ཀུན་དགའ། དམ་ཆོས་གླིང་པ་ཡེ་ཤེས་དབང་པོ། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། རྗེ་རིན་ཆེན་རྒྱ་མཚོ། རྡོ་རྗེ་འཆང་ཆེན་པོ་ཀུན་བཟང་པདྨ་ཕྲིན་ལས། ཀུན་མཁྱེན་བསྟན་པའི་སྒྲོན་མེ་ངག་དབང་ཀུན་དགའ་ལྷུན་གྲུབ་མན་འདྲའོ། །ཡང་བུ་ལུགས་ཀྱི་འབྲོའི་བརྒྱུད་པ་ལྟར་ན། འཕགས་འོད་ཡོན་ཏན་རྒྱ་མཚོ་ཡན་གོང་ལྟར་ལས། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ།ཐུགས་སྲས་སེམས་དཔའ་ཆེན་པོ་རིན་ཆེན་རྣམ་རྒྱལ། འཇམ་དབྱངས་གྲགས་པ་རྒྱལ་མཚན། ཤར་པ་ཡེ་ཤེས་རྒྱ་མཚོ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། སྐུ་ཞང་རིན་པོ་ཆེ་བསོད་ནམས་མཆོག་གྲུབ། ཡང་ན་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ནས། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་མན་འདྲ། ཐར་ལོ་ལུགས་ཀྱི་རིང་བརྒྱུད་ནི། འཇམ་གསར་བ་ཡན་གོང་ལྟར་ལས། དེ་ནས་ཉེག་པོ་ཆོས་ལྡན། གོ་ལུང་པ་གཞོན་ནུ་དཔལ། ཐར་ལོ་ཉི་མ་རྒྱལ་མཚན། བུ་སྟོན་རིན་པོ་ཆེ་མན་འདྲ། ཡང་ན་རྡོ་རྗེ་འཆང༌། དཔེ་མེད་འཚོ། དཔལ་འཛིན། འོད་བྱེད་ལྷ། ཆོས་འབྱུང་ཞི་བ། ཉི་མ་དཔལ་ཡེ་ཤེས། རིན་ཆེན་འཚོ། བི་བྷཱུ་ཏི། ཀོ་གྲག་པ་བསོད་ནམས་རྒྱལ་མཚན། གོ་ལུང་པ་གཞོན་ནུ་དཔལ་མན་འདྲ། ཡང་ཉེ་བརྒྱུད་ནི། རྡོ་རྗེ་འཆང༌། ཤ་བ་རི། བི་བྷཱུ་ཏི། ཀོ་གྲག་པ་མན་འདྲ། ཡང་ཤོང་ལུགས་ཀྱི་བརྒྱུད་པ་ནི། སེ་མོ་ཆེ་པ་ནམ་མཁའ་རྒྱལ་མཚན་ནས། བོ་དོང་རིན་ཆེན་རྩེ་མོ། སྟག་སྡེ་བ་སེང་གེ་རྒྱལ་མཚན། ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན། ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ། མང་མཁར་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ་མན་འདྲ། ཡང་ན་བོ་དོང་རིན་ཆེན་རྩེ་མོ་ནས། འཛིམ་པ་རིན་ཆེན་ཤེས་རབ། ཤར་པ་དུས་འཁོར་བ་ཡེ་ཤེས་རིན་ཆེན། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། འཕགས་འོད་ཡོན་ཏན་རྒྱ་མཚོ། ཆོས་རྗེ་བུ་སྟོན་རིན་པོ་ཆེ་མན་འདྲའོ། །ཡང་ན་བུ་སྟོན་རིན་པོ་ཆེ་ནས། བླ་མ་དྷརྨ་ཤྲཱི་སྣར་ཐང་ལོ་ཙཱ་བ་སངྒྷ་ཤྲཱི། གཟད་པ་རིན་ཆེན་རྒྱལ་མཚན། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཆེན་པོ། མཁས་གྲུབ་རིན་ཆེན་རྣམ་རྒྱལ། ཡངས་པ་ཅན་པ་ཤཱཀྱ་ཀུན་དགའ། དམ་ཆོས་གླིང་པ་ཡེ་ཤེས་དབང་པོ། མཚུངས་མེད་ཉི་མ་གླིང་པ་མན་འདྲ། ཡང་ན་བུ་སྟོན་རིན་པོ་ཆེ་ནས། ཐུགས་སྲས་རིན་ཆེན་རྣམ་རྒྱལ། ཞྭ་ལུ་ཁང་རྙིང་སློབ་དཔོན་བསོད་ནམས་ཆོས་འཕེལ། སྟག་ཚང་ལོ་ཙཱ་བ་སོགས་ལས་བརྒྱུད་པའང་ཡོད་དོ། །བཀའ་བབས་གཉིས་པ་རྭ་ལུགས་ཀྱི་བརྒྱུད་པ་ནི། དང་པོའི་སངས་རྒྱས། ཆོས་རྒྱལ་ཟླ་བ་བཟང་པོ། ཆོས་རྒྱལ་སུམ་ཅུ་གཉིས།«་་་་་གསན་ཡིག་རྣམས་སུ་འདི་ལྟར་འབྱུང་ཡང་ཙི་ལུ་པའི་དུས་རིགས་ལྡན་ཡན་མ་གཏོགས་དེ་མིན་དཔྱད་གཞིར་སྣང༌། »འཇམ་དབྱངས་སྤྲུལ་པ་ཙི་ལུ་པཎྜི་ཏ། པི་ཏོ་པ།«་་་་་གོང་དཀར་བ་དང་ཐར་རྩེ་བའི་གསན་ཡིག་ན་པཎྜི་ཏ་ཨཱ་ཙཱརྻ་ཞེས་པ་འདུག »དུས་ཞབས་པ་ཆེ་ཆུང༌། མཉྫུ་ཀཱིརྟི། ས་མནྟ་ཤྲཱི། རྭ་ལོ་ཙཱ་བ་ཆེན་པོ་ཆོས་རབ།«་་་་་ནེའུ་མེ་ཏོག་གདན་དུ་འཁྲུངས། »རྭ་ཡེ་ཤེས་སེང་གེ«་་་་་ཁུ་ལུང་སེ་བྱི་རུ།»རྭ་འབུམ་སེང༌།«་་་་་ཁུ་ལུང་ཆོས་ཤིང་དགོན་པ།» རྗེ་བཙུན་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ།«་་་་་རོང་དམན་དམར་བ། »བླ་མ་རོང་པ་ཤེས་རབ་སེང་གེ«་་་་་རོང་ཤམྦྷར་དུ། »སྐྱི་སྟོན་གྲགས་པ་རྒྱལ་མཚན་མན་གོང་བཞིན་ནོ། །བུ་ལུགས་རྭ་བརྒྱུད་ལྟར་ན། དམ་པ་དང་པོའི་སངས་རྒྱས། དཔལ་དུས་ཀྱི་འཁོར་ལོ། རྒྱལ་བ་ཤཱཀྱ་ཐུབ་པ། ཟླ་བ་བཟང་པོ། ལྷ་དབང་གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷའི་དབང་ལྡན། འཇམ་དབྱངས་གྲགས་པ།པདྨ་དཀར་པོ། འཇམ་དབྱངས་སྤྲུལ་པ། ཙི་ལུ་པཎ་ཆེན།«་་་་་རྭ་པ་རྣམས་འདི་དང་དུས་ཞབས་པ་ཐ་དད་དུ་བཞེད། »པི་ཏོ་ཨཱ་ཙཱརྻ། དུས་ཞབས་པ་ཆེ་བ།དུས་ཞབས་པ་གཉིས་པ། མཉྫུ་ཀཱིརྟི། ས་མནྟ་ཤྲཱི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། དེ་སྲས་ཤེས་རབ་སེང་གེ བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ་མན་སྔར་བཞིན་ནོ། །ཡང་ན་རོང་པ་ཤེས་རབ་སེང་གེ་ནས། རོང་པ་རྡོ་རྗེ་རྒྱལ་མཚན། བུ་སྟོན་རྗེ་མན་སྔར་དང་འདྲའོ། །བཀའ་བབས་གསུམ་པ་ས་ལུགས་ཀྱི་བརྒྱུད་པ་ནི། དཔལ་དུས་ཀྱི་འཁོར་ལོ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ། རྡོ་རྗེ་མཁའ་འགྲོ་མ། ཙི་ལུ་པཎྜི་ཏ། དུས་ཞབས་པ་ཆེ་བ། དུས་ཞབས་པ་གཉིས་པ། ཨ་ནུ་པ་མ་རཀྵི་ཏ། སཱ་དྷུ་པུ་ཏྲ། ཆོས་ཀྱི་འབྱུང་གནས། ཆོས་ཀྱི་བཤེས་གཉེན། བི་ཀྵཱ་ཏ་དེ་ཝ། མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི། འཇམ་དབྱངས་ས་སྐྱ་པཎྜི་ཏ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། རྒྱུས་པ་གཞོན་ནུ་སེང་གེ དོལ་པོ་ཡེ་ཤེས་མགོན་པོ། ཀུན་སྤངས་ཀུན་ཏུ་བཟང་པོ། ཀུན་མཁྱེན་འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ་མན་འདྲའོ། །བཀའ་བབས་བཞི་པ་མ་ཧཱ་པཎྜི་ཏ་ནགས་ཀྱི་རིན་ཆེན་ལུགས་ཀྱི་བརྒྱུད་པ་ནི། རིགས་ལྡན་རྣམ་རྒྱལ་ཡན་གོང་ལྟར་ལས། དེ་ནས་དུས་ཞབས་པ་ཆེ་ཆུང༌། ཤཱཀྱ་སེང་གེ་རྒྱལ་མཚན། ཉི་མའི་འོད། གཽ་ཏམ་དཔལ། རིན་ཆེན་བཀྲ་ཤིས། རྒྱལ་བའི་རྒྱན། བློ་ལྡན་རྗེ། ཤཱཀྱ་བསྲུངས་པ། རྗེ་ཆེན་པོ་ལེགས་སྐྱེས། དཔལ་སངས་རྒྱས་དབྱངས། མ་ཧཱ་པཎྜི་ཏ་ནགས་ཀྱི་རིན་ཆེན། ཀུན་མཁྱེན་རྡོ་རྗེ་གདན་པ་མན་སྔར་བཞིན་ནོ།།  །དཔལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་འཕགས་པ་སྤྱན་རས་གཟིགས་ཀྱིས་མཛད་པ། སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལེའུ་ལྔ་པ་འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་བསྒྱུར་ཞིང༌། སླར་ཤོང་སྟོན་གྱིས་དཔལ་ལྡན་ས་སྐྱར་དག་པར་བསྒྱུར་བ་ལ་བུ་སྟོན་ཐམས་ཅད་མཁྱེན་པས་དཀའ་བའི་གནས་ལ་གསུང་མཆན་ཞིབ་པར་མཛད་པ་བཅས་པའི་ལུང་ཡོངས་སུ་རྫོགས་པ་ཐོབ་པའི་བརྒྱུད་པ་ནི། རོང་པ་ཤེས་རབ་སེང་གེ་ཡན་དབང་བརྒྱུད་བུ་ལུགས་ཀྱི་རྭ་ལུགས་དང་འདྲ་ཞིང༌། དེ་ནས་བླ་མ་རྡོ་རྗེ་རྒྱལ་མཚན། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་སེམས་དཔའ་ཆེན་པོ་རིན་ཆེན་རྣམ་རྒྱལ། མཁས་པ་རཏྣ་ཤྲཱི། མཁས་པ་ཟླ་བ་དཔལ་རིན།«་་་་་ཙནྡྲ་ཤྲཱི།»འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། བྱང་གླིང་པ་རིན་ཆེན་རྒྱལ་པོ། འབྲོག་ཁང་པ་དོན་གྲུབ་རྒྱལ་མཚན། བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན། དགེ་འཁོར་བ་རིན་ཆེན་དཀོན་མཆོག ལྷ་འོ་པ་རིན་ཆེན་རྒྱ་མཚོ། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། མངོན་དགའ་བ་རིན་ཆེན་རྒྱ་མཚོ། དོན་གྲུབ་ཆོས་གླིང་པ་མཚུངས་མེད་བསྟན་པ་དར་རྒྱས། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ཀུན་དགའ་ལེགས་པའི་འབྱུང་གནས་མན་འདྲའོ། །དཔལ་དུས་ཀྱི་འཁོར་ལོ་ལ་ཐུན་མོང་གི་ལས་སྒྲུབ་པའི་ལྷ་གསུམ་ཡོད་པའི་དང་པོ་རྗེ་སྒོ་རུམ་པས་མཛད་པའི་ཡི་གེའི་སྟེང་ནས་རྡོ་རྗེའི་ཚེར་མ་འབྲུམ་ནད་ཀྱི་གཉེན་པོ་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་གྱི་རྗེས་སུ་གནང་བ་ཐུན་མོང་མ་ཡིན་པ་ཕྱག་ལེན་ལྟར་དང་སྒོ་རུམ་པས་མཛད་པའི་ཡི་གེའི་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། དང་པོའི་སངས་རྒྱས། རིགས་གསུམ་མགོན་པོ། དུས་ཞབས་པ་ཆེ་ཆུང༌། རྒྱལ་སྲས་ནཱ་ལེནྡ་པ། པཎ་ཆེན་ཟླ་བ་མགོན་པོ། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས། སྒོམ་པ་དཀོན་མཆོག་སྲུང༌། སྒྲོ་སྟོན་གནམ་ལ་བརྩེགས།«་་་་་འཕན་ཡུལ་སྒྲོ་རིངས་པ། »ཡུ་མོ་དད་པ་རྒྱལ་པོ། སྲས་དྷརྨེ་ཤྭ་ར། རྗེ་ནམ་མཁའ་འོད། མ་གཅིག་སྤྲུལ་སྐུ་ཇོ་འབུམ། སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེས་རབ་འོད་ཟེར།ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ། དོལ་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན། འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྗེ་བསོད་ནམས་སངས་རྒྱས། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ཞྭ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ་མན་སྔར་བཞིན་ནོ། །ཡང་ན་རྡོ་རིང་རིན་པོ་ཆེ་ནས། རྗེ་བཙུན་སྒོ་རུམ་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཡང་ན་སྒོ་རུམ་པ་ནས། དེ་དབོན་ངག་དབང་བརྟན་པའི་རྡོ་རྗེ། མཁྱེན་བརྩེའི་ཞབས་མན་འདྲའོ། །ཡང་ན་ཤྲཱི་ཀཱ་ལ་ཙཀྲ། མ་ཧཱ་པཎྜི་ཏ་ནགས་ཀྱི་རིན་ཆེན། ཁྲིམས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་སྡེ།«་་་་་བླ་མ་གཉིས་གོང་འོག་ནོར་འདུག་ཀྱང་རས་ཆུང་པས་མིད་ལ་ལ་ཚེ་དབང་ཕུལ་བ་ལྟར་ཡིན་ནམ་ཞེས་གསན་ཡིག་ཏུ་སྣང༌། »འགོས་ལོ་ཙཱ་བ་གཞོན་ནུ་དཔལ། ཆག་ལོ་རིན་ཆེན་ཆོས་རྒྱལ། བདག་ཆེན་ངག་གི་དབང་ཕྱུག ཀུན་མཁྱེན་མཁྱེན་བརྩེའི་ཞབས་མན་འདྲའོ།།  །གཉིས་པ་ཀླུ་དང་ས་བདག་གི་གདོན་འཇོམས་པ་མཁའ་ལྡིང་རྡོ་རྗེ་ཁྱུང་ཁྲ་བོའི་སྐོར་ལ། རྗེ་སྒོ་རུམ་པས་མཛད་པའི་སྒྲུབ་ཐབས་རྒྱུད་འགྲེལ་དང་མཐུན་པར་སྦྱར་བའི་ཡི་གེའི་སྟེང་ནས་རྗེས་གནང་ཐོབ་པའི་བརྒྱུད་པ་ནི།རྡོ་རྗེ་འཆང༌། ཆོས་རྒྱལ་ཟླ་བ་བཟང་པོ། འཇམ་དཔལ་གྲགས་པ། པདྨ་དཀར་པོ། དུས་ཞབས་པ་ཆེ་ཆུང་གཉིས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད།«་་་་་མཁྱེན་བརྩེ་ཐར་རྩེ་སྒྲུབ་ཁང་གསུམ་གྱི་གསན་ཡིག་ན་མི་གསལ་ཡང་རྫོང་ལུགས་ཀྱི་གསན་ཡིག་ན་འདིའི་རྗེས་སུ་གློག་སྐྱ་ཤེས་རབ་བརྩེགས་འདུག་པ་ཆད་དམ་སྙམ། »མལ་ལོ་ཙཱ་བ་བློ་གྲོས་གྲགས། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན།ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་དགའ་བསོད་ནམས། རྒྱལ་བ་བྲག་ཕུག་པ། རི་ཁྲོད་པ་བློ་གྲོས་བརྟན་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་ནམ་མཁའ་དཔལ་བཟང༌། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ།སྤྱན་སྔ་ཀུན་དགའ་དོན་གྲུབ། ངག་དབང་བསོད་ནམས་རྒྱལ་མཚན། ཆོས་རྗེ་བཀྲ་ཤིས་དཔལ་ལྡན། ཆོས་རྗེ་སངས་རྒྱས་དཔལ་བཟང༌། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། བཀའ་དྲིན་མཉམ་མེད་རྡོ་རྗེ་འཆང་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །སྒྲུབ་ཐབས་གོང་དུ་སྨོས་པ་དང༌། རྗེས་གནང་སྒྲུབ་ཐབས་རྒྱ་མཚོ་ལྟར་མཛད་དོ།།  །ཆོས་ཀྱི་རྒྱལ་པོ་འཕགས་པས་མཛད་པའི་རྗེས་གནང་དང་དེའི་ཟུར་འདེབས་ལེའུ་མཁན་ཆེན་བྱམས་པ་ངག་དབང་དཔལ་བཟང་གིས་མཛད་པ་གཉིས་ལ་བརྟེན་ནས་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་ཀྱིས་ཟིན་ཅིང་པཎྜི་ཏ་ནཱ་རོ་པའི་མན་ངག་རྗེ་བཙུན་ས་སྐྱ་པ་ཆེན་པོའི་ཟབ་ཆོས་དཔལ་རྡོ་རྗེ་ཁྱུང་ཁྲའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་བྱབ་བསྲུང་དང་འབྲེལ་བ་ནོས་ནས། རྒྱབ་བརྟེན་ལུང་ལ། མཉམ་མེད་བཟང་པོ་རྒྱལ་མཚན་གྱིས་མཛད་པའི་ཆོས་སྐོར་གྱི་དཀར་ཆག་ཐུབ་བསྟན་མི་མཇེད་མ། བྱིས་པའི་གདོན་ཆེན་བཅོ་ལྔའི་ནང་ནས་བྱ་མིག་གི་བཅོས་ཐབས་ཞེས་པ་བརྟག་ཐབས། གསོ་ཐབས། ཕྱིར་འཕྲོ་གཅད་པ་དང་བཅས་པ་སྔགས་འཆང་གཟུངས་ཀྱི་དཔལ་བས་མཛད་པ་ལ་སྙིང་པོའི་ཞལ་ཤེས་རྣམས་གོ་བདེ་ཕྱིར་ཤྲཱི་བསམ་རྩེར་ཕ་ལའི་མིང་ཅན་གྱིས་བྲིས་པ། ཚིམ་པར་བྱེད་པ་བྱ་མདོས་ཀྱི་ཡི་གེ་བྱ་རྒྱུད་དང་མཐུན་པར་རྡོ་རྗེ་ཁྱུང་ཁྲའི་ལས་མཐའ་གཟུངས་ཀྱི་མིང་ཅན་གྱིས་མཛད་པ། ཁྱི་སྨྱོན་གྱི་བརྟག་པ། གསོ་བའི་ཐབས། རང་སྲུང་རྗེས་གཅོད་དང་བཅས་པ་སྔགས་འཆང་གཟུངས་པས་མཛད་པ་ཞལ་ཤེས་རྣམས་གོ་བདེ་ཕྱིར་བསྣན་ཏེ་ཤྲཱི་བསམ་རྩེར་ཕ་ལའི་མིང་ཅན་གྱིས་བྲིས་པ། གཟའ་ནད་ལ་དང་པོར་བརྟག་པ། བར་དུ་གསོ་དཔྱད། ཕྱིར་མི་ལྡོག་པ་རྗེས་ཀྱི་བྱ་བ་དང་གསུམ་གྱིས་བསྟན་པ་སྔགས་འཆང་གཟུངས་དཔལ་གྱིས་མཛད་པར་སླར་ཡང་ཞལ་ཤེས་ཀྱིས་བརྒྱན་པ་ཤྲཱི་བསམ་རྩེར་ཕ་ལའི་མིང་ཅན་གྱིས་བྲིས་པ། དཀར་ཕྲ་མེན་བརྟག་ཐབས་ཀྱི་ཞལ་ཤེས། གཟའ་བཅོས་ཀྱི་ལག་ལེན་དང་ཤོག་དྲིལ་ཁྱུང་རྒྱ་མ་ཞེས་པར་མིང་དང་འགྱུ་དུས། ཕྱི་རུ་རྟེན་འབྲེལ་བརྩི་བ། གཟའ་བརྒྱད་ཀྱི་སྔགས། རཱ་ཧུ་ལའི་བྱད་འགྲོལ་དང་བཅས་པ་གཟུངས་པས་རྫོང་ཆུང་བླ་བྲང་དུ་མཛད་པ། ལས་མདེ་གཤེད་སྐོར་ཟབ་མོ། སྦྲུལ་ལྤགས་ལ་བརྟེན་པའི་བསྲུང་བ། གཟའ་མདོས་ཀྱི་ཆོ་ག་འབྲིང་པོ་རྫོགས་བྱང་གི་མཐའ་ཅན། དུག་ནད་གསོ་བ་བཻ་ཌཱུརྻའི་ཕྲེང་བ་ཞེས་པ་བརྟག་པ། འཆོས་ཐབས། འབྲིང་བསྡུས་ཟབ་མོ་སྔགས་འཆང་གཟུངས་པས་མཛད་པ། དུག་བསྲུང་བརྟག་པའི་མན་ངག་ཟབ་མོ་ཟུར་དུ་བྲིས་པས་བལྟ་བར་བྱའོའི་མཐའ་ཅན། ལས་སྦྱོར་དྲུག་པ་ཞེས་པ་བོང་ངའི་བཅུད་ལེན་གཉན་གྱིས་སོ་བཏབ་པ་གསོ་བ། དུག་བསྲུང་དུག་ཁོང་དུ་སོང་བ་བཟློག་པ། ནད་ཕྱོགས་མེད་འཇོམས་པ། དེའི་གེགས་སེལ་དང་དམིགས་པའི་ཁྱད་པར་རྣམས་བླ་མའི་གསུང་བཞིན་འཕགས་པ་རིན་པོ་ཆེས་མཛད་པ། ནཱ་རོ་པཎ་ཆེན་ནས་བརྒྱུད་པའི་རྡོ་རྗེ་ཁྱུང་ཁྲའི་ལས་སྦྱོར་བརྒྱད་པ། ཞེས་པ་བོང་ང་ལ་བརྟེན་ནས་གྲང་བ་སྙིང་རླུང་ཚད་པ་སེལ་ཞིང་བཅུད་ལེན་གྱི་མཆོག་ཏུ་འགྱུར་བ། གཡོས་དུག་དབྱིག་དུག་སྦྱར་དུག་བསྲུང་བ། རྒྱུ་བའི་དུག་རྣམས་ཀྱིས་སོ་བཏབ་པ་ཞི་བ། གྲེ་ནད་སེལ་བ། གཉན་ཚད་ལས་གྲོལ་བ། ནད་བརྒྱ་སྨན་གཅིག ནད་སྤྱི་དང་ཁྱད་པར་མཛེ་དྲེག་གྲུམ་གཟའ་ནད་སེལ་བ། བུམ་ཆོག གཏོར་ཆོག་དང་བཅས་པ་སྔགས་འཆང་གཟུངས་པས་རྫོང་ཆུང་བླ་བྲང་དུ་མཛད་པ། དྲེག་འདོན་པའི་མན་ངག་བླ་མ་དམ་པའི་ཞབས་ལ་དྲེག་བྱུང་བའི་དུས་དཔལ་གྱི་མིང་ཅན་གྱིས་ས་སྐྱར་བཀོད་པ། དྲེག་སེལ་བ་སྡིག་པ་ཆུང་པ་བཀའ་རྒྱ་མ། མཛེ་འཆོས་པ་བརྟག་ཐབས་གསོ་ཐབས་རྗེས་གསུམ་གྱིས་བསྟན་པ་ལུས་ལ་བཏགས་སོའི་མཐའ་ཅན། བསྙེན་པ་འཁྱོལ་ནས་ཐོག་བསྲུང་བ་འཕགས་པས་ཤིང་ཀུན་ཏུ་མཛད་པ། ཁྱུང་གི་ལས་མཐའ་གེགས་སེལ་གཟེར་ལྔའི་སྙན་བརྒྱུད་གཟུངས་ཀྱི་མིང་ཅན་གྱིས་རྡོ་རྗེ་ཁྱུང་ཁྲའི་ལས་མདེར་སྦྱར་བ། རྒྱལ་མོ་ཆུ་སྦྱང་བ་འོག་རླུང་འབེབས་སོའི་མཐའ་ཅན། རིགས་གསུམ་འདུས་པའི་དྲག་སྔགས་ཕྱག་ཆ་རང་ལ་བསྐོར་བ་སྐྱིན་ཐང་བསྲུང་བ། སེར་བ་བསྲུང་བ། ལོ་ཆོག་དང་ལོ་ཕུད་ཀྱི་ལག་ལེན་ཞེས་པ་སྔོན་འགྲོ་དང་དངོས་གཞི་ལ་ནམ་མཁའི་མཐོངས་སུ་སྤྲིན་ནག་གི་གུར་བཤིག་པ། རི་ཐང་མཚམས་སུ་སེར་བའི་རྐང་བཅག་པ། བར་སྣང་ཁམས་སུ་འཁྱགས་པ་ཆུར་བཞུ་བ། ས་གཞིའི་སྟེང་དུ་རླུང་གི་གཞུ་བཅག་པ། དྲག་པོ་འབྲུག་གི་ངར་སྐད་བཅག་པ་རྣམས་བསྟན་པ། ཁ་བ་བསྲུང་བ།འཕགས་པ་རིན་པོ་ཆེས་མཛད་པའི་སྦྱིན་སྲེག་གི་ཆོ་ག དེས་མཛད་པའི་རྗེས་གནང་གི་ཡི་གེ དེས་མཛད་པའི་བསྟོད་པ་རིགས་ལྔའི་ཀླུ་འདུལ། ཨཱ་ནནྡ་མ་ཏི་བྷ་དྲས་མཛད་པའི་སྒྲུབ་ཐབས། སྔགས་འཆང་གཟུངས་པས་མཛད་པའི་སྒྲུབ་ཐབས་ནང་བཞིན་ལས་འདོན་མཇུག་ཅུང་ཟད་ཁ་བསྐང་བ། མཁན་ཆེན་བྱམས་པ་ངག་དབང་དཔལ་བཟང་གིས་མཛད་པའི་བྱིན་རླབས་ཟུར་འདེབས་ཀྱི་ཡི་གེ་དང་བཅས་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། དྲུག་པ་རྡོ་རྗེ་འཆང༌།ཡེ་ཤེས་ཀྱི་མཁའ་འགྲོ་མ། པཎ་ཆེན་ནཱ་རོ་པ། བལ་པོ་ཕམ་མཐིང་པ་སྐུ་མཆེད།«་་་་་གཅེན་འཇིགས་མེད་གྲགས་པ། གཅུང་ངག་དབང་གྲགས་པ། »ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་བློ་གྲོས་གྲགས། དཔལ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎྜི་ཏ། འགྲོ་བའི་མགོན་པོ་འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་དགེ་ལེགས་དཔལ་བཟང༌། རྫོང་ཆུང་པ་ཨཱ་ནནྡ་མ་ཏི་བྷ་དྲ། ཆོས་རྗེ་སངས་རྒྱས་བཟང་པོ། རིག་འཛིན་ཆོས་བློ་གྲོས། རིག་འཛིན་ཆོས་དཔལ་བཟང་པོ། མཁན་ཆེན་བྱམས་པ་བཟང་པོ། འབུམ་ཆེན་ཀུན་དགའ་དཔལ་འབྱོར། མཁན་ཆེན་བྱམས་པ་ངག་དབང་དཔལ་བཟང༌། རྡོ་རྗེ་འཆང་ཞྭ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ། གནས་གསར་པ་མཁན་ཆེན་འཇམ་དབྱངས་བསྟན་འཛིན། དཔལ་ལྡན་བླ་མ་དམ་པ་ཝཱ་གཱིནྡྲ་ཤཱ་ས་ན་ལཀྵྨཱི། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་ནོས་སོ། །ཡང་ན་ལས་ཚོགས་ཀྱི་ལུང་རྐྱང་གི་བརྒྱུད་པ་ནི་ཡན་ཆད་སྔར་བཞིན་ལ། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེ་ལས་བདག་གིས་ལེགས་པར་ནོས་སོ། །ཡང་ན་སྔགས་འཆང་གཟུངས་པ་ནས། མཉམ་མེད་བཟང་པོ་རྒྱལ་མཚན། སེམས་དཔའ་ཆེན་པོ་རྒྱལ་མཚན་དཀོན་མཆོག «རུས་ཀྱི་མིང་ཡིན།་་་་་»རྩང་བྱམས་པ་རྡོ་རྗེ་རྒྱལ་མཚན། རྒྱུད་གསུམ་སྨྲ་བ་ཤེས་རབ་རིན་ཆེན། རྡོ་རིང་ཀུན་དགའ་རྒྱལ་མཚན། སྒྱེ་ཆུ་མཁན་ཆེན་བྱམས་པ་བཟང་པོ། འབུམ་ཆེན་ཀུན་དགའ་དཔལ་འབྱོར་མན་འདྲ། ཡང་ན་ཨཱ་ནནྡ་མ་ཏི་ནས། མཁས་གྲུབ་བྱམས་པ་རྡོ་རྗེ་རྒྱལ་མཚན་མན་འདྲ། ཡང་རྗེས་གནང་དང་བྱ་ཁྱི་རྣམ་གསུམ་བཅོས་ཐབས་ཀྱི་ལུང་བརྒྱུད་ལུགས་གཅིག་ནི། འབུམ་ཆེན་ནས། འཇམ་དབྱངས་སངས་རྒྱས་བཀྲ་ཤིས། བྱམས་པ་ངག་དབང་དཔལ་བཟང་མན་འདྲ།།  །གསུམ་པ་ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་དང་རྗེས་གནང་གི་ཡི་གེ་ལ་བརྟེན་ནས་ཆར་དབབ་གཅོད་བྱེད་པ་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ཀྱི་རྗེས་སུ་གནང་བ་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། དུས་ཀྱི་འཁོར་ལོ། ཤཱཀྱ་ཐུབ་པ། ཆོས་རྒྱལ་རིགས་ལྡན་སོ་ལྔ། དུས་ཞབས་པ་ཆེ་ཆུང༌། ཁ་ཆེ་ཟླ་བ་མགོན་པོ། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས། ལྷ་རྗེ་སྒོམ་པ་པ། སྒྲོ་སྟོན་གནམ་ལ་བརྩེགས། ཡུ་མོ་མི་«་་་་་དད་པ་རྒྱལ་པོ་ཟེར་བའང་བྱུང༌།»བསྐྱོད་རྡོ་རྗེ། སྲས་ཆོས་ཀྱི་དབང་ཕྱུག སེ་ཆེན་ནམ་མཁའ་འོད་ཟེར། ཀུན་མཁྱེན་འཇམ་གསར་བ། བླ་མ་ཆོས་སྐུ་འོད་ཟེར། ཞང་ཐུགས་རྗེ་བརྩོན་འགྲུས།བྱང་སེམས་རྒྱལ་ཡེ། མཁས་བཙུན་ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་དོལ་པོ་ཤེས་རབ་རྒྱལ་མཚན། རྗེ་ཕྱོགས་ལས་རྣམ་རྒྱལ། མཁས་གྲུབ་ཉ་དབོན། གྲུབ་ཆེན་ཀུན་བློ། མཁན་ཆེན་དཀོན་མཆོག་«་་་་་དཔལ་འཁོར་ཆོས་སྡེའི་མཁན་པོ། »བཟང་པོ། ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ། ལོ་ཆེན་རཏྣ་བྷ་དྲ། ལོ་ཆེན་འགྱུར་མེད་བདེ་ཆེན། རྗེ་ཨ་ཝ་དྷཱུ་ཏཱི་པ། སྤྱན་སྔ་རིན་པོ་ཆེ་ཀུན་དགའ་དོན་གྲུབ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་མནོས་སོ། །འདིར་རྨོར་ཆེན་པའི་གསན་ཡིག་ཏུ།ཡང་ངག་དབང་མཆོག་ལེགས་རྡོ་རྗེས་མཛད་པའི་སྒྲུབ་ཐབས་རྗེས་གནང་གི་ཡི་གེའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཞྭ་ལུ་ལོ་ཆེན་ནས། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲའོ། །གོང་གི་ཡི་གེ་གཉིས་ཀྱི་རྗེས་གནང་གི་ཆིངས་ནི་ཤིན་ཏུ་མི་འདྲ་མོད་ཀྱང་བརྒྱུད་པ་གཅིག་པའི་ཕྱིར་ན་གཅིག་གོ་གཅིག་གིས་ཆོད་དམ་སྙམ་མོ་ཞེས་གསུངས། བདག་གིས་ནི་ཡིག་ཆ་སྔ་མའི་སྟེང་ནས་ཐོབ་བོ། །སྨྲས་པ། གསང་རྒྱུད་གཞན་ལས་བཤད་ཚུལ་ཁྱད་པར་བ། །དུས་འཁོར་དབང་བདུན་གོང་མ་གོང་ཆེན་བཅས། །ཐུན་མོང་དངོས་གྲུབ་སྒྲུབ་པའི་ལྷ་གསུམ་གྱི། །རྗེས་གནང་ཐོས་པའི་རྣ་ལུང་མ་དོག་ཙམ། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། དུས་ཀྱི་འཁོར་ལོའི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་ཉི་ཤུ་པའོ།།  །།རྣལ་འབྱོར་མཆོག་གི་དབྱར་སྐྱེས་འཛམ་བུ་ལས། ཤིང་རྟ་ཆེ་སྲོལ་སྙེ་མ་ཡོངས་ལྷུང་བ། །མཁས་དབང་མཁྱེན་པའི་མ་དྲོས་རྩིས་བསྒྱུར་བའི། །ཟབ་ཆོས་བུམ་པ་བརྒྱ་སྐྱེས་མནོས་པའི་ཚུལ། །སྤྱི་དོན་ལྔ་པ་གསེར་ཆོས་སྐོར་ལ། དུས་གསུམ་གྱི་བདེ་བར་གཤེགས་པ་བྱོན་དང་འབྱོན་འགྱུར་འབྱོན་བཞིན་པ་མཐའ་དག་གི་ལམ་པོ་ཆེ། མདོ་སྡེ་དང་རྒྱུད་སྡེ་མཐའ་དག་གི་མན་ངག་ཐམས་ཅད་ཀྱི་བཅུད་ཕྱུང་བ། འཕགས་ཡུལ་པཎ་གྲུབ་ཀུན་གྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་ངམ་གྲུབ་པའི་འཁོར་ལོས་སྒྱུར་བའི་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ཆེན་པོ་ལ་རྗེ་བཙུན་རྡོ་རྗེ་བདག་མེད་མས་དངོས་སུ་གནང་བའི་གདམས་པ་ལམ་འབྲས་བུ་དང་བཅས་པ། འབྲས་བུ་ལམ་དང་བཅས་པ།གཅིག་ཤེས་པས་མང་པོ་ཤེས་པ། སྐྱོན་ཡོན་ཏན་དུ་བླང་བ། བར་གཅོད་དངོས་གྲུབ་ཏུ་བླང་བ། ལྟས་ངན་གཡང་དུ་འགུགས་པ། ཏིང་ངེ་འཛིན་ངོ་ཤེས་པས་བསམ་གཏན་གྱི་གེགས་སེལ་བ། བར་གཅོད་ངོ་ཤེས་པས་བདུད་ཀྱི་གེགས་སེལ་བ། སྡེ་སྣོད་གསུམ་གྱི་དེ་ཉིད་ཤེས་པ་གསེར་འགྱུར་གྱི་རྩི་ལྟ་བུ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཀུན་གྱི་འདོད་པ་འཇོ་བའི་ཡིད་བཞིན་གྱི་ནོར་བུ། གསུང་ངག་རིན་པོ་ཆེ་ཞེས་མཁས་ཤིང་གྲུབ་པའི་དབང་ཕྱུག་མཐའ་དག་ཟུང་འཇུག་ཏུ་གཤེགས་པའི་ཐེམ་སྐས་ཆེན་པོ་འདི་ཉིད་ནི། ལོ་ཙཱ་བ་རྣམས་ཀྱི་ནང་ནས་ཉི་ཟླ་ལྟར་ཕྱོགས་ཀུན་ཏུ་ཡོངས་སུ་གྲགས་པ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས། འཕགས་ཡུལ་པཎ་གྲུབ་ཀུན་གྱི་གཙུག་རྒྱན་དུ་གྱུར་པའི་མ་ཧཱ་པཎྜི་ཏ་གྷ་ཡ་དྷ་ར་མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་མཛད་དེ་ལེགས་པར་ཞུས་ཤིང་གཏན་ལ་ཕབ། ལོ་ཙཱ་བ་ཆེན་པོ་དེ་ལ་སློབ་མ་བགྲང་གིས་མི་ལྡང་བའི་ཚོགས་དཔག་ཏུ་མེད་པ་བྱུང་བའི་ནང་ནས་གཙོ་བོར་གྱུར་པ། གཞུང་རྫོགས་པ།གདམས་ངག་རྫོགས་པ། གྲུབ་པ་ཐོབ་པའི་སློབ་མ་གསུམ་སོགས་བྱུང་བར་གྲགས་ཤིང༌། གདམས་པ་རྫོགས་པའི་སློབ་མའི་ནང་ནས་རབ་ཏུ་ཐོབ་པ་སེ་མཁར་ཆུ་བ་ཀུན་རིག དེའི་སློབ་མ་ཞང་སྟོན་ཆོས་འབར་ནས་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པ། དེའི་སྲོལ་འཛིན་ངོར་རྫོང་གོང་དཀར་བ་ཚར་པ་ལ་སོགས་པའི་མཁས་ཤིང་གྲུབ་པ་སྟོན་ཀའི་མཁའ་དབྱིངས་དག་པའི་ངོས་སུ་སྒྲིབ་པ་མེད་པར་རྒྱུ་སྐར་གྱི་ཚོགས་བཀྲག་ཏུ་ཆེ་བ་ལྟར་གྲངས་སུ་མི་ཆོད་པ་བྱོན་པའི་ནང་ནས། རྒྱལ་བ་ཉི་མའི་རྩ་ལག་ཆེན་པོ་རང་གི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་སྣང་བྱེད་ཆེན་པོར་པདྨོའི་གཉེན་ནམ་བསིལ་སྦྱིན་མཁན་གྱི་དཀྱིལ་འཁོར་ལྟར་བསྔགས་ཤིང་ངེས་པ་གྲུབ་པ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཞེས་ཡོངས་སུ་གྲགས་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ཀྱིས་རྒྱལ་ཚབ་ཆེན་པོའི་སྤྱོད་པ་རྨད་དུ་བྱུང་བ་ཅི་རིགས་པས་མདོ་སྔགས་ཀྱི་ཆོས་ཐམས་ཅད་ལ་མཁས་པའི་བགྱི་བ་གསུམ་གྱི་བགྱི་བ་ཡང་དག་པར་བགྱིས་པའི་ནང་ནས། ལྷག་པར་སམྤུ་ཊ་ལས། བསྟན་བཅོས་ཚད་མ་སློབ་དཔོན་དང༌། །ལུང་གི་རྗེས་འབྲང་དེ་ཉིད་རིག །གསང་སྟོན་དེ་ཉིད་དངོས་པོ་ཡང༌། །གཅིག་ནས་གཅིག་བརྒྱུད་ཤེས་པར་བྱ། །བླ་མ་རབ་ཀྱི་ཞལ་ལས་བླངས། །ཞེས་དང༌། ཚད་མ་སྙན་བརྒྱུད་བཞི་ཡིས་སྤྲོས་པ་བཅད། །ཅེས་པ་ལྟར་ལུགས་སྲོལ་འདི་ལ་ཚད་མ་བཞི་དང༌། སྙན་བརྒྱུད་བཞི་ཞེས་གསུངས་པའི་དང་པོ་རྗེ་བཙུན་ཆེན་པོས། ཆོས་ཀུན་ཚད་མ་བཞི་ཡིས་གཏན་ལ་དབབ། །ཅེས་གསུངས་པ་ལྟར། བླ་མ་ཚད་མ། ཉམས་མྱོང་ཚད་མ། བསྟན་བཅོས་ཚད་མ། ལུང་ཚད་མ་བཞིའི་སྒོ་ནས་གཏན་ལ་འབེབས་པར་མཛད་པའི་ཚུལ་གྱིས་ལེགས་པར་ཕྱེ་ཞིང་ལོག་པར་སྨྲ་བ་གཞན་གྱི་ཀླན་ཀའི་གནས་རྣམས་ཡང་དག་པའི་ལུང་དང་རིགས་པ་དང་མན་ངག་གི་སྒོ་ནས་དགག་སྒྲུབ་ཀྱིས་ལེགས་པར་གཏན་ལ་ཕབ་པ་ནི། བདག་ཅག་གི་སྟོན་པས་ཀྱང་ཇི་སྐད་དུ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་ལྟ་བུའི་ཚུལ་གྱིས་སྤྲིན་བྲལ་ཉིན་མོར་བྱེད་པའི་དཀྱིལ་འཁོར་ལྟར་ཆེས་ཆེར་གསལ་བར་བྱེད་པ་པོ་ནི་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་དེ། སླར་ཡང་དེ་ཉིད་ཀྱི་ཞལ་སློབ་ཡང་སློབ་ཏུ་བཅས་པ་རྣམས་ཀྱིས་དེང་སང་གི་བར་དུ་འཆད་ཉན་གྱིས་གཏན་ལ་ཕབ་ཅིང་ཐུགས་ཉམས་སུ་བསྟར་བར་མཛད་པའི་ཟབ་པ་ལས་ཀྱང་ཆེས་ཟབ་པ་འདི་ཉིད་མཁས་པར་རློམ་པ་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པ་ཡིན་པས། ཇི་སྐད་དུ། ངོར་ཆེན་རྡོ་རྗེ་འཆང་ཆེན་པོས། གསུང་ངག་གནད་ཀྱི་སྙིང་པོ་ནི། །གཉིས་ལས་གསུམ་བྱུང་གདམས་ངག་ཡིན། །ཀུན་གྱི་སྤྱོད་ཡུལ་མ་ཡིན་པའི། །མན་ངག་ཤེས་པ་བླ་མའི་དྲིན། །ཞེས་པ་ལྟར་གྱི་ལམ་སྲོལ་ཆེན་པོ་དེ་ཉིད་ཀྱི་ཉམས་ཁྲིད་ཟབ་མོ་ལན་གསུམ་གྱི་བར་དུ་ཐོབ་པའི་ཆོས་ཀྱི་རྐང་གྲངས་ལ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་གདམས་ངག་གི་གཞུང་ཤིང་རྒྱས་པ་གཞུང་ཇི་ལྟ་བ་བཞིན་བཀྲི་བའི་ལམ་གྱི་སྔོན་འགྲོའི་ཁྲིད་ཡིག་སྣང་གསུམ་མཛེས་པར་བྱེད་པའི་རྒྱན་གྱི་སྟེང་ནས་བཀྲི་བའི་འགོར། ཁོག་ཕུབ་བཤད་ཐབས་ལ། གསུང་ངག་བསྟན་པ་རྒྱས་པའི་ཉི་འོད། ཁ་སྐོང་ཀུན་མཁྱེན་གོ་རམས་པས་མཛད་པ་དང༌། ཀུན་མཁྱེན་གུང་རུས་མཛད་པ་གཉིས། རྗེ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་ཆོས་འབྱུང་རྣམས་ཀྱི་སྟེང་ནས་བཤད་པའི་རྣམ་གྲངས་ཅི་རིགས་པ་ལེན་པར་མཛད། ཐོག་མར་ཆོས་སྤྱོད་པོ་ཏིའི་ལུང་གི་སྐོར་ལ། འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོའི་ལུང་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུབ་པ། འཕགས་པ་ཀུན་དགའ་བོ། མ་ཧཱ་པཎྜི་ཏ། ཇོ་བོ་དཔལ་ལྡན་ཨ་ཏི་ཤ འབྲོམ་སྟོན་རྒྱལ་བའི་འབྱུང་གནས། པུ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། གྲོ་སྟོན་བདུད་རྩི་གྲགས།སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། རྒྱང་རོ་བྱང་ཆུབ་འབུམ། མཆིམས་བློ་བཟང་གྲགས། ཡོལ་སྟོན་བསོད་ནམས་ལྷུན་གྲུབ།སློབ་དཔོན་གྲགས་པ་རྒྱ་མཚོ། མཁན་ཆེན་གྲུབ་པ་ཤེས་རབ། རྒྱ་སྟོན་ཙནྡྲ་དེ་ཝ། རི་ཁྲོད་པ་བསོད་ནམས་རྒྱ་མཚོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ།མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཡོངས་འཛིན་དཀོན་མཆོག་འཕེལ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། དེ་ལས་རྗེ་དཀོན་མཆོག་དཔལ་ལྡན་དང་བྲང་ཏི་ནམ་མཁའ་དཔལ་བཟང་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་བསོད་ནམས་ལྷུན་གྲུབ་དང་ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་རྗེ་དཔལ་ལྡན་དོན་གྲུབ། དེ་ལས་རྗེ་དཔལ་མཆོག་རྒྱལ་མཚན། བསྟན་པའི་སྣང་བྱེད་སངས་རྒྱས་ཕུན་ཚོགས།ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེ་ལས་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ལན་གསུམ་གྱི་བར་དུ་ནོས་སོ། །ཡང་ན་ཁྲི་ཆེན་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་ལས། འདྲེན་མཆོག་ནམ་མཁའ་སངས་རྒྱས། རྗེ་བཙུན་ནམ་མཁའ་དཔལ་བཟང༌། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།།  །འཕགས་པ་ཕུང་པོ་གསུམ་པའི་མདོའི་བརྒྱུད་པ་ནི། ཐུབ་དབང་ཀུན་དགའ་བོ་དང་རཀྵི་ཏ། །ཀྲྀཥྞའི་གོས་ཅན་ཤ་ནའི་གོས་ཅན་དང༌། །ཉི་མ་གུང་པ་རྒྱལ་རིགས་ཐམས་ཅད་མཁྱེན། །འཕགས་པ་ཀླུ་སྒྲུབ་ཨཱརྻ་དེ་ཝ་དང༌། །འཇམ་དབྱངས་གྲགས་པ་ཆོས་འབྱུང་ཞི་བ་དང༌། །རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ་རྣམས། །པཎ་ཆེན་ཤཱཀ་ཤྲཱི་ལྷོ་པ་ཐམས་ཅད་མཁྱེན། །ཀོང་ནག་རལ་གྲི་ཇོ་གདན་ཟས་གཙང་དང༌། །ཤངས་པ་གྲགས་སེང་ཞལ་སྔ་བསོད་རིན་དང༌། །མཁན་པོ་གཞོན་ཡེ་སེ་སྟོན་འབྱུང་ལྡན་པ། །མང་མཁར་བྱང་སེམས་ཀུན་དགའ་འོད་ཟེར་བ། །བག་སྟོན་གཞོན་ཚུལ་ཀུན་སྤངས་ཆོས་གྲགས་དཔལ། །མ་ཏི་པཎ་ཆེན་ས་བཟང་འཕགས་པ་དང༌། །ངོར་ཆེན་ཀུན་བཟང་རྒྱལ་ཚབ་ཀུན་དབང་པ། །རཏྣ་ཝརྡྷ་དཀོན་མཆོག་ལྷུན་གྲུབ་ཞབས། །དཀོན་མཆོག་དཔལ་ལྡན་པཎ་ཆེན་གཉིས་ཀྱིས་གསན། །གཉིས་ཀས་འཇམ་དབྱངས་བསོད་ནམས་ལྷུན་གྲུབ་དང༌། །ཤར་ཆེན་བྱམས་པ་བཀྲ་ཤིས་གཉིས་ལས་གསན། །གཉིས་ཀས་རྗེས་བཟུང་དཔལ་ལྡན་དོན་གྲུབ་པ། །དེ་ལས་འཇམ་མགོན་དཔལ་མཆོག་རྒྱལ་མཚན་ནས། །བསྟན་པའི་སྣང་བྱེད་སངས་རྒྱས་ཕུན་ཚོགས་པ། །བཀའ་དྲིན་ཚད་མེད་ཚུལ་ཁྲིམས་ལྷུན་གྲུབ་ཞབས། །དེ་ལས་ཐོས་པ་ཚུལ་ཁྲིམས་རིན་ཆེན་ནོ། །ཡང་ན་འཇམ་དབྱངས་བསོད་ནམས་ལྷུན་གྲུབ་ནས། །ནམ་མཁའ་སངས་རྒྱས་ནམ་མཁའ་དཔལ་བཟང་པ། །དེ་ལས་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཞབས། །གང་དེས་རྗེས་བཟུང་ཚུལ་ཁྲིམས་ལྷུན་གྲུབ་ལས། །ལེགས་པར་ནོས་པ་བནྡེ་ཚུལ་རིན་ནོ། །ཡང་ན་ཐུབ་པའི་དབང་པོ། རྗེ་བཙུན་འཇམ་དབྱངས། ཞི་བ་ལྷ། ཨེ་ལ་དྷ་རི། དཔའ་བོའི་སྡེ། གསེར་གླིང་པ། ཇོ་བོ་རྗེ། འབྲོམ་སྟོན་པ། པུ་ཏོ་བ། ཤ་ར་བ། ཆུ་མིག་པ། གྲོ་སྟོན་པ། མཆིམས་ནམ་མཁའ་གྲགས། ཟེའུ་གྲགས་བརྩོན། གྲགས་པ་ཤེས་རབ། མཆིམས་བློ་བཟང༌། མཁན་ཆེན་ཀུན་དགའ་རྒྱལ་མཚན། མཁན་ཆེན་གྲུབ་པ་ཤེས་རབ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། ཡོངས་འཛིན་དཀོན་མཆོག་འཕེལ་མན་འདྲའོ།།  །ཐུབ་པའི་དབང་པོའི་བསྟོད་པ་མདོ་སྡེ་རྒྱན་ལས་ཕྱུང་བ་སེམས་ཅན་རྣམས་ལ་བརྩེ་བ་ཅན་ཞེས་སོགས་ཡོད་པའི་ལུང་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས།འཕགས་པ་བྱམས་པ། འཕགས་པ་ཐོགས་མེད། མཁས་པ་དབྱིག་གཉེན། སློབ་དཔོན་བློ་གྲོས་བརྟན་པ། པཎ་ཆེན་གང་བ་སྤེལ། ཁ་ཆེ་རིན་ཆེན་རྡོ་རྗེ། བྲམ་ཟེ་སཛྫ་ན། པ་ར་ཧི་ཏ། བློ་གྲོས་གྲགས་པ། མར་པ་ཇོ་གདན། མཆིམས་དོན་གྲུབ། མཆིམས་བརྩོན་འགྲུས་སེང་གེ མཆིམས་ནམ་མཁའ་གྲགས། སྐྱི་སྟོན་ཤཱཀྱ་འབུམ། སྐྱི་སྟོན་གྲགས་པ་རྒྱལ་མཚན། དོལ་པ་ཤེས་རབ་རྒྱལ་མཚན། མ་ཏི་པཎ་ཆེན། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། ཡོངས་འཛིན་དཀོན་མཆོག་འཕེལ། རྒྱལ་བ་ལྷ་མཆོག་སེང་གེ རྗེ་དཀོན་མཆོག་ལྷུན་གྲུབ་མན་གོང་གི་དཀོན་མཆོག་རྗེས་དྲན་བརྒྱུད་པ་དང་འདྲའོ།།  །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོའི་ལུང་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། རྗེ་བཙུན་སྒྲོལ་མ། ཇོ་བོ་རྗེ། ཨ་ཏི་ཤ དེའི་དབོན་པོ་དཱ་ན་ཤཱི་ལ། བྱང་སེམས་ཟླ་བ་རྒྱལ་མཚན། དབང་བཀའ་གདམས་པ། སྐྱེར་སྒང་པ་ཡེ་ཤེས་སེང་གེ«་་་་་ཆོས་ཀྱི་སེང་གེའང་ཟེར། »སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། ཚད་མའི་སྐྱེས་བུ་བསོད་ནམས་མགོན། ཀུན་མཁྱེན་བུ་སྟོན། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། བླ་མ་བཀྲ་ཤིས་རིན་ཆེན། ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། རྗེ་དཀོན་མཆོག་ལྷུན་གྲུབ་མན་གོང་མ་རྣམས་དང་འདྲའོ། །མཆིམས་ནམ་མཁའ་གྲགས་ཀྱིས་མཛད་པའི་མདོ་སྒྲུབ་ཐོས་པའི་བརྒྱུད་པའང་དེ་དང་འདྲའོ།།  །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མདོ་དང༌། བྱམས་པའི་སྨོན་ལམ་གྱི་བརྒྱུད་པ་ནི། ཤེས་བྱ་ཀུན་གཟིགས་ཐུབ་པའི་དབང་པོ། འཕགས་པ་ཀུན་དགའ་བོ། རཀྵི་ཏ། ཀྲྀཥྞའི་གོས་ཅན། ཤ་ནའི་གོས་ཅན། ཉི་མ་གུང་པ། རྒྱལ་རིགས་ཐམས་ཅད་མཁྱེན་པ། ཐམས་ཅད་མཁྱེན་པ་ཀླུ་སྒྲུབ། ཨཱརྻ་དེ་ཝ། འཇམ་དཔལ་གྲགས་པ། ཆོས་འབྱུང་ཞི་བ། རྡོ་རྗེ་གདན་པ་མྱ་ངན་མེད་པའི་དཔལ། པཎྜི་ཏ་དོན་ཡོད་རྡོ་རྗེ། ཇོ་བོ་པུཎྱ་ཤྲཱི། པཎ་ཆེན་ཤཱཀྱ་ཤྲཱི། དཔྱལ་ཆོས་བཟང༌།དཔྱལ་པདྨོ་ཅན། དཔྱལ་ཨ་མོ་གྷ། དཔྱལ་གཞོན་ནུ་ཡེ་ཤེས། རོང་པ་ཤེས་རབ་སེང་གེ བག་སྟོན་གཞོན་ནུ་ཚུལ་ཁྲིམས། ཀུན་སྤངས་ཆོས་གྲགས། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྒྱལ་བའི་རྒྱལ་ཚབ་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་མན་གོང་མ་རྣམས་དང་འདྲའོ།།  །ཡང་བཟང་པོ་སྤྱོད་པའི་སྨོན་ལམ་རྐྱང་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། འཕགས་པ་འཇམ་དཔལ། འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཀླུའི་བྱང་ཆུབ། སློབ་དཔོན་ཌོམྦི་པ། སློབ་དཔོན་འཇམ་དཔལ་གྲགས་པ། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། འབྲིང་བ་དོན་ཡོད་རྡོ་རྗེ། ཆུང་བ་པུཎྱ་ཤྲཱི། སོ་མ་ཤྲཱི། རྭ་ཧུ་ལ་བྷ་དྲ། བི་མ་ལ་ཤྲཱི། བེ་ན་དྷ་རི། པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ། ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ། སྤང་སྒང་གྲགས་པ་རྒྱལ་མཚན། ཤངས་པ་གྲགས་པ་སེང་གེ ཞལ་སྔ་བསོད་ནམས་རིན་ཆེན། དཔྱལ་གཞོན་ནུ་ཡེ་ཤེས། ཤེས་རབ་དཔལ། དགེ་སློང་ཀུན་ཉི། བག་སྟོན་གཞོན་ནུ་ཚུལ་ཁྲིམས། ཀུན་སྤངས་ཆོས་གྲགས། མ་ཏི་པཎ་ཆེན། ས་བཟང་འཕགས་པ། རྒྱལ་བ་ཀུན་དགའ་བཟང་པོ་མན་སྔར་དང་འདྲའོ།།  །ཕ་རོལ་ཏུ་ཕྱིན་པ་བཅུའི་སྨོན་ལམ་གྱི་བརྒྱུད་པ་ནི་གོང་བྱམས་པའི་སྨོན་ལམ་དང་འདྲའམ་སྙམ་པ་དཔྱད་དོ།།  །མཚན་ཡང་དག་པར་བརྗོད་པའི་བརྒྱུད་པ་ནི། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ། ཆོས་རྒྱལ་རིགས་ལྡན། དུས་ཞབས་པ་ཆེ་ཆུང༌། ཁ་ཆེ་ཟླ་བ་མགོན་པོ། འབྲོ་ལོ་ཙཱ་བ། གྲགས་མཁར་བ་དཀོན་མཆོག་སྲུང༌། སྒྲོ་སྟོན་གནམ་ལ་བརྩེགས། གྲུབ་ཆེན་ཡུ་མོ། སྲས་དྷརྨེ་ཤྭ་ར། སྤྲུལ་སྐུ་ཇོ་འབུམ། ཁང་གསར་བ་ནམ་མཁའ་འོད་ཟེར། སེ་མོ་ཆེ་པ་ནམ་མཁའ་རྒྱལ་མཚན། འཇམ་དབྱངས་གསར་མ། དེ་གཉིས་ཆར་ལས་བོ་དོང་རིན་པོ་ཆེ། དེ་ལས་འཛིམ་པ་རིན་ཆེན་ཤེས་རབ། གློ་ཆེན་སངས་རྒྱས་སྲས། མཁན་པོ་རྒྱལ་བཟང་བ། གངས་པ་གྲགས་པ་དཔལ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཆོས་རྗེ་དཀོན་མཆོག་དཔལ་ལྡན་མན་འདྲའོ། །ཡང་ན་མཁས་གྲུབ་དཔལ་ལྡན་རྡོ་རྗེ། རྭ་སྟོན་ཡོན་ཏན་དཔལ་བཟང༌། མཁན་ཆེན་བསོད་ནམས་ལྷུན་གྲུབ། འཇམ་དབྱངས་ས་སྐྱ་ལོ་ཙཱ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ།།  །སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོས་མཛད་པ་སྒྲོལ་གསོལ་དང་བཅས་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། རྗེ་བཙུན་སྒྲོལ་མ། སློབ་དཔོན་ནག་པོ་པ། ཝ་གུ་པཎྜི་ཏ། ཁུ་རྣལ་འབྱོར་པ། ཟུར་ཁང་པ་གཞོན་ནུ་དབང༌། དགེ་སློང་བསོད་ནམས་ལོ་མཆོག གློ་ཆེན་སངས་རྒྱས་སྲས། མཁན་ཆེན་རྒྱལ་བ་བཟང་པོ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། ངོར་ཆེན་ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོ་མན་སྔར་དང་འདྲའམ་སྙམ་སྟེ་དཔྱད་དོ། །ཡང་ན་རྗེ་བཙུན་སྒྲོལ་མ་ནས། འཕགས་པ་ཀུན་དགའ་བོ། ཉི་མ་གུང་པ། ཤ་ནའི་གོས་ཅན། ཀྲྀཥྞའི་གོས་ཅན། ཉི་མ་སྦས་པ། རཱ་ཧུ་ལ་ཤྲཱི། བོ་དྷི་ད་ཤྲཱི། པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ། རིན་ཆེན་འབུམ། བླ་མ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། གློ་ཆེན་སངས་རྒྱས་སྲས་མན་འདྲ། ཡང་ན་མཁན་ཆེན་རྒྱལ་བ་བཟང་པོ་ནས། བྱང་སེང་བ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་མན་འདྲ། ཡང་ན་ངོར་ཆེན་རྡོ་རྗེ་འཆང༌། པཎྜི་ཏ་གྲགས་པ་རྒྱལ་མཚན།མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་འཇམ་དཔལ་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་ཤ་ནའི་གོས་ཅན། ཁ་ཆེ་ཐམས་ཅད་མཁྱེན་པ། ཉེར་སྦས། རྒྱ་མཚོ་བསྐྱངས། སློབ་དཔོན་ཛེ་ཏཱ་རི། ངག་དབང་གྲགས་པ། ཁ་ཆེ་མ་ཎི་ཀ མལ་ལོ་ཙཱ་བ། ལ་སྟོད་དབང་རིན། མཆིམས་ཆོས་སེང༌། མཆིམས་བློ་བརྟན། འཇམ་གསར། ཆོས་འོད། འཕགས་འོད། བུ་སྟོན། དོན་གྲུབ། རྒྱལ་མགོན། བཀྲ་ཤིས་རིན་ཆེན། བླ་མ་རྡོ་རྗེ་འཆང་མན་འདྲ། དེ་དག་ནི་བརྒྱུད་པ་དམིགས་བསལ་དགོས་པ་ཅུང་ཟད་བྲིས་པ་ཡིན་ལ། ཆོས་སྤྱོད་པུསྟི་དངོས་ཀྱི་རྐང་གྲངས་ནི། དཀོན་མཆོག་རྗེས་དྲན། བྱང་ཆུབ་ལྟུང་བཤགས། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པ། ཐུབ་བསྟོད་སེམས་བརྩེ་མ་མགོན་པོ་བྱམས་པས་མཛད་པ་མདོ་སྡེ་རྒྱན་ལས་ཕྱུང་བ། ཐུབ་དབང་རྒྱན་དྲུག་མཆོག་གཉིས་སོགས་ལ་བསྟོད་པ་ཞི་གདོང་མ་འཕགས་པས་མཛད་པ་འདོགས་འབྲེལ་དང་བཅས་པ། མཁན་པོ་བོ་དྡྷི་ས་ཏྭ། ཆོས་རྒྱལ་མེས་དབོན། ལོ་པཎ་རྣམས་ལ་ཐུན་མོང་དུ་བསྟོད་པ་རྣམས་ཆོས་རྗེ་བླ་མ་དམ་པས་མཛད་པའི་རྒྱལ་རབས་གསལ་བའི་མེ་ལོང་གི་མཆོད་བརྗོད་དུ་མཛད་པ་རྣམས་དང༌། ཇོ་བོ་ཡབ་སྲས་ཀྱི་བསྟོད་པ་ཤླཽ་ཀ་རེ་རེ། ཇོ་བསྟོད་ཕུན་ཚོགས་བྷངྒ་མ་ནས་འབྱུང་བ་རྣམས་སོ། །དེ་ནས་སྙན་བརྒྱུད་ཚད་མ་བཞིའི་དང་པོ་བླ་མ་ཚད་མའི་སྐོར་ལ། རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་གསུང་ངག་བླ་མ་བརྒྱུད་པའི་གསོལ་འདེབས་འགོར་རྣམ་དག་དཀྱིལ་འཁོར་བཞི་ཞེས་ཡོད་པ། ས་སྐྱ་པ་ཆེན་པོ་ལ་རྣལ་འབྱོར་དབང་ཕྱུག་བིརྺ་པ་གཙོ་འཁོར་ལྔས་མངོན་སུམ་དུ་ཞལ་བསྟན་པའི་དུས་སུ་མཛད་པའི་བསྟོད་པ་འགོར་ཨ་ལ་ལ་སྟེ་ཞེས་ཡོད་པ། ས་པཎ་གྱིས་མཛད་པའི་བིརྺ་པའི་བསྟོད་པ་དད་པའི་ཆུ་ལས་མ། ས་ཆེན་གྱི་བསྟོད་པ་ཚངས་དབང་མ། སློབ་དཔོན་རྩེ་མོས་མཛད་པ། རྗེ་བསོད་ནམས་རྩེ་མོའི་རྣམ་ཐར་བསྟོད་པ་ཁྱོད་ཉིད་དམ་པ་ཅན་དང༌། ཚངས་པར་སྤྱོད་པའི་དགེ་བསྙེན་མ་གཉིས་རྗེ་བཙུན་རིན་པོ་ཆེ་གྲགས་པས་མཛད་པ། རྗེ་བཙུན་གྲགས་པའི་བསྟོད་པ་ཡོན་ཏན་རྒྱ་མཚོ་མ་ས་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པ། ས་སྐྱ་པཎྜི་ཏའི་རྣམ་ཐར་བསྟོད་པ་ཆོས་རྒྱལ་མ་ཆུང་བ་ཡར་ལུང་པ་བྱང་ཆུབ་རྒྱལ་མཚན་གྱིས་མཛད་པ། འཕགས་པ་རིན་པོ་ཆེ་ལ་བསྟོད་པ་སངས་རྒྱས་ཀུན་གྱི་ཐུགས་རྗེ་མ་གཙང་ནག་ཕུག་པ་འཇམ་དབྱངས་ཤེས་རབ་འོད་ཟེར་གྱིས་མཛད་པ། ཡང་འཕགས་པའི་བསྟོད་པ་གྲགས་ལྡན་མ་ཤླཽ་ཀ་གཅིག་རྒྱ་ནག་རྒྱལ་པོས་«་་་་་མི་ཉག་པཎ་ཆེན་གྲགས་པ་རྡོ་རྗེའི་བཀའ་འབུམ་ནའང་འདུག་པ་དེས་མཛད་དམ་བརྟག »མཛད་པར་གྲགས་པ། བླ་མ་དམ་པའི་བསྟོད་པ་བསོད་ནམས་ཡེ་ཤེས་མ་ཤླཽ་ཀ་གཅིག་རྒྱལ་སྲས་ཐོགས་མེད་པས་མཛད་པའི་བསྟོད་པ་ལས་ཕྱུང་བ། རྗེ་ཀུན་དགའ་བཟང་པོ་ལ་བསྟོད་པ་མདོ་རྒྱུད་ཀུན་གྱི་རྒྱ་མཚོ་ཅན་ཤླཽ་ཀ་གཅིག་མུས་ཆེན་གྱིས་མཛད་པ། རོང་སྟོན་ཤེས་བྱ་ཀུན་རིག་ལ་བསྟོད་པ་མང་ཐོས་མ། རྗེ་མུས་ཆེན་ལ་བསྟོད་པ་དཀོན་མཆོག་དགེས་པ་མ། འཇམ་དབྱངས་ཤེས་རྒྱལ་ལ་བསྟོད་པ་ཤེས་བྱ་ཀུན་ལ་ཐོགས་མེད་མ། རྒྱལ་ཚབ་དམ་པ་ལ་བསྟོད་པ་རྒྱུད་སྡེ་ཀུན་གྱི་དེ་ཉིད་མ། གུང་རུ་ཤེར་བཟང་ལ་བསྟོད་པ་ཤེས་བྱའི་མཁའ་ལ་སོགས་མངའ་རིས་ཚུལ་འོད་པས་མཛད་པ། ཀུན་མཁྱེན་ཆེན་པོ་ལ་བསྟོད་པ་རྒྱ་ཆེན་བསོད་ནམས་མ་ཤླཽ་ཀ་གཅིག་རྗེ་དེ་ཉིད་ཀྱིས་མཛད་པ། མཁས་གྲུབ་དཔལ་རྡོར་བ་ལ་བསྟོད་པ་མཐའ་ཡས་རྒྱུད་སྡེ་མ་ཀུན་མཁྱེན་གྱིས་མཛད་པ། རྗེ་ཡོངས་འཛིན། རྗེ་སངས་རིན།རྗེ་ལྷ་མཆོག་པ་རྣམས་ལ་བསྟོད་པ་ཤླཽ་ཀ་རེ་རེ་བ་རྣམས་དང༌། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་བསྟོད་པ་རབ་དཀར་མ་རོང་སྟོན་གྱིས་ནཱ་ལེནྡྲར་མཛད་པ།རྡོ་རྗེ་འཆང་ལ་བསྟོད་པ་སྡེ་སྣོད་མ་མུས་ཆེན་གྱིས་མཛད་པ། ཡང་དེ་ལ་ལམ་འབྲས་བུ་དང་བཅས་པའི་སྒོ་ནས་བསྟོད་ཅིང་གསོལ་བ་འདེབས་པ་དད་པའི་རྦ་རླབས་ཞེས་བྱ་བ་འཇམ་དབྱངས་ཆོས་རྗེ་ཤེས་རབ་རྒྱ་མཚོས་གློ་བོ་སྨོན་ཐང་གི་ཐུབ་བསྟན་དར་རྒྱས་གླིང་གི་གཙུག་ལག་ཁང་དུ་སྦྱར་བ། རོང་སྟོན་ཆེན་པོའི་བསྟོད་པ་གསུང་རབ་རྒྱ་མཚོ་མ་རྗེ་ཉིད་ཀྱིས་མཛད་པ། མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱི་བསྟོད་པ་ཐུབ་བསྟན་གསེར་གྱི་ཁང་པ་མ་བདག་ཆེན་ཆུ་མིག་པས་མཛད་པ། ཡང་སེམས་དཔའ་ཆེན་པོའི་བསྟོད་པ་དཀོན་མཆོག་གསུམ་གྱི་ངོ་བོ་མ་གུང་རུས་མཛད་པ། འཇམ་དབྱངས་ཤེས་རབ་རྒྱ་མཚོའི་བསྟོད་པ་མཐའ་ཡས་ཤེས་བྱ་མ་བདག་ཆེན་ཆུ་མིག་པས་མཛད་པ། རྒྱལ་ཚབ་དམ་པའི་བསྟོད་པ་དཔལ་ལྡན་ཀུན་དགའ་མ་ཀུན་མཁྱེན་གོ་རམས་པས་མཛད་པ།ཀུན་མཁྱེན་གྱི་བསྟོད་པ་བསོད་ནམས་ཡེ་ཤེས་མ་མི་ཉག་གྲགས་རྡོར་པས་མཛད་པ། ཡོངས་འཛིན་ལ་བསྟོད་པ་རྒྱལ་བ་རིགས་བདག་མ་གློ་བོ་མཁན་ཆེན་གྱིས་མཛད་པ། ཡང་ཡོངས་འཛིན་ལ་བསྟོད་པ་ཕུན་ཚོགས་དངོས་གྲུབ་མ་རྗེ་དཀོན་མཆོག་ལྷུན་པས་མཛད་པ། རྗེ་སངས་རིན་གྱི་བསྟོད་པ་སངས་རྒྱས་ཀུན་གྱི་ངོ་བོ་མ་ས་ལོས་མཛད་པ། ཡང་རྗེ་སངས་རྒྱས་རིན་ཆེན་གྱི་བསྟོད་པ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད་སོགས་ཤླཽ་ཀ་གཅིག གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ་ལ་བསྟོད་པ་བསོད་ནམས་རབ་རྒྱས་མ་ཤླཽ་ཀ་གཅིག ས་སྐྱ་ལོ་ཙཱ་བའི་བསྟོད་པ་རབ་མཛེས་མ་རྗེ་རང་གིས་མཛད་པ། རྗེ་ལྷ་མཆོག་སེང་གེའི་བསྟོད་པ་བླ་མ་རྣམས་དང་ལྷག་པའི་ལྷ་སོགས་ཤླཽ་ཀ་གཅིག ཡང་དེ་ལ་བསྟོད་པ་ལྷག་པའི་ལྷ་མཆོག་མ་མཁན་ཆེན་ལེགས་འབྱུང་གིས་མཛད་པ། ཡང་དེ་ལ་བསྟོད་པ་མཚན་སྤེལ་ཕན་བདེ་མ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་བསྟོད་པ་དཀོན་མཆོག་གསུམ་དངོས་མ་དང་འདོད་དགུའི་དཔལ་འབྱུང་མ། དཀྱིལ་འཁོར་རྒྱ་མཚོ་མ་གསུམ་རྗེ་དེ་ཉིད་ཀྱིས་མཛད་པ་དང༌། ཡང་དེ་ལ་བསྟོད་པ་དཀོན་མཆོག་གསུམ་གྱི་གདུང་འཛིན་མ་དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་རིན་ཆེན་གྱིས་མཛད་པ། འཇམ་དབྱངས་སངས་རྒྱས་སེང་གེ་ལ་བསྟོད་པ་ཕུན་ཚོགས་ས་གསུམ་མ་རྗེ་རང་གིས་མཛད་པ། རྗེ་དཀོན་མཆོག་དཔལ་ལྡན་ལ་བསྟོད་པ་དངོས་གྲུབ་ཀུན་འབྱུང་མ་རྗེ་རང་གིས་མཛད་པ། ཤར་ཁང་པ་ཤེས་རབ་རྒྱལ་མཚན་གྱི་བསྟོད་པ་རྣམ་དག་ཐོས་བསམ་མ་རྗེ་རང་གིས་མཛད་པ། པཎ་ཆེན་ནམ་མཁའ་དཔལ་བཟང་ལ་བསྟོད་པ་ཐུགས་རྗེས་ནམ་ཡང་མ་རྗེ་རང་གིས་མཛད་པ། ཡང་དེ་ལ་བསྟོད་པ་རབ་འབྱམས་ཤེས་བྱ་མ་ངོར་ཆེན་དཀོན་མཆོག་དཔལ་ལྡན་གྱིས་མཛད་པ། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་ལ་བསྟོད་པ་བྱམས་པའི་ཐུགས་རྗེ་མ་རྗེ་རང་གིས་མཛད་པ། ཡང་དེའི་བརྟན་བཞུགས་བླ་ཆེན་དཀོན་མཆོག་རྒྱ་མཚོས་མཛད་པ། རྩེ་གདོང་ཁྲི་ཆེན་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་ལ་བསྟོད་པ་ཀུན་དགའི་ལེགས་བཤད་མ་རྗེ་དཀོན་མཆོག་དཔལ་ལྡན་པས་མཛད་པ། མཁས་གྲུབ་དཔལ་ལྡན་དོན་གྲུབ་ལ་བསྟོད་པ། དཔལ་ལྡན་རྩ་བརྒྱུད་མ་ཤླཽ་ཀ་གཅིག་དང༌། རྣམ་དག་སྨོན་ལམ་མ་རྗེ་རང་གིས་མཛད་པ། བྲང་ཏི་ནམ་མཁའ་སངས་རྒྱས་ལ་བསྟོད་པ་ནམ་མཁའ་ལྟ་བུ་མ་ཤླཽ་ཀ་གཅིག མཁས་པའི་དབང་པོ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ་དང༌། ནམ་ཡང་བླ་མ་ལྷ་ཡི་རྗེས་བཟུང་མ་རྗེ་རང་གིས་མཛད་པ། ཤར་ཆེན་ཤེས་རབ་འབྱུང་གནས་ལ་བསྟོད་པ་རྒྱ་ཆེན་ཤེས་བྱའི་མ་ཤླཽ་ཀ་དང་པོ་རྗེ་དཔལ་གྲུབ་ཀྱིས་མཛད་པ་དང་གྲངས་མེད་རྒྱལ་བའི་མ་རྗེ་རང་གིས་མཛད་པ། ནམ་རིན་ལ་བསྟོད་པ་ཁང་གསར་བས་མཛད་པ། བསོད་ནམས་རྒྱ་མཚོར་བསྟོད་པ་རྗེ་རང་གིས་མཛད་པ། རྗེ་དཔལ་མཆོག་རང་ལ་བསྟོད་པ་རབ་འབྱམས་བདེ་གཤེགས་མ་རྗེ་རང་གིས་མཛད་པ། ནམ་མཁའ་དཔལ་བཟང་ལ་བསྟོད་པ་ལེགས་བྱས་དགེ་བ་མ་ཤར་པ་ཡེ་ཤེས་བཟང་པོས་མཛད་པ། ལྷུན་གྲུབ་དཔལ་ལྡན་ལ་བསྟོད་པ་ལྷག་བསམ་ལྷུན་གྲུབ་མ་རྗེ་རང་གིས་མཛད་པ། མཁན་ཆེན་སངས་རྒྱས་ཕུན་ཚོགས་ལ་བསྟོད་པ་མཁྱེན་རབ་མ་རྗེ་རང་གིས་མཛད་པ། ཤར་ཆེན་སངས་རྒྱས་བསྟན་འཛིན་ལ་བསྟོད་པ་སངས་རྒྱས་བསྟན་པའི་སྙིང་པོ་མ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། ཤེས་བྱ་བཟང་པོ་ལ་བསྟོད་པ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། བྱམས་པ་ཚུལ་ཁྲིམས་དཔལ་བཟང་ལ་བསྟོད་པ་རྗེ་རང་གིས་མཛད་པ། མཁན་ཆེན་བསོད་ནམས་དཔལ་ལྡན་ལ་བསྟོད་པ་རྣམ་དཀར་ཚོགས་གཉིས་མ་རྗེ་རང་གིས་མཛད་པ། བྱམས་པ་བསོད་ནམས་བཟང་པོར་བསྟོད་པ་རྗེ་རང་གིས་མཛད་པ།འཇམ་མགོན་བཀྲ་ཤིས་ལྷུན་གྲུབ་ལ་བསྟོད་པ་སངས་རྒྱས་ཀུན་གྱི་མཁྱེན་བརྩེ་མ་དང་དུས་གསུམ་རྒྱལ་བའི་མཁྱེན་བརྩེ་མ་གཉིས་རྗེ་རང་གིས་མཛད་པ།འཇམ་པའི་དབྱངས་ཚུལ་ཁྲིམས་ལྷུན་གྲུབ་ལ་བསྟོད་པ། རྣམ་དག་ཚུལ་ཁྲིམས་ནམ་མཁའི་ཁྱོད་ཡངས་མ་རྗེ་ཉིད་ཀྱིས་མཛད་པ། ཡང་དེ་ཉིད་ལ་བསྟོད་པ་སྔོན་བསགས་བསོད་ནམས་ཆུ་གཏེར་མ་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་ཀྱིས་མཛད་པ། མཁན་ཆེན་ནམ་མཁའ་བསམ་འགྲུབ་ལ་བསྟོད་པ་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་མཛད་པ། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་ལ་བསྟོད་པ། རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་མ་སོགས་རྗེ་རང་གིས་མཛད་པ་ཚན་པ་གསུམ་རྣམས་ཀྱི་ལུང་རྣམས་ལེགས་པར་ཐོས་སོ། །གཞན་ཡང་རྒྱུད་གསུམ་མན་ངག་དང་བཅས་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་ཀུན་ཁྱབ་འཁོར་ལོ་མ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་ཁ་སྐོང་དང་བཅས་པ། ཞེན་པ་བཞི་བྲལ་གྱི་བརྒྱུད་འདེབས་རྗེ་རྡོ་རྗེ་འཆང་གིས་མཛད་པ་ཁ་སྐོང་དང་བཅས་པ། བསྙེན་རྫོགས་སྡོམ་བརྒྱུད་ཀྱི་གསོལ་འདེབས་བྲང་ཏི་པས་མཛད་པ། ཡོན་སྦྱོང་བའི་གཟུངས། རྗེ་ངོར་ཆེན་པས་མཛད་པའི་འགྲོ་ལ་བདེ་«་་་་་ནོར་རྒྱུན་མའི་བསྟོད་པ་ནས་ཕྱུང་བ་ཡིན། »སྐྱིད་མའི་བར་པཎ་ཆེན་གྱིས་ཐར་རྩེར་བསྒྲིགས་པ་བླ་མ་ཕྱི་མ་རྣམས་ཀྱིས་མཛད་པའི་ཁ་སྐོང་དང་བཅས་པའི་ཕྱག་དཔེའི་སྟེང་ནས་མནོས་སོ། །རྣམ་དག་དཀྱིལ་འཁོར་མ་ནི་སྣང་གསུམ་གྱི་དད་པའི་སྐབས་ཀྱི་བརྒྱུད་པའི་གསོལ་འདེབས་གང་རུང་བ་ཞིག་གི་ལུང་བྱིན་ལ་ཁ་ཏོན་བྱར་གཞུག་ཅེས་པའི་སྐབས་སུ་ལུང་གནང་བ་དང༌། དེ་མ་གཏོགས་པའི་ཆོས་སྤྱོད་པུསྟི་དང་རྣམ་ཐར་པུསྟི་རྣམས་སྔ་ཆོས་ལ་གང་འགྲོ་མཛད་པ་ལས། བརྒྱུད་པའི་བླ་མ་རྣམས་ཀྱི་རྣམ་ཐར་སྐོར་ལ། བླ་མ་བརྒྱུད་པ་རྒྱ་བོད་ཀྱི་ལོ་རྒྱུས་རྗེ་བཙུན་རིན་པོ་ཆེས་མཛད་པ། རྗེ་ས་ཆེན་གྱི་རྣམ་པར་ཐར་པ་དང༌། རྩེ་མོའི་རྣམ་པར་ཐར་པ་ཁྱོད་ཉིད་མ་མཆན་བུ་དང་བཅས་པ་རྗེ་བཙུན་གྱིས་མཛད་པ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར་ས་པཎ་གྱིས་མཛད་པ། ཡང་མནལ་ལམ་སྦལ་སྟོན་གྱིས་བྲིས་པ། རྗེ་ས་པཎ་གྱི་རྣམ་ཐར་ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ། རྣམ་ཐར་གསུང་སྒྲོས་མ་རྗེ་རྡོ་རྗེ་འཆང་གིས་མཛད་པ། འཕགས་པ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ་ཤར་པ་ཡེ་ཤེས་རྒྱལ་མཚན་པས་མཛད་པ། ཉན་ཆེན་པའི་རྣམ་པར་ཐར་པ་རཏྣ་སིངྷས་མཛད་པ། ཞང་དཀོན་མཆོག་དཔལ་བའི་རྣམ་ཐར་བླ་མ་དཔལ་ལྡན་ཚུལ་ཁྲིམས་པས་མཛད་པ། བྲག་ཕུག་པའི་རྣམ་ཐར་རིན་པོ་ཆེའི་ཕྲེང་བ་རི་ཁྲོད་པ་བློ་གྲོས་བརྟན་པས་མཛད་པ། རི་ཁྲོད་པའི་རྣམ་པར་ཐར་པ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པ། དཀར་པོ་བྲག་པ་རིན་ཆེན་སེང་གེའི་རྣམ་པར་ཐར་པ་རྗེ་རང་གིས་མཛད་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པའི་རྣམ་ཐར་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པ། དཔལ་ལྡན་ཚུལ་ཁྲིམས་པའི་རྣམ་ཐར་མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པ། གྲུབ་ཆེན་བུདྡྷ་ཤྲཱིའི་རྣམ་ཐར་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པ།ངོར་ཆེན་རྡོ་རྗེ་འཆང་གི་རྣམ་པར་ཐར་པ་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པ། ཡང་དེ་ཉིད་ཀྱི་རྣམ་པར་ཐར་པ་གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པ། ཡང་རྗེ་དེ་ཉིད་ཀྱི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས་ཞེས་པ་མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། སྒྲུབ་ཁང་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་ལམ་འབྲས་བཀའ་རྒྱ་ཐིམ་པའི་གཟིགས་སྣང༌། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་གྱི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོ་ཞེས་བྱ་བ་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པ་ཁ་སྐོང་དང་བཅས་པ། ཡང་དེའི་རྣམ་པར་ཐར་པ་གསུང་སྒྲོས་མ་གུང་རུས་མཛད་པ། རྗེ་བཙུན་ཀུན་དགའ་དབང་ཕྱུག་པའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་མཛད་པ། ཀུན་མཁྱེན་བསོད་ནམས་སེང་གེའི་རྣམ་པར་ཐར་པ་སངས་རྒྱས་རིན་ཆེན་གྱིས་མཛད་པ། ཡོངས་འཛིན་དཀོན་མཆོག་འཕེལ་བའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་ཞེས་བྱ་བ་རྗེ་སངས་རྒྱས་རིན་ཆེན་གྱིས་མཛད་པ། རྗེ་སངས་རྒྱས་རིན་ཆེན་པའི་རྣམ་པར་ཐར་པ་དགེ་ལེགས་རིན་པོ་ཆེའི་གཏེར་ཞེས་བྱ་བ་དགུང་ལོ་རེ་ལྔ་ཡན་དང༌། དེའི་ཁ་སྐོང་ཨུཏྤ་ལའི་ཆུན་པོ་དང་བཅས་པ་ས་ལོས་མཛད་པ། ལྷ་མཆོག་སེང་གེའི་རྣམ་པར་ཐར་པ་དད་པའི་ཆར་འབེབས་ཞེས་བྱ་བ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པ། རྗེ་དཀོན་མཆོག་ལྷུན་གྲུབ་པའི་རྣམ་པར་ཐར་པ་འདོད་དགུའི་དཔལ་འབྱུང་གི་རྣམ་བཤད་འདོད་དགུའི་ཆུ་གཏེར་ཞེས་བྱ་བ་དཀོན་མཆོག་དཔལ་ལྡན་གྱིས་མཛད་པ། ངོར་དབོན་སངས་རྒྱས་སེང་གེའི་རྣམ་པར་ཐར་པ་དད་པའི་མེ་ཏོག་གི་ཕྲེང་བ་ཞེས་བྱ་བ་ནམ་མཁའ་དཔལ་བཟང་གིས་མཛད་པ། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱི་རྣམ་པར་ཐར་པ་ཡེ་ཤེས་གླུ་དབྱངས་ཞེས་བྱ་བ་ངག་དབང་བརྟན་པའི་རྡོ་རྗེས་མཛད་པ། ཤར་པ་ཤེས་རབ་འབྱུང་གནས་ཀྱི་རྣམ་པར་ཐར་པ་དགེ་ལེགས་ངོ་མཚར་ལྷུན་པོ་རྒྱལ་རྩེ་པ་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་མཛད་པ། མཁན་ཆེན་སངས་རྒྱས་ཕུན་ཚོགས་པའི་རྣམ་པར་ཐར་པ་ངེས་འབྱུང་གཏམ་གྱི་རོལ་མཚོ་མནལ་ལམ་རྣམ་ཐར་དང་བཅས་པ་རྗེ་རང་གིས་མཛད་པ། ཨེ་ཝཾ་པའི་གདན་རབས་རིན་པོ་ཆེ་ནོར་བུའི་ཕྲེང་བ་ཞེས་བྱ་བ་རྣམ་ཐར་བསྡུས་པ་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་རྣམས་ཀྱི་ལུང་ནི། མཁན་ཆེན་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ་པའི་ཞལ་སྔ་ནས་གསུང་ངག་ལམ་འབྲས་ཁྲིད་ཀྱི་བླ་མ་ཚད་མའི་སྐབས་སུ་ལེགས་པར་ཐོས་སོ། །དེར་མ་འཐུས་པའི་བརྒྱུད་པ་ཐོས་པའི་ཆོས་ཀྱི་རྣམ་གྲངས་ནི། འདྲེན་མཆོག་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་དང༌། ས་ལོ་འཇམ་དབྱངས་ཆེན་པོའི་རྣམ་པར་ཐར་པ་གཉིས་རྗེ་དཀོན་མཆོག་ལྷུན་གྲུབ་པས་མཛད་པ། ཆོས་རྗེ་ཤེས་རབ་རྒྱལ་མཚན་པའི་རྣམ་པར་ཐར་པ་ཡོན་ཏན་རྒྱ་མཚོ་ཞེས་བྱ་བ་བྲང་ཏི་པ་ནམ་མཁའ་དཔལ་བཟང་གིས་མཛད་པ། མཁས་གྲུབ་དཔལ་ལྡན་དོན་གྲུབ་པའི་རྣམ་པར་ཐར་པ་དད་པའི་གསལ་འདེབས་ངག་དབང་བརྟན་པའི་རྡོ་རྗེས་མཛད་པ། བྲང་ཏི་ནམ་མཁའ་སངས་རྒྱས་ཀྱི་རྣམ་པར་ཐར་པ་འཕྲོས་དང་བཅས་པ་བྱིན་རླབས་ཆུ་རྒྱུན་ཞེས་བྱ་བ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། རྒྱལ་རྩེ་པ་ངག་དབང་བསོད་ནམས་རྒྱལ་མཚན་པའི་རྣམ་པར་ཐར་པ་བྱིན་རླབས་ཆར་འབེབས་ཞེས་བྱ་བ་རྗེ་རང་གིས་མཛད་པའི་ཁ་སྐོང་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། འདྲེན་མཆོག་བསོད་ནམས་རྒྱ་མཚོའི་རྣམ་པར་ཐར་པ་ཡོན་ཏན་རྒྱ་མཚོ་ཞེས་བྱ་བ་རྗེ་ལྷུན་གྲུབ་དཔལ་ལྡན་གྱིས་མཛད་པ། འཇམ་དབྱངས་དཔལ་མཆོག་རྒྱལ་མཚན་པའི་རྣམ་པར་ཐར་པ་དད་པའི་གསལ་འདེབས་ཞེས་བྱ་བ་རྗེ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། རྡོ་རྗེ་འཆང་ལྷུན་གྲུབ་དཔལ་ལྡན་པའི་རྣམ་པར་ཐར་པ་ལོགས་བྱས་དཔལ་གྱི་དགའ་སྟོན་ཞེས་བྱ་བ་ཁ་སྐོང་དང་བཅས་པ་འཇམ་དབྱངས་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། ཡང་མཁན་ཆེན་སངས་རྒྱས་ཕུན་ཚོགས་པའི་རྣམ་པར་ཐར་པ་ཐུབ་བསྟན་སྣང་བའི་ཉིན་བྱེད་ཅེས་བྱ་བ་བྱམས་པ་ཚུལ་ཁྲིམས་དཔལ་བཟང་པས་མཛད་པ། འཇམ་པའི་དབྱངས་ཚུལ་ཁྲིམས་དཔལ་བཟང་པའི་རྣམ་པར་ཐར་པ་དད་པའི་པད་དཀར་བཞད་པའི་ཟླ་ཟེར་ཞེས་བྱ་བ་མཁས་དབང་བཀྲ་ཤིས་དབང་ཕྱུག་གིས་མཛད་པ། ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ་པའི་རྣམ་པར་ཐར་པ་ཆ་བའི་ཡོན་ཏན་གྱི་མེ་ཏོག་རབ་ཏུ་བཀྲ་བ་དཔག་བསམ་གྱི་ལྗོན་པ། དེ་དབོན་སངས་རྒྱས་ཡེ་ཤེས་དང་ང་རང་གིས་བྱས་པ་རྣམས་དང༌། མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་ཨེ་ཝཾ་པའི་གདན་རབས་ནོར་བུའི་ཕྲེང་བའི་ཁ་སྐོང་དུ། མཁན་ཆེན་ཚུལ་ཁྲིམས་དཔལ་བཟང༌། མཚུངས་མེད་བསོད་ནམས་དཔལ་ལྡན།བྱམས་པ་བསོད་ནམས་བཟང་པོ། འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། རྡོ་རྗེ་འཆང་ནམ་མཁའ་བསམ་འགྲུབ་པ་རྣམས་ཀྱི་རྣམ་པར་ཐར་པ་བསྡུས་པ་རེ་མཁས་གྲུབ་དཔལ་ལྡན་ཆོས་སྐྱོང་གིས་མཛད་པ་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། བླ་མ་གོང་མས་མཛད་པ་པོ་སོ་སོའི་བཀའ་འབུམ་གྱི་ལུང་གི་བརྒྱུད་པ་དང་འདྲའོ།། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

About སྟག་ལྗོངས་འཆི་མེད། 98 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

Be the first to comment

Leave a Reply

Your email address will not be published.


*