དེ་ལ་བཀའ་བབས་བཞིའི་གདམས་པ་རྗེས་འབྲང་གི་མཁས་གྲུབ་ངོར་པ་དང་རྫོང་པ་དང་གོང་དཀར་བ་ལས་བརྒྱུད་པ་དང༌། ཁའུ་བྲག་རྫོང་པ་ལས་བརྒྱུད་པའི་ལུགས་སྲོལ་གཉིས་ལས། ཕྱི་མའི་ནང་དུ་གོང་མ་གསུམ་ཡང་འདུས་པར་བཞེད་པའང་ལུགས་སྲོལ་འདི་ཉིད་ཀྱི་ཕྱོགས་ལ་སྐུ་དྲིན་གཞལ་དུ་མ་མཆིས་པའི་སྙན་བརྒྱུད་བསྟན་པའི་སྲོག་ཟུང་ས་ཆེན་པོར་གྱུར་པ་ཚར་ཆེན་རྡོ་རྗེ་འཆང་ཆེན་པོ་བློ་གསལ་རྒྱ་མཚོའི་ཞལ་སྔ་ནས། ཁྱད་པར་ནག་པོ་ཆེན་པོའི་མན་ངག་ནི། །བརྒྱུད་ལྡན་བླ་མ་བཅུ་ཕྲག་གཅིག་ལ་ཞུས། །འགྲན་ཟླ་ཀུན་བྲལ་དྲིན་ཅན་རྡོ་རིང་པའི། །སྙན་བརྒྱུད་ཟབ་མོ་བུམ་པ་གང་བྱོར་ཐོབ། །ཨེ་ཝཾ་པ་ནི་བསྡུས་ལ་སྤྲོས་པ་ཆུང༌། །མུས་སྲད་པ་ནི་དཀར་ཆག་ཁྲིགས་ཆགས་ཅན། །རྡོ་རྗེ་གདན་པ་འཆམ་དང་ནུས་པའི་བདག །ཁོ་བོས་ཐོབ་པའི་ཐུན་མོང་བརྒྱུད་པ་གསུམ། །ཞེས་སྔ་མ་གསུམ་པོ་ཐུན་མོང་བར་བཞེད་ཅིང་དེ་དག་ཀྱང་ཐུན་མོང་མ་ཡིན་པ་རིན་ཆེན་སྒང་པ་སྒོས་ཀྱི་ཞལ་ངོ་ནང་བརྒྱུད་སྙན་བརྒྱུད་འདིར་འདུས་པ་ཡིན་ནོ་ཞེས་བཞེད་དོ། །གང་ལྟར་ཡང་འདི་ཉིད་ཇི་ལྟར་འཆད་པར་བྱེད་པ་ལ་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་ཚུལ་དུ་འཆད་དེ། སྤྱིར་གསང་ཆེན་གདམས་པའི་ཆོས་སྐོར་སྙན་བརྒྱུད་ཚད་མ་བཞི་དང་སྦྱར་བའི་ལུགས་ལྟར་ན་ཁོག་འབུབས་ལོ་རྒྱུས་རྣམས་ནི་བླ་མ་ཚད་མ། ཉམས་ཁྲིད་དང་མངོན་སྤྱོད་དྲག་པོའི་ལས་སྦྱོར་སོགས་ཕྱག་ལེན་དམར་ཁྲིད་དུ་བསྟར་པ་ནི་ཉམས་མྱོང་ཚད་མ། རྒྱབ་བརྟེན་གྱི་མན་ངག་བེ་བུམ་རྣམས་ནི་བསྟན་བཅོས་ཚད་མ། བཤད་ཁུངས་ཀྱི་རྒྱུད་དང་རྒྱ་གཞུང་རྣམས་ནི་ལུང་ཚད་མར་ཡང་འགྱུར་ལ། གཙོ་བོར་སྙན་བརྒྱུད་བཞི་དང་སྦྱོར་དགོས་པས། དེ་ནི་བྱིན་རླབས་ཆུ་བོའི་རྒྱུན་དང་འདྲ་བའི་བཀའ་མ་ནུབ་པ། གདམས་ངག་གསེར་འགྱུར་གྱི་རྩི་ལྟ་བུའི་སརྒ་མ་ལོག་པ། མོས་གུས་གཞོན་ནུའི་དགའ་བ་ལྟ་བུའི་བསམ་པ་ཚིམ་པ། བསྙེན་བཀུར་ལྷ་འདོད་ཡོན་ལ་ལོངས་སྤྱོད་པ་ལྟ་བུའི་དཔལ་འབྱོར་གྱི་རྒྱུན་མ་ཉམས་པ་སྟེ་བཞིའམ། འགའ་ཞིག་ཏུ་བྱིན་རླབས་ཀྱི་སྒོ་དབྱེ་བའི་རྟེན་འབྲེལ་དང་པོར་བསྒྲིགས་པའི་ཆེད་དུ་སྙན་བརྒྱུད་བཞི་པ་དང་པོར་བྱས་པའི་གོ་རིམ་ཡོད་པ་དང༌། ཡང་ན་བླ་མ་སྔ་ཕྱི་མང་པོའི་གསུང་སྒྲོས་སུ་སྙན་བརྒྱུད་གསུམ་པ་དང་བཞི་པ་གཉིས་གོ་རིམ་ལོག་པར་བཤད་པའི་ཚུལ་ཡང་ཡོད་དེ། འདི་ལྟར་སྙན་བརྒྱུད་དང་«་་་་་རྡོ་རྗེ་སློབ་དཔོན་ལ་ལྟོས་པའི་སྔོན་འགྲོའི་སྙན་བརྒྱུད། »པོ་དབང་དང་རྗེས་གནང་བྱིན་རླབས་ཀྱི་བཀའ་ཆུ་བོའི་རྒྱུན་མ་ནུབ་པར་བསྐུར་བ་ཐོབ་པའོ། །སྙན་བརྒྱུད་གཉིས་«་་་་་རྡོ་རྗེ་སློབ་དཔོན་ལ་ལྟོས་པའི་དངོས་གཞིའི་སྙན་བརྒྱུད། »པ་མན་ངག་གསེར་འགྱུར་གྱི་རྩི་དང་འདྲ་བ་གདམས་པའི་སརྒ་མ་ལོག་པར་ཐོབ་པའོ། །སྙན་བརྒྱུད་གསུམ་པ་«་་་་་སྙན་བརྒྱུད་ཀྱི་རྒྱུ་ལ་སྙན་བརྒྱུད་ཀྱི་མིང་བཏགས། »རྡོ་རྗེའི་སློབ་དཔོན་ཆེན་པོའི་ལུས་དང་ལོངས་སྤྱོད་ཐམས་ཅད་ཀྱི་སྒོ་ནས་མཉེས་པར་བྱས་པ་ལས་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་ཐོབ་པར་འགྱུར་བ་སྟེ། རྗེ་ས་སྐྱ་པ་ཆེན་པོས་བླ་མ་མལ་ལོ་ཙཱ་བ་ལ་གསེར་སྲང་བཅུ་བདུན་དུས་གཅིག་ཏུ་ཕུལ་བས་གདམས་པ་མ་ལུས་པ་ཐོབ་པ་ལྟ་བུའོ། །སྙན་བརྒྱུད་བཞི་«་་་་་སྙན་བརྒྱུད་ཀྱི་འབྲས་བུ་ལ་མིང་བཏགས། »པ་མོས་གུས་གཞོན་ནུའི་བདེ་བ་ལྟ་བུ་ཤུགས་ལས་འབྱུང་བའི་གོ་རིམ་མི་འདྲ་བར་སྣང་ནའང་འཆད་ཚུལ་གྱི་ཁྱད་པར་ཅུང་ཟད་ལས་དོན་གྱི་ཆ་ལ་ཁྱད་པར་མེད་པ་ཡིན་ལ། དེ་ལྟར་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་སྒོ་ནས་འཆད་དགོས་པ། ཐོག་མར་བྱིན་རླབས་ཆུ་བོའི་རྒྱུན་དང་འདྲ་བའི་བཀའ་མ་ནུབ་པ་ལ་དབང་དང་རྗེས་གནང་གཉིས། དང་པོ་དབང་གི་བཀའ་མ་ནུབ་པ་ལ། འཇམ་དབྱངས་གྲགས་«རྫོང་ཆུང་བའང་ཟེར།་་་་་»པའམ་ཆོས་རྗེ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བདུད་ལས་རྣམ་རྒྱལ་དང་དཀྱིལ་འཁོར་གྱི་ཆོ་ག་མགོན་པོ་རྣམ་རོལ། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཟིན་བྲིས་རྣམས་ལ་བརྟེན་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་བྲམ་ཟེ་ཆེན་པོ་ནས་ཉེ་བར་བརྒྱུད་པའི་མགོན་པོ་གྲི་གུག་ལྷ་ལྔའི་རིག་པའི་དབང་ལྔ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང༌། བརྟན་བྱེད་དུ་ཆུའི་དབང༌། སྔགས་ཀྱི་བཟླས་ལུང་དང་བཅས་པ། མངོན་དཀྱིལ་བཤད་མ་ཐག་པའི་སྟེང་ནས། བླ་མ་མལ་ལོའི་བཞེད་པའི་གུར་མགོན་ལྷ་བརྒྱད་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་རིག་པའི་དབང་ལྔ། རྗེས་གནང་བཟླས་ལུང་དང་བཅས་པ།མངོན་དཀྱིལ་དེ་དག་ལ་བརྟེན་ནས་བླ་མ་བྲག་སྟེང་པའི་བཞེད་པ་གུར་མགོན་ལྷ་བཅུ་གཉིས་མའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་རིག་པའི་དབང་ལྔ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་བཟླས་ལུང་དང་བཅས་པ། མངོན་དཀྱིལ་དེ་ཁར་བརྟེན་ནས་རྒྱུད་དུར་ཁྲོད་ནག་པོའི་རྗེས་སུ་འབྲངས་པའི་གྱི་ལྗང་ལུགས་ཀྱི་མགོན་པོ་ལྷ་བཅུ་བདུན་མའི་རས་བྲིས་ཀྱི་དཀྱིལ་འཁོར་དུ། ཆུ་ཅོད་པཎ་རྡོ་རྗེ་དྲིལ་བུ་མིང་དབང་བཟླས་ལུང་དང་བཅས་པ་རྣམས་དཀྱིལ་ཆོག་ཏུ་ལུགས་གཉིས་གསུངས་པའི་རྒྱ་གཞུང་ལུགས་སོར་གནས། ཡང་མངོན་དཀྱིལ་དེ་དག་ལ་བརྟེན་ནས་སིནྡྷཱུ་རའི་དཀྱིལ་འཁོར་དུ་གྲི་གུག་ལྷ་ལྔའི་དབང་སྙན་བརྒྱུད་ལུགས་ལྟར་བཟླས་ལུང་ཡན་རྒྱ་གཞུང་སོར་བཞག་ལ། སྐུ་གསུང་ཐུགས་ཀྱི་རྗེས་གནང༌། གསང་དབང་ཤེར་དབང་དབང་བཞི་པ་དང་བཅས་པ་རྣམས་སོ། །གཉིས་པ་རྗེས་གནང་གི་བཀའ་མ་ནུབ་པའི་སྐོར་ལ། རྗེ་བཙུན་སངས་རྒྱས་རིན་ཆེན་གྱིས་མཛད་པའི་ཡི་གེ་དང༌། པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་ཡི་གེའི་སྟེང་ནས་ལོ་ཆེན་གྱི་བཞེད་པ་གཙོ་བོར་གྱུར་པའི་ལྕམ་དྲལ་ལྷ་གསུམ་སྦགས་ཏེ་བསྒྲུབ་པའི་སྐུ་གསུང་ཐུགས་ཀྱི་རྗེས་གནང༌།དཔལ་ལྡན་བླ་མ་དམ་པའི་ཕྱག་ལེན་ལ་གཞི་བྱས་རྒྱལ་ཚ་ལུང་མང་པོ་དང་བླ་མ་ཞང་སྟོན་ཁུ་དབོན་གྱི་ཕྱག་བཞེས་ཟིན་བྲིས་ཀྱིས་བརྒྱན་ཏེ་ཡར་ཀླུངས་པ་སེངྒེ་རྒྱལ་མཚན་གྱིས་མཛད་པའི་ཡི་གེ་དང་བཤམ་སོགས་མཐོང་བརྒྱུད་ཀྱི་བཀའ་སྲོལ་ལྟར་ལྷ་བརྒྱད་མཁའ་འགྲོ་སྦགས་སྒྲུབ་ཐུན་མོང་བའི་རྗེས་གནང༌། མགོན་པོ་རྣམ་རོལ་གྱི་མངོན་རྟོགས་དང་དམ་པ་གོང་མའི་ཕྱག་ལེན་ལྟར་མགོན་པོ་ལྷ་བཅུ་གཉིས་པ་ཐུན་མོང་བའི་རྗེས་གནང༌། ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཡི་གེ་དང༌། པཎ་ཆེན་བྲང་ཏི་པས་མཛད་པའི་ལྷ་བཅུ་གཉིས་མའི་རྗེས་གནང་གི་ཡི་གེར་འདོར་ལེན་བགྱིད་པ་ལ་བརྟེན་ནས་ལྷ་བརྒྱད་མཁའ་འགྲོ་སྦགས་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་གནང༌། གཏོར་ཆོག་ཕོ་ཉ་མྱུར་མགྱོགས་དང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཐོ་ཡིག་བཞིན་དུས་གཅིག་ལ་ཆིག་བརྒྱུད་ལས་མི་གནང་བའི་ལྷ་བརྒྱད་ཐུན་མོང་མ་ཡིན་པའི་རྗེས་གནང༌། པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་རྗེས་གནང་གི་ཡི་གེའི་སྟེང་ནས་གུར་གྱི་མགོན་པོ་ལྷ་བརྒྱད་ཀྱི་སྟེང་སྒོ་མ་བཞི་བསྣན་པའི་ལྷ་བཅུ་གཉིས་ཀྱི་རྗེས་གནང༌། མགོན་པོ་རྣམ་རོལ་གྱི་མངོན་རྟོགས་དང་ཀུན་མཁྱེན་མཁྱེན་བརྩེའི་ཞབས་ཀྱི་ཐོ་ཡིག་ལྟར་དུས་གཅིག་ལ་ཆིག་བརྒྱུད་ཁོ་ནར་གནང་བའི་མགོན་པོ་ལྷ་བཅུ་གཉིས་ཐུན་མོང་མ་ཡིན་པའི་རྗེས་གནང༌། རྗེ་བྱམས་པ་རབ་བརྟན་པས་མཛད་པ་དང༌། མཁན་ཆེན་ངག་དབང་ཆོས་གྲགས་པས་མཛད་པ། མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་ཡི་གེ་སོ་སོའི་སྟེང་ནས་མགོན་པོ་ཁྲོ་བོ་བཅུའི་རྗེས་གནང་བཀའ་རྒྱ་ཤིན་ཏུ་དམ་པ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་«་་་་་ཁ་བྱང་ལེགས་སྦྱར་གྱི་སྐད་དུ་བྱས་པ་ཡོད། »གྱིས་མཛད་པའི་ཡི་གེ་ལ་བརྟེན་ནས་གསང་ཁྲིད་ཀྱི་སྨིན་བྱེད་ལྷ་བརྒྱད་ཀྱི་སྟེང་དུ་ལས་མཁན་ཟངས་གྲི་ཅན་གྱི་མངོན་རྟོགས་བསྣན་པའི་མགོན་པོ་ལྷ་དགུའི་རྗེས་གནང་བཀའ་རྒྱ་ཤིན་ཏུ་དམ་པ། མུས་ཆེན་སངས་རྒྱས་རིན་ཆེན་པའི་ཡི་གེ་ལྟར་དཔལ་ལྡན་ལྷ་མོ་དུད་སོལ་མའི་ཕྱི་སྒྲུབ་ཐུན་མོང་བའི་རྗེས་གནང༌། རྔོག་སྟོན་བསོད་ནམས་བསྟན་འཛིན་གྱིས་མཛད་པའི་ཡི་གེ་ལྟར་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་ཅན་གྱི་གསང་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་གནང་ནན་ཆགས་མར་གྲགས་པ། ཚར་ཆེན་རྡོ་རྗེ་འཆང་གི་ཟིན་ཐོ་དང་བརྒྱུད་པའི་གསུང་སྒྲོས་ལྟར་ནང་གི་«འདི་སླར་ཐོབ་རྒྱུས་བྲིས།་་་་་»ལས་མཁན་བེར་ནག་ཟངས་གྲི་ཅན་གྱི་རྗེས་གནང་བཀའ་རྒྱ་མ། ཡང་བཤད་མ་ཐག་པའི་ཡི་གེ་གཉིས་དང༌། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཟངས་གྲི་སྐོར་གསུམ་གྱི་རྗེས་གནང་གི་ཟིན་བྲིས་ལ་བརྟེན་ནས་གཅེར་བུ་ཟངས་གྲི་ཅན་གྱི་«་་་་་འདི་སྔོན་མ་ཐོབ་ཀྱང་སླར་ཐོབ་རྒྱུའི་དབང་གིས་བྲིས། »རྗེས་གནང༌། ས་སྐྱའི་སྔགས་འཆང་ཆེན་པོ་ཀུན་དགའ་རིན་ཆེན་གྱིས་མཛད་པའི་ཡི་གེ་དང་གསུང་རྒྱུན་ཕྱག་བཞེས་ལྟར་གསང་བའི་ལས་མཁན་པུ་ཊ་མིང་སྲིང་གི་རྗེས་གནང༌། པུ་ཊའི་རྗེས་གནང་གི་ཆིངས་ལ་གཞི་མཛད་ཅུང་ཟད་མི་མཐུན་པ་བརྒྱུད་པའི་གསུང་སྒྲོས་ཀྱི་བརྒྱན་ཏེ་རུ་མཚོན་གྱི་ལས་མཁན་བྲན་བདུད་གཤིན་རྗེ་ནག་པོའི་རྗེས་གནང་ཐུན་མོང་བ། སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་ཡི་གེ་ལྟར་བྲན་བདུད་གཤིན་རྗེ་ནག་པོའི་རྗེས་གནང་རྣམས་ལེགས་པར་ནོས་ནས། སྙན་བརྒྱུད་གཉིས་པ་གདམས་ངག་གསེར་འགྱུར་གྱི་རྩི་དང་འདྲ་བའི་སརྒ་མ་ལོག་པའི་སྐོར་ལ། གདམས་པའི་དངོས་གཞི་དང་རྒྱབ་བརྟེན་ལུང་དང་འབྲེལ་བའི་སྒོ་ནས་སྒྲོ་འདོགས་དཔྱོད་པ་གཉིས། དང་པོ་ལ། རྗེ་བཙུན་རྡོ་རིང་པ་ཆེན་པོས་མཛད་པའི་ཕྱི་ཁྲིད་རྡོ་རྗེ་བྲག་རྫོང་མའི་ཡི་གེ་དང༌།དེའི་ལྷན་ཐབས་ཀྱི་ཚུལ་དུ་ཐམས་ཅད་མཁྱེན་པ་ངག་དབང་ཆོས་ཀྱི་གྲགས་པས་མཛད་པའི་ཡི་གེ་གཉིས་ལ་གཞི་བྱས། ཡིག་ཆུང་ཟུར་འདེབས་དང་བརྒྱུད་པའི་ཞལ་ཤེས་ཀྱིས་བརྒྱན་ཏེ།སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ། དངོས་གཞི་ཟབ་པའི་གནད་ལྔ་དང་ཁྱད་པར་གྱི་མན་ངག་མདེ་ཁ་གདགས་པའི་སྒོ་ནས་བསྲུང་བ། སྤྱི་དང་བྱེ་བྲག་ཁྱད་པར་གསུམ་གྱི་སྒོ་ནས་བཟློག་པ། བསྟན་པའི་སྤྱི་དགྲ་དང་རྣལ་འབྱོར་སྒོས་དགྲ་བསྒྲལ་བའི་སྒོ་ནས་གསད་པ། རྫས་དང་དམིགས་པ་ལ་བརྟེན་པའི་མནན་པའི་དམིགས་ཁྲིད་རྣམས་དངོས་བསྟན་ཉམས་སུ་ལེན་དགོས་པའི་ཉམས་ཁྲིད། མཚན་བཅས་རྫས་དང་འཁོར་ལོ་ལ་བསྟན་པ་སོགས་ལ་ངོ་སྤྲོད་ཕྱག་བཞེས། ཁྱད་པར་ཐུན་མོང་མ་ཡིན་པའི་མན་ངག་གི་མདེ་ཁ་གདགས་པ་ལ་གསུམ་གྱི་ནང་དམ་ཚིག་གི་འཁོར་ལོ་སེམས་ཉིད་ཡེ་ཤེས་ཀྱི་རྩལ་འདོན་ཞེས་པ་རྣམ་རྟོག་བདུད་བཞི་བཅོམ་ནས་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་སྒྲུབ་པའི་གསང་བའི་ཡང་སྙིང་སྐལ་ལྡན་གྱི་སློབ་བུ་གཅིག་ལ་ཆིག་བརྒྱུད་དུ་སྟོན་པ། གོང་གི་ས་བཅད་ཀྱིས་མ་ཟིན་པའི་དྲག་པོ་སྔགས་རྒོད་ཀྱི་མན་ངག་གི་ཁྲིད། འདི་ལ་བརྟེན་ནས་བདག་ཆེན་རྡོ་རྗེ་འཆང་གིས་རྒྱ་འདྲེ་ཚར་གཅད་པའི་ལོ་རྒྱུས་ངོ་མཚར་བ་ཡང་ཡོད། འདི་དག་ལ་ཕྱི་ནང་གསང་གསུམ་དུ་དབྱེ་ན་གདམས་པ་དངོས་གཞི་སྤྱིའི་བྲག་རྫོང༌། དྲག་པོ་སྔགས་རྒོད་ནང་གི་བྲག་རྫོང༌། ཡེ་ཤེས་ཀྱི་འཁོར་ལོ་གསང་བའི་བྲག་རྫོང་སྟེ་ཟབ་ཁྲིད་ཁ་ལག་ཚང་བ་འདི་ནི་རྗེས་འབྲང་གི་མཁས་གྲུབ་ཕལ་ཆེར་ལ་མ་གྲགས་ཤིང་གདུང་བརྒྱུད་རིམ་པར་ཆིག་བརྒྱུད་དུ་བྱོན་པའི་སློབ་བཤད་ཁོ་ན་ཡིན་པས། འཇམ་དབྱངས་མཁྱེན་བརྩེའི་ཞབས་ཀྱིས། རྗེས་འབྲང་མཁས་དང་གྲུབ་པར་གྲགས་རྣམས་ལ། །ཐུན་མོང་གདམས་པའི་དཔལ་འབྱོར་མཐའ་ཡས་མོད། །གསང་ཆེན་སློབ་བཤད་བདུད་རྩིའི་ཐིགས་པ་འདི། །མཁས་རློམ་ཕལ་གྱི་རྣ་བའི་སྤྱོད་ཡུལ་མིན། །ཞེས་གསུངས་པ་ལྟ་བུའི་ཉམས་ཁྲིད་སྨིན་རྒྱས་དང༌། རྡོ་རྗེ་ནག་པོ་ཆེན་པོའི་ནང་ཁྲིད་དམ་གསང་ཁྲིད་དུ་གྲགས་པ་ནི་ནང་རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་ནས་བསྒྲུབས་པས་ནང་སྒྲུབ། གསང་བ་སེམས་ཀྱི་གནད་ལ་བརྟེན་ནས་བསྒྲུབས་པས་གསང་སྒྲུབ་ཏུ་གྲགས་ཤིང་འདི་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཡོད་པ་ལ་གཉིས་ཀའི་རྩ་བར་གྱུར་པ་གོང་མས་མཛད་པའི་མན་ངག་མདོར་བསྡུས། དེ་ཉིད་ཅུང་ཟད་རྒྱས་སུ་བཏང་བ་དམ་པས་མཛད་པ་དང༌། གསང་རྟེན་ལུས་ལ་སྦ་བའི་ཡིག་ཆུང་རྣམས་དང༌། ཞལ་ཤེས་ལ་བརྟེན་ནས་ནང་ཁྲིད་ཐུན་མོང་བ་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡར་ཀླུངས་པ་སེངྒེ་རྒྱལ་མཚན་གྱིས་མཛད་པའི་བསྙེན་སྒྲུབ་ཐུན་མོང་མ་ཡིན་པའི་མན་ངག་ལ་སོགས་པ་རྒྱ་ཆེར་བཞུགས་ཤིང༌། འདི་སྐབས་སུ་རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོས། ཡར་ཀླུངས་པས་མཛད་པའི་མན་ངག་འདི་ཡི་གེ་ནག་འགྲོས་ལྟ་བུར་བཀོད་པའི་ཐོག་མ་ཡིན་འདུག་པས། གསུང་ལས། གཞན་གྱིས་བསྐུལ་ཕྱིར་གཞན་ཕན་བསམ་པས་བྲིས། །སྙིགས་དུས་ནུབ་པར་དོགས་པས་འདིར་བརྗོད་བྱ། །ཞེས་དང༌། དཔེ་མཁྱུད་མེད་པར་མ་བྲིས་ན་སྙིགས་དུས་སུ་སོང་བས་བརྗེད་པ་དང་ནུབ་ཀྱིས་དོགས་ནས། ཡི་གེར་གསལ་པོར་འདྲི་བར་སྲུང་མ་རྣམས་ལ་ལོ་གསུམ་གྱི་བར་གསོལ་བ་བཏབ། ཅེས་སོགས་ལྟར། དེ་ཡན་ཆད་དུ་ཡི་གེ་གསལ་པོ་མེད་པར་ཤེས་ནུས། མལ་ལོའི་རྗེས་གནང་གི་ཐོར། མན་ངག་ཕྱི་སྒྲུབ་དང་ནང་ལུས་ལ་བརྟེན་པ་རྣམས་སྦྱིན་ཞེས་དང༌། ས་ཆེན་གྱི་འབྱུང་ལུགས་གཏོར་མར་རང་ནང་གི་རྣལ་འབྱོར་པ་ཡིན་ན་བདག་ཉིད་ཀྱི་ལྟེ་བ་ཆོས་འབྱུང་གྲུ་གསུམ་ནང་དུ་བསྡུས་ལ་བཞག་ཅེས་གསང་རྟེན་ལུས་ལ་སྦ་བའི་གནད་ཟབ་མོ་ཟུར་ཙམ་བསྟན་པ་སོགས་ཅུང་ཟད་མ་དགོངས་པ་ཁྲིད་བརྒྱའི་ནང་དུ། སྐྱེད་ཅིང་གསེད་ནས་ཕྱག་བཞིའི་སྲོག་ཐིག་ཕྱུང༌། །གུར་ལའང་འདྲ་ཅོག་ཡར་ཀླུངས་པ་ཡིས་སྦྱར། །ཞེས་ཟུར་ཟ་མཛད་པ་ནི་རྗེ་བཙུན་གྲོལ་མཆོག་མཁས་གྲུབ་ཆེན་པོ་ཡིན་ཡང་ཕྱོགས་འདི་ལ་གཟིགས་པའི་སྤྱན་དཀྱུས་ཐུང་བས་ཐུགས་སུ་མ་ཤོང་བའི་གསུང་ཙམ་མོ་ཞེས་ཟུར་ཟ་བ་མཛད་དོ། །དེ་ཡང་ནང་ཁྲིད་ཀྱི་ཁྲིད་ཚུལ་ལ་ཕྱིའི་བྲག་རྫོང་གིས་བསྐྱེད་རིམ་དང༌། ནང་གསང་གིས་རྫོགས་རིམ་བྱས་པའི་ལུགས་དང༌། བསྐྱེད་རིམ་གོང་ལྟར་ལ། རྫོགས་རིམ་ཡར་ཀླུངས་པ་ལུགས་ཀྱི་ནང་ཁྲིད་ཐུན་མོང་བས་བྱས་པའི་ལུགས་དང༌། རྫོགས་རིམ་ཐུན་མོང་མ་ཡིན་པ་གསང་ཁྲིད་ཀྱིས་བྱས་པ་སོགས་ལུགས་གསུམ་ཙམ་ལས་དང་པོ་ནི་གོང་དུ་སོང་ཟིན་ཟིན་པ་དང༌། ད་ལྟའི་ཕྱག་ལེན་ལ་གསུམ་པ་སོང་ན་གཉིས་པའང་ཞར་ལས་འབྱུང་བས་རྗེ་བཙུན་རྡོ་རིང་པས་སམ་མཁས་གྲུབ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཁྲིད་ཡིག་དང་ཐམས་ཅད་མཁྱེན་པ་མཁྱེན་བརྩེས་མཛད་པའི་ཁྲིད་ཡིག་ཡིད་བཞིན་ནོར་བུ་ལ་གཞི་བྱས། ཡིག་ཆུང་ཞལ་ཤེས་སོགས་ཀྱིས་ལེགས་པར་བརྒྱན་ཏེ། སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད། ཡི་གེ་བརྒྱ་པ། བླ་མའི་རྣལ་འབྱོར། དངོས་གཞི་རྟེན་བསྐྱེད་པའི་རིམ་པ་ཁྲིད་གཞུང་དུའང་བཤད་ཀྱང་བྲག་རྫོང་མར་རྒྱས་པར་སོང་བས་ཡང་སྐྱོར་མ་དགོས། བརྟེན་པ་རྫོགས་པའི་རིམ་པ་རྡོ་རྗེའི་ལུས་ཀྱི་གནད་ཤེས་པ་ལ་བརྟེན་ནས་རང་སེམས་གསལ་སྟོང་ཟུང་འཇུག་གི་མགོན་པོ་མངོན་དུ་བྱ་བའི་ཉེ་ལམ་རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་ནས་བསྙེན་པའི་དམིགས་རིམ། འཁོར་ལོ་ལྔ་ལྡན་དང་རྡོ་རྗེའི་བཟླས་པའི་སྒོ་ནས་བསྒྲུབ་པའམ་རྦད་པ། ལས་སྦྱོར་ཐུན་མོང་བ་བསྟན་པའི་སྤྱི་དགྲ་དང་རྣལ་འབྱོར་སྒོས་དགྲ་བསྒྲལ་བ། ཐུན་མོང་མ་ཡིན་པའི་འཁོར་ལོ་ལྔ་ལྡན་གྱི་ཁྲིད་དང་བཅས་པ་ཉམས་མྱོང་ཡིད་ཆེས་སུ་ལེགས་པར་ནོས་སོ། །དེ་ཡང་ཟབ་ལམ་འདི་ལ་བརྟེན་ནས་གནས་སྐབས་ཀྱི་དངོས་གྲུབ་ཏུ་མ་ཟད་མཆོག་གི་དངོས་གྲུབ་ཀྱང་བདེ་བླག་ཏུ་བསྒྲུབ་ནུས་པས། མཁྱེན་བརྩེའི་ཞབས་ཀྱིས། ཟབ་ལས་ཆེས་ཟབ་གསང་ཆེན་སྙིང་པོའི་བཅུད། །དཀོན་ལས་ཆེས་དཀོན་ཡིད་བཞིན་རིན་ཆེན་དབང༌། །མཆོག་ལས་ཆེས་མཆོག་སྙན་བརྒྱུད་གདམས་པ་འདི། །ས་སྐྱའི་རྗེ་བཙུན་ཐུགས་ཀྱི་ཉིང་ཁུ་ཡིན། །འདི་འདྲ་རྩེ་གཅིག་བསྒོམས་ན་ལྟ་ཅི་སྨོས། །ཐོས་པ་ཙམ་གྱིས་སྣང་སྲིད་འཁོར་འདས་ཆོས། །ཀུན་གྱི་རང་མཚང་རྗེན་པར་སྟོན་པའི་ཕྱིར། །ཟབ་པར་རློམ་པ་གཞན་གྱིས་དོ་ཟླ་མིན། །ཞེས་བསྔགས་བརྗོད་མཛད་པ་ནི་བླ་མ་དང་གདམས་ངག་ལ་སྔོན་མེད་པའི་མོས་གུས་གཞོན་ནུའི་དགའ་བས་ཐུགས་གཏིང་ནས་ཚིམ་ཞིང་ཤིན་ཏུ་རངས་པའི་གསུང་དུ་མངོན་ཞིང༌། དཔེ་འདི་རང་གི་བསྟན་པ་འཛིན་ངེས་ལས། །གཞན་གྱི་རྣ་བར་མིང་ཙམ་མི་བསྒྲག་ཅིང༌། །སྙིང་ནས་དད་ཀྱང་བསྟན་པ་མི་ཟིན་ན། །ཆོས་རྒྱུན་ཤོད་ལ་དཔེ་རྒྱུན་སྦ་བར་བྱོས། །ཞེས་གསུངས་པ་ཤིན་ཏུ་སྙིང་ལ་བཅང་བྱའི་བསླབ་པར་སྣང་སྟེ་དེང་གི་དུས་འདིར་ལ་ལ་དག་གིས་མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་སྒོ་ནས་རྡོ་རྗེ་ཐེག་པའི་བསྟན་པ་དང་སེམས་ཅན་གྱི་ཁམས་ལ་ཕན་པར་བསྒྲུབ་པའི་བསམ་པ་དང༌། བླ་མ་དང་ཆོས་ལ་ཅི་ཡང་མི་བསམ་པར། ཆོས་སྐྱོང་གཉན་པ་དང་གདམས་པ་ཟབ་པའི་གྲགས་པ་ཙམ་ལ་བརྟེན་ནས་ཆོས་ཅི་ཐོབ་ཏུ་བྱེད་ཀྱིན་འོངས་པའི་སློབ་མ་ཆུ་ཤིང་གི་རྣམ་པར་ཐར་པ་འཆང་བའི་རིགས་ཅན་ལ་མི་སྨྲ་བའི་བརྟུལ་ཞུགས་འཆང་བའི་ཞལ་གདམས་སུ་གདའོ།། ༈ །།གཉིས་པ་རྒྱབ་བརྟེན་ལུང་དང་འབྲེལ་པའི་སྒོ་ནས་སྒྲོ་འདོགས་གཅོད་པ་ལ། རྩ་བའི་ཡི་གེ་བདག་ཆེན་རྡོ་རྗེ་འཆང་ཆེན་པོས་དཀར་ཆག་བསྒྲིགས་པར་མཛད་པའི་མགོན་པོད་མེ་འབར་མའི་སྐོར། དེར་མ་འདུས་པའི་ཡན་ལག་གི་ཡི་གེའི་སྐོར་དང་གཉིས། དང་པོ་ནི། བདག་ཆེན་རྡོ་རྗེ་འཆང་གིས་ལྕམ་དྲལ་གྱི་ཆོས་སྐོར་གསན་པའི་ཡི་གེ་ཕལ་ཆེར་གླེགས་བམ་དུ་བསྒྲིགས་པར་མཛད་པ་དུས་རེ་ཞིག་ན་ཉང་སྟོད་རྒྱལ་མཁར་རྩེ་ནས་ས་སྐྱར་སྤྱན་དྲངས་ཚེ་ཆོམ་པོས་ཁྱེར་བར་གློ་བུར་དུ་མེ་འབར་ཞིང་སྒྲ་ཆེན་པོ་སྒྲོག་པ་དང་འཕར་བ་ལ་སོགས་བྱུང་བས་དེ་ནས་བཟུང་སྟེ་བུ་ཡིག་རྣམས་ལའང་མེ་འབར་མར་གྲགས་པའི་ཆོས་སྡེ་འདི་ལ། ཕྱི་ནང་གསང་བ་ཐུན་མོང་མ་ཡིན་པའི་སྐོར་དང་གསུམ། དང་པོ་ལ། ཡིད་ཆེས་བསྐྱེད་པ་ལོ་རྒྱུས། སྣོད་ལྡན་དུ་བསྒྲུབ་པ་རྗེས་གནང༌། གང་ལས་བྱུང་བའི་གཞིའི་རྒྱུད། རྩ་བའི་སྒྲུབ་ཡིག དེ་དག་ལ་མཁོ་བའི་ལས་ཚོགས་ལྷན་ཐབས་དང་ལྔ། དང་པོ་ལ། རྡོ་རྗེ་གདན་གྱི་ཀ་བ་ནས་རྒྱལ་རིགས་པདྨ་བཛྲ་ཞེས་བྱ་བས་སྤྱན་༼མཆོད་རྟེན༽༼ཨེ༽༼མུ༽དྲངས་པའི་མགོན་པོ་འདི་ཉིད་གཏེར་ནས་འབྱུང་བའི་ལོ་རྒྱུས། བཀའ་མའི་ལོ་རྒྱུས་ཞེས་པ་ཆོས་སྐྱོང་གི་བརྒྱུད་པའི་ལོ་རྒྱུས་༼མཆོད་རྟེན༽ཐོ་ཙམ་བླ་མའི་གསུང་བཞིན་རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག་གིས་ས་སྐྱ་དང་ཡར་ཀླུངས་ཕྱོགས་སུ་བྲིས་པ། གཉིས་པ་སྣོད་ལྡན་དུ་བསྒྲུབ་པ་རྗེས་གནང་ལ། འགོར་དཔལ་ནག་པོ་ཆེན་པོ་བསྟེན་པའི་གང་ཟག་དེས་ཞེས་ཡོད་པའི་ལྕམ་དྲལ་གྱི་རྗེས་གནང་༼མཆོད་རྟེན༽གི་ཐོ་བླ་མ་མལ་གྱིས་མཛད་པ་ལས་མཁན་གྱི་ཁྱད་པར་ནི་གུད་ན་མཆིས་སོ་ས་མཱཔྟ་མི་ཐིའི་མཐའ་ཅན།ལྕམ་དྲལ་གྱི་རྗེས་གནང་གི་ཆོ་༼མཆོད་རྟེན༽༼ཨེ༽༼མུ༽ག་ཉི་མས་བསྐུལ་ནས་འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་གྱིས་མེ་ཡོས་སྨིན་དྲུག་ཟླ་བའི་ཚེས་བཅུ་དགུའི་ཉིན་བྱང་འདམ་གྱི་སའི་ཆར་མཛད་པ།«་་་་་ངོར་རྫོང་གཉིས་ཀྱི་བེ་བུམ་དུ་འདི་དང་ཚིག་མི་འདྲ་བ་འགའ་རེ་འདུག་པ་ཞུས་དག་མ་སོང་བ་ཞིག་ནས་མཆེད་དམ་སྙམ། »ནག་པོ་ཆེན་པོ་ལྕམ་དྲལ་གྱི་རྗེས་གནང་༼མཆོད་རྟེན༽བླ་མ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་གསུང་ཞང་དཀོན་མཆོག་དཔལ་གྱིས་ཟིན་བྲིས་སུ་བྱས་པ་འདི་རྣམས་མི་ལ་མི་སྤེལ་བའི་བཀའ་རྒྱ་ཅན།«་་་་་གསེར་པོད་ཀྱི་དེ་ལྷ་བརྒྱད་དང་སྦྱར་བའི་འདི་དང་ཞུས་དག་ཡེ་མི་ཕེར་ཞིང་བརྗེད་ཐོ་ལྟ་བུའི་འདྲ་མིན་གཉིས་འདུག་པ་ཟུར་པ་ཞིག་ཡིན་པར་སྣང་ངོ༌། »།དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་རྗེས་གནང་གི་ཟུར་འདེབས་ཀྱི་མན་༼མཆོད་རྟེན༽ངག་སྙན་ནས་སྙན་དུ་བརྒྱུད་པ་ཟུར་ཁང་པ་སློབ་དཔོན་དཀོན་མཆོག་འོད་ཀྱིས་ཡི་གེར་བཀོད་པ། རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་རྗེས་གནང་གི་ཆིངས་༼མཆོད་རྟེན༽བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ཕྱག་ལེན་དུས་དང་མཐུན་པར་རྒྱས་བསྡུས་ཅི་རིགས་མཛད་ཀྱང་ལན་མང་དུ་མཛད་པར་བལྟས་ཤིང་དྲུང་གི་གསུང་ལས་ཟིན་བྲིས་སུ་ཡར་ཀླུངས་པ་ལྡོང་སྟོན་སེངྒེ་རྒྱལ་མཚན་གྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པར་སུག་བྲིས་མཛད་པ། དེས་མཛད་པའི་འགོར་བླ་མ་དམ་པ་ལ་ཕྱག་འཚལ་ལོ་དཔལ་མ་ཧཱ་ཀཱ་ལའི་རྗེས་གནང་གི་ཞེས་ཡོད་པའི་རྗེས་གནང་༼མཆོད་རྟེན༽གི་ཡི་གེ་འཆམས་སྐུ་མི་གཡོ་བར་གདའོའི་མཐའ་ཅན།«་་་་་དངོས་གཞི་ལྕམ་དྲལ་གྱི་རྗེས་གནང་ཡིན་འདུག་ཅིང་དེང་སང་ལྷ་བརྒྱད་ཐུན་མོང་མ་ཡིན་པར་མཛད་པའི་ཕྱག་ལེན་དང་ཕྱོགས་ཙམ་མཐུན་པར་ཚོགས་སྒོམ་པ་ནས་བརྒྱུད་པའང་བྲིས་འདུག་གོ། »ལྕམ་དྲལ་གྱི་རྗེས་སུ་གནང་བའི་རིམ་པ་བླ་མ་༼མཆོད་རྟེན༽རྣམས་ཀྱིས་ཕྱག་ལེན་ཇི་ལྟར་མཛད་པ་བཞིན་དུ་དཔོན་ཤེས་རབ་བཟང་པོས་བསྐུལ་ནས་དམ་པ་ཀུན་དགའ་གྲགས་ཀྱིས་ཏྲེ་སྟོད་འབོམ་དགོན་པར་ཡི་གེར་བཀོད་པ།«་་་་་མཁན་ཆེན་ངག་དབང་ཆོས་གྲགས་ལྷ་བརྒྱད་མའི་རྗེས་གནང་གི་ཡི་གེར་ངོས་འཛིན་མཛད་པ་མདུན་དུ་བཀའ་སྡོད་རྣམས་སམ་ཞེས་པ་ལ་དགོངས་པ་འདྲ།»འགོར་ཁྱེད་རྣམས་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་ནས་ཞེས་ཡོད་པའི་དཔལ་མགོན་ལྕམ་དྲལ་གྱི་རྗེས་༼མཆོད་རྟེན༽༼ཨེ༽གནང་གི་བརྗེད་བྱང་«་་་་་གསེར་པོད་ན་ལོ་རྒྱུས་འདྲ་མིན་དང་གོ་རིམ་ཅུང་ཟད་མི་མཐུན་པ་སྣང་བ་ཡིག་སྐྱོན་དུ་མངོན། »བཙུན་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་སྦྱར་བ། ཐུན་མོང་མ་ཡིན་པ་ལྷ་བརྒྱད་ཀྱི་རྗེས་གནང་བྱ་༼མཆོད་རྟེན༽ཐབས་རྒྱས་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཕྱག་ལེན་མང་དུ་མཐོང་བ་ལ་གཞི་བྱས་ཞང་དང་བྲག་ཕུག་པའི་ཟིན་བྲིས་དང་རྒྱལ་ཚ་ལུང་མང་པོའི་ཕྱག་ལེན་གྱིས་ཅུང་ཟད་བརྒྱན་ནས་བདག་ཅག་གི་བླ་མའི་གསུང་གིས་རྗེས་སུ་གནང་ཞིང་བཀས་བསྐུལ་བ་དང༌། བཤེས་གཉེན་གྲོགས་མཆེད་དམ་པས་ནན་གྱིས་བསྐུལ་ནས་ཡར་ཀླུངས་པ་སེངྒེ་རྒྱལ་མཚན་གྱིས་ཀླུའི་དགོན་པ་བདེ་ཆེན་དུ་སུག་བྲིས་སུ་མཛད་པ་རྣམས་སོ། །གསུམ་པ་གང་ལས་བྱུང་བའི་གཞིའི་རྒྱུད་ནི། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀྱིལ་འཁོར་བསྡུས་༼མཆོད་རྟེན༽༼ཨེ༽པའི་རྟོག་པའི་ལེའུ་«་་་་་གླེགས་བམ་དུ་འདི་ཙམ་ལས་མགོན་པོ་མངོན་བྱུང་ནས་རིགས་དྲུག་གི་རྣམ་གཞག་བསྟན་པ་ཡིག་ཚོགས་དང༌། ཁྲོས་རྒྱུད་ཀྱི་ལེའུ་བཅུ་པར་བཤད་པ་སོགས་རྒྱུད་གཞན་རྣམས་དཔྱད་གཞིར་དགོངས་ནས་མ་བཀོད་དམ་སྙམ། »བཅོ་ལྔ་པ་ལས་ཁོལ་དུ་ཕྱུང་བ་«་་་་་འདི་གྱི་ལྗང་པོ་ཏི་ན་ཡང་ཡོད། »པཎྜི་ཏ་ག་ཡ་དྷ་ར་དང་ལོ་ཙཱ་བ་འབྲོག་མིའི་འགྱུར་ལས་བྲིས་པ། བཞི་པ་རྩ་བའི་སྒྲུབ་ཡིག་ལ། འཕགས་ཡུལ་གྱི་པཎ་གྲུབ་ཀྱིས་རྒྱུད་ལ་བརྟེན་པའི་སྒྲུབ་སྐོར།གངས་ཁྲོད་ཀྱི་སྐྱེས་ཆེན་རྣམས་ཀྱིས་མཛད་པའི་སྒྲུབ་སྐོར་ཏེ་གཉིས། དང་པོ་ལ་འགོར་སྐད་ཤན་སྦྱར་དང༌། བླ་མ་ལ་གུས་སྙིང་རྗེར་ལྡན། །ཚུལ་ཁྲིམས་སོགས་ལྡན་བསྡུ་དངོས་བཞིས། །ཞེས་ཡོད་པའི་སྒྲུབ་༼མཆོད་རྟེན༽༼རྡོ་རྗེ༽ཐབས་རྒྱས་«་་་་་སྒྱུར་བྱེད་ཀྱི་ལོ་པཎ་མི་གཅིག་ཙམ་མ་གཏོགས་གྱི་ལྗང་པོ་ཏི་ན་ཡང་ཡོད་ཅིང་བིརྺ་པའི་སློབ་མ་ནག་པོ་པར་བཀའ་སྡོད། ཚོགས་བདག གཤིན་རྗེ། གནོད་སྦྱིན་ལྟར་གྱི་ཕོ་རྐྱང་གི་སྒྲུབ་ལུགས་བཞི་བྲམ་ཟེ་ཆེན་པོས་གསན་པ་ཡིན། »པ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ། ཡང་མཛད་པ་པོ་དང་སྒྱུར་བྱེད་ཀྱི་ལོ་པཎ་གོང་མ་ལྟར་གྱི་སྒྲུབ་ཐབས་༼མཆོད་རྟེན༽༼ཨེ༽བསྡུས་པ་འགོར་སྐད་ཤན་སྦྱར་དང་རྡོ་རྗེ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་སྔར་གསུངས་པའི་ཆོ་གས་ཞེས་ཡོད་པ།«་་་་་དཀར་ཆག་ན་ཆུང་ངུ་ཟེར་བ་འདུག་ཅིང་གསེར་པོད་ཀྱི་དེ་ཡིག་སྐྱོན་ཡིན་ནམ་དབུ་ནས་ཅུང་ཟད་མ་མཐུན། »འགོར་སྐད་ཤན་སྦྱར་དང་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །ཇི་ལྟར་སྔོན་གསུངས་པའི་རིམ་པས་སྟོང་པ་ཉིད་དུ་བསྒོམས་པའི་རྗེས་ལ་ཞེས་༼མཆོད་རྟེན༽ཡོད་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ལོ་ཙཱ་བ་ག་རོད་ཀྱིས་བསྒྱུར་བ། འགོར་སྐད་ཤན་སྦྱར་དང་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐོ་རེངས་མལ་ནས་ལངས་ནས་ཞེས་ཡོད་པའི་ནག་པོ་ཆེན་པོའི་སྒྲུབ་༼མཆོད་རྟེན༽ཐབས་བྱིན་གྱིས་བརླབ་པ་དང་བཅས་པ་སློབ་དཔོན་བསོད་སྙོམས་པས་མཛད་པ་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང་ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀཱིརྟིས་བསྒྱུར་བ། འགོར་སྐད་ཤན་སྦྱར་དང་དཔལ་མགོན་པོ་ནག་པོ་ལ་ཕྱག་འཚལ་ལོ་དེ་ཁོ་ན་བཞིན་དུ་སྔོན་དུ་བསྟན་པའི་ཆོ་གས་ཞེས་ཡོད་པའི་སྒྲུབ་༼མཆོད་རྟེན༽༼མུ༽ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་བ་རི་ལོ་ཙཱ་བས་བསྒྱུར་བ།«་་་་་འདི་དང་ལོ་ཆེན་གྱིས་བསྒྱུར་བའི་སྒྲུབ་ཐབས་ཆུང་བ་དང་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་གསུམ་འགྱུར་ཁྱད་ཙམ་མ་གཏོགས་དོན་གཅིག་ཅེས་བདག་ཆེན་རྡོ་རྗེ་འཆང་གསུང༌། ཁ་སྐོང་པོ་ཏི་ནའང་བཞུགས་སོ། »།འགོར་སྐད་ཤན་སྦྱར་ཡོད་པའི་དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་དྲེགས་པ་ཟིལ་༼མཆོད་རྟེན༽༼རྒྱ༽གནོན་ཞེས་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བསམ་ཡས་མཆིམས་ཕུར་མཛད་པ། འདི་རྒྱ་པདྨ་དབང་ཕྱུག་གིས་གཏེར་ནས་སྤྱན་དྲངས་པ་རྒྱལ་ཚ་ལུང་མང་པོ་ནས་བརྒྱུད་པ་མ་གཏོགས་རྗེ་བཙུན་གོང་མ་ནས་མ་བརྒྱུད་པས་བཀའ་གཏེར་གཉིས་མེད་དོ། །བྲམ་ཟེ་ཆེན་པོས་མཛད་པའི་མགོན་པོ་ལྷ་ལྔའི་དཀྱིལ་༼མཆོད་རྟེན༽༼རྡོ་རྗེ༽༼པྲ༽ཆོག་པཎྜི་ཏ་ག་ཡ་དྷ་ར་དང་འགོས་ལོ་ཙཱ་བས་བསྒྱུར་བ། འགོར་སྐད་ཤན་སྦྱར་དང་སློབ་དཔོན་སྐུ་ལ་སྡོ་བྱེད་དང་ཞེས་ཡོད་པའི་དཔལ་ནག་པོ་ཆེན་པོ་སྲོག་གི་སྤུ་གྲིའི་སྒྲུབ་༼མཆོད་རྟེན༽ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་མལ་གྱོ་ལོ་ཙཱ་བ་བློ་གྲོས་གྲགས་ཀྱིས་བསྒྱུར་བ་རྣམས་སོ།«་་་་་འགྱུར་བྱང་ཙམ་མ་གཏོགས་གྱི་ལྗང་ནའང་ཡོད། »།གཉིས་པ་གངས་ཅན་གྱི་ལྗོངས་སུ་བྱོན་པའི་སྐྱེས་ཆེན་རྣམས་ཀྱིས་མཛད་པའི་སྒྲུབ་སྐོར་ལ། རྐྱང་སྒྲུབ་དང་སྦགས་སྒྲུབ་གཉིས།«་་་་་མ་ཧཱ་ཀཱ་ལས་བྲམ་ཟེ་ཆེན་པོར་གནང་བའི་སྒྲུབ་ཐབས་གསུམ་ཞེས་པ་རང་ལུགས་ལ་ཕོ་རྐྱང་མོ་རྐྱང་སྦགས་སྒྲུབ་གསུམ་དུ་བཞེད། »དང་པོ་ལ་ཕོ་རྐྱང་དུ་བསྒྲུབ་པ།«་་་་་བཀའ་སྡོད། ཚོགས་བདག གཤིན་རྗེ།གནོད་སྦྱིན་ལྟར་གྲུབ་པ་བཞི་ཡོད་པ་ལྷའི་རྣམས་མི་འདྲ་བ་བཞི་དང་བདག་མདུན་སོགས་ཀྱི་སྒོ་ནས་དབྱེ་བ་རང་ལུགས་སུ་བཞེད་ཅིང༌། རྫོང་ཆུང་བ་གཤིན་རྗེ་དང་གནོད་སྦྱིན་ལྟར་སྒྲུབ་པའི་ཡི་གེ་ལོགས་སུ་མ་མཐོང་གསུང་བ་བྲག་སྟེང་པའི་སྒྲུབ་ལུགས་བཞི་དང་བླ་ཆེན་བསོད་བློའི་མན་ངག་ཚིགས་བཅད་མ་དམ་པའི་གཤིན་རྗེ་ལྟར་སྒྲུབ་པ་སོགས་མ་གཟིགས་པའི་སྐྱོན་ནོ། »།མོ་རྐྱང་དུ་བསྒྲུབ་པ། འཁོར་རྐྱང་དུ་བསྒྲུབ་པ་དང་གསུམ། དང་པོ་ལ་འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ་སྤྱིར་བྲམ་ཟེ་མཆོག་སྲེད་ཀྱི་མགོན་པོ་ལྕམ་དྲལ་སྒྲུབ་ལུགས་འདི་ལ་ཞེས་ཡོད་པའི་ཕོ་རྐྱང་༼མཆོད་རྟེན༽༼ཨེ༽༼མུ༽གི་སྒྲུབ་ཐབས་བོད་ཡིག་མར་གྲགས་པ།«་་་་་རྫོང་ཆུང་བས་དགྲ་དང་བགེགས་ལ་བྱ་བ་ཞེས་པ་ལས་མཛད་པ་པོ་ངོས་མ་ཟིན་པར་སྣང་ངོ༌།། »མལ་ལོ་ཆེན་པོས་མཛད་པ་ཕྱིས་ས་ཆེན་གྱིས་ཞུས་དག་མ་དམ་ཚིག་བསྲུང་བ་དང་འབད་པ་ཤིན་ཏུ་གལ་ཆེའོ་ཕོ་རྐྱང་དུ་བསྒྲུབ་པའོའི་མཐའ་ཅན། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་བརྒྱུད་པ་བཟང་ལྡན་མལ་གྱི་བུ་ཐུ་བོ་ཞེས་ཡོད་པའི་ཕོ་རྐྱང་གི་བསྙེན་བསྒྲུབ་སྦགས་༼མཆོད་རྟེན༽༼ཨེ༽༼མུ༽ཏེ་བསྒྲུབ་པ་«་་་་་འདིའི་སྦྱར་བྱང་ན་པུཎྱ་བཛྲ་གྱིས་སྦྱར་ཟེར་བ་འདུག་ཅིང་མཁན་ཆེན་ངག་ཆོས་པའི་གསན་ཡིག་ནའང་དེ་ལྟར་སྣང་ལ། འཇམ་དབྱངས་མཁྱེན་བརྩེ། ལོ་པ་སྤྱན་སྔ། ཁྱབ་བདག་བཀའ་འགྱུར་བ་གསུམ་གྱི་གསན་ཡིག་ན་དཀར་ཆག་སོར་གནས་བཞིན་མཛད་འདུག་པ་དོན་ལ་གཅིག སེར་པོད་ན་ཁ་སྐོང་ནང་གི་ཕོ་རྐྱང་གི་སྒྲུབ་ཐབས་ཤོག་སྔོན་ཅན་གཉན་ཕུལ་བྱུང་བས་མཛད་པར་ངོས་བཟུང་ནས་འདི་ལ་རྐྱང་སྒྲུབ་ཀྱི་བསྙེན་སྒྲུབ་སྦྲགས་མ་ཞེས་པ་ལས་གཉན་ཕུལ་བྱུང་བས་མཛད་པའི་འཕྲོས་མི་འདུག་ལ། རྫོང་ཆུང་བའི་དེར་བགེགས་ལ་བྱ་བ་མན་ཆད་མ་ཚང་ཞིང་སློབ་དཔོན་རྩེ་མོས་མཛད་ཅེས་སྣང་ངོ༌། »།ས་ཆེན་གྱི་སློབ་མ་གཉན་ཕུལ་བྱུང་བས་མཛད་པ། འགོར་ཨོཾ་སྭ་སྟི་བླ་མ་དང་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་ཀཱ་ལའི་མན་ངག་ལ་«་་་་་ཡིག་རྙིང་སྔ་མའི་འཕྲོས་ཞེས་པ་དཀར་ཆག་དང་དཔེའི་ཞལ་བྱང་གཉིས་ཀར་སྣང༌། »ཞེས་དང་མཇུག་༼མཆོད་རྟེན༽ཏུ་ས་སྐྱ་ཇོ་སྲས་ཀྱི་ཡི་གེ་མན་ངག་རྙིང་པ་སྔ་མའི་འཕྲོས་ས་མཱཔྟའི་མཐའ་ཅན། འགོར་ཨོཾ་སྭ་སྟི་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །རྟེན་གྱི་གང་ཟག་དབང་བཞིའི་སྣོད་དུ་རུང་བ་ཞེས་ཡོད་པའི་ནག་པོ་ཆེན་པོའི་འབྱུང་ལུགས་བསྟན་༼མཆོད་རྟེན༽ཅིང་གཏོར་མ་དང་པོའི་འཕྲོས་ཀྱི་ཡི་གེ་རྙིང་པའི་ཆ་ལག་གོང་མས་མཛད་པ་རྗེ་བཙུན་གྱི་བླ་དཔེ་ལས་བྲིས་པ། འགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ་བྷེ་དན་གྱི་ཡུལ་ན་བྲམ་ཟེ་མཆོག་སྲེད་ཅེས་ཡོད་པའི་ཚོགས་ཀྱི་བདག་༼མཆོད་རྟེན༽༼མུ༽པོའི་ཚུལ་དུ་སྒྲུབ་པའི་ཨུ་པ་དེ་ཤ་ས་ཆེན་གྱིས་མཛད་པ། མགོན་པོ་ཁྲོ་བཅུ་ཚོགས་བདག་ལྟར་སྒྲུབ་པར་ངོས་འཛིན་ཡང༌། དེའི་རྗེས་གནང་གིས་མལ་ལོའི་ལུགས་ཀྱི་ཕོ་རྐྱང་ལ་རྗེས་གནང་མེད་པར་བཞེད་པ་ལ་མི་གནོད་པ་འདྲ་སྟེ། དེ་ནི་གཙོ་རྐྱང་ལ་དགོངས་ཀྱི་འདི་ནི་ཕོ་རྐྱང་གཙོ་འཁོར་སྦགས་སྒྲུབ་ཡིན་པས་སོ་སྙམ་ཞིང༌། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ལྷག་བསམ་རབ་དཀར་གྱི་དྲི་ལན་དུ་སྦགས་སྒྲུབ་ཡིན་པས་སོ་རྗེ་ཚར་པ་གསུང་བའི་ངག་རྒྱུན་དེ་ལེགས་པོ་སྣང་ཞེས་པ་འདུག་ཀྱང༌། ས་བཅད་དུ་རྐྱང་སྒྲུབ་སྦགས་སྒྲུབ་ཅེས་སོ་སོར་དབྱེ་བའི་དབང་དུ་སོང་ན་འདི་ལུགས་གཉིས་གང་དུའང་ངོས་འཛིན་དཀའ་བའི་དོགས་གནས་ཆེ་བ་ཞིག་འདུག་གོ །འགོར་བླ་མ་དང་དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ་ཚོགས་ཀྱི་བདག་པོའི་ཚུལ་དུ་སྒྲུབ་པའི་བསྙེན་སྒྲུབ་གཉིས་སྔོན་དུ་སོང་ནས་ལས་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽ལ་སྦྱར་བ་ཞེས་ཡོད་པའི་མན་ངག་གི་ཡིག་རྙིང་«་་་་་རྫོང་ཆུང་བ་སེར་བ་དབབ་པ་གཞུང་གི་ཡིག་སྣའི་ཞབས་ན་ཡོད་ཅེས་ལོགས་སུ་ངོས་བཟུང་བ་དེ་འདིའི་ནང་གི་དེའོ། »སེར་བ་བཅད་པའི་ལས་རྣམས་སྒྲུབ་ཐབས་ཉིད་ལས་བཙལ་«་་་་་རྫོང་ཆུབ་བ་གསལ་ཞེས་སྒྲ་བཤད་དང་བཅས་གསུང༌། »ལོའི་མཐའ་ཅན། དེའི་བསད་ལས་འགོར་དཔལ་༼མཆོད་རྟེན༽༼རྡོ་རྗེ༽ནག་པོ་ཆེན་པོ་སྒྲུབ་པར་འདོད་པས་ཞེས་ཡོད་པའི་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱི་མན་ངག་བསད་པའི་ལས་སྦྱོར་རོའི་མཐའ་ཅན། འགོར་མ་ཧཱ་ཀཱ་ལའི་བསྙེན་པ་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽ཡང་དང་པོ་ལྷག་པའི་ལྷ་གང་ཡང་རུང་བའི་བསྙེན་པ་སྔོན་དུ་འགྲོ་བར་བྱ་སྟེ་ཞེས་ཡོད་པའི་བཀའ་བསྒོའི་ཚུལ་དུ་སྒྲུབ་པ་བླ་མ་གོང་མས་མཛད་པ་སྒྲ་སྙན་གྱི་རྫས་རྫོགས་སོའི་མཐའ་ཅན།«་་་་་རྫོང་ཆུང་པ་འདིའི་ནང་གི་སྲེག་རྫས་ལ་བ་ལ་ཏ་ཀའི་རྫས་དང་བཅས་བསད་སྨྱོ་དབྱེ་གསུམ་སོ་སོར་ཁ་བསྒྱུར་ཆོག་པ་སྒྲུབ་ཐབས་ཉིད་ནས་གསལ་ཞེས་ཞལ་འཕངས་པ་འདིར་ངོས་བཟུང་འདུག »ཡང་དེས་མཛད་པའི་འགོར་དང་པོར་བདག་ཉིད་ཀྱིས་བསྙེན་སྔགས་དང་སྔགས་རིང་གཉིས་ཀ་ལ་བསྙེན་པ་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽བསྐྱལ་ཞེས་ཡོད་པའི་ལིང་ག་བསྲེགས་པའི་དུམ་བུ་ལམ་རྒྱ་གྲམ་དུ་མནན་ནོའི་མཐའ་ཅན།«་་་་་རྫོང་ཆུང་པས་ཆོས་ཚན་སྔོན་མ་དང་སྦྲེལ་འདུག གོང་དཀར་བ་འདི་ལ་ལིང་ག་སྲེག་ལུགས་སུ་འཆད། »མེའི་གདུང་༼མཆོད་རྟེན༽༼རྡོ་རྗེ༽ནད་ཀྱིས་བསད་པ། གཏོར་མ་༼མཆོད་རྟེན༽༼རྡོ་རྗེ༽ལ་བརྟེན་ནས་བསད་པ། ཏིང་ངེ་འཛིན་གྱིས་༼མཆོད་རྟེན༽༼རྡོ་རྗེ༽བསད་པ་སྟེ་དྲག་པོའི་ལས་སྦྱོར་གྱི་མན་ངག་བླ་མ་གོང་མས་མཛད་པ། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་ནག་པོ་ཆེན་པོའི་སྒྲུབ་ཐབས་ནི། དང་པོར་རང་ཉིད་ལྷག་པའི་ལྷའི་ཞེས་ཡོད་པའི་ཕོ་རྐྱང་གི་ལས་༼མཆོད་རྟེན༽༼ཨེ༽༼མུ༽བྱང་རྗེ་བཙུན་གྱིས་མཛད་པ་«་་་་་སེར་པོད་ན་ལོ་ཆེན་གྱིས་མཛད་ཅེས་སྣང་ཞིང་རྫོང་ཆུང་པས་ཕོ་རྐྱང་གི་གཏོར་ཆོག་ཏུ་འབོད་ཅིང་ལས་བྱང་མི་ཟེར་བར་ལས་སྤངས་ཏེ་ཞེས་པ་དང་ཚོགས་བདག་གི་ཡིག་རྙིང་དུ་སྒྲུབ་ཐབས་གསུམ་གསུངས་པའི་འབྲིང་པོར་ངོས་བཟུང་འདུག་ཀྱང་བདག་ཆེན་རྡོ་རྗེ་འཆང་འབྲིང་པོ་ཞེས་པ་ཡིག་ནོར་ཡིན་གསུང་ངོ༌།། »ལས་བྱང་དེ་རྒྱུན་དུ་ཡི་དམ་བྱ་བ་མན་ངག་གོའི་མཐའ་ཅན་རྣམས་སོ། །གཉིས་པ་མོ་རྐྱང་དུ་བསྒྲུབ་པ་ལ། ཞི་དྲག་གཉིས་ལས་ཞི་བ་ནང་པ་ལྟར་སྒྲུབ་པ་འགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །མོ་རྐྱང་དུ་སྒྲུབ་པ་ལ་གསུམ་སྟེ་ཞེས་ཡོད་པའི་མོ་རྐྱང་དུ་སྒྲུབ་པའི་གསལ་༼མཆོད་རྟེན༽༼ཨེ༽བྱེད་ཤཱཀྱའི་དགེ་སློང་པུཎྱ་བཛྲ་གྱིས་མཛད།«་་་་་གཉན་ཕུལ་བྱུང་བ་ཡིན། »འགོར་མཁའ་འགྲོ་མ་དབང་དུ་བྱ་བར་འདོད་ན་ཞེས་ཡོད་པའི་མོ་རྐྱང་གི་བསྙེན་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽སྒྲུབ་མཁའ་འགྲོ་དབང་དུ་བྱ་བ་གོང་མས་མཛད་པ་ཁོའི་རྐྱེན་བཟློག་ཏུ་འགྲོ་བས་མི་འབུལ་གསུང་བའི་མཐའ་ཅན།«་་་་་རྡོ་རྗེ་གདན་པའི་ཕྱག་དཔེར་རང་རྫི་ཕྱོགས་སུ་མི་སྡོད་ཟེར་བ་ཡན་ལས་མི་འདུག་ཅིང་འདིའི་མཇུག་ན་ཡོད་པའི་མེའི་གདུང་བ་ཞེས་པ་སེར་པོད་ན་ཆོས་ཚན་ལོགས་སུ་ངོས་བཟུང་ཡོད་དོ། »།འགོར་སྐད་ཤན་སྦྱར་དང་དཔལ་ལྡན་ལྷ་མོ་ནག་མོ་ལ་ཕྱག་འཚལ་ལོ་དཔལ་ལྡན་ལྷ་མོ་ནག་མོ་སྒྲུབ་པར་འདོད་པས་ཞེས་ཡོད་པའི་ལྷ་མོ་དྲག་མོ་ཕྱི་པ་མུ་སྟེགས་པ་ལྟར་༼མཆོད་རྟེན༽༼ཨེ༽༼རྡོ་རྗེ༽བསྒྲུབ་པ།«་་་་་འདི་ལ་དཀར་ཆག་ཏུ་ཕྱི་པ་མུ་སྟེགས་པ་ལྟར་སྒྲུབ་པ་ཞེས་གསུང་བ་རྫོང་ཆུང་བས་ཕྱི་སྒྲུབ་དང་ནང་སྒྲུབ་ཀྱི་ཁྱད་པར་ཡིན་ཞེས་ཟུར་ཟ་དང་གྱི་ལྗང་མ་གཏོགས་ལུགས་འདི་ལ་མེད་གསུངས་ཀྱང་དམ་པ་ཀུན་དགའ་དཔལ་གྱི་སྒྲུབ་ཡིག་དང་བླ་མ་གཟུངས་ཀྱི་དཔལ་བས་ཡར་ཀླུངས་པ་སེངྒེ་རྒྱལ་མཚན་ལ་གནང་བའི་དྲི་ལན་གྱི་བརྗོད་དོན་མེ་འབར་དཀར་ཆག་དང་མཐུན་ཞིང་ལྷ་མོ་ལ་ཡང་བཀའ་སྡོད་ཚོགས་བདག ཕྱི་པ།ནང་པ་ལྟར་སྒྲུབ་པ་སྟེ་ལུགས་བཞི་དང་ཕྱི་མ་གཉིས་ལ་སོ་སོར་འཇམ་རྩུབ་ཀྱི་སྒྲུབ་པ་དང༌། ཡང་ནང་པ་ལ། འཇམ་པ། ཅུང་ཟད་འཇམ་པ། ཤིན་ཏུ་འཇམ་པའི་རྣམ་གཞག་ཀྱང་ཡོད་ཅིང་ལྷ་མོ་བདག་བསྐྱེད་དུ་བྱེད་པ་ལོ་ཀ་ཤྲཱིའི་ཡི་གེ་འདི་མ་གཏོགས་མེད་པའི་ཚོགས་བདག་ལྟར་སྒྲུབ་པ་ཞལ་གྱིས་བཞེས་ཕྱིན་རང་ཚིག་དང་ཡང་འགལ་བར་མངོན། གོང་དཀར་བའི་གསན་ཡིག་ན་མུ་སྟེགས་པ་ལྟར་སྒྲུབ་པ་འདི་ལ་ལྷ་མོའི་སྒྲུབ་ཐབས་ཟེར་བ་ཙམ་ལས་མི་སྣང་ངོ༌།། »རྒྱ་གར་གྱི་སློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་སློབ་དཔོན་ལོ་ཀ་ཤྲཱིས་བསྒྱུར་བ་རྣམས་སོ། །གསུམ་པ་འཁོར་རྐྱང་དུ་སྒྲུབ་པ་ནི་དཀར་ཆག་ཏུ་གཙོ་འཁོར་གྱི་ཁྱད་ནས་འོག་ཏུ་འཆད་གསུང་བའི་རྗེས་སུ་འབྲངས་ཏེ། གཉིས་པ་སྦགས་སྒྲུབ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། དང་པོ་ལ་ཐུན་མོང་བ་ལྕམ་དྲལ་ལྟར་སྦགས་«་་་་་རྡོ་རྗེ་གདན་པའི་གསན་ཡིག་ན་ལྷ་གསུམ་མའི་བསྙེན་སྒྲུབ་ལས་གསུམ་ཞེས་པ་སྣང༌། »ཏེ་སྒྲུབ་པ་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽བླ་མའི་གསུང་ལས་ཇི་ལྟར་གྱུར་པ་བཞིན་གཞན་གྱིས་གསོལ་བ་བཏབ་པའི་ངོར་དགེ་ཚུལ་རྡོ་རྗེ་འཛིན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་ཆུ་ཕོ་བྱི་བའི་ལོ་གདུ་བུའི་ཟླ་བ་ལ་བྱང་ངོས་སུ་སྦྱར་བ། དེས་རྒྱལ་བུ་ཇི་གིན་གྱི་དོན་དུ་མཛད་༼མཆོད་རྟེན༽༼མུ༽པའི་ལྕམ་དྲལ་གྱི་གཏོར་ཆོག གཉིས་པ་ཐུན་མོང་མ་ཡིན་པ་ལ།ལྷ་བརྒྱད་ཀྱི་བསྙེན་པ་བྱེད་ཐབས་༼མཆོད་རྟེན༽༼མུ༽༼པྲ༽ཐུན་མོང་མ་ཡིན་པ་གསང་བའི་མན་ངག་མལ་ལོས་མཛད་པ།«་་་་་རྫོང་ཆུང་པ་ལྷ་བརྒྱད་མའམ་བཅུ་གཉིས་མའི་མངོན་རྟོགས་ཞེས་འདམ་ཁར་བཞེད་ཅིང༌། འགའ་ཞིག་བུ་ལུང་ཀུན་རྡོར་གྱིས་མཛད་གསུང་ཡང་རང་ལུགས་ལ་མི་བཞེད། »དེ་ལ་ཉེ་བར་མཁོ་བ་འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་མཁའ་འགྲོ་མ་རྣམ་པ་གཉིས་ལས་མཁན་དང་བཅས་པ་བཀའ་སྡོད་དུ་སྒྲུབ་པའི་དུས་སུ་ཞེས་ཡོད་པའི་སྒྲུབ་པ་དང་༼མཆོད་རྟེན༽༼མུ༽ལས་སྦྱོར་སྟོན་པའི་བཀའ་སྡོད་ཀྱི་ཡི་གེ་དགོས་ཤིང་གཅེས་ནས་བཏབ་པ་ཡིན་ས་མཱཔྟ་མི་ཐིའི་མཐའ་ཅན།«་་་་་འདི་ལྷག་བསམ་རབ་དཀར་གྱི་དྲི་ལན་ན་མལ་དབོན་གྱིས་མཛད་ཅེས་སྣང་ཞིང་རྫོང་ཆུང་བའི་དཀར་ཆག་ན་སྦགས་སྒྲུབ་ཀྱི་ཟིན་བྲིས་ཟེར་བ་འདུག་ཅིང་མཇུག་ན་བོད་རྦད་བསད་གསུམ་དྲིལ་བ་ཞེས་པའི་ཡིག་ཆུང་ཞིག་བཏགས་འདུག »དཀྱིལ་འཁོར་ལ་བརྟེན་ནས་རྩུབ་ལུགས་༼མཆོད་རྟེན༽༼རྡོ་རྗེ༽སུ་སྒྲུབ་«་་་་་འདི་ལ་རྡོ་རྗེ་གདན་པའི་གསན་ཡིག་ཏུ་བོད་རྦད་གསད་གསུམ། ཐུན། ཕུར་པ། བ་དན། དམ་ཤིང༌། ཟོར། སྦྱིན་སྲེག་དང་དྲུག་གིས་བསད་པ་དྲུག་ཁ་ཕྲལ་ནས་མཛད་འདུག »པ་འགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ་མཁའ་འགྲོ་སྦགས་ཏེ་སྒྲུབ་པའི་མན་ངག་བརྗོད་པར་བྱའོ་ཞེས་ཡོད་པ་ཤཱཀྱའི་དགེ་སློང་ཐེག་པ་མཆོག་གི་རྣལ་འབྱོར་པ་བློ་གྲོས་སེངྒེས་མཛད་པ།«་་་་་མལ་ལོའི་དབོན་པོ་ཡིན། འདི་མལ་དང་འཕགས་པའི་དུས་གང་དུ་བྱུང་དཔྱད་དགོས་འདུག་གོ། »འགོར་ན་མོ་གུ་རུ་བྷྱཿ། ན་མོ་མ་ཧཱ་ཀཱ་ལཱ་ཡ་སྤྱིར་བྲམ་ཟེ་མཆོག་སྲེད་ཀྱི་མགོན་པོ་ལྕམ་དྲལ་བསྒྲུབ་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽ལུགས་ལ་ཞེས་ཡོད་པའི་ལྷ་བརྒྱད་ཀྱི་བསྒྲུབ་ཚུལ་«་་་་་རྡོ་རྗེ་གདན་པའི་གསན་ཡིག་ན་རྫས་དང་ལོངས་སྤྱོད་བསྲུང་བ། དངོས་གྲུབ་སྒྲུབ་པ། འཁུ་ལྡོག་སྤང་བ་ཞེས་བརྗོད་དོན་གསལ་བར་སྣང་ཞིང་གཙོ་འཁོར་སྦག་བསྒྲུབ་ཏུའང་བཞེད། རྫོང་པ་རྣམས་འདི་བཞི་དྲིལ་བར་ཡིག་སྣ་ཆེན་མོ་ཞེས་དཔེ་ཚན་གཅིག་ཏུ་བཞེད་པ་དོན་ལ་གནས་སོ།། »མྱུར་བར་འདོད་པའི་ལས་ལ་རྩུབ་དང་བསྡོས་ཏེ་ལས་ལ་སྦྱར་བས་ཟླ་བ་ཕྱེད་ཀྱིས་རྩལ་ཆེན་རྫོགས་པའི་མན་ངག་རྗེ་ས་ཆེན་གྱིས་མཛད་པ། དེས་མཛད་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽པའི་འགོར་འཇམ་ཞིང་ཞི་བའི་ལས་ལ་ཡུན་བསྲིངས་ཏེ་བསྒྲུབ་པ་ལ་ཡང་ཞེས་ཡོད་པའི་ཞི་བའི་ལས་དམ་པ་རྫོགས་སོའི་མཐའ་ཅན།«་་་་་རྡོ་རྗེ་གདན་པའི་གསན་ཡིག་ན་འདི་ལ་མོ་རྐྱང་དུ་སྒྲུབ་པའི་ཐ་སྙད་མཛད་འདུག »དེས་མཛད་པའི་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽འགོར་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་ཤིན་ཏུ་མྱུར་བའི་ལས་ལ་ཞག་བདུན་གྱིས་རྩལ་ཆེན་རྫོགས་པ་ནི་ཞེས་ཡོད་པ་བཟློག་པའི་ཉེན་ཡོད་པས་ཟབ་པར་བྱའོའི་མཐའ་ཅན། དེས་མཛད་༼མཆོད་རྟེན༽༼མུ༽པའི་འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་རྒྱུན་དུ་བསྟེན་པའི་ལས་ལ་ཞི་དྲག་ཕྱེད་མས་སྒྲུབ་པ་ནི་ཞེས་ཡོད་པ་སྒྲུབ་ལུགས་འཇམ་པ་དང་འདྲའོའི་མཐའ་ཅན། འགོར་ཨོཾ་སྭ་སྟི་སིདྡྷཾ་བླ་མ་རྣམས་དང་ཡི་དམ་ལྷ་ཞེས་ཡོད་པའི་ལྷ་བརྒྱད་སྦགས་སྒྲུབ་རྒྱས་༼མཆོད་རྟེན༽༼ཨེ༽༼མུ༽པ་ས་པཎ་གྱི་དངོས་སློབ་ཧོར་དམག་བཟློག་མཁན་དུ་གྲགས་པ་འོད་ལྡན་དཔལ་གྱིས་མཛད་པ་ཤིན་ཏུ་དག་པར་བྲིས་པ་ཡིན་པ་ཤེས་པར་བྱའོ་ས་མཱཔྟ་མི་ཐིའི་མཐའ་ཅན།«་་་་་འདི་ལྟར་ཡིན་ཚུལ་བདག་ཆེན་གཞི་ཐོག་པ་ཀུན་དགའ་དབང་ཕྱུག་གསུང་ལ། མུས་སྲད་པ་སོགས་ལ་ལ་དམ་པས་མཛད་པར་བཞེད་ཅིང་སེར་པོད་ན་གཟུངས་པས་མཛད་ཟེར་བ་འདུག་ཀྱང་བླ་ཆེན་བསོད་བློའི་མན་ངག་ཚིགས་བཅད་ཀྱིས་མིན་པར་ཤེས་ནུས་སོ། »།འགོར་ན་མོ་གུ་རུ་སངས་རྒྱས་བསྟན་པ་སྲུང་བའི་ཕྱིར་དཔལ་ལྡན་བླ་མ་དམ་པ་ཞེས་ཡོད་པའི་ལྕམ་དྲལ་སྦགས་ཏེ་སྒྲུབ་པའི་ལག་ལེན་དཔལ་༼མཆོད་རྟེན༽ས་སྐྱ་པ་ལས་བརྒྱུད་པའི་མན་ངག་དམ་པའི་དབོན་པོ་ལྡན་མ་ཀུན་དགའ་དཔལ་གྱིས་མཛད་པ། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་སྤྱིར་འདི་ལ་གཉིས་ལས་འདི་ནི་མྱུར་བར་འདོད་པས་རྩུབ་དང་བསྡོས་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽ནས་ལས་ལ་སྦྱོར་བའོ་ཞེས་ཡོད་པའི་རྩུབ་ལུགས་སུ་སྒྲུབ་པ་བླ་མ་གོང་མས་མཛད་པ། དེས་མཛད་པའི་རྟེན་གྱི་དཀྱིལ་འཁོར་དང་བསྐྱེད་པ་རྟེན་གྱི་འཁོར་ལོ་མི་དགོས་པར་བསད་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽པ་ལས་ཁུང་ལ་བརྟེན་ནས་ཤིན་ཏུ་རྩུབ་ལུགས་སུ་སྒྲུབ་པ། དེས་མཛད་༼མཆོད་རྟེན༽༼མུ༽པ་འགོར་དཀྱིལ་འཁོར་ལ་མི་བརྟེན་པའི་དུས་སུ་དཀྱིལ་འཁོར་ལ་བྱུག་པ་ཁྲག་དང་དུར་ཁྲོད་ཀྱི་སོལ་བ་ཞེས་ཡོད་པའི་དཀྱིལ་འཁོར་ལ་མི་བརྟེན་པའི་ལུགས། དེས་མཛད་པ་འགོར་ཨོཾ་སྭ་སྟི་ནག་པོ་ཆེན་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽པོའི་མན་ངག་ནི། མཎྜལ་ཟུར་དྲུག་འཁོར་ལོ་བྲི་ཞེས་ཡོད་པའི་དཀྱིལ་འཁོར་ལ་བརྟེན་པའི་འཇམ་ཞིང་ཞི་བའི་ལུགས། ལྷ་བརྒྱད་ཐུན་མོང་མ་ཡིན་པའི་གཏོར་ཆོག་དྲུང་༼མཆོད་རྟེན༽ཆོས་རྗེའི་ཕྱག་ལེན་ལ་གཙོ་བོར་བྱས། རྒྱལ་ཚ་ལུང་མང་པོ་ཁུ་དབོན་གྱི་མན་ངག་མ་སྦས་པར་ཤིང་ཕོ་སྟག་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བརྒྱད་ལ་ཡར་ཀླུངས་པ་སེངྒེ་རྒྱལ་མཚན་གྱིས་ཆོས་གྲྭ་རྩེས་ཐང་དཔལ་གྱི་སྡེ་ཆེན་དུ་ཡི་གེར་མཛད་པ་རྣམས་སོ། །ས་བཅད་གོང་མའི་གསུམ་པ་འཁོར་རྐྱང་དུ་བསྒྲུབ་པ་ལ།«་་་་་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང༌། ཐུན་མོང་མ་ཡིན་པ་ལ་ཕྱི་ནང་གསང་བ། རུ་མཚོན། གཎྜི། སྲོག་གི་ལས་མཁན་ཏེ་དྲུག་ཡོད་པར་བཤད་ཅིང༌། པུ་ཏྲ་ལ་ཡང་གསང་བ། བདུད། རྐྱལ་འབུད་མོན་བུ་སྟེ་སོ་སོར་ཡོད་དོ།»།གསང་བའི་ལས་མཁན་པུ་ཏྲ་མིང་སྲིང་གི་རྗེས་༼མཆོད་རྟེན༽༼ཨེ༽༼མུ༽གནང་བླ་མའི་གསུང་གི་བདུད་རྩི་སྙན་ནས་རིམ་པར་བརྒྱུད་པ་སློབ་མས་བསྐུལ་བའི་ངོར་རྒྭ་ཨཱ་ནན་དམ་པས་བཀོད་པ། རྗེས་གནང་གི་ཟིན་བྲིས་བསྡུས་པ་བླ་༼མཆོད་རྟེན༽མའི་ཕྱག་ལེན་ཕྲི་བསྣན་སྤངས་ཏེ་ཟིན་བྲིས་ཙམ་དུ་སེངྒེ་རྒྱལ་མཚན་དཔལ་གྱི་མིང་གིས་གསར་དུ་བྲིས་ལ་དག་པར་ཞུས་སོའི་མཐའ་ཅན། རྗེས་གནང་གི་ཟིན་བྲིས་༼མཆོད་རྟེན༽རྒྱས་པ་དམ་པ་ཀུན་དགའ་གྲགས་ཀྱི་ཡི་གེའི་སྟེང་དུ་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཕྱག་ལེན་ཡི་གེར་མི་གསལ་བའི་ཟིན་བྲིས་ལོགས་ཤིག་ཏུ་བྱས་པའི་ཡིག་རྙིང་དང་སྦྱར་ནས་བཤེས་གཉེན་གྲོགས་དམ་པའི་གསུང་གི་ངོར་ཡར་ཀླུངས་པ་སེངྒེ་རྒྱལ་མཚན་གྱིས་རྒྱལ་ཚ་ལུང་མང་པོའི་དབེན་གནས་ཀླུའི་དགོན་པ་ཤུ་གར་བདེ་ཆེན་དུ་བྲིས་པ། འགོར་བསམ་ཡས་ལ་སོགས་གཙུག་ལག་ཁང་ཞེས་ཡོད་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་པུ་ཏྲའི་སྒྲུབ་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽༼ལྷ༽ཐབས་བསམ་ཡས་ཀྱི་ཀ་བའི་འོག་ནས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་གཏེར་ནས་བཏོན་པ། འདི་དང་ཞུས་དག་ཕེར་བ་ཞིག་ལོ་ཆེན་གྱིས་རྒྱ་གར་ནས་གདན་དྲངས་པས་བཀའ་གཏེར་གཉིས་སུ་མཛད་པ་ཡིན། འགོར་བླ་མ་དམ་རྣམས་ལ་ཕྱག་འཚལ་ལོ་དཔལ་ནག་པོ་ལྕམ་དྲལ་གྱི་བཀའ་བྲན་པུ་ཏྲ་ཕོ་མོ་ཞེས་ཡོད་པའི་སྒྲུབ་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽ཐབས་བསྡུས་པ་ས་ཆེན་གྱིས་མཛད་པ་རེ་རེ་ལ་བཀའ་རྒྱས་ཐོབ་ལ་སྦྱིན་ནོའི་མཐའ་ཅན།«་་་་་རྡོ་རྗེ་གདན་པའི་གསན་ཡིག་ན་བཀའ་ཉན་ཕོ་མོ་གསེར་གྱི་སྤུ་གྲི་ཅན་གྱི་མན་ངག་ཅེས་སྣང་ཞིང་རྫོང་ཆུང་བ་ནོར་སྲུང་གནོད་སྦྱིན་དང་བསད་པ་གཤིན་རྗེའི་ཚུལ་དུ་སྒྲུབ་པའི་ཡིག་རྙིང་ཞེས་པ་ཙམ་ལས་མཛད་པ་པོ་མི་གསལ་འདུག »འདི་ལ་འདུན་པའི་སློབ་མས་གསོལ་བ་བཏབ་པའི་ངོར་དམ་པ་ཀུན་དགའ་གྲགས་ཀྱིས་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽མཛད་པའི་དོན་ཊཱི་ཀ་གསལ་བར་བྱས་པའི་སྒྲུབ་ཐབས་ཤིན་ཏུ་རྒྱས་པ།«་་་་་རྫོང་ཆུང་བ་འདི་སློབ་དཔོན་རྩེ་མོས་མཛད་པར་བཞེད་དོ།། »དེས་མཛད་པའི་སྒྲུབ་ཐབས་འབྲིང་པོ་བཤན་༼མཆོད་རྟེན༽༼ཨེ༽༼རྡོ་རྗེ༽པ་ལྕམ་དྲལ་གྱི་ཆོ་གའི་གསལ་བྱེད་དབུ་ན་ལོ་རྒྱུས་ཡོད་པ། དེས་མཛད་པའི་པུ་ཏྲའི་བསྟོད་པ་༼མཆོད་རྟེན༽ལས་རྣམས་ཀུན་བྱེད་མ། དེས་བླ་མའི་གསུང་༼མཆོད་རྟེན༽༼མུ༽བཞིན་སྦྱར་བའི་འགོར་སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་ཞེས་པའི་སྒྲུབ་ཐབས་བསྡུས་པ། དྲག་པོའི་བསྟོད་བསྐུལ་༼མཆོད་རྟེན༽མོན་བུ་པུ་ཏྲ་ནག་བསྐྱོད་མ་མལ་ལོ་ཙཱ་བས་མཛད་པ། འགོར་ཧོ་མོན་པུ་པུ་ཏྲ་སྤུན་གཉིས་ཞེས་ཡོད་པའི་དམོད་༼མཆོད་རྟེན༽བཅོལ་གོར་མས་མཛད་པའི་ཚིག་ལྷུག པུ་ཏྲ་མིང་སྲིང་གི་༼མཆོད་རྟེན༽གཏོར་ཆོག་རྡོ་རྗེ་འཛིན་པ་དགེ་སློང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་དཔལ་ས་སྐྱའི་ཆོས་གྲྭར་སྦྱར་བ། པུ་ཏྲ་མིང་སྲིང་གི་བསྐང་མདོས་དམ་པ་ཀུན་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽དགའ་ཏྲེ་བོས་མཛད་པ། ནང་གི་ལས་མཁན་བེར་ནག་ཟངས་གྲི་ཅན་གྱི་སྒྲུབ་༼མཆོད་རྟེན༽༼ཨེ༽༼མུ༽ཐབས་ཇོ་སྲས་ཐུགས་རྗེ་དཔལ་གྱིས་གསེར་གྱི་འབུལ་བ་དང་བཅས་པའི་ངོར་རྣལ་འབྱོར་པ་མལ་བློ་གྲོས་སེངྒེས་མཛད་པ།«་་་་་སེར་པོད་ཀྱི་དེར་མཛད་བྱང་ཆད་འདུག རྫོང་ཆུང་པ་འཕགས་པས་མཛད་པར་བཞེད། »འགོར་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་དོན་དུ་ལས་ཀྱི་མགོན་པོ་ཟངས་༼མཆོད་རྟེན༽༼མུ༽གྲི་ཅན་ཞེས་ཡོད་པའི་གསོད་བྱེད་གདུག་པ་ཅན་གྱི་སྒྲུབ་ཐབས་རྫོགས་སོའི་མཐའ་ཅན།«་་་་་རྫོང་ཆུང་བ་ཡིག་རྙིང་དུ་བཞེད། »འགོར་བླ་མ་དམ་པ་རྣམས་དང་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་དུར་ཁྲོད་ན་གནས་པའི་མགོན་པོ་གཅེར་བུ་ཟངས་གྲི་ཅན་ཞེས་ཡོད་པའི་ཕྱིའི་ལས་མཁན་གཅེར་བུ་ཟངས་གྲི་ཅན་གྱི་སྒྲུབ་༼མཆོད་རྟེན༽ཐབས་བླ་མ་མལ་ནས་བརྒྱུད་པ་ལྷག་ཆད་དང་བྲལ་པ་ཡི་གེར་བྲིས་པ་རྫོགས་བྱང་གི་མཐའ་ཅན་རྣམས་སོ།«་་་་་འདི་གྱི་ལྗང་ནའང་ཡོད། »།ལྔ་པ་དེ་དག་ལ་མཁོ་བའི་ལས་ཚོགས་ལྷན་ཐབས་ལ། དཀར་ཆག་ཏུ་མན་ངག་ཤོག་དྲིལ་དྲུག་པ་སོགས་གཙོ་བོར་ཕོ་རྐྱང་གི་ལས་ཚོགས་ཡིན་མོད་ཀྱང་སྦགས་སྒྲུབ་དང་ཐུན་མོང་དུ་ཉེ་བར་མཁོ་བའི་ཕྱིར་འདིར་འོག་ཏུ་བསྒྲིགས་ནས་བཞག་པ་ཡིན་ནོ། །ཞེས་པ་ལྟར་ནག་པོ་ཆེན་པོའི་སྒོ་ནས་གཏོར་མར་བརྟེན་པའི་དགྲ་བགེགས་བསད་པའི་མན་ངག གཞན་གྱི་རིག་སྔགས་དང་རྦོད་གཏོང་བཟློག་པའི་མན་ངག རྨི་ལམ་ངན་པ་དང་ལྟས་ངན་བཟློག་པ། བྱད་ཤ་སྦགས་པ། གཏོར་མ་མེད་པར་ཁ་ཟས་ལ་བརྟེན་ནས་དགྲ་བསད་པ། དགྲ་བགེགས་ཚོགས་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽སུ་ཟ་བ་སྟེ་ཤིན་ཏུ་ཟབ་པའི་ཤོག་དྲིལ་དྲུག་དམ་པས་མཛད་པ། ཆོས་སྐྱོང་མི་འཁོལ་ཁ་མེད་ཀྱི་ཟབ་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽གཏད་བྲམ་ཟེ་མཆོག་སྲེད་ཀྱི་སྦས་གཏེར་སློབ་དཔོན་ཏིང་འཛིན་ཤེས་རབ་ཀྱིས་མཛད་པ།«་་་་་དཀར་ཆག་དང་གསན་ཡིག་ན་མཛད་ཅེས་སྣང་ཡང་ཡི་གེ་ན་བཤུས་ཟེར་བ་འདུག རྫོང་ཆུང་བས་བསྙེན་པ། མི་འཁུ་པ། སྲོག་འཕྲོག་པ། སྲོག་གི་ཡང་ཏིག་བླང་བ་བཞི་པོ་ཁ་ཕྲལ་ནས་བྲིས་འདུག་གོ »།ལྷ་རྣམས་མཉེས་པར་འདོད་པས་མགོན་པོའི་རྟེན་གཏོར་གྱི་མན་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽ངག་སློབ་དཔོན་པདྨས་མཛད་པ།«་་་་་འདི་རྒྱའི་གཏེར་མ་ཡིན་མིན་ཁུངས་མ་ཆོད་པས་དཔྱད།» བསྲུང་བཟློག་བསད་པ་དང་རྨི་ལམ་ངན་པ་བཟློག་པའི་ཞལ་ཤེས་ཟབ་མོ་ཚིགས་བཅད་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽མ་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ།«་་་་་དཀར་ཆག་ན་གཞན་གྱི་རྦོད་གཏོང་བཟློག་པ་ཙམ་ལས་མི་འདུག་ཀྱང་བརྗོད་བྱ་ལ་དཔགས་ན་འདི་བཞིན་ཚང་ངམ་སྙམ་ཞིང༌། རྫོང་ཆུང་བའི་དཀར་ཆག་དང་རྗེ་རྡོ་རྗེ་གདན་པའི་གསན་ཡིག་ན་ཡང་སྣང་ལ་ཡིག་ཆ་ན་འཕགས་པས་དམ་པ་ལ་གནང་ཟེར་བ་འདུག »ཤོག་དྲིལ་གཉིས་པ་དང་འདི་གཉིས་རྡོ་རྗེ་བྲག་རྫོང་མའི་མན་ངག་གི་རྩ་བ་ལྟ་བུ་ཡིན་པས་རྗེས་འཇུག་ཕལ་ཆེར་གྱིས་མ་ངེས་པའི་བབ་ཆོལ་མང་པོ་སྨྲ་བར་སྣང་ངོ༌། །ནག་པོ་ཆེན་པོ་ལྕམ་དྲལ་གྱི་མན་ངག་ཟབ་དོན་ཐོར་༼མཆོད་རྟེན༽བུ་རྣམས་བླ་མ་ཆེན་པོ་བསོད་ནམས་བློ་གྲོས་ཀྱིས་ཤིང་རྟ་ཁྲུམས་ཀྱི་ཟླ་བའི་ཉེར་གསུམ་ལ་བརྗེད་བྱང་དུ་མཛད་པ།«་་་་་རྡོ་རྗེ་འཛིན་པ་པུཎྱའི་མིང་ཅན་གྱིས་བགྱིས་ཟེར་བ་སྣང་ངོ༌། »།མགོན་པོ་ཁྲོ་བཅུའི་སྲུང་འཁོར་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽བླ་མ་རྗེ་བཙུན་ཆེན་པོའི་གསུང་བཞིན་དོ་པ་དཀར་སྟོན་ཤཱཀྱ་གྲགས་ཀྱིས་ཡི་གེར་བཀོད་པ། རང་སྲུང་འཁོར་ལོ་ཆེན་མོའི་བྲི་ཡིག་རབ་གནས་དང་༼མཆོད་རྟེན༽༼རྡོ་རྗེ༽བཅས་པ་བླ་མ་རྗེ་པ་གྲུམ་པར་བཞུགས་དུས་འདི་འདྲ་བདོག་གསུངས་པར་བརྟེན་དབུས་ཐང་སྐྱར་དོ་པ་སྟོན་ཚུལ་གྱིས་ཞུས་པས་མ་གནང༌། ཕྱིས་ས་སྐྱའི་གཟིམས་ཆུང་རྙིང་པར་ཀྱེ་རྡོར་གྱི་དབང་བསྐུར་ཞིག་གི་དུས་གཙིགས་ཅན་དུ་བྱས་ནས་གནང་བ། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་ཆོས་སྐྱོང་ལྕམ་དྲལ་གྱི་སྒྲུབ་༼མཆོད་རྟེན༽༼མུ༽པ་འདི་ལ་རྟེན་གྱི་དཀྱིལ་འཁོར་ཞེས་ཡོད་པའི་དཀྱིལ་འཁོར། རྟེན་གྱི་འཁོར་ལོ་བཅང་བ། བསད་པ་ལས་དྲུག ཕུར་བུ་དགོད་པ། དམ་རྫས། མཆོད་རྟེན་བསད་ཁུང་བཤམ་པ། ཏིང་འཛིན་སྔགས་ཀྱི་བཟླ་ཐབས་ཏེ་མན་ངག་ཀུན་གྱི་སྡོམ་དང་མཁའ་འགྲོ་འཁུ་ལྡོག་སྤོང་བ་བཅས་གོང་མས་མཛད་པ།«་་་་་རྫོང་ཆུང་པ་རྣམས་མཁའ་འགྲོ་སྦགས་སྒྲུབ་ཀྱི་ཡིག་རྙིང་ལ་ཆོས་ཚན་བཅུ་གཅིག་བཤད་པའི་གཅིག་ལ་འདི་བདེན་པར་སྣང་ཞིང་མེའི་གདུང་བ་ཡང་འདི་ལ་ངོས་བཟུང་འདུག »འགོར་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་མགོན་པོ་འདིའི་མན་ངག་ལ་མཁའ་འགྲོ་འཁུ་ལྡོག་སྤང་བ་ཞེས་ཡོད་པའི་སྦགས་སྒྲུབ་ལ་ཉེ་བར་མཁོ་བའི་གནད་༼མཆོད་རྟེན༽༼ཨེ༽༼མུ༽དྲིལ་བ་འོད་ལྡན་དཔལ་གྱིས་མཛད་«་་་་་སེར་པོད་ན་གཟུངས་ཀྱི་དཔལ་བས་མཛད་ཅེས་སྣང༌། »པ་ཤིན་ཏུ་གསང་བར་བྱའོ་ས་མཱཔྟ་མི་ཐིའི་མཐའ་ཅན། དེས་མཛད་པའི་བོད་རྦད་བསད་གསུམ་དྲིལ་བའི་མན་༼མཆོད་རྟེན༽ངག་ས་སྐྱ་པ་ཆེན་པོ་སྙིང་པོའི་ཞབས་ཀྱི་ཐུགས་ཀྱི་སྙིང་པོ་ས་མཱཔྟ་མི་ཐིའི་མཐའ་ཅན། འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ་རྡོ་རྗེ་ནག་པོ་ཆེན་པོའི་འཛིན་གཏོར་ཞེས་༼མཆོད་རྟེན༽༼མུ༽ཡོད་པའི་འཛིན་གཏོར་གྱི་མན་ངག་བླ་མ་ས་ཆེན་གྱིས་མཛད་པ་ཤིན་ཏུ་ཟབ་བོ་ས་མཱཔྟ་མི་ཐིའི་མཐའ་ཅན།«་་་་་དཀར་ཆག་ན་གཉིས་ཡོད་གསུངས་ཀྱང་གཅིག་མ་རྙེད། མལ་ལོའི་དབོན་པོས་མཛད་ཟེར་བ་བྱུང་འདུག་རུང༌། དེ་ལྟར་མིན་ཚུལ་ཡར་ཀླུངས་པ་གསུང༌། »འགོར་འདི་ལ་སྤྱིར་ཕོ་སྒྲུབ་སྔོན་དུ་མ་སོང་བར་མོ་མི་སྒྲུབ་ཅེས་ཡོད་པའི་ཟོར་གྱི་སྒྲུབ་པ་དང་ལྷ་དབྱེ་སོགས་རྒྱས་༼མཆོད་རྟེན༽༼མུ༽པར་བསྟན་པ་བླ་མ་གོང་མས་མཛད་པ་མཚམས་དམ་པ་ཤིན་ཏུ་གཅེས་སོའི་མཐའ་ཅན། འཁོར་ལོའི་མན་ངག་ཅེས་༼མཆོད་རྟེན༽༼མུ༽པ་གནོད་སྦྱིན་ཕོ་མོའི་འཁོར་ལོའི་བྲི་ཐབས་འཁོར་ལོ་བསྐོར་བའོའི་མཐའ་ཅན།«་་་་་རྫོང་ཁ་པས་གོང་དུ་སོ་སོར་ཁ་ཕྲལ་བའི་འཁོར་ལོ་དེ་འདི་ཡིན། »འཁོར་ལོ་རྣམས་ཀྱི་རབ་༼མཆོད་རྟེན༽གནས་བྱ་ཐབས་མཆོག་ཏུ་འགྱུར་གསུང་པའི་མཐའ་ཅན། དམ་ཤིང་ལ་དབང་བསྐུར་བའི་མགོན་པོ་ལྕམ་དྲལ་དུ་སྒྲུབ་པའི་༼མཆོད་རྟེན༽༼རྡོ་རྗེ༽ཐབས་བྲམ་ཟེ་མཆོག་སྲེད་ཀྱི་མན་ངག་རྫོགས་བྱང་གི་མཐའ་ཅན། ཟབ་གཏད་ཀྱི་མན་ངག་༼མཆོད་རྟེན༽བླ་མ་མལ་གྱིས་ཇོ་སྲས་ས་སྐྱ་པར་གནང་བའི་གཙིགས་ཅན། འདི་བརྒྱུད་པའི་མན་ངག་དང་ལྡན་ཞིང་གཞན་ནི་མ་རྟོགས་པ་ཡིན་པས་འདི་དང་འདྲ་མིན་བྲམ་ཟེ་ཆེན་པོས་མཛད་ཟེར་བ་དང་བསྲེ་བར་མི་བྱ་བའི་ཚུལ་ཡང་མཇུག་ན་སྣང་ངོ༌། །རྡོ་རྗེ་གུར་མགོན་གྱི་སྐུ་གསུང་ཐུགས་མི་འགྱུར་བའི་འཁོར་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽ལོའི་གོ་ཆ་དམ་པ་ཀུན་དགའ་གྲགས་ཀྱིས་ཉམས་སུ་བླངས་ཏེ་སློབ་མ་མཆོག་གི་ངོར་སྦྱར་བ།«་་་་་འདི་ལ་རྫོང་ཆུང་བའི་དཀར་ཆག་ཏུ་ངག་འགྲོལ་ཞེས་འདུག་ཅིང༌།སེར་པོད་དཀར་ཆག་ཏུ་ངག་བསྲུང་ཟུར་དུ་ཡོད་པ་འདྲ་ཞིག་འདུག་ཀྱང་འདི་ག་ན་ཡོད་པ་དེ་ལས་ངོས་གཟུང་རྒྱུ་མི་འདུག »འགོར་བསྟན་པ་གནས་པར་བྱ་བའི་ཕྱིར་ཞེས་ཡོད་པའི་གསང་༼མཆོད་རྟེན༽༼རྡོ་རྗེ༽བའི་ཡིག་ཆུང་ཞེས་བྱ་བ་ནང་གི་སྒོ་ནས་འཁུ་ལྡོག་སྤོང་བའི་གདམས་པ་ཤིན་ཏུ་ཟབ་པ་གོང་མས་མཛད་པ་མན་ངག་རྫོགས་བྱང་གི་མཐའ་ཅན།«་་་་་ཀུན་མཁྱེན་རྡོ་རྗེ་གདན་པའི་གསན་ཡིག་ན་མགོན་པོ་རང་ལོག་ན། བརྟུགས་ན། སྟེང་ན། འཁྱམས་ན། མ་བཏུབ་ན། རྦོད་ཁ་འདོམ་པ་རྣམས་སོ་སོར་ཕྲལ་འདུག་གོ »།གླ་རྩི་སོགས་རྫས་ཀྱི་དབྱེ་བའི་སྒོ་ནས་འཁོར་ལོ་བཅའ་༼མཆོད་རྟེན༽༼རྡོ་རྗེ༽ཐབས་ཀྱི་མན་ངག་བྲག་སྟེང་པས་མཛད་པ། དེས་མཛད་པའི་བཀའ་སྡོད། ཚོགས་བདག གནོད་སྦྱིན། གཤིན་རྗེ་ལྟར་སྒྲུབ་ལུགས་མི་འདྲ་བ་བཞིའི་ཁྱད་པར་བསྟན་༼མཆོད་རྟེན༽པ་གསང་བར་བྱས་ནས་སྤྱད་པར་བྱ་འོའི་མཐའ་ཅན། འགོར་ལས་སྔ་མ་བྱས་ནས་ལས་མཇུག་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽མནན་པ་ནི་ཞེས་ཡོད་པའི་སྦགས་སྒྲུབ་ལ་དགོས་པའི་མནན་པའི་ཐུན་སྒྲུབ་འོད་ལྡན་དཔལ་གྱིས་མཛད་པ།«་་་་་ངོར་རྫོང་གཉིས་མཐུན་ཞིང་འདི་དང་འདྲ་མིན་ཅུང་ཟད་བྱུང་བ་ཡིག་སྐྱོན་ཡིན་ནམ་སྙམ། རྫོང་པ་བས་མནན་པ་དངོས་ཀྱང་འདི་གའི་ཁོངས་སུ་བསྡུས་ནས་ཆོས་ཚན་སོ་སོར་མ་མཛད། »འགོར་མནན་པ་དངོས་ནི་འབྱུང་པོའི་ཉི་མ་ལ་ཞེས་ཡོད་པ་དགའ་ལྡན་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽པ་བཀྲ་ཤིས་དཔལ་གྱིས་མཛད་པ་གནས་གསུམ་བསྲུངས་ནས་བདེ་བར་སྤྱད་དོའི་མཐའ་ཅན། དེས་ཁྱི་ལོ་ཟླ་བ་བདུན་པའི་ཉི་ཤུ་ལྔ་ལ་དགའ་ལྡན་༼མཆོད་རྟེན༽༼ཨེ༽༼མུ༽དུ་མཛད་པའི་སྦྱིན་སྲེག་གི་ཡི་གེ་ནག་པོ་ཆེན་པོ་མཆོད་པའི་ཆོ་གར་གྲགས་པ། འགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ་འདིར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་པའི་བླ་མ་དམ་པ་དེ་ནི་ཞེས་ཡོད་པའི་སྦྱིན་༼མཆོད་རྟེན༽སྲེག་གི་ཡི་གེ་བླ་མ་ཆོས་ཀྱི་རྒྱལ་པོའི་གསུང་ལས་མལ་དབོན་གྱིས་ས་སྐྱར་ཟིན་བྲིས་བྱས་པ་ཡིན་ཞེས་ཆོས་ཀྱི་རྗེ་གསུང་ངོའི་མཐའ་ཅན། མ་ཧཱ་ཀཱ་ལའི་ཐེབས་བཟློག་ཀུན་གྱི་༼མཆོད་རྟེན༽ཐུན་མོང་མ་ཡིན་ནོའི་མཐའ་ཅན། འགོར་ཤོམ་ནི་ནག་པོ་ལྕམ་དྲལ་གྱི་སྐུའི་བཅའ་གཞི་ཞེས་ཡོད་པའི་ཕྱི་༼མཆོད་རྟེན༽ནང་གསང་གསུམ་གྱི་ཤོམ་ཡིག་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པས་མཛད་པ་ཕྱག་ལེན་གྱི་རིམ་པའོའི་མཐའ་ཅན། དེས་མཛད་པའི་འགོར་ཡི་དམ་ཆོས་སྐྱོང་གི་སྔགས་ཐུན་འཛུགས་པའི་ཕྱག་ལེན་ནི་ཞེས་ཡོད་༼མཆོད་རྟེན༽པའི་ཡི་གེ་དགེ་བཤེས་སེངྒེ་རྒྱལ་མཚན་གྱིས་ཐུགས་དམ་མཛད་དོའི་མཐའ་ཅན། འགོར་ཨོཾ་སྭ་སྟི་ཆོས་སྐྱོང་གི་བརྒྱུད་པ་ལ་རྡོ་རྗེ་འཆང་སྔོན་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བ་ཞེས་ཡོད་པའི་མགོན་པོའི་བྲིས་སྐུ་འདྲི་ཐབས་༼མཆོད་རྟེན༽༼ཨེ༽༼མུ༽ཆོས་ཀྱི་རྒྱལ་པོ་འཕགས་པས་མཛད་པ་ཅེ་སྤྱང་ལ་སོགས་པ་རྣམས་ཀྱང་བྲི་བར་བྱའོའི་མཐའ་ཅན། དེས་རང་གི་བུ་ཆེན་གྱིས་ཆོས་སྐྱོང་གི་སྐུ་བཞེངས་པའི་དུས་མཛད་༼མཆོད་རྟེན༽༼ཨེ༽༼མུ༽པའི་འགོར་མགོན་པོའི་སྐུ་བཞེངས་པ་ལ་ཐོག་མར་ཤིང་ལས་བྱས་པའི་རུ་ཤིང་ཞེས་ཡོད་པའི་ལྡེར་སྐུ་བཞེང་ཐབས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྔགས་འཆང་རྣལ་འབྱོར་པ་རྣམས་ཀྱི་སྐུ་དགྲ་བསྒྲལ་བའི་ཆེད་དུ་༼མཆོད་རྟེན༽༼རྒྱ༽མཛད་པའི་ཆོས་སྐྱོང་སྤྱིའི་དམོད་བཅོལ་ཇོ་མོ་མཁར་ཆེན་བཟས་བླ་དཔེ་དར་ཤོག་དམར་པོ་ལ་བཻ་ཌཱུརྻས་བྲིས་པ་ལས་ཞལ་བཤུས་པ་ལོ་བདུན་གྱི་བར་བཀའ་རྒྱས་བཏབ་པ། མཆོད་གཏོར་སྦྱིན་སྲེག་ལས་སྦྱོར་ཐུགས་འཛུགས་གཏོར་ཆེན་སོགས་དང་འབྲེལ་པའི་དྲང་སྲོང་གི་དམོད་པའི་ཚུལ་གྱི་དྲག་༼མཆོད་རྟེན༽བསྐུལ་མཁས་པ་ཡོན་ཏན་ཁྲིས་དང་ལྡན་སློབ་མ་འགའ་ཞིག་གི་དོན་དུ་གྲུབ་ཐོབ་བིདྱཱ་ཙནྡྲའི་གནས་སུ་མཛད་པ། འགོར་བླ་མ་དང་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་གསང་བ་མཁའ་འགྲོ་མ་འཁུ་ལྡོག་སྤོང་བ་ནི་ཞེས་ཡོད་པའི་༼མཆོད་རྟེན༽མན་ངག་གོང་མས་མཛད་པ་ཞག་གསུམ་ཚུན་ཆད་ཀྱིས་ཆུད་ནས་འོང་གསུང་བའི་མཐའ་ཅན། དེས་མཛད་པའི་འགོར་མ་ཧཱ་ཀཱ་ལའི་བཟླས་པའི་ལུགས་ལ་ཞེས་ཡོད་༼མཆོད་རྟེན༽པའི་ཟབ་གཏད་ཀྱི་ཡིག་ཆུང་གནད་ལ་དབབ་པ་ཡིན་གསུངས་ནས་གཙིགས་ཆེ་བའི་མཐའ་ཅན། དེས་མཛད་པའི་བསད་ཐབས་བདུན་སྦྲེལ་མར་བྱེད་པའི་རྒྱུ་༼མཆོད་རྟེན༽མཚན་རི་དྭགས་འཕྲང་ལ་དགུག་པ་བཞིན་ནོའི་མཐའ་ཅན།«་་་་་རྫོང་ཆུང་བའི་གླེགས་བམ་དུ་འདི་སྦགས་སྒྲུབ་ཡིག་རྙིང་གི་དཀྱིལ་འཁོར་ལམ་བརྟེན་པའི་གཤམ་དུ་བྲིས་པ་ལས་ཟུར་དུ་ངོས་མ་བཟུང༌། »དེས་མཛད་པའི་ཕྱག་གི་སྒོ་ནས་ལྷ་དང་དབྲལ་བའི་གདམས་༼མཆོད་རྟེན༽པ་སྲུང་མ་རྣམས་ཀྱིས་མི་ཐུབ་པ་ཡིན་ནོའི་མཐའ་ཅན།«་་་་་རྫོང་ཆུང་པའི་གླེགས་བམ་ན་ཡིག་སྣ་ཐོར་བུ་གསུམ་ཞེས་པའི་ལྷ་དང་དགྲ་བོ་ཆོ་གས་འབྲལ་བའི་གཤམ་དུ་བྲིས་པ་དེ་ལས་ཟུར་དུ་མེད། »འགོར་སྐད་ཤན་སྦྱར་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ་མི་བསད་མཚོན་ནམ་སེང་ལྡེང་ལ་ཞེས་ཡོད་པའི་མགོན་པོ་ཕུར་བུ་༼མཆོད་རྟེན༽ལྟར་སྒྲུབ་པའི་རྒྱ་གཞུང་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་མལ་ལོ་བློ་གྲོས་གྲགས་ཀྱིས་བསྒྱུར་བ།«་་་་་སྒྱུར་བྱེད་མི་གཅིག་པ་མ་གཏོགས་གྱི་ལྗང་ན་ཡང་ཡོད། »དེས་མཛད་པའི་ནག་པོ་ཆེན་པོའི་སྲོག་ཕུར་གནད་བསྐུལ་༼མཆོད་རྟེན༽དང་བཅས་པ།«་་་་་འདི་དཀར་ཆག་དང་གསན་ཡིག་ཐམས་ཅད་ན་མི་གསལ་ཡང་དཔེ་རྙིང་ཁུངས་བཙུན་མང་པོར་འདུག་པས་གོང་གི་ཁོངས་སུ་བསྡུས་སམ་སྙམ་པ་མེ་འབར་གླེགས་བམ་ལ་ལར་མི་འདུག་པ་དཔྱད། གྱི་ལྗང་པོ་ཏི་ན་ཡང་སྐད་ཤན་སྦྱར་སོགས་ཅུང་ཟད་མ་གཏོགས་ཞུས་དག་ཕེར་བར་ཡོད། »ས་ཆེན་གྱིས་མཛད་པའི་དཔལ་ནག་པོ་ཆེན་པོ་ཕུར་བུའི་སྒྲུབ་ཐབས་༼མཆོད་རྟེན༽བླ་མའི་གསུང་བཞིན་བྲིས་པ་ས་མཱཔྟ་བླ་མ་ས་སྐྱ་པ་ཆེན་པོའི་གསུང་རབ་ཡིན་ནོའི་མཐའ་ཅན།«་་་་་འདི་གྱི་ལྗང་པོ་ཏིར་ཡང་ཡོད་ལ་རྫོང་ཆུང་པ་ཁུངས་བཙུན་ཕྱིར་ས་ཆེན་གྱིས་སྦྱར་བྱང་བརྒྱབ་པ་ལས་ངོ་བོ་དགེ་སློང་ཤྲཱི་བྷ་དྲས་མཛད་གསུང་པ་དང༌། མིང་བཅུག་པ་བྱུང་བ་ནི་ཐེ་ཚོམ་གྱི་གཞིར་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་གསུང་ངོ༌། »།འདི་ལ་སྒྲུབ་ཐབས་བསྡུས་པ་ཟེར། དེས་མཛད་པའི་དཔལ་ནག་པོ་ཆེན་པོ་སྲོག་གི་སྤུ་གྲིའི་སྒྲུབ་༼མཆོད་རྟེན༽ཐབས་ཞེས་པ་ནག་པོ་ཆེན་པོ་ཕུར་བུའི་སྒྲུབ་ཐབས་ས་མཱཔྟ་མི་ཐིའི་མཐའ་ཅན།«་་་་་གྱི་ལྗང་པོ་ཏིར་ཡང་ཡོད། »འདི་ལ་རྒྱས་པ་ཟེར། འགོར་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ་ནག་པོ་ཆེན་པོའི་གཞུང་ནས་འདི་གཉིས་ཀྱིས་གཞན་གྱི་ངག་གནོན་པར་འདོད་ན་ཞེས་ཡོད་པའི་གདམས་ངག་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ་གཞུང་བཞིན་བྱའོའི་མཐའ་ཅན། >རྗེས་མ།>>>
རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།