དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་གཉིས་པའི་ནང༌།

རྒྱུད་ཀྱི་དོན་འགྲེལ་བཞི་སྡོམ་བཅུ་༼མུ༽པ་སློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ།«་་་་་དཀར་ཆག་དང་རྗེ་མཁྱེན་བརྩེའི་གསན་ཡིག་ན་འདི་ལྟར་སྣང་ཡང་ཡིག་ཆ་ན་ལ་ལི་ཏས་མཛད་ཟེར་བ་འགྱུར་བྱང་དང་ནོར་རམ་བརྟག »དུར་ཁྲོད་ནག་པོའི་འབྱུང་ཁུངས་སྟོང་ཐུན་༼མུ༽གྱི་ཁོག་དོན་བསྡུས་པ་རྫོགས་བྱང་གི་མཐའ་ཅན།«་་་་་རྫོང་ཆུང་པའི་དཀར་ཆག་ན་ཕྱིས་ཀྱི་བླ་མ་དག་གིས་མཛད་ཅེས་སྣང་ངོ༌། »།རྒྱུད་དུར་ཁྲོད་ནག་པོའི་བསྡུས་༼རྡོ་རྗེ༽དོན་ས་བཅད་དགེ་སློང་དྷརྨ་གཟི་བརྗིད་ཀྱིས་སྦྱར་བ། དེས་མཛད་པའི་དུར་ཁྲོད་ནག་པོའི་རྒྱུད་ཀྱི་རྣམ་༼རྡོ་རྗེ༽པར་བཤད་པ་རྡོ་རྗེའི་ཚིག་དོན་གསལ་བྱེད་རྣམས་སོ།«་་་་་གོང་དཀར་བའི་གསན་ཡིག་ན་རྒྱུད་རྟོག་པ་བཅུ་གཉིས་པའི་འགྲེལ་པ་ཞེས་སྣང༌། »།བཞི་པ་ཉམས་སུ་ལེན་པ་སྒྲུབ་ཐབས་ཀྱི་ཡི་གེ་ལ། མགོན་པོའི་སྒྲུབ་ཐབས། ལས་མགོན་གྱི་སྒྲུབ་ཐབས། ལས་སྦྱོར་ཐོར་བུའི་ཡི་གེ་དང་གསུམ། དང་པོ་ལ་གང་ཟག་དབང་པོ་རབ་སྤྲོས་པ་ལ་མི་དགའ་བའི་དོན་དུ་རྡོ་རྗེ་གུར་དང་དུར་ཁྲོད་ནག་པོའི་རྒྱུད་ཀྱི་དགོངས་པ་ཐུན་མོང་བ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་འགོར་སྐད་ཤན་སྦྱར་དང༌། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བླ་མ་ལ་གུས་སྙིང་རྗེར་ལྡན། །ཚུལ་ཁྲིམས་ལ་སོགས་བསྡུ་དངོས་བཞི། །ཞེས་ཡོད་པའི་སྒྲུབ་༼མཆོད་རྟེན༽༼རྡོ་རྗེ༽༼མུ༽ཐབས་བསྡུས་པ་དཔའ་བོ་«་་་་་འདི་མེ་འབར་མར་ཡང་ཡོད། »གཅིག་པའི་སྒྲུབ་ཐབས་པཎྜི་ཏ་ནག་པོ་རོ་འཛིན་«་་་་་ཡིག་ཆ་ན་པཎྜི་ཏ་ཨ་ཐུ་ལ་བཛྲ་ཞེས་སྣང་བ་བརྟག »དང་ལོ་ཙཱ་བ་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ།འགོར་དཔལ་ནག་པོ་ཆེན་པོ་«མེ་འབར་མར་ཡང་ཡོད།་་་་་»དཔའ་བོ་གཅིག་པ་སྲས་ཀྱི་ཚུལ་དུ་ཞེས་ཡོད་༼རྡོ་རྗེ༽པའི་གོང་གི་བསྡུས་དོན་བསམ་གྱིས་མི་ཁྱབ་པ་ཡོད་པ་བསྟན་པའོའི་མཐའ་ཅན། སྒྲུབ་ཐབས་འབྲིང་པོ་འགོར་སྐད་ཤན་སྦྱར་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མི་བསད་མཚོན་ནམ་སེང་ལྡེང་ལ།«་་་་་ཁོག་ཕུབ་ན་ཕུར་བུའི་སྒྲུབ་སྐོར་རྣམས་ལ་གཞན་ཡང་ཞེས་སྒྲུབ་ཐབས་ཆེ་འབྲིང་ཆུང་གསུམ་དུ་མི་གཏོགས་པའི་ཟུར་པར་མཛད་ནའང༌། དཀར་ཆག་ཏུ་སྒྲུབ་ཐབས་འབྲིང་པོར་ངོས་བཟུང་བས་དེ་དོན་བཞིན་བཀོད་པ་ཡིན་ཞིང་མེ་འབར་པོ་ཏིར་ཡང་ཡོད། རྡོ་རྗེ་གདན་པའི་ཕྱག་དཔེར་དཔའ་བོ་གཅིག་པའི་སྒྲུབ་ཐབས་ཀྱི་སྟོད་འདྲ་བ་ལ་སྨད་མི་འདྲ་བ་ཞིག་འདིའི་ཚབ་ཏུ་འདུག »ནག་པོ་ཁྲོས་པའི་སྐུ་བྱས་ལ་ཞེས་ཡོད་པའི་དཔལ་༼མཆོད་རྟེན༽མགོན་པོ་ནག་པོ་ཕུར་བུའི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ལ་ལི་ཏ་བཛྲ་དང་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ། འགོར་སྐད་ཤན་སྦྱར་དང༌། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བསྟན་པ་གནས་པར་བྱ་བའི་ཕྱིར། །ནག་པོ་ཆེན་པོའི་ཕུར་བུ་སྒྲུབ། །ཅེས་ཡོད་པའི་ནག་༼མཆོད་རྟེན༽༼རྡོ་རྗེ༽༼མུ༽པོ་ཆེན་པོའི་སྲོག་ཕུར་གྱི་ཡི་གེའམ་ཕུར་བུ་གདབ་པ་སྲོག་ཕུར་དང་བཅས་པའི་སྒྲུབ་ཐབས་སུ་གྲགས་པ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ།«་་་་་མེ་འབར་མར་འདི་དང་ཕལ་ཆེར་ཞུས་དག་ཕེར་བ་ལ།འགོར་སྐད་ཤན་སྦྱར་མེད་པ་སོགས་མི་མཐུན་པ་ཁ་ཤས་ཡོད་ཅིང༌། དེ་ཡང་དཀར་ཆག་ཏུ་ཕུར་བུ་སྒྲུབ་པའི་ཁོངས་སུ་འདྲེན་པ་ལས་ལོགས་སུ་མི་སྣང༌། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་ཕྱག་དཔེར་འོག་ནས་ཡིག་ཕྲེང་གཉིས་ཙམ་མི་གཅིག་དེ་ཕྱིན་མེ་འབར་མའི་དེ་དང་ཞུས་དག་ཕེར་བ་ཞིག་འདུག »འགོར་བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོའི་ཕུར་བུའི་སྒྲུབ་ཐབས་ཀྱི་རིམ་པ་གཟའ་སྐར་དྲག་པོ་ལ་ཞེས་ཡོད་༼མཆོད་རྟེན༽༼མུ༽པའི་མགོན་པོ་ཕུར་བུའི་སྒྲུབ་ཐབས་ཀྱི་གསལ་བྱེད་«་་་་་མེ་འབར་མར་ཡང་བཞུགས། »ས་ཆེན་གྱིས་མཛད་པ་བླ་མའི་གསུང་བཞིན་བྲིས་པ་ས་མཱཔྟ་མི་ཐིའི་མཐའ་ཅན། འགོར་སྐད་ཤན་སྦྱར་དང༌། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སློབ་དཔོན་སྐུ་ལ་སྡོ་བྱེད་དང༌། །དཀོན་མཆོག་གསུམ་ལ་གནོད་བྱེད་དང༌། །ཞེས་ཡོད་༼མཆོད་རྟེན༽༼མུ༽པའི་ནག་པོ་ཆེན་པོ་སྲོག་གི་སྤུ་གྲིའི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ།«་་་་་འདི་གཉིས་མེ་འབར་མར་ཡོད་ཀྱང་སྒྲུབ་ཐབས་དངོས་གཞི་རྒྱ་གཞུང་གི་སྡེབས་སུ་སྐུ་སྨད་ཕུར་བུའི་གསལ་ཁ་ཡང་མི་འདུག་པས་དེ་དང་མི་གཅིག་པའི་སྒྲུབ་ཐབས་ཟུར་པ་ཞིག་ཡོད་མེད་དཔྱད།་་་་་»འགོར་བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཔལ་ནག་པོ་ཆེན་པོ་སྲོག་གི་སྤུ་གྲི་སྒྲུབ་པར་འདོད་པས་ཞེས་ཡོད་པའི་གོང་གི་གསལ་༼མཆོད་རྟེན༽༼མུ༽བྱེད་བརྩེ་བ་ཆེན་པོས་མཛད་པའི་ནག་པོ་ཆེན་པོ་ཕུར་བུའི་སྒྲུབ་ཐབས་ས་མཱཔྟ་མི་ཐིའི་མཐའ་ཅན།«་་་་་འདི་ལ་རྫོང་ཆུང་བ་དགེ་སློང་ཤྲཱི་བྷ་དྲས་མཛད་པ་ལ་ས་ཆེན་གྱིས་མཛད་ཀྱང་སྦྱང་གསུང་ཡང་ཤྲཱི་བྷ་དྲ་ཞེས་པའི་གང་ཟག་སུ་ཡིན་འཆད་རྒྱུ་རང་གཞན་གཉིས་ཀར་ངོས་འཛིན་རྒྱུ་མ་བྱུང་ཞེས་རྡོ་རྗེ་འཆང་ཚར་པ་གསུང་ངོ༌།། »འགོར་སྐད་ཤན་སྦྱར་དང༌། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ནམ་མཁའ་ལྟ་བུས་འཇིགས་བྱེད་འཕྲོས། །ཞེས་ཡོད་པའི་སྒྲུབ་ཐབས་རྒྱས་པ་ལ་གང་ཟག་དབང་པོ་འབྲིང་གི་«་་་་་ཁོག་ཕུབ་དང་བརྗོད་བྱ་ལ་དཔགས་ན་འདི་འབྲིང་དུ་འདྲེན་རིགས་ནའང་དཀར་ཆག་བཞིན་བཀོད་པའོ།། »དབང་དུ་བྱས་ནས་ལས་ཀྱི་གཤིན་རྗེ་ཕོ་མོ་བཅུ་དྲུག་ལུས་ལ་བཀོད་དེ་བསྒོམས་པའི་སྒྲུབ་ཐབས་༼མུ༽གསང་བ་ཞེས་བྱ་བ་གསང་སྒྲུབ་བམ་ཕྲིན་ལས་གསང་བའི་སྒྲུབ་ཐབས་སུ་གྲགས་པ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ཨཱ་ཙཱརྻ་རཱ་ཧུ་ལ་དམར་པོའི་གདམས་ངག་བླ་མ་གྱི་ལྗང་གིས་བསྒྱུར་བ། འགོར་སྐད་ཤན་སྦྱར་དང༌། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བླ་མ་ལ་གུས་སྡོམ་པ་བསྲུང༌། །ཞེས་ཡོད་པའི་དབང་པོ་ཐ་མ་སྤྲོས་པ་ལ་དགའ་བའི་ཆེད་དུ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྒོམ་པ་དུར་ཁྲོད་ནག་པོ་དངོས་བསྟན་གྱི་སྒྲུབ་༼རྡོ་རྗེ༽༼མུ༽ཐབས་རྒྱས་པ་«་་་་་འདི་ལ་བསྙེན་པའི་ཚུལ་དུ་སྒྲུབ་པ། བོད་པའི་མན་ངག་སྒྲུབ་པའི་ཚུལ་དུ་ཉམས་སུ་བླང་བ། རྦད་པའི་མན་ངག་ལས་སྦྱོར་གྱི་ཚུལ་དུ་ཉམས་སུ་བླང་བ་ཡོད་ཅེས་དཀར་ཆག་ཏུ་གསུངས་པ་ལྟར་དོན་ལ་ཚང་ཞིང་གསལ་བ་འོག་གི་བླ་མའི་ཞལ་སྔ་ནས་ཀྱིས་གདམས་པར་འདུག་གོ། »ནང་སྒྲུབ་ཏུ་གྲགས་པ་ནག་པོ་ཆེན་པོའི་ཁྱད་པར་གྱི་ཆོ་ག་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ལ་ལི་ཏ་བཛྲ་དང་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ། འགོར་སློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་དཔལ་མགོན་པོ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོ་དྲག་བྱེད་ཀྱི་ཚུལ་དུ་ཞེས་ཡོད་༼རྡོ་རྗེ༽པའི་གོང་གི་བསྡུས་དོན་དྷརྨ་གཟི་བརྗིད་ཀྱིས་མཛད་པ་ལས་གཞན་བྱ་བར་བསྟན་པའོའི་མཐའ་ཅན། དེས་མཛད་པའི་འགོར། ཨོཾ་སྭ་སྟི། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དབང་བསྐུར་དམ་ཚིག་སྡོམ་ལ་གནས། །ཞེས་ཡོད་པའི་དཔལ་༼རྡོ་རྗེ༽༼མུ༽ནག་པོ་ཆེན་པོའི་སྒྲུབ་ཐབས་བླ་མའི་ཞལ་སྔ་ནས་ཀྱི་གདམས་པ་ལག་ཏུ་བླང་བའི་རིམ་པ། འགོར་བླ་མ་དང་ནི་ཡི་དམ་ལྷ། །ཆོས་སྐྱོང་མགོན་ལ་གུས་བཏུད་དེ། །ཞེས་ཡོད་པའི་དཔལ་ནག་པོ་ཆེན་པོ་ལྷ་བཅུ་བདུན་མའི་བསྙེན་སྒྲུབ་ལས་༼མུ༽གསུམ་གྱི་ཡི་གེ་མི་བསླུ་བའི་གསང་ཚིག་དཔལ་ཆེན་སྐྱེ་མེད་ཇོ་གདན་དང་ལྕེ་རིན་པོ་ཆེ་མཉམ་མེད་མཁྱེན་ཆེན་གྱི་ཞལ་གྱི་བདུད་རྩི་གྲུ་སྟོན་གྱིས་མཛད་པ། འགོར། བླ་མ་ཁྲག་འཐུང་དཔའ་མོར་བཅས། །མཆོད་འོས་ཀུན་ལ་བཏུད་བྱས་ཏེ། །ཞེས་ཡོད་པའི་མགོན་པོ་ལྷ་བཅུ་བདུན་མའི་བོད་རྦད་བསད་གསུམ་གྱི་མངོན་རྟོགས་རྒྱས་༼མུ༽པ་སྒྲུབ་ཐབས་ལག་ཏུ་བླང་བའི་རིམ་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞེས་བྱ་བ། གྱི་ལྗང་ལོ་ཙཱ་བ་ཆེན་པོའི་གསུང་ལས་ཇི་ལྟར་བྱུང་བ་བཞིན་མདོ་སྨད་ཀྱི་སློབ་མའི་གཙོ་བོ་ཚར་དགུ་སྟོན་པ་དང་གྲུ་གུ་སྟོན་པ་གཉིས་ཀྱིས་བཀའ་བགྲོས་ནས་ཡི་གེར་བཀོད་པ་མངོན་པར་རྟོགས་པ་ཉེ་བར་མཁོ་བ་རྫོགས་སོའི་མཐའ་ཅན། ལུགས་སྲོལ་འདིའི་ཉམས་ལེན་ལ་སྒྲུབ་ཐབས་འདི་མེད་ཁ་མེད་སྙིང་ལྟར་གཅེས་པའི་གདམས་པ་ཡིན་པས་འཆོལ་བར་མི་སྟོན་པའི་བཀའ་རྒྱ་དམ་པོ་དཀར་ཆག་ཏུ་གསལ་བར་འདུག་གོ །ལུགས་སྲོལ་འདི་ཉིད་ཀྱི་སྙིང་པོར་གྱུར་པ་ནག་པོ་ཆེན་པོ་གཤིན་རྗེ་ལྟར་བསྒྲུབ་པའི་སྒྲུབ་ཐབས་དགོས་འདོད་འབྱུང་༼མཆོད་རྟེན༽༼འཁོར་ལོ༽བའི་གཏེར་ཞེས་བྱ་བ་མཐུ་སྟོབས་ཀྱི་དབང་ཕྱུག་རྒྭ་ཨཱ་ནན་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ། དེ་དག་ལ་ཉེ་བར་མཁོ་བའི་ཆ་ལག འགོར་བླ་མ་རྣམས་ལ་ན་མོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བསྟན་པ་བསྲུང་ཞིང་མངའ་མཛད་པ། །ཞེས་ཡོད་པའི་ནག་པོ་ཆེན་པོ་ལྷ་བཅུ་བདུན་མའི་མངོན་པར་རྟོགས་པ་རྟགས་བྱུང་ནས་རྟག་གཏོར་ཀྱང་བཏང་ངོའི་མཐའ་ཅན། མགོན་པོའི་ཕྲིན་ལས་བཀའ་གསང་རྨད་༼མུ༽བྱུང་མ་ཐམས་ཅད་བྱང་ཆུབ་ཏུ་བསྔོའོའི་མཐའ་ཅན། འགོར། འཐུང་ཞིག་འཐུང་ཞིག་རྡོ་རྗེའི་ཆུ། །ཞེས་ཡོད་པའི་ནག་༼མུ༽པོ་ཆེན་པོའི་མཆོད་ཕྲེང་ལས་ཀྱི་འབྲས་བུ་མཆིས་པར་མཛོད་ཀྱི་མཐའ་ཅན། འགོར་སྐད་ཤན་སྦྱར་ཡོད་པའི་ནག་པོ་ཆེན་པོའི་གཏོར་མའི་ཆོ་ག་༼རྡོ་རྗེ༽སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་དཔལ་སྒེག་པའི་རྡོ་རྗེ་དང་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ། འགོར་གཏོར་མའི་ཆོ་ག་འདི་ལ་གསུམ་སྟེ་ཞེས་ཡོད་པའི་གོང་གི་བསྡུས་༼རྡོ་རྗེ༽དོན་དྷརྨ་གཟི་བརྗིད་ཀྱིས་མཛད་པ། འགོར་སྐད་ཤན་སྦྱར་ཡོད་པའི་དཔལ་ལྡན་ནག་པོ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་བྲམ་ཟེ་༼མུ༽མཆོག་སྲེད་ཀྱིས་མཛད་པ་ཞར་བྱུང་མེ་ལྷའི་བསྟོད་པ་གསང་གསུམ་མ་དང་བཅས་པ། འགོར་སྦྱིན་སྲེག་གི་ཆོ་ག་འདི་ལ་གསུམ་སྟེ་ཞེས་ཡོད་པའི་གོང་གི་བསྡུས་༼རྡོ་རྗེ༽དོན་དྷརྨ་གཟི་བརྗིད་ཀྱིས་མཛད་པ། དེས་མཛད་པའི་དཔལ་ནག་པོ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་ལག་ཏུ་བླང་བའི་རིམ་པ་རྫོགས་བྱང་གི་མཐའ་ཅན། དཔལ་ནག་པོ་ཆེན་པོའི་བསྟོད་པའི་ཕྲེང་བ་༼མཆོད་རྟེན༽༼རྡོ་རྗེ༽༼མུ༽བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ལ་ལི་ཏ་དང་ལོ་ཙཱ་བ་གྱི་ལྗང་གིས་བསྒྱུར་བ།«་་་་་ཁ་སྐོང་བསྟོད་འབུམ་དང་ཞབས་བཏགས་མར་ཡང་ཡོད། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་ཞལ་གཟིགས་མའི་བསྟོད་པ་རྣམས་གསུང་འདུག་པ། པཎྜི་ཏ་སྙིང་ཕྲེང་ཅན་དང་གྱི་ལྗང་གིས་བསྒྱུར་བའི་མགོན་པོའི་བསྟོད་པ་རྣམས་ལ་དགོངས་འདྲ་བ་བརྒྱུད་པ་སོ་སོར་བགྲངས་ཕྱིན་སྒྱུར་བྱེད་ཀྱི་སྟབས་ནས་བགྲངས་ཀྱང་མི་འགལ་ལོ།། »ཡང་ལོ་པཎ་དེ་གཉིས་ཀྱིས་བསྒྱུར་བའི་དཔལ་ནག་པོ་ཆེན་པོ་ལ་བསྟོད་ཅིང་ཕྲིན་ལས་འཆོལ་བ་༼མཆོད་རྟེན༽༼རྡོ་རྗེ༽སྔོན་ཚེ་བདེ་གཤེགས་མ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ།«་་་་་མེ་འབར་པོ་ཏི་དང་ཚར་ལུགས་བསྟོད་འབུམ་ནའང་ཡོད། འདིའི་རྗེས་སུ་ནག་པོ་ཆེན་པོའི་བསྙེན་སྒྲུབ་རྦད་བསད་ཀྱི་ཡི་གེ་རྙིང་པ། »བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་རབ་གནས་ཀྱི་ཆོ་གའམ་བཀྲ་ཤིས་ཀྱི་ཆོ་གར་གྲགས་པ་སྣ་ཚོགས་རྡོ་རྗེ་མ་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ་རྣམས་སོ། །གཉིས་པ་ལས་མགོན་གྱི་སྒྲུབ་ཐབས་ལ།འགོར་རྒྱ་སྐད་ཡོད་པའི་མགོན་པོ་གཅེར་བུའི་ངན་སྔགས་སམ་དུར་ཁྲོད་ཀྱི་མགོན་པོ་གཅེར་བུའི་སྒྲུབ་ཐབས་༼རྡོ་རྗེ༽༼མུ༽བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ། འདི་ལ་ནང་གསེས་སྒྲུབ་པ་ལས་སྦྱོར་སེར་འབེབས་དང་བཅས་པ་ཡོད་ཅིང་རང་འདྲའི་འཁོར་བཞིས་བསྐོར་བའི་ལྷ་ལྔ་དང་ཀྵེ་ཏྲ་པཱ་ལ་དང་པི་ཏཱ་པཱ་ལ་གཉིས་བསྣན་པའི་གཙོ་འཁོར་བདུན་དུ་འགྱུར་བས་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་ལྷ་བདུན་མ་ཞེས་ཡོད། ཁ་ཅིག་གུར་མགོན་དཔའ་གཅིག་དང་རྫོང་ཆུང་པ་གུར་མགོན་ཉིད་དུ་བཞེད་པ་ནི་སྒྲུབ་ཡིག་རྙིང་པར་མདུན་དུ་མགོན་པོའི་བཀའ་ཉན་གྱི་ཚུལ་དུ་བསྐྱེད་པར་བཤད་པ་དང་སྒྲུབ་ལུགས་དང་སྔགས་སོགས་གང་ལའང་ཐེ་ཚོམ་མ་ཞུགས་པའི་སྐྱོན་ཡིན་ཞིང༌། གནོད་སྦྱིན་ཀླུ་བདག་ནག་པོ་ཞེས་བྱ་བ་ལས་མཁན་ཤིན་ཏུ་གཉན་པ་ཞིག་ཡིན་ཚུལ་བདག་ཆེན་རྡོ་རྗེ་འཆང་ཡབ་སྲས་གསུང་བ་སོགས་དཀར་ཆག་ཏུ་གསལ་བར་ཡོད་པ་ཞིབ་མོར་དཔྱོད་པ་གནད་དུ་ཆེའོ། །འགོར་བླ་མ་དམ་པ་རྣམས་དང་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དུར་ཁྲོད་ན་གནས་པའི་མགོན་པོ་གཅེར་བུ་ཟངས་གྲི་ཅན་ཞེས་ཡོད་པའི་༼མཆོད་རྟེན༽སྒྲུབ་ཐབས་གོང་མའི་ཡི་གེ་ལྷག་ཆད་དང་བྲལ་བར་བྲིས་པ་རྫོགས་སོའི་མཐའ་ཅན།«་་་་་མེ་འབར་མར་ཡང་བཞུགས།» འགོར་སྐད་ཤན་སྦྱར་དང་དཔལ་མགོན་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །གཙོ་བོའི་ང་རྒྱལ་སྔོན་སོང་བས་ཞེས་ཡོད་པའི་བྲན་བདུད་༼མུ༽༼རྡོ་རྗེ༽གཤིན་རྗེ་ནག་པོའི་སྒྲུབ་ཐབས་རྒྱ་གར་གྱི་མཁན་པོ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་གཞན་ལ་མི་སྤེལ་བར་བཀའ་རྒྱས་བཏབ་པ་གྱི་ལྗང་གིས་བསྒྱུར་བ། འགོར་འདིའི་ལུང་སྦྱིན་པའི་ཚུལ་འདྲི་སྟེ་ཞེས་ཡོད་པའི་རྗེ་ས་ཆེན་གྱིས་དོ་པ་སྟོན་ཚུལ་ལ་གནང་བའི་༼མཆོད་རྟེན༽༼རྡོ་རྗེ༽༼དུང༽བྲན་བདུད་ཀྱི་ལུང་སྦྱིན་པ་ཞེས་བྱ་བའི་རྗེས་གནང་གི་ཡི་གེ་ངག་འཛིན་ཡི་གེ་ལ་ཟིན་བྲིས་བྱས་པའོའི་མཐའ་ཅན།«་་་་་མེ་འབར་དུ་ཡང་བཞུགས།་་་་་»འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ནག་པོ་ཆེན་པོའི་དྲག་སྒྲུབ་སྤྱིའི་ལས་ལ་ཞེས་ཡོད་པའི་༼མཆོད་རྟེན༽༼རྡོ་རྗེ༽༼དུང༽བྲན་བདུད་ཀྱི་སྒྲུབ་ཐབས་དཔལ་བརྩེ་བ་ཆེན་པོ་ཆོས་ཀྱི་རྗེའི་ཞལ་སྔ་ནས་ཀྱི་རྗེས་སུ་བཟུང་སྟེ་རྒྱལ་ཁམས་པ་དོ་པ་སྟོན་ཚུལ་ལ་གཙིགས་སུ་མཛད་དེ་གནང་བ། འགོར་བླ་མ་དང་དཔལ་མ་ཧཱ་ཀཱ་ལ་ལ་ཕྱག་འཚལ་ལོ། །ནག་པོ་ལྕམ་དྲལ་མཆོད་དང་བསྟེན། །ཞེས་ཡོད་པའི་རུ་མཚོན་བཅའ་༼མཆོད་རྟེན༽༼རྡོ་རྗེ༽ཐབས་ཀྱི་ཡིག་རྙིང་ཡར་ཀླུངས་པ་སེངྒེ་རྒྱལ་མཚན་གྱིས་ཞུས་དག་མཛད་པ།«་་་་་མེ་འབར་མར་ཡང་ཡོད། »ལ་ལ་དག་བྲན་བདུད་འདི་ལུགས་གཞན་ཞིག་ཏུ་ངོས་འཛིན་པ་དང་འཕགས་པ་རིན་པོ་ཆེས་གཟིགས་སྣང་གི་མགོན་པོ་རྟ་ནག་མར་འདོད་པ་སོགས་རྣམ་པར་མ་བརྟགས་པ་ཁོ་ན་སྟེ་འདིའི་སྒྲུབ་སྐོར་བླ་མ་མལ་ལ་བརྩེ་བ་ཆེན་པོས་གསེར་སྲང་གང་གིས་བསླུས་པའི་གཙིགས་ཆེན་ཡིན་ཚུལ་སོགས་ཡིག་རྙིང་དུ་ཡོད་པས་ཀྱང་ཤེས་ནུས་སོ། །བྲན་བདུད་འདི་ཤིན་ཏུ་བཀའ་གཉན་པས་གསེར་གྱི་མཎྜལ་དང་བཅས་ཆིག་བརྒྱུད་དུ་གནང་བ་ཡང་ཕྱག་ལེན་མའོ། །གསུམ་པ་ལས་སྦྱོར་ཐོར་བུའི་ཡི་གེ་ལ། དཔལ་ནག་པོ་ཆེན་པོ་དང་ལས་བྱེད་རྡོ་རྗེ་མོང་སྤུ་ཅན་གྱི་སྒོ་ནས་སེར་བ་དབབ་པའི་ཡི་གེ་མགོན་པོའི་སེར་བ་རྫོགས་བྱང་གི་མཐའ་ཅན། འགོར་གཞན་ཡང་སེར་བ་དབབ་པ་དང༌། ཞེས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་ཟེར་བ་ཡོད་པའི་གོང་གི་གསལ་བྱེད་ཀྱི་ཡི་གེ་གཞན་རྣམས་གཞུང་ན་གསལ་ལོའི་མཐའ་ཅན། འགོར་གཞན་ཡང་མན་ངག་འདི་ལྟ་སྟེ་ཞེས་ཡོད་པའི་རྦོད་གཏོང་བཟློག་པའི་མན་ངག་མཐར་ནི་བྱང་ཤར་མཚམས་སུ་མནན་ཞེས་པའི་མཐའ་ཅན། ནག་པོ་ཆེན་པོའི་རྒྱུད་ལས་རྡོ་རྗེའི་ཚིག་ཏུ་སྦས་ནས་གསུངས་པའི་མན་ངག་༼རྡོ་རྗེ༽༼མུ༽བརྒྱད་ཅེས་པ་དྲེགས་བྱེད་ཐམས་ཅད་གནོན་པར་བྱེད་པ།བགེགས་ཐམས་ཅད་རླག་པར་བྱེད་པ། ཆར་དབབ་པ། ཆར་གཅད་པ། ཡི་དྭགས་བསྐྲད་པ། ཕྱག་རྒྱ་མ་འགུགས་པ། རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ། རིག་སྔགས་རྦོད་གཏོང་གཅོད་པ་རྣམས་སོ། །ལྔ་པ་དཀར་ཆག་ཏུ་མ་འཁོད་པའི་ཡི་གེ་ལ། རྫོང་ཆུང་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་༼མུ༽དཀར་ཆག འཇམ་དབྱངས་མཁྱེན་བརྩེས་དཔལ་བདེ་གསལ་གྱི་མགོན་ཁང་དུ་༼ཞ༽མཛད་པའི་བརྒྱུད་འདེབས་ཁྱབ་བདག་སྐུ་བཞི་མ། འགོར་བླ་མ་ལ་ན་མོ། ནག་པོ་ཆེན་པོའི་དབང་བསྐུར་བ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་ཞེས་ཡོད་པའི་མགོན་པོ་ལྷ་བཅུ་བདུན་༼མཆོད་རྟེན༽མའི་དབང་གི་ཐོ་ཡིག་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེངྒེ་རྒྱལ་མཚན་གྱིས་བླ་མའི་ཕྱག་བཞེས་བཞིན་བྲིས་སོའི་མཐའ་ཅན། དེས་མཛད་པའི་འགོར་དཔལ་རྡོ་རྗེ་འཆང་དབང་ཆེན་པོ་ལ་ཕྱག་འཚལ་ལོ། །དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་ཞེས་ཡོད་པའི་གྱི་ལྗང་༼མཆོད་རྟེན༽ལུགས་ཀྱི་དབང་གི་ལག་ལེན་ཉི་ཤུ་དགུའི་དགོངས་མོ་བཀའ་གནང་བ་ཤིན་ཏུ་གལ་ཆེ་གསུང་བའི་མཐའ་ཅན། མགོན་པོ་ལྷ་བཅུ་བདུན་མའི་སྒྲུབ་ཡིག་པཎ་ཆེན་བྱམས་པ་གླིང་པས་མཛད་པ་རྣམས་ལེགས་པར་ཐོབ་བོ། །བདུན་པ་འདོད་ཁམས་དབང་ཕྱུག་ཁྲག་འཐུང་དུད་པའི་སོལ་བ་ཅན་གྱི་སྐོར་ལ། དེ་ཡང་དཔལ་ལྡན་ལྷ་མོ་འདོད་ཁམས་ཀྱི་དབང་ཕྱུག་མ་ལ་རྗེ་ཁོལ་གཉིས་སུ་གྲགས་པའི་དུད་པའི་སོལ་བ་ཅན་འདི་རྗེ་མོ་རེ་མ་ཏཱི་ཡིན་ཞིང༌། གུར་མགོན་གྱི་སྐབས་མགོན་པོ་ལྕམ་དྲལ་གཉིས་སུ་གྲགས་ནའང་ས་སྐྱ་པའི་ལུགས་ལ་རྗེས་གནང་ཟུར་པ་མེད་ཅིང་སྒྲུབ་ཐབས་ལ་ཚོགས་བདགབཀའ་སྡོད། ཕྱི་པ། ནང་པ་ལྟར་སྒྲུབ་ཚུལ་ཡོད་ཀྱང་མན་ངག་ཡོངས་སུ་རྫོགས་པ་མེད་པར་བརྟེན། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་ཡུམ་བཀའི་སྐོར་གྱི་རྗེས་གནང་མན་ངག་ཚང་བ་ཞིག་ཐུགས་ལ་བཞེད་ནས། ཚུལ་དེ་ས་ལུགས་དྭགས་བརྒྱུད་པ་སོགས་གང་དུའང་མ་རྙེད་པར་རིམ་གྱིས་རྩད་གཅོད་གནང་བས་ཆུ་མགོ་གངས་དཀར་གྱི་དཔེ་བཞིན། རྗེ་མར་པས།དུད་སོལ་ལྷ་མོ་མ་གཏོགས་པའི། །བསྟན་སྲུང་བརྒྱ་དང་རྩ་བརྒྱད་ཞུས། །ཞེས་གསུངས་པ་ལྟར་ཤིན་ཏུ་གཅེས་སྤྲས་སུ་མཛད་པའི་ལྷ་མོའི་སྐོར་འདི་སྤྱིར་དཔལ་ནཱ་རོ་པ་ལ་བསྟན་སྲུང་བརྒྱ་རྩ་བརྒྱད་ཡོད་པའི་ཁྲོད་ནས་གཏོར་མ་དངོས་སུ་ལེན་པའི་ཆོས་སྐྱོང་གསུམ་ཡོད་པའི་ནང་ནས་གདམ་ང་འདི་ལ་མཛད་པས་རྟེན་འབྲེལ་གྱི་སྒོ་འགྲིག ལོ་གསུམ་བལ་པོའི་མཐིལ་དུ་བསྡད། །རྗེ་བྱིན་རླབས་ཅན་གྱི་བལ་པོ་ལ། །རྒྱུད་གཉན་པོར་གྲགས་པའི་གདན་བཞི་ཞུས། །ཆོས་སྐྱོང་དུད་སོལ་ལྷ་མོ་ཞུས། །ཞེས་བལ་པོ་ཕམ་མཐིང་པ་སྤྱི་ཐེར་བ་ལས་ཀྱང་གསན་ཅིང་རྗེ་མར་པ་ལ་སློབ་མའི་གཙོ་བོ་ཀ་ཆེན་བཞིའི་ནང་གི་རྔོག་ཆོས་ཀྱི་རྡོ་རྗེས་ལོ་ཙཱ་བའི་ཆོས་སྐྱོང་གི་གཙོ་བོར་དུད་སོལ་མ། ཀཾ་ཀ་རྩལ། ཐོད་ཕྲེང་ཅན་གསུམ་ཞུས་པས་གསུམ་ག་མི་ཡོང་འདམ་བཏང་བར་ཀྱེ་རྡོར་དང་གདན་བཞི་སོགས་རྒྱུད་མང་པོའི་བཀའ་སྲུང་དུ་འདུག་པ་དང་བླ་མ་ཡང་ཐུགས་གཙིགས་ཆེ་བར་འདུག་པ་སོགས་ནས་འདོད་ཁམས་མ་འདམས་ཏེ་རྫོགས་པར་གསན། དེ་ནས་རྔོག་ཚང་འོག་མར་གྲགས་པའི་རྔོག་སྟོན་ཆེན་པོ་བསོད་ནམས་བསྟན་འཛིན་གྱི་བར་དུ་རིགས་དང་ཆོས་ཀྱི་བརྒྱུད་པ་ཟམ་མ་ཆད་པའི་ངེས་ཤེས་ཀྱི་གནས་ཆེན་པོར་གྱུར་ཏེ་རྗེས་གནང་སྒྲུབ་སྐོར་དང་བཅས་པ་ཡོངས་སུ་རྫོགས་པར་གསན། ཕྱོགས་དེར་བླ་མའི་སྐུ་སྲོག་ལ་བསྡོ་བའི་བསྒྲལ་བྱའི་ཞིང་ཞིག་འདུག་པ་ཆོས་བཀའ་རྣམས་རྫོགས་པར་གནང་བའི་བཀའ་དྲིན་གསོབ་ཆེད་དུ་ཆོས་སྐྱོང་འདིའི་སྒོ་ནས་གཏོར་མ་ལ་བརྟེན་པའི་ལས་སྦྱོར་མཛད་པས་རིང་པོར་མ་ལོན་པར་རྗེས་མེད་དུ་གྱུར་པ་སོགས་ངོ་མཚར་ཡིད་ཆེས་དང་ལྡན་པའི་ཆོས་སྐོར་ལ། དཔལ་ལྡན་ལྷ་མོ་འདོད་ཁམས་ཀྱི་དབང་ཕྱུག་མ་འཇིགས་བྱེད་དུད་པའི་སོལ་བ་ཅན་གྱི་ཆོས་སྐོར་གྱི་དཀར་ཆག་སྙན་བརྒྱུད་གསལ་བའི་མེ་ལོང་ཞེས་བྱ་བ་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ། དེ་ལས་བསྟན་པའི་གདམས་པ་ལ། འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོའི་སྒོ་ནས་གཏོར་མའི་རྗེས་གནང་བྱེད་པར་འདོད་པས་ཞེས་ཡོད་པའི་ལྷ་མོ་ཕྱི་སྒྲུབ་ཀྱི་རྗེས་གནང་གི་ཡི་གེ་རྔོག་ཞེ་སྡང་རྡོ་རྗེས་མཛད་པ།«་་་་་འདི་ཉིད་ཀྱི་ལག་ལེན་གསལ་བྱེད་རྔོག་བསོད་ནམས་དོན་གྲུབ་ཀྱིས་གཞུང་རི་བོ་ཁྱུང་ལྡིང་གི་ཆོས་གྲྭར་མཛད་པ་ནི་དཔེ་མ་འབྱོར་པས་མ་ཐོབ། »འགོར་ལྷ་མོ་ཆེན་མོ་ལ་ཕྱག་འཚལ་ལོ། །དང་པོ་རྟེན་རྫས་ཐམས་ཅད་ཚོགས་པར་བྱས་ལ་ཞེས་ཡོད་པའི་ལྷ་མོ་གསང་སྒྲུབ་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་ནན་ཆགས་མར་གྲགས་པའི་རྩ་བའི་ཡི་གེ་རྔོག་ཞེ་སྡང་རྡོ་རྗེས་མཛད་པ། དེའི་གསལ་བྱེད་མར་རྔོག་གི་ཕྱག་ལེན་ཞེས་པའི་གསང་སྒྲུབ་རྗེས་གནང་གི་ཡི་གེ་མཁས་པའི་དབང་པོ་བློ་གསལ་རྒྱ་མཚོས་བསྐུལ་བ་ལ་བརྟེན་ནས་རྔོག་བསོད་ནམས་བསྟན་འཛིན་གྱིས་སྟོད་ལུང་མཚུར་ཕུའི་གཙུག་ལག་ཁང་དུ་མཛད་པ། མ་མོ་སྤྱིའི་རྒྱུད་དཔལ་རྡོ་རྗེ་མཁའ་འགྲོ་མ་མེ་ལྕེ་འབར་མའི་རྒྱུད་ལེའུ་ཉི་ཤུ་རྩ་གཉིས་པ་ཨཽ་ཌྱཱན་གྱི་གནས་ཆེན་པོར་མཁའ་འགྲོ་མ་ཌོམྦི་ཀ་མ་ལའི་ཞལ་སྔ་ནས་དང་སྒྱུར་བྱེད་ཀྱི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་ཞུས་ཏེ་གཏན་ལ་ཕབ་པ། དུད་སོལ་མའི་སྒོས་རྒྱུད་དཔལ་ལྷ་མོ་ནག་མོ་དངོས་གྲུབ་ཐམས་ཅད་འབྱུང་བའི་རྒྱུད་ལེའུ་བཅོ་ལྔ་པ་རྒྱ་གར་གྱི་མཁན་པོ་ནཱ་རོ་པ་དང་བོད་ཀྱི་ལོ་ཙཱ་བ་བནྡེ་ལོ་ཀ་ཤྲཱིས་བསྒྱུར་བ། ཡང་ལོ་པཎ་དེ་གཉིས་ཀྱིས་བསྒྱུར་བའི་འདོད་ཁམས་དབང་ཕྱུག་མ་ཕྱི་སྒྲུབ་ཀྱི་རྒྱ་གཞུང་ཞེས་པ་བསྙེན་པ། སྨྱོ་ཞིང་བསད་པ། བསམ་གཏན་གྱིས་གསོད་པ་རྣམས་སྟོན་པའི་མཁའ་འགྲོ་དུད་སོལ་མའི་སྒྲུབ་ཐབས་མཁས་པ་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ།«་་་་་འདི་དང་མེ་འབར་མའི་ཕྱི་པ་ལྟར་སྒྲུབ་པ་གཉིས་ཁྱད་པར་མེད་ཅེས་དཀར་ཆག་ཏུ་གསུང་པ་ལྟར་ཞུས་དག་ཀྱང་ཕེར་བ་འདུག་གོ། »དེའི་བསྡུས་དོན་ས་བཅད་འགོར། དཔལ་ལྡན་ལྷ་མོ་ནག་མོ་ལ་གུས་པས་ཕྱག་འཚལ་ལོ། །འདི་སྒྲུབ་པ་ལ་དོན་བཞི་སྟེ་ཞེས་ཡོད་པ་རྫོགས་བྱང་གི་མཐའ་ཅན། བསྙེན་པ་ལ་དོན་བཅོ་ལྔ། སྒྲུབ་པ། ལས་སྦྱོར། སྨྱོ་ཞིང་བསད་པ་ལ་དོན་ལྔ།«་་་་་དོན་ལྔ་ཟེར་ཡང་རྫས་བསགས་པ་ནས་སྦྱིན་སྲེག་གི་བར་བརྒྱད་འདུག་གོ། »བསྐྱར་བའི་ཆོ་ག་དང་བཅས་པའི་ལག་ལེན་ཤིན་ཏུ་ཟབ་ཅིང་གསལ་བ་རྒྱ་གཞུང་གི་འགྲེལ་པ་ཞལ་གདམས་མར་གྲགས་པ་ཞག་བདུན་དུ་ཅི་ཡང་མི་ཟ་བར་བྱེད་དོ་དེས་ངེས་པར་འགྲུབ་བོའི་མཐའ་ཅན།«་་་་་སྙན་བརྒྱུད་པོ་ཏིར་བཞུགས་པའི་ཡིག་ཆུང་ཡིད་བཞིན་ནོར་བུ་དང་ཞུས་དག་ཕེར་ཞེས་དཀར་ཆག་ན་སྣང་ངོ༌།།»འགོར་དཔའ་བོ་ཆུ་སྐྱེས་སྔོན་པོའི་མདོག་ཅེས་ཡོད་པའི་འདོད་ཁམས་དབང་ཕྱུག་མའི་བསྙེན་པའི་ཡི་གེ་རྗེ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་གསུང་ལས་བྱུང་བ་བླ་མའི་ཞལ་ནས་གསུང་བ་རྫོགས་སོའི་མཐའ་ཅན། འགོར་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དམ་ཚིག་ལྡན་པའི་སྔགས་པ་ཡིས། །ཞེས་ཡོད་པའི་སྒྲུབ་པ་དང་ལས་སྦྱོར་གྱི་ཞལ་གདམས་ཤིན་ཏུ་ཟབ་པས་གསང་བར་བྱ་ཞེས་པའི་མཐའ་ཅན། མར་པས་ནཱ་རོ་པ་ལ་ཆོས་སྐྱོང་ཞུས་པའི་ལོ་རྒྱུས་ཡོད་པའི་ལྷ་བསྐྱེད། བཟླས་པ། རྨི་ལྟས། སྲོག་ཐུན་སུམ་ཅུའི་རྣོ་ཚད། བཟླས་པའི་སྐྱོན་ཡོན། སྒྲུབ་པ། ལས་སྦྱོར། སྦྱིན་སྲེག་གསུམ་གྱི་དཀྱིལ་འཁོར་ལ་བརྟེན་ཚུལ། བོད་རྦད་བསད་གསུམ་གྱི་སྔགས་བྱང༌། གཏོར་མ་དང་ལིང་ག་བལྟབ་ཚུལ་རྣམས་ཆོས་སྡེ་གཅིག་ཏུ་བཞུགས་པའི་འདོད་ཁམས་དབང་ཕྱུག་མའི་ཞལ་གདམས་རྔོག་གཞུང་པ་ཡབ་སྲས་ལ་གནང་བ།«་་་་་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདོད་ཁམས་དབང་ཕྱུག་མའི་ཞལ་གདམས་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་ཞེས་པ་འདུག »འགོར་མ་ཧཱ་དེ་ཝཱི་ན་མོ། གཞན་ཡང་བདག་གི་རྨི་ལྟས་སུ་ཞེས་ཡོད་པའི་སྒྲུབ་པ་ལས་སྦྱོར་གྱི་ཡི་གེ་ཞལ་གདམས་རྨི་ལྟས་མར་གྲགས་པ་དཔལ་ལྡན་ལྷ་མོའི་རྨི་ལྟས་རྫོགས་སོའི་མཐའ་ཅན། འདོད་ཁམས་དབང་ཕྱུག་དུད་སོལ་མའི་གསང་སྒྲུབ་ཀྱི་རྒྱ་གཞུང་རྒྱ་གར་གྱི་མཁས་པ་ཆེན་པོ་ནཱ་རོ་པས་མཛད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བ།«་་་་་ཡིག་ཆའི་ཁ་ཡིག་ན་བིརྺ་པས་མཛད་ཟེར་བ་འདུག་པ་འཁྲུལ་གཞི་བྱུང་བ་སྟེ་འདི་དུར་ཁྲོད་དགའ་བའི་ཚལ་དུ་རྣལ་འབྱོར་དབང་ཕྱུག་བིརྺ་པ་ལ་ལྷ་མོས་དངོས་སུ་གནང་ནས་ཤར་ཕྱོགས་ནག་པོ་ལས་བརྒྱུད་པ་ཡིན་གྱི་ཡིག་ཆ་འདི་ག་མཛད་པ་ནི་མིན་ནོ།། »དེའི་འགྲེལ་པའི་ལག་ལེན་མ་འདོད་ཁམས་དབང་ཕྱུག་དྲག་མོ་རྐང་ཐང་མ་རྣོ་བའི་མདེའུ་ཧ་ལ་རེག་ཆོད་ཅེས་བྱ་བ་ཞེ་སྡང་རྡོ་རྗེས་ཡི་གེར་བྲིས་པ། འགོར་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ལྷ་མོ་སྒྲུབ་པའི་ཐབས་ལ་གྲུ་གསུམ་སྟེང་དུ་ཞེས་ཡོད་པའི་དྲག་མོ་རྐང་ཐང་གི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་རྫོགས་སོའི་མཐའ་ཅན། དྲག་མོ་རྐང་ཐང་ཡང་སྙིང་བཀོལ་བའི་སྒྲུབ་ཐབས་དུད་སོལ་མ་མངོན་སུམ་དུ་བཀོལ་བའི་མན་ངག་ཏུ་གྲགས་པ་རྔོག་ཞེ་སྡང་རྡོ་རྗེས་མཛད་པ། འགོར་དཔལ་ཁྲག་འཐུང་གི་རྒྱལ་མོ་ལ་ཕྱག་འཚལ་ལོ། །དུར་ཁྲོད་སོལ་བ་ཅན་གྱི་སྒྲུབ་ཐབས་ནི་ཞེས་ཡོད་པའི་འདོད་ཁམས་དབང་ཕྱུག་ཡང་གསང་རྐང་ཐང་དུ་སྒྲུབ་པའི་ཡི་གེ་རྔོག་ཞེ་སྡང་རྡོ་རྗེའི་ཞལ་གདམས་ཇི་ལྟ་བ་བཞིན་དུ་བཀོད་པའི་མཐའ་ཅན། ཚེ་དང་བསོད་ནམས་རྒྱས་པར་བྱེད་པའི་ལས་སྦྱོར་གྱི་ཡི་གེ་ལོངས་སྤྱོད་ཐམས་ཅད་ལྷའི་དབང་པོ་དང་མཉམ་མོའི་མཐའ་ཅན། ལ་ཆའི་སྡིག་པར་བརྟེན་ནས་མ་མོ་རང་གི་ལུས་དང་གྲིབ་མ་བཞིན་འགྲོགས་པའི་རྟེན་གྱི་ཡི་གེ དཔལ་ལྡན་ལྷ་མོའི་སྒོ་ནས་དགྲ་ལ་ལྟས་ངན་དབབ་པའི་ཐབས་བསྟན་པའི་ཡི་གེ་རྫོགས་བྱང་གི་མཐའ་ཅན། དཔལ་ལྡན་ལྷ་མོའི་མངོན་པར་ཤེས་པ་སྒྲུབ་པའི་ལག་ལེན་གནད་དབབ་དང་བཅས་པ་སློབ་དཔོན་ཆེན་པོ་ཞེ་སྡང་རྡོ་རྗེས་མཛད་པ་རྫོགས་སོའི་མཐའ་ཅན།«་་་་་གོང་མ་འདི་ལ་པྲ་རྟེན་གྱི་ཁྱེའུ་སོགས་འདུག་པ་དང་འོག་མ་འདིར་ཁྱེའུ་མེད་པའི་མེ་ལོང་སོགས་ལ་བརྟེན་པའི་མོ་ཡིན་པའི་བརྗོད་བྱ་འདུག་པ་ནས་གོང་འོག་གི་མིང་ནོར་བ་ཡིན་མིན་སོམ་ཉིར་སྣང་ངོ༌།།་་་་་»དཔལ་ལྡན་ལྷ་མོའི་སྒོ་ནས་པྲ་དབབ་པ་སྤྱན་འདྲེན་མ་གཅིག་ལྷ་མོ་མ་དང་བཅས་པ། གྲི་སྙིང་སོགས་ལ་བརྟེན་ནས་མངོན་ཤེས་བསྒྲུབ་པ།«་་་་་དཀར་ཆག་ན་འདི་ལོགས་སུ་མེད་ལ་ཞལ་གདམས་དང་བཅས་ཟེར་བའི་ཞལ་གདམས་ཡིན་ནམ་སྙམ། »སྤྱན་འདྲེན་ཐོད་པ་དགུ་བརྩེགས་འཕྲུལ་གཞལ་མ་རྒྱལ་ཚ་རྡོ་རྗེ་སེམས་དཔས་མཛད་པ། མཆོད་འབུལ། ཁྱེད་ལ་གཙང་དམེའི་རྟོག་པ་མི་མངའ་མ། གཞན་ཡང་མཆོད་འབུམ་མ། གཏོར་བསྐང་བནྡྷ་ལྕང་ལོ་མ། ཐུགས་དམ་བསྐང་ཞིང་ཕྲིན་ལས་བསྐུལ་བ། བདག་ནི་རིག་འཛིན་མ་རྫོགས་བྱང་གི་མཐའ་ཅན། གཏོར་གཤེགས་དཔལ་ལྡན་མ། གཏོར་གཤེགས་བཟློག་བསྒྱུར་དང་བཅས་པ་རྡོ་རྗེ་གར་དབང་མ། བསྟན་མ་སྐྱོང་བ། བཀའ་ཡི་ཚོགས་བཅས་མ་རྣམས་དུད་སོལ་གཏོར་ཆོག་གི་ལྷན་ཐབས་སྐབས་ཉེ་བར་མཁོ་བ། བསྟོད་སྙིང༌། སེམས་ཉིད་ཕྲིན་ལས་མ།«་་་་་ཞབས་བཏགས་མར་ཡང་ཡོད། »ལྷའི་དབང་པོ་བརྒྱ་བྱིན་གྱིས་དགེ་བ་བཅུའི་སྒོ་ནས་བསྟོད་པ། སྔོན་འདས་བསྐལ་པ་མ།«་་་་་ཚིག་ཟུར་ཙམ་མ་གཏོགས་རགས་རིམ་ཞུས་དག་ཕེར་བ་མེ་འབར་མར་ཡང་བཞུགས། »ཕྱོགས་བཅུའི་ལྷ་མོ་འཁོར་དང་བཅས་པའི་སྒོ་ནས་བསྐུལ་བ། མ་མོའི་གཙོ་བོ་མ། འདོད་ཁམས་དབང་ཕྱུག་ཁྲག་འཐུང་དུད་སོལ་མའི་ཕྲིན་ལས་ཀྱི་ལས་བྱང་རྒྱས་པ་ཌཱ་ཀི་མའི་ཐུགས་ཀྱི་ཟེའུ་འབྲུ་དབྱེ་བར་བྱེད་པའི་མན་ངག་རྒྱ་མཚོ་གསལ་བའི་སྒྲོན་མེ་ཞེས་བྱ་བ་སྔགས་འཆང་ཨཱ་ནནྡ་དྷྭ་ཛ་དང་བཙུན་པ་ཀྱེ་རྡོ་རྗེ་ཤྲཱི་བཛྲ་གཉིས་ཀྱིས་ངན་རྟོག་སྤངས་ནས་རྒྱུད་སྒྲུབ་ཐབས་རྣམས་དང་མཐུན་པར་བསྒྲིགས་པ་དང་བཅས་པ་རྣམས་ཀྱི་སྨིན་གྲོལ་རྗེས་གནང་ཉམས་ཁྲིད་ལུང་མན་ངག་ཕྱག་བཞེས་དང་བཅས་པའི་སྒོ་ནས་ལེགས་པར་ཐོབ་པའི་དང་པོ་རྣལ་འབྱོར་དབང་ཕྱུག་བིརྺ་པ་ནས་བརྒྱུད་པའི་ནག་པོ་ཆེན་པོ་དཔའ་བོ་གཅིག་པའི་རྗེས་གནང་གི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རྗེ་བདག་མེད་མ། རྣལ་འབྱོར་དབང་ཕྱུག་བིརྺ་པ། གྲུབ་དབང་ཤར་ཕྱོགས་ནག་པོ་པ། རྒྱལ་རིགས་ཌཱ་མ་རུ་པ། གཉིས་སྤངས་ཨ་ཝ་དྷཱུ་ཏཱི་པ། པཎ་ཆེན་ག་ཡ་དྷ་ར།འབྲོག་མི་ཤཱཀྱ་ཡེ་ཤེས། ཐུགས་སྲས་སེ་མཁར་ཆུང་པ། བླ་མ་ཞང་སྟོན་ཆོས་འབར། བརྩེ་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན།བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། ཀུན་མཁྱེན་བསོད་ནམས་སེངྒེ། མུས་ཆེན་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེངྒེ། རྗེ་དཀོན་མཆོག་ལྷུན་གྲུབ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཞབས་དྲུང་ཨ་མི་ལགས་ཡབ་སྲས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་ཀུན་དགའ་བསྟན་འཛིན། མཁན་པོ་རིན་པོ་ཆེ་སངས་རྒྱས་དཔལ་བཟང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ངོར་ཆེན་ལ་མུས་ཆེན་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་ཀུན་དགའ་དབང་ཕྱུག པཎ་ཆེན་གྲགས་པ་རྒྱལ་མཚན། གུང་རུ་ཤེས་རབ་བཟང་པོ་བཞིས་གསན། དེ་བཞི་ཆར་ལས་ཀུན་མཁྱེན་བསོད་ནམས་སེངྒེ། དེ་ལས་ཡོངས་འཛིན་དཀོན་མཆོག་འཕེལ་བ་དང༌། མུས་ཆེན་སངས་རྒྱས་རིན་ཆེན་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་གསན་པ་མན་འདྲའོ། །བཀའ་བབས་གཉིས་པ་བ་རི་ལོ་ཙཱ་བ་ནས་བརྒྱུད་པའི་མགོན་པོ་དཔའ་གཅིག་གི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཨ་ཤྭ་ཀ་ཤྲཱི། པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། རྗེ་བཙུན་ས་སྐྱ་པ་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ།རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། མཁས་པ་གཟུངས་ཀྱི་དཔལ་བ། རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། རྗེ་བཙུན་ལྷ་མཆོག་སེངྒེ། རྗེ་སངས་རྒྱས་སེངྒེ། བྲང་ཏི་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ། འཇམ་མགོན་དཔལ་མཆོག་རྒྱལ་མཚན། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཚུངས་མེད་ཤེས་བྱ་བཟང་པོ། ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ། དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་ཐོབ་བོ། །ཡང་ན་ངོར་ཆེན་རྡོ་རྗེ་འཆང་ནས། མཁས་གྲུབ་དཔལ་རྡོར་བ། དཀོན་མཆོག་འཕེལ་བ་མན་སྔ་མ་དང་འདྲའོ། །ཡང་ན་ངོར་ཆེན་རྡོ་རྗེ་འཆང་ནས། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེངྒེ། རྗེ་རཏྣ་ཝརྡྷ་མན་འདྲ། འདིའི་སྒྲུབ་སྐོར་ཁ་སྐོང་པོ་ཏིའི་མཆོད་རྟེན་དང་ཨེ་རྟགས་ཅན་གྱི་བརྒྱུད་པ་ནི་ངོར་ཆེན་ནས། མུས་ཆེན།མཁྱེན་རབ་རིན་ཆེན་མཆོག་གྲུབ། ཀུན་མཁྱེན་ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །མཆོད་རྟེན་དང་བུདྡྷའི་རྟགས་ཅན་གྱི་ལུང་ནི། ངོར་ཆེན་ནས། མུས་ཆེན། རྗེ་སངས་རྒྱས་དཔལ་བཟང༌། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་ཀུན་སྤངས་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག མཁན་ཆེན་བསླབ་གསུམ་རྒྱལ་མཚན། ཁྱབ་བདག་དབང་ཕྱུག་རབ་བརྟན། བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན། རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་མན་གོང་དང་འདྲའོ། །བཀའ་བབས་བཞི་པ་ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་སྤུ་གྲི་སྐོར་གསུམ་ག་དང་ལྷན་ཅིག་པའི་མཆོད་རྟེན་གྱི་རྟགས་ཅན་གྱི་ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད་ནས་རིམ་པར་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི།ས་པཎྜི་ཏ་ཀུན་དགའ་རྒྱལ་མཚན། དགེ་སློང་ཟླ་བ་རྒྱལ་«ཀྱེ་རྡོར་ཞལ་ལན་གསུམ་གཟིགས་པར་གྲགས།་་་་་»མཚན། བླ་མ་ཁམས་པ། རི་པ་དགེ་ཚུལ། «འདི་རྣམས་ཀྱིས་ཆོས་སྐྱོང་ལན་ལྔ་རེ་གཟིགས་སྐད།་་་་་»དར་མ་དཔལ། རིམ་བཞིན་ཡབ་ཆོས་རྗེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་མན་ཞལ་ངོ་ནང་བརྒྱུད་ལྟར་རོ། །ཨེ་རྟགས་ཅན་གྱི་ལུང་བརྒྱུད་ནི། དར་མ་དཔལ་ནས་རིམ་བཞིན། ངོར་ཆེན་རྡོ་རྗེ་འཆང་མན་གོང་ངོར་ལུགས་བཞིན་ནོ། །བཀའ་བབས་གསུམ་པའི་གྲི་གུག་ལྷ་ལྔ། ལྷ་བརྒྱད། ལྷ་བཅུ་གཉིས་པ་རྣམས་ཀྱི་རྒྱ་གཞུང་ལུགས་ཀྱི་དབང་རྡོ་རྗེ་དང་གཡུང་དྲུང་ཅན་གྱི་ལུང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མཁའ་འགྲོ་མ་རྡོ་རྗེ་གུར། སློབ་དཔོན་བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ།ཤྲདྡྷཱ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། བླ་མ་བྲག་སྟེང་པ། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ།རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། བཀྲས་ལུང་པ་ནམ་མཁའ་བསོད་ནམས། དགེ་སྡིངས་པ་ཆེན་པོ། རྗེ་སངས་རྒྱས་དཔལ་བ། རིན་ཆེན་གླིང་པ། དཀར་ཤོངས་པ་རིན་ཆེན་རྡོ་རྗེ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། རྫོང་ཆུང་པ་ཀུན་དགའ་རྒྱལ་མཚན།«་་་་་འཇམ་དབྱངས་གྲགས་པའང་ཟེར་དབང་ལྔ་པོའི་དཀྱིལ་ཆོག་མཛད་པོ་དེ་ཡིན། »མཁན་ཆེན་ནམ་མཁའ་ལྷུན་བཟང༌།«་་་་་ཇོ་གདན་ཁྲོམ་ཡོན་ཡང་ཟེར། »བྲག་ཐོག་པ་དཔལ་འཛིན་བཟང་པོ། རྗེ་རྡོ་རྗེ་གདན་པ། དེ་ལས་ཀླུ་དབང་གླིང་པ་«་་་་་གནས་ཀྱི་མིང་ཡིན་ཞིང་ཡོངས་གྲགས་ལ་ཐུགས་སྲས་ཟེར། »ཀུན་དགའ་རྒྱལ་པོ་དང༌། ལྕང་ལོ་ཅན་པ་བསོད་ནམས་མཆོག་ལྡན་གཉིས་ཀྱིས་གསན། དེ་གཉིས་ལས་རིག་འཛིན་ཚེ་དབང་བཀྲ་ཤིས། ཚར་པ་རྡོ་རྗེ་འཆང་ཆེན་པོ། བོད་མཁར་བ་བྱམས་པ་དོན་གྲུབ་རྒྱལ་མཚན། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་སྔགས་འཆང་བསོད་ནམས་དབང་ཕྱུག དེ་ཡི་སྲས་སྔགས་འཆང་ངག་དབང་ཀུན་དགའ་བཀྲ་ཤིས། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཁན་པོ་མཚུངས་མེད་བསོད་ནམས་དཔལ་ལྡན། ཐམས་ཅད་མཁྱེན་པ་ཆེན་པོ་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་མཁན་ཆེན་སངས་རྒྱས་ཕུན་ཚོགས་ནས། མཚུངས་མེད་བསོད་ནམས་དཔལ་ལྡན། ཀུན་མཁྱེན་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ལའོ། །ཡང་ན་འཕགས་པ་རིན་པོ་ཆེ་ནས། ཤར་པ་ཡེ་ཤེས་ཆེན་པོ། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། སྐྱི་སྟོན་གྲགས་པ་རྒྱལ་མཚན། དོལ་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། མཁན་ཆེན་བྱང་ཆུབ་སེངྒེ། ཐེག་ཆེན་ཆོས་རྗེ་མན་འདྲ། ལྷ་བརྒྱད་རྒྱ་གཞུང་ལུགས་ཀྱི་དབང་བརྒྱུད་གཅིག་ལ།རྡོ་རྗེ་གདན་པ་ནས། ཡངས་པ་ཅན་པ་བྱང་ཆུབ་དབང་རྒྱལ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས་མན་གོང་དང་འདྲ། ཡང་ན་འཕགས་པ་རིན་པོ་ཆེ་ནས། ཤར་པ་ཡེ་ཤེས་རྒྱལ་མཚན། བདེ་བ་ཅན་པ་ཡེ་ཤེས་མགོན། སྐྱི་སྟོན་གྲགས་རྒྱལ། ཀུན་མཁྱེན་དོལ་བུ། མཁན་ཆེན་བྱང་སེམས་པ། ཐེག་ཆེན་པ་མན་འདྲ། གྲི་གུག་ལྷ་ལྔ་རྒྱ་གཞུང་ལུགས་ཁོ་ནའི་དབང་བརྒྱུད་གཅིག་ལ། འཕགས་པ་རིན་པོ་ཆེ་ནས། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་དགའ་བསོད་ནམས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། རྗེ་ཀུན་དགའ་རྣམ་རྒྱལ་མན་འདྲའོ། །ཡང་གྲི་གུག་ལྷ་ལྔའི་དབང་དང་ལྷ་བཅུ་གཉིས་མ་བཅུ་བདུན་མ་རྣམས་ཐུན་མོང་གི་དབང་བརྒྱུད་ལུགས་གཅིག་ལ། དགའ་ལྡན་པ་ཀུན་དགའ་བསོད་ནམས། གན་པ་རིན་རྒྱལ། བླ་མ་དམ་པ། བླ་བྲང་པ་ཉི་མ་རྒྱལ་མཚན། རྗེ་ཡེ་ཤེས་དཔལ་བཟང༌། རྒྱལ་སྲས་བློ་བཟང་དཔལ་འབྱོར། ཆག་ལོ་རིན་ཆེན་ཆོས་རྒྱལ། བདག་ཆེན་ངག་གི་དབང་ཕྱུག རྗེ་བཙུན་རྡོ་རིང་པ་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་འདྲ།ཡང་ལྷ་བཅུ་གཉིས་མའི་བརྒྱུད་པ་ལུགས་གཅིག་ལ། ཤྲདྡྷཱ་ཀ་ར་ནས། ཇོ་བོ་རྗེ། ལོ་ཆེན་རིན་ཆེན་བཟང་པོ། དགེ་ཚུལ་པཱུརྞ་བ། རྒྱ་ལྕགས་རི་གོང་པ། རྫིང་བུ་ཁ་པ་ཤཱཀྱ་གྲགས།སྤེན་ཕུག་པ་དར་མ་ཤཱཀྱ། ཞང་ཡེ་ཤེས་རྒྱལ་མཚན། ཟེ་བ་དོན་གྲུབ་ཡེ་ཤེས། ཁམས་པ་ཤཱཀྱ་རྡོ་རྗེ། བར་ཐང་ཆོས་གྲགས། བླ་མ་དར་མ་ཤཱཀྱ་བསོད་ནམས་དབང་ཕྱུག གན་པ་རིན་རྒྱལ། བླ་མ་དམ་པ་ཏ་དབེན་ཆེན་པོ། ལོ་ཙཱ་བ་ཚུལ་ཁྲིམས་བརྟན་པ། བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ། ཐམས་ཅད་མཁྱེན་པ་ཚར་པ་ཆོས་རྗེ་མན་འདྲ། ཡང་ན་བསོད་ནམས་དབང་ཕྱུག བླ་མ་མཆོག་ལྡན། སྐྱི་སྟོན་གྲགས་པ་རྒྱལ་མཚན། རིན་ཆེན་རྡོ་རྗེ། མཁན་ཆེན་དབང་ཕྱུག་སེངྒེ། ནམ་མཁའ་ཡེ་ཤེས། དེ་གསུམ་ལས་ཐེག་ཆེན་ཆོས་རྗེས་གསན། དེ་ནས་འཇམ་དབྱངས་གྲགས་པའི་དཔལ་མན་འདྲའོ། །རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་གྲི་གུག་ལྷ་ལྔ་སིནྡྷཱུ་རའི་དཀྱིལ་འཁོར་དུ་སྙན་བརྒྱུད་ལུགས་ཀྱི་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨ་ནངྒ་བཛྲ། པདྨ་བཛྲ། ཨིནྡྲ་བྷཱུ་ཏི། ཕུན་ཚོགས་བདེ་བ། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར། བླ་ཆེན་འབྲོག་མི། སེ་མཁར་ཆུང་བ། ཞང་སྟོན་«་་་་་རོལ་པའི་རྡོ་རྗེ་ཞེས་ལཀྵྨཱིའི་གསན་ཡིག་ཏུ་བྱུང༌། »ཆོས་འབར། རྗེ་བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ་དཔལ་ལྡན་རྩེ་མོའི་ཞབས། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། ཤར་པ་ཤེས་རབ་འབྱུང་གནས། ཤར་པ་རྡོ་རྗེ་འོད་ཟེར།ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། མཐུ་ཆེན་ཨཱ་ནན་དམ་པ། རོང་མི་ཡེ་ཤེས། ཀྲེ་བོ་རྡོ་རྗེ་གྲགས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་ངག་དབང་པ། མཁན་ཆེན་བྱང་ཆུབ་སེངྒེ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ཆོས་རྗེ་ཀུན་དགའ་རྒྱལ་མཚན། མཁན་ཆེན་ནམ་མཁའ་ལྷུན་བཟང༌། བྲག་ཐོག་པ་དཔལ་འཛིན་བཟང་པོ།རྗེ་བཙུན་ཀུན་དགའ་རྣམ་རྒྱལ།«་་་་་འཇིགས་མེད་དཔའ་བོ་ཡང་ཟེར། »ཀླུ་དབང་གླིང་པ་ཀུན་དགའ་རྒྱལ་པོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ།བོད་མཁར་བ་བྱམས་པ་དོན་གྲུབ་རྒྱལ་མཚན། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་སྔགས་འཆང་བསོད་ནམས་དབང་ཕྱུག དེ་སྲས་སྔགས་འཆང་ཀུན་དགའ་བཀྲ་ཤིས། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསོད་ནམས་དཔལ་ལྡན། ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན། སངས་རྒྱས་ཕུན་ཚོགས་ནས། བསོད་ནམས་དཔལ་ལྡན། རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །གྱི་ལྗང་ལུགས་ཀྱི་མགོན་པོ་གཤིན་རྗེ་ལྟར་སྒྲུབ་པ་ལྷ་བཅུ་བདུན་མའི་དཀྱིལ་འཁོར་ཆེན་པོར་དབང་བཞི་ཡོངས་སུ་རྫོགས་པ་མཐའ་བརྟེན་སྐུ་གསུང་ཐུགས་ཀྱི་རྗེས་གནང་བཟླས་ལུང་དང་བཅས་པ་ཐོབ་པའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། སློབ་དཔོན་སྒེག་པའི་རྡོ་རྗེ། གྲུབ་ཆེན་ནག་པོ་རོ་འཛིན། ལོ་ཙཱ་བ་གྱི་ལྗང་དབུ་དཀར་བ།ཚར་དགུ་སྟོན་པ། གྲུབ་ཐོབ་བསོད་«་་་་་འདི་རྨོར་གྱི་ལ་མ་བྱུང་»ནམས་གྲགས། མོན་མིག་དམར་སྟོན་པ། བླ་ཆེན་ར་ལམ་པ། བླ་མ་ཞང་སྟོན་པ། ལོང་གྲོ་བྱང་ཆུབ་དར། དེ་ལས་ལྕེ་མདོ་སྡེ་དང༌། དཔལ་ཆེན་སྐྱེ་མེད། ཇོ་གདན་གསུམ་གྱིས་ཞུས། དེ་གསུམ་ཀ་ལས་གྲུབ་སྟོན་ཤཱཀྱ་འབུམ། དགེ་བཤེས་དབུགས། ས་སྐྱ་པ་དྷརྨ་གཟི་བརྗིད། ཉི་ཐོག་པ་སྔགས་འཆང་ཀུན་དགའ་ཟླ་བ། འདར་ཡར་འདྲེན་མཁན་པོ་བློ་གྲོས་རྒྱལ་མཚན། མཁན་ཆེན་སེངྒེ་དཔལ་བཟང༌། བྲག་ཐོག་པ་བསོད་ནམས་བཟང་པོ། རྗེ་ཀུན་དགའ་རྣམ་རྒྱལ།ཐུགས་སྲས་ཀླུ་དབང་གླིང་པ་མན་འདྲ། ཡང་ན་གྲུབ་སྟོན་ཤཱཀྱ་འབུམ། དེ་ལ་དཀར་གཤོངས་པ་རྡོ་རྗེ་རྒྱལ་མཚན་དང་བདག་པོ་བསོད་ནམས་ཡོན་ཏན་པས་གསན། དེ་གཉིས་ལས་བླ་ཆེན་ཆོས་དཔལ་བཟང་པོས་གསན། དེ་ནས་ལོ་ཙཱ་བ་མཉྫུ་ཤྲཱི་ཛྙཱ་ན། རྗེ་མུས་ཆེན་རྣམ་རྒྱལ་བཟང་པོ། རྗེ་ཀླུ་དབང་གླིང་པ་མན་འདྲའོ། །ཡང་ན་ཚར་ཆེན་ནས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག སྔགས་འཆང་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། བྱམས་པ་ངག་དབང་རྣམ་རྒྱལ། དཔལ་ས་སྐྱ་པ་ཀུན་དགའ་བཀྲ་ཤིས་མན་སྔར་དང་འདྲའོ། །ཡང་དབང་རྐྱང་པའི་བརྒྱུད་ལུགས་གཅིག་ལ། རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། དད་བྱེད་གོ་ཆ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ ལོ་ཆེན་རིན་ཆེན་བཟང་པོ། དགེ་ཚུལ་པཱུརྞ། རྒྱ་ལྕགས་རི་གོང་ཁ་བ། རྫིང་བུ་ཁ་བ་ཤཱཀྱ་གྲགས། སྤེན་ཕུག་པ་དར་མ་ཤཱཀྱ། ཞང་ཡེ་ཤེས་རྒྱལ་མཚན། གཟེ་པ་དོན་གྲུབ་ཡེ་ཤེས།ཁམས་པ་ས་ཕུག་པ་ཤཱཀྱ་རྡོ་རྗེ།«་་་་་འདི་གཉིས་ལ་བར་ཐང་པ་ཡབ་སྲས་ཟེར།་་་་་»བར་ཐང་པ་ཆོས་གྲགས། སློབ་དཔོན་དར་མ་ཤཱཀྱ། སྤུར་སྟོན་བསོད་ནམས་དབང་ཕྱུག བླ་མ་མཆོག་ལྡན་པ། སྐྱི་སྟོན་པ་གྲགས་པ་རྒྱལ་མཚན། བླ་མ་རིན་ཆེན་རྡོ་རྗེ། མཁན་ཆེན་བྱང་ཆུབ་སེངྒེ། མཁན་ཆེན་ནམ་མཁའ་ཡེ་ཤེས། དེ་གསུམ་ག་ལས་ཐེག་ཆེན་ཆོས་ཀྱི་རྒྱལ་པོས་གསན། དེ་ནས་རྗེ་འཇམ་དབྱངས་གྲགས་པ། མཁན་ཆེན་ནམ་མཁའ་ལྷུན་བཟང༌། མུས་སྲད་པ་མན་སིནྡྷཱུ་རའི་དབང་དང་འདྲ། ཡང་ན་སྐྱི་སྟོན་གྲགས་པ་རྒྱལ་མཚན། དོལ་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། མཁན་ཆེན་བྱང་ཆུབ་སེངྒེ། ཐེག་ཆེན་པ་མན་འདྲ། ཡང་ན་སྤུར་བསོད་ནམས་དབང་ཕྱུག་ནས། གན་པ་རིན་ཆེན་རྒྱལ་མཚན། དཔལ་ལྡན་བླ་མ་དམ་པ། ཏ་དབེན་ཆེན་པོ། ལོ་ཙཱ་བ་ཚུལ་ཁྲིམས་བརྟན་པ། བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ། རྗེ་ཀུན་དགའ་རྣམ་རྒྱལ་མན་འདྲའོ། །རྗེས་གནང་སྐོར་ལ། གུར་གྱི་མགོན་པོ་ལྕམ་དྲལ་ལྷ་གསུམ་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། མཁའ་འགྲོ་མ་རྡོ་རྗེ་གུར། སློབ་དཔོན་བྲམ་ཟེ་མཆོག་སྲེད།ནོར་བུ་གླིང་པ། བདེ་བའི་རྡོ་རྗེ། ཤྲདྡྷཱ་ཀ་ར་ཝརྨ། ཇོ་བོ་རིན་ཆེན་བཟང་པོ། གུ་རུབ་«་་་་་ལོ་རྒྱུས་ན་གོ་རུབ་པ་རིན་ཆེན་བསོད་ནམས་ཞེས་པ་འདི་སྐུ་ཚེའི་སྟོད་རབ་བྱུང་གི་མཚན་དང་སྐུ་ཚེའི་སྨད་ལ་དཀར་ཆས་སུ་གྱུར་པའི་མཚན་བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས་ཞེས་གྲགས་པས་ཐ་དད་དུ་མི་བཞེད་དོ།། »རིན་ཆེན་བསོད་ནམས། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་མགོན་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ།སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། རྗེ་བཙུན་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེངྒེ། རྡོ་རྗེ་འཆང་སངས་རྒྱས་སེངྒེ། བྲང་ཏི་པ་པཎ་ཆེན་ནམ་མཁའ་དཔལ་བཟང༌། ཤར་ཆེན་ཀུན་དགའ་བཀྲ་ཤིས། མཁས་གྲུབ་ཤཱཀྱ་ཀུན་དགའ། མཁས་བཙུན་ཀུན་དགའ་ལེགས་པ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། འཇམ་མགོན་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །བརྒྱུད་ཚུལ་འདི་ནི་པཎ་ཆེན་ནམ་མཁའ་དཔལ་བཟང་གི་གསན་ཡིག་ལས་དེ་ལྟར་འབྱུང་ལ།«་་་་་ཞབས་དྲུང་རྒྱལ་རྩེ་བས་ཤར་པ་ཤེས་རབ་འབྱུང་གནས་ལའང་གསན་འདུག་ཅེས་གསན་ཡིག་དབང་གི་རྒྱལ་པོར་འབྱུང༌།་་་་་»འདིར་ནི་འགྲོ་མགོན་འཕགས་པའི་རྗེས་སུ་དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། མཁས་བཙུན་ནམ་མཁའ་ལེགས་པ། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་རྡོ་རིང་པ། རྗེ་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག ཡབ་སྲས་གཉིས་ཀ་ལས་མཁན་ཆེན་བསླབ་གསུམ་རྒྱལ་མཚན་དང༌། སྔགས་འཆང་བསོད་ནམས་ཆོས་འཕེལ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་དང༌།མཁན་ཆེན་ངག་དབང་ཆོས་གྲགས་གཉིས་ཀྱིས་གསན། ཕྱི་མ་ལས་ས་སྐྱ་བདག་ཆེན་ཀུན་དགའ་བསོད་ནམས། རྒྱལ་མཁར་རྩེ་པ་ངག་དབང་བསོད་ནམས། རྗེ་རི་ཁྲོད་པ་ཀུན་དགའ་རིན་ཆེན། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཁན་ཆེན་རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན། མུས་ཆེན་སངས་རིན་ནས། མུས་ཆེན་ནམ་མཁའ་སངས་རྒྱས། རྗེ་བཙུན་ཆོས་དབང༌། སངས་རྒྱས་རྒྱལ་མཚན། ས་སྐྱ་པ་ཨ་མིའི་དྲུང་ངོ༌། །རྗེ་ཐར་རྩེ་ནས། སྔགས་འཆང་བློ་གྲོས། དེ་ལའང་ཨ་མིའི་དྲུང་གིས་སོ། །ཡིག་ཆ་ནི་ཐོག་མར་མལ་ལོས་ཐོ་ཙམ་མཛད། དེ་རྗེས་འཕགས་པ། ཆོས་རྗེ་བླ་མ་དམ་པ་སོགས་ཀྱིས་མཛད་པའི་ཡིག་ཆ་ཡོད་ལ། འདིར་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་གུར་གྱི་མགོན་པོ་ལྷ་བཅུ་གཉིས་མ་སྦགས་ཏེ་སྒྲུབ་པའི་རྗེས་གནང་གི་ཡིག་ཆའི་སྟེང་ནས་ཐོ་ཡིག་གིས་འདོར་ལེན་མཛད་པའི་སྒོ་ནས་སོ། །ཡང་གུར་གྱི་མགོན་པོ་ལྕམ་དྲལ་ལྷ་བརྒྱད་ངོར་ལུགས་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ཡན་གོང་ལྟར་ལས། དེ་ནས་ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་པ་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང༌། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྗེ་བཙུན་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེངྒེ། འཇམ་དབྱངས་སངས་རྒྱས་སེངྒེ། བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང༌། ཤར་ཆེན་ཀུན་དགའ་བཀྲ་ཤིས།མཁས་གྲུབ་ཤཱཀྱ་ཀུན་དགའ། མཁས་བཙུན་ཀུན་དགའ་ལེགས་པ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཁན་ཆེན་རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་ཡང་ཡང་སྩལ་ཏོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། མཁན་ཆེན་བྱམས་པ་བསོད་ནམས་བཟང་པོ། དེས་བདག་ལའོ། །ཡང་ན། མཚུངས་མེད་བསྟན་འཛིན་ལྷུན་གྲུབ་ནས། མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལ་ལན་དུ་མའི་བར་དུ་སྩལ་ཏོ། །མགོན་པོ་ལྷ་བཅུ་གཉིས་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ཡན་གོང་ལྟར་ལས། དེ་ནས་དམ་པ་ཀུན་དགའ་གྲགས། བདག་ཉིད་ཆེན་པོ་བཟང་པོ་དཔལ། ཆོས་རྗེ་བླ་མ་དམ་པ། གཞི་ཐོག་པ་ཀུན་དགའ་རིན་ཆེན། བདག་ཆེན་གྲགས་པ་བློ་གྲོས། བདག་ཆེན་བློ་གྲོས་དབང་ཕྱུག སྔགས་འཆང་རིན་ཆེན་རྣམ་རྒྱལ། རྗེ་སངས་རྒྱས་རིན་ཆེན། འཇམ་དབྱངས་ས་སྐྱ་ལོ་ཙཱ།རྗེ་བཙུན་དཀོན་མཆོག་གྲགས་པ། རྗེ་ཤེས་རབ་རྒྱལ་མཚན། མུས་ཆེན་ནམ་མཁའ་དཔལ་བཟང༌། གྲུབ་མཆོག་རྡོ་རྗེའི་མཚན་ཅན། བླ་མ་ནམ་མཁའ་ཆོས་དར། སྤྱན་སྔ་ཀུན་དགའ་དོན་གྲུབ། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། བྱམས་པ་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་བཟང་པོ་རྒྱལ་མཚན། འཕགས་པ་ཆོས་ཀྱི་རྒྱལ་མཚན།མཁས་མཆོག་བཀྲ་ཤིས་དབང་ཕྱུག བཀའ་དྲིན་ཅན་བཀྲ་ཤིས་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་སྩལ་ཏོ། །ཡང་ན་རྗེ་ཤེས་རབ་རྒྱལ་མཚན་ནས། བྲང་ཏི་པ་པཎ་ཆེན་ནམ་མཁའ་དཔལ་བཟང༌། འདིའི་བར་ནས་བླ་མ་ཁ་ཅིག་བཙལ་དགོས་སོ། །དེ་ནས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། རྗེ་རི་ཁྲོད་པ་བུདྡྷ་སཱ་ག་ར། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། མཁན་ཆེན་རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་མཚུངས་མེད་བསྟན་འཛིན་ལྷུན་གྲུབ་ནས།ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ལྷ་བཅུ་གཉིས་མའི་རྗེས་གནང་གི་བརྒྱུད་པ་ལུགས་གཅིག་ལ། དམ་པ་ཀུན་དགའ་གྲགས་ཡན་གོང་ལྟར་ལས། དེ་ནས་དགའ་ལྡན་པ་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། བདག་ཆེན་གཞི་ཐོག་པ། བདག་ཆེན་ཀུན་དགའ་རིན་ཆེན།བདག་ཆེན་གྲགས་པ་བློ་གྲོས། བདག་ཆེན་བློ་གྲོས་དབང་ཕྱུག དྲུང་བཙུན་རིན་ཆེན་རྣམ་རྒྱལ། འཇམ་དབྱངས་སངས་རྒྱས་རིན་ཆེན། ས་ལོ་འཇམ་དཔལ་རྡོ་རྗེ་མན་གོང་དང་འདྲའོ། །ལྕམ་དྲལ་ལྷ་གསུམ་ཐུན་མོང་མ་ཡིན་པ་དང༌། ལྷ་བརྒྱད་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང༌། ལྷ་བཅུ་གཉིས་ཐུན་མོང་དང་ཐུན་མོང་མ་ཡིན་པར་དབྱེ་བའི་རྗེས་གནང་བཞི་དང་བཅས་པ་རྒྭ་ཨཱ་ནན་དམ་པ་ཙམ་མ་གཏོགས་གདུང་བརྒྱུད་རིམ་པར་ཆིག་བརྒྱུད་དུ་བྱོན་པ་ནི། རྡོ་རྗེ་འཆང༌། མཁའ་འགྲོ་མ་རྡོ་རྗེ་གུར། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། པཎ་ཆེན་དད་བྱེད་གོ་ཆ། ལོ་ཙཱ་བ་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། དམ་པ་ཀུན་དགའ་གྲགས་པ།«་་་་་ཆོས་རྗེ་ཁུ་དབོན་གཉིས་ཀས་མདོ་ཁམས་ཀྱི་ཁྲོམ་གསེབ་ཏུ་མགོན་པོར་གཟིགས་པས་སྤྲུལ་པར་ཡང་གྲགས། »བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ། མཁས་བཙུན་ནམ་«ངོར་ལུགས་ཀྱི་གསན་ཡིག་འགར་ནམ་མཁའ་ལེགས་པ་འདི་མེད་པའང་བྱུང༌།་་་་་»མཁའ་ལེགས་པ། ཆོས་རྗེ་བླ་མ་དམ་པ། བླ་ཆེན་ཀུན་དགའ་རྒྱལ་མཚན། ཡབ་རྗེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ་ཆེན་པོ་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག ཡབ་སྲས་གཉིས་ཀ་ལས་མཁན་ཆེན་བསླབ་གསུམ་རྒྱལ་མཚན་དང་སྔགས་འཆང་བསོད་ནམས་ཆོས་འཕེལ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་དང༌།མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། སྐྱོར་མདའ་ཆོས་ཀྱི་རྗེ་བསོད་ནམས་དབང་ཕྱུག མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*