དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་གཉིས་པའི་ནང༌།

མགོན་པོ་ཁྲོ་བཅུའི་རྗེས་གནང་གི་བརྒྱུད་པ་ནི། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡན་ཞལ་ངོ་ནང་བརྒྱུད་ལྟར་ལས། དེ་ནས་སྔགས་འཆང་གཟུངས་ཀྱི་དཔལ་བ། ཐུགས་སྲས་བཟང་པོ་རྒྱལ་མཚན། རྭ་ལོ་གཉིས་པ་དགེ་བ་རྒྱལ་མཚན། རྗེ་བཙུན་སངས་རྒྱས་མཆོག་པ། མཚུངས་མེད་སྐྱེས་མཆོག་རྒྱལ་མཚན། གྲུབ་མཆོག་བཀྲ་ཤིས་སེངྒེ།«་་་་་ལྕགས་མོ་བཀྲ་ཤིས་སེངྒེ་ཡང་ཟེར། »རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག སྔགས་འཆང་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། ངག་དབང་བསོད་ནམས་རྒྱལ་མཚན། ཆོས་རྗེ་བཀྲ་ཤིས་དཔལ་ལྡན། མཁས་བཙུན་སངས་རྒྱས་དཔལ་བཟང༌།འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། དེ་ལས་མཁན་ཆེན་བྱམས་པ་བསོད་ནམས་བཟང་པོ་དང༌། མཁན་ཆེན་ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་མནོས་སོ། །ཡང་ན་འཇམ་དབྱངས་སངས་རྒྱས་ཕུན་ཚོགས་ནས། རྡོ་རྗེ་འཛིན་དབང་ཀུན་དགའ་བསྟན་འཛིན། མཁན་ཆེན་འཇམ་པའི་དབྱངས་སངས་རྒྱས་དཔལ་བཟང༌། དེ་ལས་ཤཱི་ལ་རིན་ཆེན་བདག་གིས་མནོས་སོ། །ཡང་ན་མཁྱེན་བརྩེའི་དབང་ཕྱུག་ནས། ཐུབ་བསྟན་མཁན་ཆེན་བྱམས་པ་རབ་བརྟན། མུས་ཆེན་སངས་རྒྱས་རྒྱལ་མཚན། ཨ་མི་ལགས་ཀྱི་དྲུང་མན་འདྲ། ཡང་ན་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ནས། འཇམ་མགོན་མཁྱེན་བརྩེ།སྔགས་འཆང་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། སྔགས་འཆང་ཀུན་དགའ་བསོད་ནམས་མན་འདྲ། ཡང་ན་ངག་དབང་ཆོས་གྲགས་ནས་རྒྱལ་རྩེ་པ་མན་འདྲ། གུར་གྱི་མགོན་པོ་གསང་སྒྲུབ་ལྷ་དགུའི་རྗེས་གནང་ཐུན་མོང་མ་ཡིན་པ་གསང་བའི་ཡང་གསང་རྗེ་ཚར་ཆེན་ཡན་སྙན་བརྒྱུད་འབའ་ཞིག་ཏུ་བཞུགས་པ་ལ། ཚར་ཆེན་གྱིས་ཐོ་ཙམ་མཛད་པ་དབང་ཕྱུག་རབ་བརྟན་གྱིས་ཚིག་སྣ་ཅུང་ཟད་བསྲིངས་བ་ཁ་བྱང་རྒྱ་སྐད་ཡོད་པའི་སྟེང་ངམ་མཁན་ཆེན་ངག་ཆོས་པས་མཛད་པ་གང་རུང་གི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི།ཚར་ཆེན་རྡོ་རྗེ་འཆང་ཆེན་པོ་ཡན་ཁྲོ་བཅུ་ལྟར་ལས། དེ་ནས་ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན།མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ངག་གི་དབང་ཕྱུག་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་མཁྱེན་བརྩེའི་དབང་ཕྱུག་ནས། རྗེ་བཙུན་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། ཡོངས་འཛིན་ངག་དབང་རྣམ་རྒྱལ། མཁན་ཆེན་ཀུན་དགའ་ཚུལ་ཁྲིམས། ཆོས་རྗེ་བུདྡྷ་ཤྲཱི་བྷ་དྲ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། རྡོ་རྗེ་འཆང་ཆེན་པོ་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལའོ། །སྲུང་འཁོར་རྡོ་རྗེ་བྲག་རྫོང་མ་བསྲུང་ཟློག་བསད་གསུམ་གྱི་ཕྱི་ཁྲིད། ནང་ཁྲིད་དྲག་པོ་སྔགས་རྒོད་ཀྱི་གསང་ཁྲིད་གཉུག་མ་ཡེ་ཤེས་ཀྱི་རྩལ་འདོན་རྣམས་ཀྱི་ཁྲིད་ཞིབ་ཏུ་ཐོབ་ཅིང༌། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡིག་ཆའི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡན་སྔར་དང་འདྲ་ཞིང༌། དེ་ནས་མཐུ་ཆེན་ཨཱ་ནན་དམ་པ། བླ་མ་བདག་ཉིད་ཆེན་པོ། མཁས་བཙུན་ནམ་མཁའ་ལེགས་པ། ཆོས་རྗེ་བླ་མ་དམ་པ། བླ་ཆེན་ཀུན་དགའ་རྒྱལ་མཚན།འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང༌། རྗེ་བཙུན་ཀུན་སྤངས་ཆེན་པོ། མཁས་གྲུབ་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྗེ་བཙུན་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། ངག་དབང་བསོད་ནམས་རྒྱལ་མཚན། ཁམས་སྟོན་བཀྲ་ཤིས་དཔལ་ལྡན། ཁམས་སྟོན་སངས་རྒྱས་དཔལ་བཟང༌། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། མཁན་ཆེན་རྡོ་རྗེ་འཆང་ཆེན་སངས་རྒྱས་དཔལ་བཟང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་ཉམས་ཁྲིད་ཟབ་མོ་སྨིན་རྒྱས་སུ་འཁོར་ལོ་མདོའི་ཕོ་བྲང་གི་བ་གམ་གསུམ་པར་ལེགས་པར་སྩལ་ཏོ། །ཡང་ཀུན་གྱི་སྤྱོད་ཡུལ་མ་ཡིན་པ་གསང་བ་ལས་ཀྱང་ཆེས་གསང་བ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་ལྷ་དགུ་རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་ནས་བསྒྲུབ་པའི་གསང་ཁྲིད་ཐུན་མོང་མ་ཡིན་པ་སྙིང་ནང་གི་ཁྲག་ལྟ་བུ་ཞལ་ཤེས་སྙན་བརྒྱུད་ཀྱི་ཁྲིད་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ཡན་གོང་ལྟར་ལས། དེ་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ཧེ་རུ་ཀ་དཔལ་ངག་དབང་ཀུན་དགའ་ལྷུན་གྲུབ།དེས་བདག་ལའོ། །ཚར་ཆེན་གྱིས་མཛད་པའི་རྒྱུན་གྱི་ཉམས་ལེན་དང༌། ནང་འཁོར་ལོ་ལྔ་ལ་བརྟེན་པའི་ལས་སྦྱོར། ཁྲིད་རྗེ་མཁྱེན་བརྩེ་པས་མཛད་པའི་སྟེང་ནས་མཛད་ཅིང་ལུང་ཡང་ཐོས་སོ། །ཚེ་སྒྲུབ་ཀྱི་བརྒྱུད་པ་ནི། ཆོས་རྗེ་བླ་མ་དམ་པ་ནས། བླ་མ་དཔལ་ལྡན་ཚུལ་ཁྲིམས། ངོར་ཆེན་རྡོ་རྗེ་འཆང༌། རྗེ་བསོད་ནམས་དབང་ཕྱུག རྗེ་བཙུན་རྡོ་རིང་པ།རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་འདྲའོ། །ཡང་ཁྲིད་ཡོངས་རྫོགས་ཀྱི་བརྒྱུད་པ་ལུགས་གཅིག་ལ། ཚར་ཆེན་ཡབ་སྲས་གཉིས་ནས་སྔགས་འཆང་སངས་རྒྱས་རིན་ཆེན། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཐམས་ཅད་མཁྱེན་པ་ཀུན་དགའ་ལྷུན་གྲུབ་མན་འདྲའོ། །བརྒྱུད་པ་འདི་ལས་འོངས་པའི་ལྕམ་དྲལ་ལྷ་གསུམ། ལྷ་བརྒྱད། ལྷ་བཅུ་གཉིས་མ་རྣམས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་སོ་སོར་ཐོབ་བོ། །དེ་དག་གི་རྒྱབ་བརྟེན་ལུང་གི་སྐོར་ལ། ལྷ། རྒྱ།སྡིངས། ཡར་གྱི་རྟགས་ཡོད་པ་རྣམས་མ་གཏོགས་པའི་མེ་འབར་མ་དང་ཁ་སྐོང་གཉིས་ཀྱི་མཆོད་རྟེན་གྱི་རྟགས་ཅན་རྣམས་དང༌། གྱ། ངག ས། ལོའི་རྟགས་ཅན་རྣམས་མ་གཏོགས་པའི་སྙན་བརྒྱུད་པོ་ཏིའི་རྟགས་ཡོད་མེད་ཡོངས་རྫོགས་ཀྱི་ལུང་གི་བརྒྱུད་པ་ནི།«་་་་་ཕོ་རྐྱང་གི་ཐོག་མའི་བརྒྱུད་རིམ་དུ། »རྡོ་རྗེ་འཆང༌། ཀླུ་སྒྲུབ། ཨཱརྻ་དེ་ཝ། བིརྺ་པ།ནག་པོ་པ། མཆོག་སྲེད་ཅེས་སྒོ་རུམ་དཔེ་ཁང་གི་ས་ཆེན་གྱི་ཕྱག་བྲིས་ངོ་མ་བདག་ཆེན་རྡོ་རྗེ་འཆང་གིས་རྙེད་པ་ལས་བྱུང་ངོ༌།། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ནས། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག མཐུ་སྟོབས་ཀྱི་དབང་ཕྱུག་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མཁན་ཆེན་ཞྭ་ལུ་པ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་མན་འདྲ། ཡང་མེ་འབར་མའི་ཕྱིའི་ཆོས་སྐོར་ནང་སྒྲུབ་ཀྱི་ཡི་གེ་ལྔ། གསང་བ་ཐུན་མོང་མ་ཡིན་པའི་ཡི་གེ་བདུན་དང་བཅས་པའི་ལུང་གི་བརྒྱུད་པ་ལུགས་གཅིག་ལ་ཚར་ཆེན་དང༌། ཀུན་མཁྱེན་མཁྱེན་བརྩེའི་ཞབས་གཉིས་ཀ་ལས། སྔགས་འཆང་སངས་རྒྱས་རིན་ཆེན། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ་མན་གོང་བཞིན་ནོ། །རྡོ་རྗེའི་རྟགས་ཅན་རྣམས་ཀྱི་ལུང་བརྒྱུད་ནི། འཇམ་དབྱངས་བསོད་ནམས་རྒྱལ་མཆོག བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ་མན་གོང་བཞིན་ནོ། །རྡོ་རྗེ་དཔལ་བེའུ་ཅན་གྱི་ལུང་བརྒྱུད་ནི། ཡར་ཀླུངས་པ་སེངྒེ་རྒྱལ་མཚན། བླ་མ་དཔལ་ལྡན་བློ་གྲོས། དམར་ཆོས་ཀྱི་རྒྱ་མཚོ། པཎ་ཆེན་བྱམས་པ་གླིང་པ། རྗེ་བཙུན་ཀུན་དགའ་རྣམ་རྒྱལ་མན་འདྲའོ། །རུ་རྟགས་ཅན་གྱི་ལུང་བརྒྱུད་ནི། རྡོ་རྗེ་འཆང༌། གྲུབ་ཆེན་བྲམ་ཟེ་མཆོག་སྲེད། ལ་ལི་ཏ་བཛྲ། ནག་པོ་རོ་འཛིན། གྱི་ལྗང་དབུ་དཀར་བ། གཤེན་རྡོ་རྗེ་སེངྒེ། འབྲོམ་རྡོ་རྗེ་རྒྱལ་མཚན། སྒོམ་རིན་ཆེན་སེངྒེ། སེངྒེ་དཔལ། ཆོས་ཀྱི་རིན་ཆེན། དམར་བསོད་ནམས་འཕེལ། སངས་རྒྱས་འབུམ། དགའ་ལྡན་པ་བཀྲ་ཤིས་དཔལ། དགའ་ལྡན་པ་ཀུན་དགའ་བསོད་ནམས། བག་སྟོན། ཐོག་སྟོན་ཤེས་རབ་རྡོ་རྗེ། རིན་ཆེན་འཕེལ། རྒྱ་མ་བ་ཡོན་ཏན་འོད། མཁན་ཆེན་གྲུབ་པ་ཤེས་རབ། རྒྱ་སྟོན་ཙནྡྲ་དེ་བ། རི་ཁྲོད་པ་བསོད་ནམས་རྒྱ་མཚོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱས་འགྱུར་བ་བསོད་ནམས་སེངྒེ། འགོས་སྟོན་རྡོ་རྗེ་སེངྒེ། བླ་ཆེན་ནམ་མཁའ་གཟི་བརྗིད། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག དྲུང་ཀུན་དགའ་ལེགས་པ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། དྲིན་ཆེན་རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། དེ་མན་ཆད་སྔ་མ་དང་འདྲ་བ་ཉིད་དོ། །ས་རྟགས་ཅན་གྱི་ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས། ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག མཁན་ཆེན་བསོད་ནམས་མཆོག་གྲུབ་མན་འདྲ། ཡང་ངག་གི་རྟགས་ཅན་གྱི་བརྒྱུད་པ་ནི། སྔགས་འཆང་བསོད་ནམས་ཆོས་འཕེལ་ནས། མཁན་ཆེན་ངག་དབང་ཆོས་གྲགས། ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་ངག་དབང་བསོད་ནམས་དབང་ཕྱུག མཁན་ཆེན་ཞྭ་ལུ་པ་མན་འདྲ། ལོ་རྟགས་ཅན་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ཡན་གོང་ལྟར་ལས། དེ་ནས་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་མན་འདྲའོ། །ཡང་གྱི་ལྗང་ལུགས་ཀྱི་མགོན་པོའི་ཆོས་སྐོར་ཡོངས་རྫོགས་ཀྱི་ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མཁའ་འགྲོ་མ་རྡོ་རྗེ་གུར། སློབ་དཔོན་བྲམ་ཟེ་མཆོག་སྲེད། ལ་ལི་ཏ་བཛྲ། གྲུབ་ཐོབ་ནག་པོ་རོ་འཛིན།ལོ་ཙཱ་བ་གྱི་ལྗང་དབུ་དཀར་བ། ཚར་དགུ་སྟོན་པ། གྲུ་གུ་སྟོན་པ། དགེ་བཤེས་དབུགས། ས་སྐྱ་པ་དགེ་སློང་དྷརྨཱ་གཟི་བརྗིད། ཉི་ཐོག་པ་སྔགས་འཆང་ཀུན་དགའ་ཟླ་བ། མདར་མཁན་པོ་བློ་གསལ་རྒྱལ་མཚན། མཁན་ཆེན་སེངྒེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཐུགས་སྲས་ཀླུ་དབང་གླིང་པ། དྲིན་ཆེན་ཚེ་དབང་བཀྲ་ཤིས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག སྔགས་འཆང་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། རྗེ་ངག་དབང་རྣམ་རྒྱལ། ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བཀྲ་ཤིས། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ་མན་གོང་དང་འདྲའོ། །ཡང་ན་བྲམ་ཟེ་མཆོག་སྲེད་ནས། བཛྲ་པཱ་ཎི། ཀུ་ཀུ་རི་པ། ལ་ལི་ཏ་བཛྲ། གྱི་ལྗང་དབུ་དཀར་བ། གྲུ་གུ་སྟོན་པ། མོན་མིག་དམར་སྟོན་པ། ར་ལམ་སྟོན་པ། མགོན་པོ་ཇོ་ཞང༌། ལང་འགྲོ་བྱང་ཆུབ་དར། ལྕེ་སྟོན་མདོ་སྡེ་སེངྒེ། གྲུ་སྟོན་ཤཱཀ་འབུམ། དཀར་གཤོངས་པ་རྡོ་རྗེ་རྒྱལ་མཚན། མངའ་རིས་བླ་ཆེན་ཆོས་དཔལ་བཟང་པོ། སྟག་ཚང་ལོ་ཙཱ་བ་མཉྫུ་ཤྲཱི། རྩང་བྱམས་པ་རྡོ་རྗེ་རྒྱལ་མཚན། མུས་ཆེན་རྣམ་རྒྱལ་དཔལ་བཟང༌། ཐུགས་སྲས་ཀླུ་དབང་གླིང་པ་མན་འདྲའོ། །ཡང་ན་གྲུ་སྟོན་ཤཱཀ་འབུམ་ནས། བདག་པོ་བསོད་ནམས་ཡོན་ཏན།མངའ་རིས་བླ་ཆེན་མན་འདྲ། ཡང་ན་བྲམ་ཟེ་ཆེན་པོ་ནས། བདེ་བའི་རྡོ་རྗེ། ཤྲདྡྷཱ་ཀ་ར། ཇོ་བོ་དཱི་པཾ་ཀ་ར། ལོ་ཙཱ་བ་རིན་ཆེན་བཟང་པོ། དགེ་ཚུལ་པུརྞ། རྒྱ་ལྕགས་རི་གོང་ཁ་བ།རྫིང་བུ་ཁ་པ་ཤཱཀྱ་གྲགས། སྤེན་ཕུག་པ་དར་མ་ཤཱཀྱ། ཞང་སྟོན་ཡེ་ཤེས། བཟེ་པ་དོན་གྲུབ། བར་ཐང་པ་ཡབ་སྲས། སློབ་དཔོན་དར་ཤཱཀ སྤུར་བསོད་ནམས་དབང་ཕྱུག བླ་མ་མཆོག་ལྡན། སྐྱི་སྟོན་གྲགས་པ་རྒྱལ་མཚན། བླ་མ་རིན་ཆེན་རྡོ་རྗེ། མཁན་ཆེན་ནམ་མཁའ་ཡེ་ཤེས། མཁན་ཆེན་བྱང་ཆུབ་སེངྒེ། ཕྱི་མ་གསུམ་ཆར་ལས་ཐེག་ཆེན་ཆོས་ཀྱི་རྒྱལ་པོ། རྫོང་ཆུང་པ་ཀུན་དགའ་རྒྱལ་མཚན། མཁན་ཆེན་ནམ་མཁའ་ལྷུན་བཟང༌། རྩང་བྱམས་པ་རྡོ་རྗེ་རྒྱལ་མཚན་མན་འདྲའོ། །ཡང་ན་སྐྱི་སྟོན། དོལ་བུ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། མཁན་ཆེན་བྱང་ཆུབ་སེངྒེ། ཐེག་ཆེན་པ་མན་འདྲ། ཡང་ན་རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། ནག་པོ་རོ་འཛིན། གྱི་ལྗང་དབུ་དཀར་བ། མལ་ལོ་བློ་གྲོས་གྲགས་པ། ས་སྐྱ་པ་ཆེན་པོ། བླ་ཆེན་ཡར་སྒོམ་སེ་བོ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། དྲིན་ཆེན་སེངྒེ་བཟང་པོ། ཡར་ཀླུངས་པ་སེངྒེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྒྱ་གར་ཤེས་རབ་རྒྱལ་མཚན། པཎ་ཆེན་འབུམ་ཕྲག་གསུམ་པ། རྗེ་ཚུལ་ཁྲིམས་པ། ཚར་པ་རྡོ་རྗེ་འཆང་མན་འདྲའོ། །ཁ་སྐོང་པོ་ཏིའི་མུ་གཡུང་དྲུང་ཅན་གྱི་བརྒྱུད་པའང་འདི་ཉིད་དོ། །མེ་འབར། ཁ་སྐོང༌། སྙན་བརྒྱུད་གསུམ་གྱི་ཆོས་སྐོར་གཏེར་བྱོན་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌།འཕགས་པ་ཀླུ་སྒྲུབ། འདིས་རྡོ་རྗེ་གདན་གྱི་ཀ་བ་ལ་གཏེར་དུ་སྦས། དེ་ནས་དཔལ་ཨཽ་ཌྱཱན་ཆེན་པོ་པདྨ་བཛྲ་གྱིས་སྤྱན་དྲངས་ནས་རྒྱ་གར་ཤར་ཕྱོགས་དྷརྨ་པཱ་ལར་གནང༌། དེས་ཏི་སེ་དང་མཚོ་མ་དྲོས་པ་གཟིགས་པའི་ཆེད་དུ་བྱོན་པས་ལོ་ཙཱ་བ་ཆེན་པོ་མཇལ་བར་གདམས་པ་རྣམས་གནང༌། ལོ་ཙཱ་བ་རིན་ཆེན་བཟང་པོ་མན་གོང་བཞིན་ནོ། །མེ་འབར་པོ་ཏིའི་ཕྱི་སྒྲུབ་ཡིག་སྣ་བརྒྱ་དང་ཉི་ཤུའི་བརྒྱུད་པ་ལུགས་གཅིག་ནི། ཡབ་འཇམ་དབྱངས་ཆེན་པོ་ནས། གཅེན་རྒྱ་གར་ཤེས་རབ་རྒྱལ་མཚན། ཡབ་སྲས་གཉིས་ཀ་ལས་གཅུང་བདག་ཆེན་རྡོ་རྗེ་འཆང༌། དེ་ལས་རྡོ་རིང་རིན་པོ་ཆེ་དང་མཁན་ཆེན་རཏྣ་ཤཱི་ལས་གསན། གསུམ་ཀ་ལས་རྗེ་བཙུན་སྒོ་རུམ་པ། དེ་ནས་འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་ཚར་པ་རྡོ་རྗེ་འཆང་ཆེན་པོ་ནས། རྗེ་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། རབ་འབྱམས་ཆོས་རྗེ་ཀུན་དགའ་ལྷུན་གྲུབ།«་་་་་ཆོས་སྐུ་རྡོ་རྗེ་ཡང་ཟེར།»ཁྱབ་བདག་བཀའ་འགྱུར་བ། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་མན་འདྲའོ། །རྒྱ་རྟགས་ཅན་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཀླུ་སྒྲུབ། ཨཽ་ཌྱཱན་ཆེན་པོ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། གཏེར་སྟོན་རྒྱ་པདྨ་དབང་ཕྱུག ལྷོ་པ་སྟོན་ཉི། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེངྒེ་བཟང་པོ། ཡར་ཀླུངས་པ་སེངྒེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན་མན་འདྲ། ཡང་ན་འཕགས་པ་རིན་པོ་ཆེ།ཞང་དཀོན་མཆོག་དཔལ་བ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཡར་ཀླུངས་པ་སེངྒེ་རྒྱལ་མཚན་མན་འདྲ། ཡང་ཕྱི་ཁྲིད་ནང་ཁྲིད། དེ་ལས་འཕྲོས་པའི་ཡི་གེ མེ་འབར་དཀར་ཆག་གི་གསང་བ་ཐུན་མོང་མ་ཡིན་པའི་ཡི་གེ མཆོད་རྟེན་གྱི་རྟགས་ཅན་རྣམས་ཀྱི་ལུང་བརྒྱུད་ནི། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ནས། དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ་མན་འདྲ། བྲན་བདུད་ཀྱི་ཆོས་ཚན་གསུམ་གྱི་ལུང་ནི། ས་ཆེན་ནས། ཞང་མངའ་རིས་པ། དགེ་གཉན་སྲས་མཆོག་མགོན་པོ། དོལ་པོ་འབྱུང་གནས་པ། བླ་མ་མགོན་པ་རྒྱ། དོ་པ་སྟོན་ཚུལ་མན་འདྲའོ། །ཡར་གྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། རྗེ་བཙུན་ས་སྐྱ་པ་ཆེན་པོ་ནས། བླ་ཆེན་ཡར་སྒོམ་སེ་བོ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེངྒེ་བཟང་པོ། ཡར་ཀླུངས་པ་སེངྒེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག ཡབ་རྗེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང༌། སློབ་དཔོན་དཔལ་ལྡན་རྒྱལ་པོ། མུས་ཆེན་སངས་རྒྱས་རིན་ཆེན། བདག་ཆེན་ངག་གི་དབང་ཕྱུག རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་མཆོད་རྟེན་གྱི་རྟགས་ཅན་དང་འདྲ། སྡིངས་རྟགས་ཅན་གྱི་བརྒྱུད་པ་ནི། དམ་པ་ཀུན་དགའ་གྲགས་ནས། བླ་མ་རྡོ་རྗེ་དཔལ། མཚུངས་མེད་བཀྲ་ཤིས་དངོས་གྲུབ། སྦས་པའི་རྣལ་འབྱོར་བར་སྡིངས་པ་རྡོ་རྗེ་རྒྱལ་མཚན། ཡབ་ཆོས་རྗེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་མན་ཞལ་ངོ་ནང་བརྒྱུད་བཞིན་ནོ། །དཀར་ཆག་ཏུ་མ་འཁོད་པའི་ཡི་གེ་ས་བཅད་བཅུ་གསུམ་པོའི་ལུང་བརྒྱུད་ནི་མཆོད་རྟེན་གྱི་རྟགས་ཅན་རྣམས་དང་མཐུན་ནོ། །དུད་སོལ་མ་ཕྱི་སྒྲུབ་ཀྱི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། འཕགས་པ་ཀླུ་སྒྲུབ། ལུས་མེད་ཡེ་ཤེས་ཀྱི་མཁའ་འགྲོ། ཏཻ་ལོ་པ། ནཱ་རོ་པ། མར་པ་ལོ་ཙཱ་བ། རྔོག་ཆོས་སྐུ་རྡོ་རྗེ། ཞུ་ཆོས་སྡིངས་པ། ཤ་སྒང་པ། གཉགས་སྟོན་ཆེན་པོ། གཉགས་དགེ་བཤེས་མུས་པ།མདོ་སྡེ་གྲགས། སློབ་དཔོན་ཇོ་ཡེ། གཉགས་གནས་གསར་བ། གླེ་ལུང་ཇོ་སྲས་མ་གཅིག་དགོན་ཆུང་མ། མུས་ཆེན་རྒྱལ་མཚན་བཟང་པོ། གུག་ཤྲཱི་རིན་པོ་ཆེ། སྨོན་ལམ་རྡོ་རྗེ།བསོད་ནམས་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། སྔགས་འཆང་མཆོག་རྒྱལ་བ། མུས་ཆེན་སངས་རྒྱས་རིན་ཆེན། ལོ་པ་ངག་དབང་ཆོས་གྲགས། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། བྱམས་པ་ཀུན་དགའ་ཆོས་གྲགས། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ།དེས་བདག་ལའོ། །ཡང་ན་ངག་དབང་ཆོས་གྲགས་ནས། སངས་རྒྱས་སེངྒེ། མུས་པ་ནམ་མཁའ་དཔལ་བཟང༌། མཆོག་ལེགས་རྡོ་རྗེ་མན་འདྲ། ཡང་ན་རྡོ་རྗེ་འཆང༌། བྲམ་ཟེ་ས་ར་ཧ། མགོན་པོ་ཀླུ་སྒྲུབ། ཌཱ་ཀི་མ་བསྐལ་པ་བཟང་མོ། སློབ་དཔོན་ལྭ་བ་པ། དེ་བཞི་ཀ་ལས་ཏཻ་ལོ་པས་གསན་པ་མན་འདྲ། གསང་སྒྲུབ་རྗེས་གནང་ཐུན་མོང་མ་ཡིན་པ་ནན་ཆགས་མར་གྲགས་པ་དང་ཆོས་སྐོར་གྱི་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། རྔོག་ཆོས་སྐུ་རྡོ་རྗེ་ནས། རྔོག་ཞེ་སྡང་རྡོ་རྗེ། རྔོག་ཐོགས་མེད་གྲགས། རྒྱལ་ཚ་ར་མོ། རྔོག་ཀུན་དགའ་རྡོ་རྗེ། རྔོག་གཟི་བརྗིད་གྲགས། རྔོག་རིན་ཆེན་བཟང་པོ། རྔོག་ཆོས་ཀྱི་རྒྱལ་མཚན། རྔོག་དོན་གྲུབ་དཔལ། རྔོག་བྱང་ཆུབ་དཔལ། རྔོག་ཁྲ་ཚང་པ་བསོད་ནམས་དོན་གྲུབ། རྔོག་ཤཱཀྱ་དོན་གྲུབ། རྔོག་ཐར་གླིང་པ་བསོད་ནམས་ལྷུན་པོ། དེ་སྲས་རྔོག་བསོད་ནམས་བསྟན་འཛིན། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ཐམས་ཅད་མཁྱེན་པ་ཆེན་པོ་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཕྱིའི་ལས་མཁན་གཅེར་བུ་ཟངས་གྲི་ཅན་གྱི་རྗེས་གནང་གི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ཡན་ཞལ་ངོ་ནང་བརྒྱུད་ལྟར་ལས། དེ་ནས་དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། དྲིན་ཆེན་སེངྒེ་བཟང་པོ། ཡར་ཀླུངས་པ་སེངྒེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། གཅེན་རྒྱ་གར་ཤེས་རབ་རྒྱལ་མཚན། པཎ་ཆེན་འབུམ་ཕྲག་གསུམ་«་་་་་འབུམ་བྱམས་པ་ཆོས་ཀྱི་དོན་གྲུབ། »པ། མཁས་པ་རཏྣ་«་་་་་ཆོས་རྗེ་ཚུལ་ཁྲིམས་པའང་ཟེར། »ཤཱི་ལ། རྗེ་སྒོ་རུམ་པ། ཚར་ཆེན་རྡོ་རྗེ་འཆང་ཡབ་སྲས་གཉིས་ཀ་ནས་འཇམ་དབྱངས་མཁྱེན་བརྩེ། དེ་ལས་རྗེ་བསླབ་གསུམ་དང་རྟ་རྭ་བ་གཉིས་ཀས་གསན། ཡབ་སྲས་བཞི་ཀ་ལས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མཁན་ཆེན་ཞྭ་ལུ་པ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ་མན་འདྲའོ། །ཡང་ན་རྗེ་ས་ཆེན་ནས། ཡར་སྒོམ་སེ་བོ། དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ་མན་འདྲ། ཡང་ན་རྗེ་བཙུན་ས་ཆེན་ནས། འགོས་སྟོན་ཚར་སྒང་པ། དགེ་བཤེས་མི་གཡོ་བ། གཤེན་སྒོམ་བླ་མ་དཔལ། སློབ་དཔོན་ཤེས་རབ་བླ་མ། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ།དཔལ་ལྡན་བླ་མ་དམ་པ། ཡར་ཀླུངས་པ་སེངྒེ་རྒྱལ་མཚན་མན་འདྲ། ཡང་ན་རྗེ་བཙུན་ས་པཎ་ནས། མདོ་ཁམས་ཀྱི་རྟ་རྒེ་བླ་མ། སློབ་དཔོན་ཤེས་རབ་བླ་མ་མན་འདྲ། ལུགས་གཅིག་ལ། རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། བཛྲ་པཱ་ཎི། ཀུ་ཀུ་རི་པ། ནག་པོ་རོ་འཛིན། གྱི་ལྗང་དབུ་དཀར་བ། མལ་ལོ་ཙཱ་བ། ས་ཆེན་མན་འདྲ། ནང་གི་ལས་མཁན་བེར་ནག་ཟངས་གྲི་ཅན་གྱི་རྗེས་གནང་གི་བརྒྱུད་པ་ནི། འགོས་སྟོན་ཚར་སྒང་པ་དང༌། རྟ་རྒེ་བླ་མ་ཡོད་པ་སོར་གནས་ཀྱི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་མན་ཆད་སྔར་དང་འདྲའོ། །གསང་བའི་ལས་མཁན་པུ་ཏྲ་མིང་སྲིང་ཕྱི་ནོར་སྲུང་གནོད་སྦྱིན་ཕོ་མོའི་ཚུལ་དང༌། ནང་བསད་པ་གཤིན་རྗེ་ཕོ་མོའི་ཚུལ་དུ་སྒྲུབ་པའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། འཕགས་པ་ཀླུ་སྒྲུབ། ཨཽ་ཌྱཱན་ཆེན་པོ། པཎ་གྲུབ་དྷརྨ་པཱ་ལ།ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། དེ་ལས་མལ་ལོ་ཙཱ་བ་དང༌། འབྲོམ་ཇོ་སྲས་ཞང་དགེ་གཉིས་ཀྱིས་གསན། གཉིས་ཀ་ལས་བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ། འཕགས་པ་བློ་གྲོས་རྒྱལ་མཚན། རྒྭ་ཨཱ་ནན་དམ་པ། དགའ་ལྡན་པ་ཀུན་དགའ་བསོད་ནམས། གན་པ་རིན་རྒྱལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། ས་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས། གྲུབ་ཆེན་སྦས་པའི་རྣལ་འབྱོར་དཔལ་ལྡན་བཀྲ་ཤིས། ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན། འཇམ་དབྱངས་བསོད་ནམས་དབང་པོ། སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། སྔགས་འཆང་ངག་དབང་ཀུན་དགའ་བཀྲ་ཤིས། རྡོ་རྗེ་འཆང་བཟང་པོ་རྒྱལ་མཚན། འཕགས་པ་ཆོས་ཀྱི་རྒྱལ་མཚན།རྗེ་བཙུན་བསོད་ནམས་དབང་ཕྱུག བཀའ་དྲིན་ཅན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་འཕགས་པ་ཆོས་ཀྱི་རྒྱལ་མཚན་ནས།མཁས་མཆོག་བཀྲ་ཤིས་དབང་ཕྱུག«་་་་་སྡེ་དགེ་ལྷུན་གྲུབ་སྟེང་པ། »ཁམས་«སྡེ་དགེ་ལྷུན་གྲུབ་སྟེང་པ།་་་་་»སྟོན་རྡོ་རྗེ་འཆང་ནམ་མཁའ་དཔལ་བཟང༌། དེས་བདག་ཚུལ་རིན་ལའོ། །ཡང་རྗེས་གནང་དང་ལྷའི་རྟགས་ཡོད་པའི་ལུང་བརྒྱུད་ལ་རྒྱ་གར་གྱི་གཏེར་མ་དང༌། བོད་ཀྱི་གཏེར་མ་གཉིས་ལས་དང་པོ་ནི། བླ་མ་དམ་པ་ཡན་རྗེས་གནང་དང་འདྲ་ཞིང༌།དེ་ནས་བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ་ཀུན་སྤངས་པ་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྡོ་རྗེ་འཆང་རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ་མན་འདྲའོ། །ཡང་རྗེས་གནང་རྐྱང་པའི་བརྒྱུད་ལུགས་གཅིག་ལ། བླ་མ་དམ་པ་ཡན་སྔར་ལྟར་ལས། དེ་ནས་བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎ་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། འཇམ་དབྱངས་ས་སྐྱ་ལོ་ཙཱ་བ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེངྒེ། མཁས་གྲུབ་ནམ་མཁའ་དཔལ་བཟང༌། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། དྲིན་ཆེན་མཁྱེན་རབ་བླ་མ་མན་འདྲའོ། །ཡང་ན་ངོར་ཆེན་ནས། རྒྱལ་ཚབ་རྗེ། རཏྣ་ཝརྡྷ། དཀོན་མཆོག་ལྷུན་གྲུབ་མན་འདྲའོ། །བོད་ཀྱི་གཏེར་མའི་བརྒྱུད་པ་ལྟར་ན། དཔལ་ཨཽ་ཌྱཱན་གྱི་སློབ་དཔོན་ཆེན་པོ་ནས། ཇོ་མོ་མཁར་ཆེན་བཟའ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། ལྷ་བཙུན་བྱང་ཆུབ་འོད། ལོ་ཙཱ་བ་རིན་ཆེན་བཟང་པོ་མན་སྔར་ལྟར་རོ། །རུ་མཚོན་གྱི་ལས་མཁན་བྲན་བདུད་གཤིན་རྗེ་ནག་པོའི་རྗེས་གནང་ཐུན་མོང་བའི་བརྒྱུད་པ་ནི། ས་པཎ་ཡན་གོང་ཞལ་ངོ་ནང་བརྒྱུད་ལྟར་ལས། དེ་ནས་དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེངྒེ་བཟང་པོ། ཡར་ཀླུངས་པ་སེངྒེ་རྒྱལ་མཚན། ཚེམ་བུ་པ་དཔལ་ལྡན་བློ་གྲོས།དམར་སྟོན་རྒྱལ་མཚན་འོད་ཟེར། དཔལ་ཀུན་བཟང་རྩེ་པ་བསོད་ནམས་རྒྱལ་མཚན། ཏིའུ་ར་པ་ཆག་ལོ་རིན་ཆེན་ཆོས་རྒྱལ། ས་ལོ་འཇམ་དཔལ་རྡོ་རྗེ། གཅུང་འཇམ་དབྱངས་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན། སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན། འཇམ་དབྱངས་བསོད་ནམས་དབང་པོ། སྔགས་འཆང་ཀུན་དགའ་བསོད་ནམས། དཔོན་སློབ་ཀུན་དགའ་དཔལ་འབྱོར། འདི་ནས་བླ་མ་གཉིས་ཙམ་བཙལ་དགོས། ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། ཀུ་ཀུ་རི་པ། དུར་ཁྲོད་ནག་པོ་རོ་འཛིན། གྱི་ལྗང་ལོ་ཙཱ་བ་དབུ་དཀར། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། རྗེ་བཙུན་ས་སྐྱ་པ་ཆེན་པོ། བླ་ཆེན་ཡར་སྒོམ་སེ་བོ། རྒྱལ་ཁམས་པ་དོ་པ་སྟོན་ཚུལ་མན་འདྲ། ཡང་ན་ས་ཆེན་ནས་ཞང་མངའ་རིས་པ། དགེ་བསྙེན་སྲས་མཆོག་མགོན་པོ། དོལ་པོ་འབྱུང་གནས་པ། རྒྱ་སྒོམ་ཚུལ་ཁྲིམས་གྲགས། དོ་པ་སྟོན་ཚུལ་མན་འདྲའོ། །དེ་ཡང་གོང་གི་རྩ་བའི་རྟགས་བཞི་རྒྱག་པའི་དགོས་པ་ནི། ཇི་སྐད་དུ། དེ་དག་ལས་འོངས་སོ་སོའི་ངོས་འཛིན་ནི། །ངོར་ལུགས་ཡི་གེ་ཨེ་ཡི་རྟགས་ཀྱིས་མཚན། །རྡོ་རྗེ་གདན་པ་ལས་བྱུང་རྡོ་རྗེའི་རྒྱ། །མུས་སྲད་པ་ནི་ཡི་གེ་མུ་ཡི་རྒྱ། །བདག་ཆེན་རྡོ་རྗེ་འཆང་དབང་ལས་བརྒྱུད་པའི། །རྩ་བའི་ཡི་གེ་མཆོད་རྟེན་རྒྱ་ཡིས་མཛེས། །ཐོར་བུ་གཞན་དག་མཆན་བུ་བཏབ་པས་ཤེས། །ཞེས་གསུངས་པ་ལྟར་རྟོགས་པར་བྱ་ཞིང་གོང་དུ་ངོས་མ་ཟིན་པའི་མེ་འབར་ཁ་སྐོང་གི་ལྗང་གསུམ་ལ་རྟགས་མེད་པ་འགའ་ཞིག་བྱུང་བ་རྣམས་མཆན་བུ་འགྲོལ་རྒྱུ་ཡི་གེ་ངོས་མ་མ་མཐོང་བས་རེ་ཞིག་དཔྱད་པར་བྱའོ། །སྨྲས་པ། ཕྱི་རོལ་སྣང་བའི་དྲེགས་པ་རྒྱུད་གསུམ་པོ། །རང་སེམས་གདོད་མའི་མགོན་པོར་ངོ་སྤྲོད་པ། །བཀའ་བབས་རྣམ་བཞིའི་དབང་དང་བྱིན་རླབས་ཁྲིད། །རྒྱབ་བརྟེན་གླེགས་བམ་ཕལ་ཆེར་ལུང་དུ་མནོས། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། གསེར་ཆོས་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་ཉེར་བཞི་པའོ།།  །།རྣལ་འབྱོར་དམ་ཚིག་ལྡན་པར་རྟག་འགོ་ཞིང༌། །རྒྱལ་གསུང་གསང་མཛོད་བསྲུང་བའི་གཡར་དམ་མདུད། །མི་ཤིགས་དམ་ཅན་ཡོངས་ཀྱི་སྡེ་དཔོན་ཆེ། །ཞིང་སྐྱོང་གདོང་བཞི་ལྡན་པའི་ཆོས་སྐོར་ལ། །དེ་ཡང་དཔལ་གསང་བ་འདུས་པའི་རྩ་བརྒྱུད་ལེའུ་བཅུ་བདུན་པ་ལས། དྲག་པོ་མི་སྡུག་ཁྲོས་པ་ནི། །ཨུཏྤལ་སྔོན་པོའི་ཁ་དོག་འདྲ། །ཕྱག་བཞི་པ་ནི་ཆོ་ག་ཡིས། །ཕྱག་ན་ཐོད་པ་བསྣམས་པར་བསྒོམ། །ཞེས་དངོས་སུ་བསྟན་ཅིང༌། དཔལ་འཁོར་ལོ་སྡོམ་པའི་བཤད་རྒྱུད་ལས་ཀྱང་གསལ་བར་བསྟན་པའི་སྟོབས་འཕྲོག་ནག་པོ་ཆེན་པོ་གདོང་བཞི་པའམ་དྲག་པོ་གཟི་ལྡན་དབང་ཕྱུག་ཏུ་གྲགས་པ་འདི་ཉིད་ནི། རྡོ་རྗེ་འཆང་ཚར་པ་ཆོས་རྗེས། དེ་ལྟར་རྒྱལ་བའི་དྲི་མེད་རྒྱུད་སྡེ་ལས། །གསུངས་པའི་བསྟན་སྲུང་ཀུན་གྱི་མཆོག་གྱུར་པ། །དྲག་ཤུལ་མཐུ་ལྡན་སྟོབས་འཕྲོག་ནག་པོ་ཞེས། །རྒྱ་བོད་མཁས་གྲུབ་ཀུན་ལ་རླུང་ལྟར་གྲགས། །ཞེས་གསུངས་པ་ལྟར་འཕགས་པའི་ཡུལ་དུ་སངས་རྒྱས་གཉིས་པ་དཔལ་མགོན་ཀླུ་སྒྲུབ་ཞབས། བསོད་སྙོམས་པ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏ། མ་ཧཱ་པཎྜི་ཏ་འབུམ་ཕྲག་གསུམ་པ། རི་སུལ་གྱི་རྣལ་འབྱོར་མ་ཀུ་ས་ལི་ཆེན་མོ་སོགས་པཎ་གྲུབ་དུ་མས་ཆོས་སྐྱོང་གི་གཙོ་བོར་མཛད་ཅིང༌། བསིལ་ལྡན་ཁ་བའི་ལྗོངས་འདིར་སྐད་གཉིས་སྨྲ་བའི་དབང་པོ་གཉན་ལོ་ཙཱ་བ་དར་མ་གྲགས་ཀྱིས་གདན་དྲངས་པའི་བསྟན་སྲུང་བརྒྱ་རྩ་ཙམ་གྱི་ནང་ནས་གཙོ་བོར་གྱུར་པ་བཟུང༌། བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་བསྟན་པ་སྲུང་བའི་མཚོན་ཆར་མགོན་པོ་ཆེ་ཆུང་གཉིས་སུ་དབྱེ་བའི་ཆུང་བར་གྲགས་ཤིང་ཤིན་ཏུ་རྩུབ་འགྱུར་ཆེ་ཞིང་གཉན་པས་བཀའ་དམ་པར་མཛད། ཁྱད་པར་སྦས་པའི་མགོན་པོ་ལ་རིགས་མང་དུ་ཡོད་པའི་ནང་ནས་སྦས་པའི་མགོན་པོའམ་དམ་ཚིག་གི་མགོན་པོ་ཡིན་པས་ཞལ་བཞི་ཡོངས་རྫོགས་ཀྱི་སྐུ་གཟུགས་བྲིས་འབུར་སོགས་ཀྱང་མི་བཞེད་ཞིང༌། རེ་གཉིས་བྱུང་བ་དག་ཀྱང་ཁྱབ་གདལ་དུ་ཡེ་མི་སྟོན་པ་གནད་ཀྱི་གདམས་པ་ཡིན་གྱི། དེང་སང་འདིའི་སྐུ་འདྲི་བ་དང་སྟོན་པ་སོགས་བག་མེད་དུ་བྱེད་པ་རྣམས་ནི་འདི་དག་རྣ་བས་མ་ཐོས་ཤིང་འཚུབ་འགྱུར་མི་འབྱུང་བ་སོགས་ཀྱང་ཆོས་སྐྱོང་ཡེ་མ་འཁོར་བའི་རྟགས་སོ། །དེས་ན་དམ་ཚིག་ཆེ་ཕྲ་ཀུན་ལ་གཅེས་པར་མཛད་པ་སྨིན་གྲོལ་གདམས་པའི་གནད་མཐའ་དག་མ་ཉམས་པ་སྙན་བརྒྱུད་མཁའ་འགྲོའི་ཁ་རླངས་ཐུལ་ལེ་བ། ཐོས་བསམ་གྱིས་གཏན་ལ་དབབ་བྱར་སྙན་བརྒྱུད་དང་པོ་བྱིན་རླབས་དང་རྗེས་གནང༌། གཉིས་པ་གདམས་པ་དངོས། གསུམ་པ་བླ་མ་དང་མཁའ་འགྲོ་ཆོས་སྐྱོང་ལོངས་སྤྱོད་ཀྱིས་མཉེས་པར་བྱས་པ་ལ་བརྟེན་ནས་སྙན་བརྒྱུད་བཞི་པའི་རྟེན་འབྲེལ་ཤུགས་ལས་འགྲིག་པའམ། ཡང་ན་ཚར་པ་རྡོ་རྗེ་འཆང་གིས། དེ་ཡང་ཐོག་མར་ཚོགས་ཀྱི་འཁོར་ལོ་དང༌། །རིན་ཆེན་གསེར་གྱི་མཎྜལ་ལ་སོགས་པ། །སྙན་བརྒྱུད་དང་པོའི་རྟེན་འབྲེལ་ཀུན་བསྒྲིགས་ནས། །སྙན་བརྒྱུད་གཉིས་པ་བྱིན་རླབས་རྗེས་གནང་སྦྱིན། །སྙན་བརྒྱུད་གསུམ་པ་གདམས་པའི་དངོས་གཞི་འདི། །བཀླག་ལུང་མིན་པར་ལག་ལེན་དམར་ཁྲིད་དུ། །བྱིན་པས་སྙན་བརྒྱུད་བཞི་པ་ཤུགས་ལས་འབྱུང༌། །ཞེས་པ་ལྟར་རྡོ་རྗེ་སློབ་དཔོན་མཉེས་པ་དངོས་གྲུབ་ཀྱི་རྩ་བ་དང༌། ཤིན་ཏུ་བཀའ་གཉན་པའི་ཟབ་ཆོས་རྣམས་ལ་དཔོན་སློབ་གཉིས་ཀས་ཚོགས་དང་བསྐང་བཤགས་སོགས་ཀྱི་སྒོ་ནས་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་བཀའ་རྒྱ་བཀྲོལ་ཏེ་གནང་བ་ཞུ་བ་མ་བྱས་ན་འཕྲལ་དུ་འཚུབ་ཅིང་མཐར་མི་ཤིས་པ་ལ་སོགས་པ་འབྱུང་བས་ལྷ་འདོད་ཡོན་ལ་ལོངས་སྤྱོད་པ་ལྟ་བུའི་སྙན་བརྒྱུད་དང་པོར་བྱས་ཏེ། གཉིས་པ་ཆུ་བོ་གངྒཱའི་རྒྱུན་ལྟ་བུ། གསུམ་པ་གསེར་འགྱུར་གྱི་རྩི་ལྟ་བུ། བཞི་པ་ཆོས་ལ་ཡིད་ཆེས་ཀྱི་མོས་གུས་རྙེད་པ་གཞོན་ནུའི་དགའ་བ་ལྟ་བུའི་གོ་རིམ་སྟེ། དེ་ཡང་བཤད་ཚུལ་གཉིས་པོ་གང་བྱས་ཀྱང་གོ་རིམས་ཙམ་ལས་དོན་ལ་ཁྱད་མེད་ནའང་ཕྱི་མའི་རྗེས་སུ་འབྲངས་ཏེ་སྙན་བརྒྱུད་དང་པོའི་རྟེན་འབྲེལ་བསྒྲིག་པ་སྔོན་དུ་འགྲོ་བ་བྱས་ནས། སྙན་བརྒྱུད་གཉིས་པ་རྗེས་གནང་དང་གསུམ་པ་གདམས་པའི་དངོས་གཞི་གཉིས། དང་པོ་ལ། པཎ་ཆེན་ནམ་མཁའ་དཔལ་བཟང་པས་མཛད་པའི་གཉན་མགོན་ཆེན་པོ་ཞལ་བཞི་པ་ཡུམ་ཆེན་སྲིང་མོ་བཞི་དང་བཅས་པའི་རྗེས་གནང་གི་ཡི་གེའི་སྟེང་ནས་སམ། གཉན་ལོའི་གནད་ཡིག་དང་དགའ་ལྡན་པ་ཀུན་བསོད་ཀྱི་ཡི་གེ་དང་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་རྗེས་གནང་གི་ཡི་གེ་དངོས་གྲུབ་རྒྱ་མཚོ་དང་བརྒྱུད་པའི་ཕྱག་ལེན་ལ་བརྟེན་ནས་བསྙེན་དུས་ཀྱི་མགོན་པོའི་རྗེས་«༡»གནང༌། ཕོ་ཉ་མྱུར་མགྱོགས་དང་རྗེས་གནང་གི་ཡི་གེ་གོང་མ་རྣམས་ལ་བརྟེན་ནས་སྒྲུབ་དུས་ཐུན་མོང་བའི་རྗེས་«༢»གནང༌།ཡི་གེ་དེ་གཉིས་དང་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་བཀའ་རྒྱ་མ་ལ་སོགས་པ་ལ་བརྟེན་ནས་སྒྲུབ་དུས་ཀྱི་རྗེས་«༣»གནང་ཐུན་མོང་མ་ཡིན་པ། རྗེས་གནང་གི་ཡི་གེ་གོང་མ་དང་མཐོང་བརྒྱུད་ཀྱི་ཕྱག་ལེན་དབྲི་སྣོན་ལྟར་ལས་སྦྱོར་གྱི་མགོན་པོའམ་པཎྜི་ཏ་འབུམ་ཕྲག་གསུམ་པ་ལུགས་ཀྱི་དཔལ་མགོན་གདོང་བརྙན་ཅན་དུ་གྲགས་པའི་རྗེས་«༤»གནང༌།དངོས་གྲུབ་རྒྱ་མཚོ་དང་གསང་བ་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཡི་གེ་དང་ཕྱག་ལེན་གསུང་རྒྱུན་ལྟར་གསང་ཁྲིད་ཀྱི་རྗེས་«༥»གནང༌། ལས་བཞིའི་རྗེས་གནང་ལ་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའམ་འཇམ་དབྱངས་མཁྱེན་བརྩེས་མཛད་པའི་ཡི་གེ་ལ་བརྟེན་ནས་དཀར་པོ་ཚེ་འཕེལ་ཐུན་མོང་མ་ཡིན་པའི་རྗེས་«༦»གནང༌། དཀར་ཆག་ན་བཞུགས་པའི་ལས་བཞིའི་མངོན་རྟོགས་རྗེས་གནང་གི་ཡིག་ཆུང་དངོས་གྲུབ་རྒྱ་མཚོ། གསུང་རྒྱུན་ཕྱག་ལེན་ལྟར་གཡས་ཞལ་དཀར་པོ་ལས་བྱུང་བའི་དཀར་པོ་ཚེ་འཕེལ་ཐུན་མོང་བའི་རྗེས་«༧»གནང༌། སྟེང་ཞལ་དུད་ཁ་ལས་བྱུང་བའི་སེར་པོ་རྒྱས་བྱེད་ལྷ་དགུའི་རྗེས་«༨»གནང༌། སེར་པོ་རྒྱས་བྱེད་ལྷ་ལྔའི་རྗེས་«༩»གནང༌། གཡོན་ཞལ་དམར་པོ་ལས་བྱུང་བའི་དམར་པོ་དབང་སྡུད་ཀྱི་རྗེས་«༡༠»གནང༌། རྩ་ཞལ་མཐིང་ནག་ལས་བྱུང་བའི་ནག་པོ་དགྲ་བགེགས་སྒྲོལ་བའི་རྗེས་«༡༡»གནང༌། དངོས་སྒྲུབ་རྒྱ་མཚོའི་ཡི་གེ་དང་མཐོང་བརྒྱུད་ཀྱི་ཕྱག་ལེན་དབྲི་སྣོན་ལ་བརྟེན་ནས་ཤི་ས་བསྟན་པའི་རྗེས་«༡༢»གནང༌།«་་་་་འདི་ལ་གདོང་གསུམ་དང་བརྩེགས་ཞལ་མར་གྲགས། »ཡིག་ཆ་དངོས་གཞི་དང་ཚར་ཆེན་གྱི་ཟིན་ཐོ་ལ་བརྟེན་ནས་གནད་དབབ་ཀྱི་མགོན་པོ་ནང་གཤིན་རྗེ་ལྟར་སྒྲུབ་པའི་རྗེས་«༡༣»གནང༌། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཟིན་ཐོ་ལྟར་ཁྱུང་ཞལ་ཅན་ནམ་དམག་དཔོན་མགོན་པོའི་རྗེས་«༡༤»གནང༌། རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་ཟིན་ཐོ་ལ་བརྟེན་ནས་གསུང་ངག་གསེར་ཆོས་བཅུ་གསུམ། མགོན་པོ་ཆེ་ཆུང་སོགས་སློབ་བཤད་གདམས་པ་ཕལ་ཆེར་རྫོགས་མཐར་བསྟན་པ་གཏད་པའི་ཚུལ་གྱིས་བྲམ་ཟེ་ནག་པོའི་སྔགས་གཏད་ཀྱི་རྗེས་«༡༥»གནང་དང་བཅས་པ་རྣམས་ལེགས་པར་ནོས་སོ། །གཉིས་པ་སྙན་བརྒྱུད་གསུམ་པ་གདམས་པ་དངོས་ལ། མན་ངག་གསེར་འགྱུར་གྱི་རྩི་ལྟ་བུའི་ཉམས་ཁྲིད། རྒྱབ་བརྟེན་ལུང་དང་ཕྱག་བཞེས་མན་ངག་བཅས་པ་གཉིས། དང་པོ་ལ། ཐོག་མར་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་ཚེ་སྒྲུབ་སྲུང་འཁོར་རྒྱུན་གྱི་ཉམས་ལེན་མར་གྲགས་པའི་ཡི་གེ་དང་ཞལ་ཤེས་ལ་བརྟེན་ཅིང་སྔོན་འགྲོ་གསང་ཁྲིད་ནས་ཁ་བསྐངས་ཏེ་ཕྱི་ནང་གི་སྲུང་འཁོར་འཆི་མེད་སྒྲུབ་པ་ཞར་བྱུང་བཟློག་པ་དང་བཅས་པའི་ཕྱིའི་ཉམས་ཁྲིད་ཟབ་མོ། འདི་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བས་བླ་མ་གཉན་ལོ་ཙཱ་བ་དར་མ་གྲགས་ཀྱིས་དགུང་ལོ་བརྒྱ་དང་ལྔ་བཅུ་བཞུགས་པའང་མན་ངག་འདི་ཉིད་ཀྱི་ཆེ་བ་ཡིན་པར་སྣང་ངོ༌། །རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་ཁྲིད་ཡིག་ཟུང་འཇུག་རྣམ་པར་རོལ་པ་བདུད་སྡེ་འཇོམས་པའི་བཤན་པ་ཆེན་པོ་ལ་གཞི་བྱས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་པས་མཛད་པའི་ལྷན་ཐབས་ཡིག་ཆུང་ཟིན་བྲིས་ཞལ་ཤེས་དང་བཅས་པས་བརྒྱན་ནས། སྔོན་འགྲོ་སྐྱབས་སེམས། ཡིག་བརྒྱ། བླ་མའི་རྣལ་འབྱོར། མཎྜལ་དང་བཅས་པའི་ཁྲིད། དངོས་གཞི་འཁོར་ལོ་བཞི་ལ་བརྟེན་པའི་བསྙེན་པ། འཁོར་ལོ་བཞི་ལྡན་གྱི་སྒྲུབ་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་སྦྱོར།ཞར་བྱུང་མ་འགྲུབ་ན་སྤོགས་ཆོག་གི་ངོ་སྤྲོད་དང་བཅས་ཏེ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ཚང་བའི་ཉམས་ཁྲིད་ལ་བརྟེན་ནས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་གནད་ཀྱི་གཟུང་འཛིན་གྱི་རྩ་མདུད་རྣམས་གྲོལ་ནས་ཅིར་སྣང་བདེ་བ་ཆེན་པོའི་རོལ་པར་ཤར་ཏེ། ཚེ་འདི་ཉིད་ལ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་བྱེད་ནུས་པའི་གསང་ཁྲིད་ཀྱི་ཉམས་ཁྲིད་ཟབ་མོ་དང་ཞིང་སྐྱོང་དབང་པོ་འཁོར་བཅས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རང་གི་སྙིང་དབུས་སུ་འབྲལ་མེད་དུ་བཞུགས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བའི་དམར་ཁྲིད་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་ཁོ་ན་ལ་ཆིག་བརྒྱུད་དུ་བཞུགས་པའི་ཉམས་ཁྲིད་ཟབ་མོ་སྨིན་རྒྱས་སུ་ལེགས་པར་ནོས་སོ། །གཉིས་པ་རྒྱབ་བརྟེན་ལུང་དང་ཕྱག་བཞེས་མན་ངག་བཅས་པ་ལ། དཀར་ཆག་གིས་ཟིན་པའི་སྐོར་དང༌། མ་ཟིན་པའི་སྐོར་ཏེ་གཉིས་ལས། དང་པོ་ནི། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པའི་ཆོས་སྐོར་གྱི་དཀར་ཆག་གསུང་རྒྱུན་པདྨའི་སྲད་བུར་བརྒྱུས་པའི་ཟབ་དོན་ནོར་བུའི་དོ་ཤལ། དེ་ལས་གསུངས་པའི་ཆོས་སྡེའི་རྣམ་གྲངས་པཎྜི་ཏ་འབུམ་ཕྲག་གསུམ་པ་ནས་བརྒྱུད་པ། ཤྲཱི་པཎྜི་ཏ་ཏ་ཐཱ་ག་ཏ་རཀྵི་ཏ་ནས་བརྒྱུད་པ། ཁ་སརྤཱ་ཎིའི་རི་སུལ་གྱི་རྣལ་འབྱོར་མ་ཀུ་ས་ལི་ཆེན་མོ་ནས་བརྒྱུད་པ་དང་གསུམ། དང་པོ་ལ། འགོར་སྐད་ཤན་སྦྱར་དང་དཔལ་མགོན་པོ་ནག་པོ་ལ་ཕྱག་འཚལ་ལོ། །འཇིགས་པའི་ཚོགས་རྣམས་འཇིགས་བྱེད་པའི། །ནག་པོ་དེ་ལ་ཕྱག་འཚལ་ནས། །ཞེས་ཡོད་པའི་མགོན་པོ་གདོང་བརྙན་ཅན་ནམ་ལས་སྦྱོར་གྱི་མགོན་པོར་གྲགས་པ་གླང་གདོང་ཕྱག་དྲུག་པའི་སྒྲུབ་༼གློ༽༼ཉི༽༼༽ཐབས་ཀྱི་རྩ་བའི་རྒྱ་གཞུང་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པ་པཎྜི་ཏ་འབུམ་ཕྲག་གསུམ་པ་དང་ལོ་ཙཱ་བ་གཉན་དར་མ་གྲགས་ཀྱིས་བསྒྱུར་བ། རྒྱ་གཞུང་གི་འགྲེལ་པ་དྲི་མེད་དོན་གསལ་དགེ་བཤེས་དགེ་བ་རྒྱལ་མཚན་གྱིས་བསྐུལ་ནས་མདོ་སྟོད་པ་འཇམ་དབྱངས་རྒྱལ་མཚན་གྱིས་ཉང་བྲག་དགའ་ལྡན་དགོན་དུ་མཛད་པ། འགོར་ཏཱ་ར་ན་མོ། དཔལ་གདོང་བཞི་པའི་མངོན་རྟོགས་ཀྱི་མན་ངག་༼གློ༽པཎྜི་ཏ་འབུམ་ཕྲག་གསུམ་པའི་ཞལ་གདམས་མཐར་ཐུག་པ་ནི་ཞེས་ཡོད་པའི་གཙོ་འཁོར་ལྔའི་མངོན་རྟོགས་ཆུང་ངུ་བླ་མ་གོང་མས་མཛད་པ་དེར་རྟོགས་པར་བྱའོའི་མཐའ་ཅན། འགོར་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རང་སྐད་ཅིག་གིས་ཧཱུྃ་མཐིང་ནག་ཏུ་གྱུར་པ་ལས་འོད་ཟེར་འཕྲོས། ཞེས་ཡོད་པའི་གཏོར་ཆོག་གི་ཡི་གེ་གོང་མས་མཛད་པ་དེ་ཝཱི་སིདྡྷི་ཞེས་ཉེར་གཅིག་གམ་གསུམ་ལ་སོགས་པས་དབུལ་ལོའི་མཐའ་ཅན།འགོར་ཚངས་པ་སེར་པོ་ངང་པ་ཞོན་ཞེས་ཡོད་པའི་འཁོར་མང་གི་མངོན་རྟོགས་ཚིགས་བཅད་མ་གོང་མས་མཛད་པ་བཀའ་ཉན་གསུང་བསྟོད་ལས་བྱེད་ཚུལ་དུ་བསམ་གྱི་མཐའ་ཅན།ལས་སྦྱོར་གྱི་གསལ་བྱེད་ལས་ཀྱི་ཤམ་བུ་བརྒྱད་༼གློ༽༼ཉི༽༼༽པ་ཞེས་པ་བསད་པའི་ལས། མཛེ་གཏོང་བ། རབས་གཅོད་པ། ཞིང་ལ་ལོ་མི་སྐྱེ་བ། རིམས་ནད་གཏོང་བ། གྲོང་ཁྱེར་དཀྲུགས་པ། གྲོང་བཤིག་པ། བསྐྲད་པ། སྨྱོ་བར་བྱེད་པ།«་་་་་འདི་གཉིས་ལྷག་པ་འདྲ་ཞིག་བྱུང་ཀྱང་གོང་གི་ཁོངས་སུ་བསྡུས་སམ་སྙམ། »དབང་དུ་བྱེད་པ་རྣམས་གཉན་ལོས་མཛད་པ། འདི་ཡན་གྱིས་གླང་གདོང་མའི་སྐོར་རྫོགས་ནས། ཞར་བྱུང་འགོར་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དཔལ་ལྡན་མགོན་པོ་ཞལ་བཞི་པའི། །གསེར་གྱི་སྤུ་གྲིའི་ལག་ལེན་འདྲི། །ཞེས་ཡོད་པའི་དཔལ་མགོན་ཁྱུང་ཞལ་ཅན་ནམ་དམག་དཔོན་མགོན་པོའི་སྒྲུབ་ཐབས་ལག་ལེན་གཞུང་ནས་དྲིལ་ནས་བཏུས། སྔགས་འཆང་བསྟན་པ་བསྲུང་བར་ཤོག་གི་མཐའ་ཅན་རྣམས་སོ། །གཉིས་པ་ཤྲཱི་པཎྜི་ཏ་ཏ་ཐཱ་ག་ཏ་རཀྵི་ཏ་ནས་བརྒྱུད་པ་ལ། འགོར་རྒྱ་སྐད་དང་ཞལ་བཞི་པའི་དམ་ཚིག་དངོས་གྲུབ་སྒྲུབ་པའི་ཐབས་ཞེས་ཡོད་པའི་རྩ་བའི་སྒྲུབ་༼ཨེ༽༼སྒཽ༽༼གློ༽༼ཉི༽ཐབས་«་་་་་རྫོང་པོད་ནའང་ཡོད། »ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པའི་«་་་་་བདག་མདུན་མགོན་པོ་ཞལ་ཁྲ་ཅན་ནམ་སྒྲུབ་དུས་ཀྱི་མགོན་པོར་གྲགས་ཤིང༌། དེང་སང་ཡོངས་གྲགས་སྒྲུབ་དུས་ཀྱི་མགོན་པོ་ཞལ་གཡས་གཡོན་མཐིང་ནག་ཏུ་བྱེད་པའི་ཡི་གེ་འགའ་ཞིག་འདུག་ཀྱང་ཚར་ལུགས་ལ་སྒྲུབ་དུས་ཀྱང་ཞལ་ཁྲ་ཅན་དུ་མཛད་པ་གཞུང་འདིའི་གནད་འགག་གཙོ་བོར་སྟོན་པར་སྣང༌། »རྒྱ་གཞུང་རྩོམ་པ་པོ་རང་ཉིད་དང་གཉན་ལོ་ཙཱ་བ་དར་མ་གྲགས་ཀྱིས་བསྒྱུར་བ།གཞུང་ཆུང་འདི་ལ་ཕྲིན་ལས་རྣམ་བཞི་བྱེ་བྲག་ཏུ་སྒྲུབ་ཚུལ་གྱི་གནད་འགག་ཀྱང་ཟུར་ཙམ་བསྟན་འདུག་ཅིང༌། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་གསང་སྒྲུབ་གསལ་བྱེད་སྙིང་ཐིག་གི་སྐབས་རྒྱ་གཞུང་ལས་བཤད་ཚུལ་གྱི་རྩ་བའང་གཞུང་འདི་ལ་བརྟེན་པ་ཡིན་ནོ། །འགོར་རྒྱ་གར་གྱི་ཡུལ་དུ་ཆུ་བོ་གངྒཱ་དང་ཉི་མ་ཕྱེད་དང་གཉིས་ཙམ་ཡོད་པའི་གྲོང་ཆུང་ངུའི་འགྲམ་ཞིག་ན་ཞེས་ཡོད་པའི་གཉན་ལོས་མཛད་པའི་པཎྜི་ཏ་མཇལ་ཚུལ་གྱི་ལོ་རྒྱུས་ཉུང་ངུ་དང་སྦྲེལ་བའི་༼གློ༽སྒྲུབ་ཐབས་«་་་་་རྫོང་པོད་ནའང་ཡོད། »ཀྱི་རིམ་པ་བསྙེན་པ་དང་ལས་སྦྱོར་སྟོན་པ་ཟླ་བ་གཅིག་གིས་ལས་རྣམས་འགྲུབ་བོ་ཏ་ཐཱ་ག་ཏ་རཀྵི་ཏས་གཉན་ལའོའི་མཐའ་ཅན་རྣམས་སོ།«་་་་་ཕལ་ཆེར་སྙན་བརྒྱུད་ཀྱི་ཞལ་ཤེས་ལ་རག་ལས་ཞེས་དཀར་ཆག་ན་སྣང་བས་ཡི་གེ་འདི་ལས་མང་བ་ཞིག་ཐོག་མ་ནས་མེད་ཚོད་དུ་འདུག »གསུམ་པ་ཁ་སརྤཱ་ཎིའི་རི་སུལ་གྱི་རྣལ་འབྱོར་མ་ཀུ་ས་ལི་ཆེན་མོ་ལས་བརྒྱུད་པ་ལ། ཟབ་ཅིང་རྒྱ་ཆེ་བ་ཕྱིའི་སྒྲུབ་སྐོར། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་གསང་བའམ་ནང་གི་མན་ངག སྙིང་ནང་གི་ཁྲག་ལྟ་བུ་ཁྱད་པར་གྱི་མན་ངག་དང་གསུམ། དང་པོ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པ་ལོ་རྒྱུས་ཀྱི་ཡི་གེནུས་ལྡན་དུ་བྱ་བ་རྗེས་གནང་གི་ཡི་གེ རྩ་བར་གྱུར་པ་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ གསལ་བྱེད་དུ་གྱུར་པ་ལྷན་ཐབས་སམ་ཡན་ལག་གི་ཡི་གེ འཕྲལ་དུ་ཉེ་བར་མཁོ་བ་གཏོར་ཆོག་དང་བསྐང་བ་བསྟོད་བསྐུལ་གྱི་ཡི་གེ་དང་ལྔ། དང་པོ་ལ། འགོར་ན་མོ་གུ་རུ། མན་ངག་འདིའི་བརྒྱུད་པའི་ལོ་རྒྱུས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཞེས་ཡོད་པའི་ལོ་རྒྱུས་ཀྱི་ཡི་གེ་ས་ཆེན་གྱིས་མཛད་པ་བོན་པོ་ཕོ་མོ་འདྲེས་པ་ལྔ་བཅུ་ཙམ་ཆོས་སྐྱོང་གི་ནུས་པས་བསད་ཟེར་རོའི་མཐའ་ཅན།«་་་་་འདིའི་ནང་དུ་ཁའུ་པར་རྗེ་བཙུན་ས་སྐྱ་པས་ཞུས་ཟེར་བ་ལྟར་ན་ཚིག་གཅིག་གཉིས་སླར་བསྣན་པ་འདྲའོ།། »འགོར་བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་སྲུང་འདིའི་ལོ་རྒྱུས་ནི་བླ་མ་རྡོ་རྗེ་གདན་པ་ལ་ཞེས་ཡོད་པའི་ལོ་རྒྱུས་༼ཉི༽ཀྱི་ཡི་གེ་རྒྱས་པ་འཕགས་པས་མཛད་པ་མངའ་བདག་ཀྱང་དེའུ་གྲོང་བློན་པོ་ལ་ལ་ཡང་ཤི་སྐད་ཀྱི་མཐའ་ཅན་ཞར་བྱུང་བླ་བརྒྱུད་དང་བཅས་པ། གཉིས་པ་ནུས་ལྡན་དུ་བྱ་བ་རྗེས་གནང་གི་ཡི་གེ་ལ། འགོར་ཨོཾ་སྭ་སྟི་སིདྡྷཾ། ནག་པོ་ཆེན་པོའི་ལུང་སྦྱིན་པ་ནི་འབྱོར་ན་ཚོགས་ཀྱི་འཁོར་ལོའི་རྟིང་ལ་བྱ་༼སྒོ༽ཞེས་ཡོད་པའི་ནག་པོ་ཆེན་པོའི་རྗེས་གནང་གཉན་ལོ་ཙཱ་བས་མཛད་པ་གདམས་པའོའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད། »འགོར་བླ་མ་དང་ཏཱ་ར་ལ་ན་མོ། ནག་པོ་ཆེན་པོ་ཞལ་བཞི་པའི་རྗེས་གནང་ལ་གསུམ་སྟེ་ཞེས་ཡོད་པའི་རྗེས་གནང་གི་ཡི་གེ་ཁའུ་པས་མཛད་པ་སྨོན་ལམ་གདབ་བོ་ཞལ་བཞི་པའི་རྗེས་གནང་རྫོགས་སོའི་མཐའ་ཅན། འགོར་ན་མོ་གུ་རུ། དབང་ཐོབ་ཅིང་དམ་ཚིག་མ་ཉམས་པས་འདིའི་རྗེས་གནང་དང་བཀའ་ལུང་ཐོབ་ཅིང་ཞེས་ཡོད་པའི་རྗེས་གནང་གི་ཡི་གེ་ས་ཆེན་གྱིས་མཛད་པ་སྨོན་ལམ་གདབ་བཀྲ་ཤིས་བྱའོའི་མཐའ་ཅན། འགོར་ཏཱ་ར་ལ་ན་མོ། འདིའི་རྗེས་གནང་ལ་དོན་གསུམ་སྟེ་སྦྱོར་བ་དངོས་གཞི་རྗེས་སོ་ཞེས་ཡོད་པའི་རྗེས་གནང་༼ཨེ༽༼སྒོ༽༼གློ༽གསལ་«་་་་་རྫོང་པོད་ན་མཆན་མི་འདུག »བ་དོན་དུ་གཉེར་བ་འགས་ཡང་ཡང་གསོལ་བ་བཏབ་པའི་ངོར་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་བྲིས་པ། འགོར་ཨོཾ་སྭ་སྟི། སྲིད་གསུམ་དབང་སྒྱུར་དཔལ་ལྡན་ནག་པོ་ཆེ། །ཞེས་ཡོད་པའི་རྗེས་གནང་ཤིན་ཏུ་རྒྱས་པ་ནག་པོ་འགྲོ་ཤེས་༼ཉི༽ཞེས་པ་དཔང་པོར་ནག་པོ་ཆེན་པོ་བཞུགས་པ་འདི་རང་གི་བླ་མས་རྗེས་སུ་གནང་ནས་བཀས་བསྐུལ་ཞིང་གྲོགས་མཆེད་དམ་པའི་གསུང་གི་ངོར་རྗེ་བཙུན་པའི་ཡི་གེའི་སྟེང་དུ་འཕགས་པའི་ཕྱག་ལེན་དང་ཞང་ཁུ་དབོན་ལས་བརྒྱུད་དེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཕྱག་བཞེས་ལྟར་ཡར་ཀླུངས་པ་སེངྒེ་རྒྱལ་མཚན་གྱིས་ཀླུའི་དགོན་པར་མཛད་པ།དེས་སློབ་མས་བསྐུལ་བའི་ངོར་མཛད་པའི་འགོར། དཔལ་ཞལ་བཞི་པའི་རྗེས་གནང་ཐུན་མོང་མ་ཡིན་པ་ལ་ཞེས་ཡོད་པའི་གྲི་སྙིང་བླ་རྡོ་སྲོག་འཁོར་ཕྱག་མཚན་རྣམས་ཀྱི་རྗེས་གནང་གི་ཡི་གེ་རྣམས་སོ། །གསུམ་པ་རྩ་བར་གྱུར་པ་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་ལ། ཀུན་གྱི་རྩ་བ་རི་སུལ་གྱི་རྣལ་འབྱོར་མས་མཛད་པའི་སྒྲུབ་༼སྒོ༽༼གློ༽༼ཉི༽ཐབས་མཆན་བཤད་དུ་གྲགས་པའི་ཡི་གེ«་་་་་རྫོང་ཆུང་པའི་དེར་འགྲོ་བའི་ལམ་དུ་ཨན་དྷ་མུ་ཤར་བཅུག་ལ་སྦའོ་ཡན་ལས་མི་འདུག་ཅིང་གོང་དཀར་བའི་གླེགས་བམ་ན་དེའི་འཇུག་ཏུ་གྲོང་ཁྱེར་བསྐྱོད་པ་དང་སྔགས་ཐུང་བྲིས་པ་ཅིག་དང་ཡང་དངོས་གཞི་དཀྱུས་དང་མཐུན་པ་ལ་ཏ་ཐཱ་ག་ཏ་རཀྵི་ཏའི་ལུགས་ཀྱི་ལོ་རྒྱུས་སྒྲུབ་ཐབས་གཉན་གྱིས་མཛད་པ་དེའི་ལོ་རྒྱུས་ཆུ་བོ་གངྒཱ་ཞེས་སོགས་ཡོད་པ་མཇུག་ན་བཏགས་ནས་བསྲེས་པ་ཞིག་ཀྱང་སྣང་ངོ༌།། »གཞུང་དེ་ལ་བརྟེན་ནས་བསྙེན་སྒྲུབ་ཞར་བྱུང་མནན་པ་དང་བཅས་པ་འགོར་མ་ཧཱ་ཀཱ་༼སྒོ༽༼གློ༽ལའི་མན་ངག་ལ་བསྙེན་སྒྲུབ་གཉིས་ལས་ཞེས་ཡོད་«་་་་་རྫོང་པོད་ནའང་ཡོད། »པ་གཉན་ལོའི་ཨུ་པ་དེ་ཤའོའི་མཐའ་ཅན། གཉན་ལོས་མཛད་པའི་ཆོས་སྐྱོང་གི་གནད་ཀྱི་ཡིག་ཆུང་༼སྒོ༽༼གློ༽ཞེས་པ་བསྙེན་པ། སྒྲུབ་པ། བསད་པ། ལས་སྦྱོར་དང་བཅས་པ་ཞལ་གྱི་གདམས་«་་་་་རྫོང་པོད་ནའང་ཡོད། »པ་འདི་མི་ལ་མ་སྤེལ་རྣམ་སྨིན་ཆེའོ་གསུང་བའི་མཐའ་ཅན། མགོན་པོ་སྒྲུབ་དུས་ཀྱི་ལས་«རྫོང་པོད་ནའང་ཡོད།་་་་་»ཁྲིགས་༼སྒོ༽བླ་མ་ཁའུ་པ་ཆེན་པོས་མཛད་པ་སྙིང་ཕྱུང་རིགས་བརྒྱུད་རྩད་ནས་ཆོད་ཅེས་བརྗོད་དོའི་མཐའ་ཅན། འགོར་མ་ཧཱ་ཀཱ་ལ་ཙ་ཏུརྨུ་ཁ་ཨུ་པ་དེ་ཤ་ཞེས་ཡོད་པའི་མགོན་པོ་སྒྲུབ་༼ཨེ༽༼སྒོ༽༼གློ༽དུས་ཀྱི་ལས་ཁྲིགས་གསལ་«་་་་་རྫོང་པོད་ནའང་ཡོད། »བྱེད་ས་ཆེན་གྱིས་མཛད་པ་དེའི་སྙིང་ག་བསྣུན་པར་བྱའོའི་མཐའ་ཅན།ཁའུ་པས་མཛད་པའི་ལས་ཁྲིགས་ཀྱི་གསལ་༼ཨེ༽༼སྒོ༽༼ཕ༽བྱེད་འགོར་བླ་མ་མགོན་པོ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །མགོན་པོ་སྒྲུབ་དུས་ཀྱི་ལས་ཁྲིགས་ལ་གསུམ་ཞེས་ཡོད་པའི་ཡི་«་་་་་རྫོང་པོད་ན་ལས་ཁྲིགས་ཆེན་པོ་ཞེས་པ་ལས་མཛད་པ་མི་གསལ། »གེ་སྔགས་འཆང་གཟུངས་པས་མཛད་པ་དགྲ་ན་བ་དང་འཆི་བ་ལ་སོགས་པའི་ངེས་པར་འགྲུབ་བོ་ས་མཱཔྟ་མི་ཐིའི་མཐའ་ཅན། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ནག་པོ་ཆེན་པོ་གདོང་བཞི་པ་བསྙེན་ཅིང་སྒྲུབ་པར་འདོད་པས་ཞེས་ཡོད་པའི་བསྙེན་སྒྲུབ་༼ཨེ༽༼ཉི༽ལས་གསུམ་གྱི་སྒྲུབ་ཐབས་ནག་པོ་འགྲོ་ཤེས་དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པ་སྒྲུབ་པ་དང་ལས་སྦྱོར་གྱི་ཡིག་ཆུང་མི་སྤེལ་གསང་བར་བྱའོའི་མཐའ་ཅན།«་་་་་རྫོང་པོད་ན་འདི་གཟུངས་པའི་ནག་འགྲོས་སུ་ངོས་བཟུང༌། »རྣམ་གསུམ་ལག་ལེག་གསལ་བྱེད་ཞལ་ནས་སྙན་དུ་བརྒྱུད་པའི་ལག་ལེན་དམར་ཁྲིད་མཐོང་ཆོག་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གསུང་བཞིན་བསོད་ནམས་གྲགས་པ་དཔལ་བཟང་པོས་ཡོན་ཏན་དུ་མས་མངོན་པར་མཐོ་བའི་བློ་གྲོས་རྒྱལ་མཚན་གྱིས་བསྐུལ་བ་ལ་བརྟེན་ནས་ཟིན་བྲིས་སུ་བཀོད་པ།བསྙེན་པའི་གོ་རིམ་གནད་དོན་སྙན་བརྒྱུད་བདུད་རྩིའི་སྐྱེས་ཕྲེང་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པས་དད་ལྡན་སློབ་མའི་ཞལ་ངོར་སྦྱར་བ། དེས་མཛད་པའི་འགོར་ཏཱ་ར་ན་མཿདཔལ་མགོན་ཙ་ཏུརྨུ་ཁའི་བསྙེན་པ་བྱ་བར་འདོད་པས་ཞེས་ཡོད་པའི་བཟླས་པ་དང་གེགས་སེལ་གྱི་མན་ངག་སྙན་བརྒྱུད་གསེར་ཆོས་མཐར་ཐུག དེས་མཛད་པའི་འགོར། བླ་མ་མཆོག་དང་ཆོས་སྐྱོང་ལ། །ལུས་ངག་ཡིད་གསུམ་གུས་བཏུད་ནས་ཞེས་ཡོད་པའི་བསྙེན་སྒྲུབ་ལས་གསུམ་སྤོགས་ཆོག་ཤི་ས་བསྟན་པ་དང་བཅས་པའི་མངོན་རྟོགས་གསལ་བྱེད་གནད་ཀྱི་ཞལ་གདམས་མཐར་ཐུག་སྙན་ནས་སྙན་དུ་བརྒྱུད་པའི་གསེར་ཆོས་མཆོག་ཏུ་གྱུར་པའི་མཁའ་འགྲོའི་སྙིང་ཁྲག དེས་མཛད་པའི་དཔལ་གདོང་བཞི་པའི་གཏོར་མ་བཅའ་ཐབས་ཀྱི་སྙན་བརྒྱུད་སྙིང་གི་ཁྲག་ཐིགས་ལྟ་བུ། དེས་མཛད་པའི་འགོར། བླ་མ་ཡི་དམ་བསྟན་སྐྱོང་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ནས། །ཞེས་ཡོད་པའི་ལས་རབ་འབྱམས་དང་བསད་བསྐྲད་ཀྱི་འཁོར་ལོའི་ཞལ་གདམས་ཆིག་བརྒྱུད་མ་སྙིང་ནང་གི་ཁྲག་ལྟ་བུ། དེས་མཛད་པའི་འགོར། སངས་རྒྱས་ཀུན་དངོས་བླ་མ་དང༌། །ཞེས་ཡོད་པའི་བྱེ་བྲག་ཏུ་བསད་ལས་ཀྱི་འཁོར་ལོའི་མན་ངག་མཁའ་འགྲོའི་ཁ་རླངས་ཅན་དུ་གྲགས་པ་རྣོ་མྱུར་སྤུ་གྲི་རེག་ཆོད་དང་འདྲ་བའི་མན་ངག་སྙན་བརྒྱུད་མཐར་ཐུག དེས་མཛད་པའི་འགོར། བླ་མ་མཆོག་དང་ལྷ་མཆོག་ལ། །ཞེས་ཡོད་པའི་འཁྲུལ་འཁོར་བལྟབ་ཅིང་སྦ་བ་སོགས་མནན་པའི་མན་ངག་མཐར་འདོན་ཐབས་དང་བཅས་པ་སྙན་བརྒྱུད་སྦས་དོན་གསལ་བ། ཡར་ཀླུངས་པའི་གསུང་འདི་རྣམས་ཕྱི་སྒྲུབ་ལ་ལྟོས་པའི་བཀའ་བརྒྱ་དམ་པས་མང་བ་ལ་མི་སྟོན་པའི་གྲས། བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་ཐབས་རྟ་བདུན་རྒྱལ་པོ་ཞེས་བྱ་བ་མདོ་སྟོད་པ་འཇམ་དབྱངས་རྒྱལ་མཚན་གྱིས་མཛད་པ། དེ་སྐོར་གྱི་ཡིག་ཆུང་བཞི་ཞེས་པ་པྲཛྙཱ་ཕ་ལའི་གསུང་བཞིན་བྲིས་པའི་ས་ཆེན་ཀུན་དགའ་སྙིང་པོའི་མན་ངག་གནད་བརྒྱད་པའི་ངོས་འཛིན་དང༌།«་་་་་ཆོས་ཚན་བཞིའི་སྐབས་འདི་གཉིས་སོ་སོར་འདྲེ་ན།་་་་་»མ་ཆག་པའི་གནད་གཉིས་སྟོན་པའི་ཞལ་བཞི་པའི་སྲོག་སྙིང་གནད་ཀྱི་མན་ངག་སྙིང་དང་འདྲ་བ་མདོ་སྟོད་པ་འཇམ་དབྱངས་ཀྱིས་དྭགས་ལྷ་སྒམ་པོར་སྦྱར་བ། དཔལ་མགོན་གདོང་བཞི་པའི་མནན་པ་དང་སྲོག་གི་ཞལ་གདམས་ཨི་ཐིའི་མཐའ་ཅན། འགོར་ཆོས་སྐྱོང་གྱི་རྟེན་གྱི་འཁོར་ལོ་ནི་དབང་པོ་དར་མ་གྲིར་ཤི་བ་ཞེས་ཡོད་པ་གྲུབ་པ་དཔལ་གྱིས་ཡི་གེར་བཀོད་པ་རྣམས་སོ། །བཞི་པ་གསལ་བྱེད་དུ་གྱུར་པ་ལྷན་ཐབས་སམ་ཡན་ལག་གི་ཡི་གེ་ལ། སྤྱིའི་ལྷན་ཐབས་བྱེ་བྲག་གི་ལྷན་ཐབས་ལས་ཕྲན་བུའི་མན་ངག་དང་གསུམ། དང་པོ་ལ། སྲོག་འཕྲོག་པ། བཅིང་བ། ཁྱི་ལྟར་ཁྲིད་པ། སྔ་ཕྱི་གཉིས་མི་འཁྲེན་པ་རྩལ་འགྲན་པ་སྟེ་ཞལ་གྱི་གདམས་༼ཨེ༽༼སྒོ༽༼གློ༽པ་དོན་ལྔ་«་་་་་རྫོང་པོད་ན་ཡོད་པ་དེར་མི་སྤེལ་བའི་བཀའ་རྒྱ་ཡོད་དོ་ཡན་ལས་མེད། »མ་ཤཱཀྱའི་དགེ་སློང་གཉན་གྱི་ཨུ་པ་དེ་ཤ ལྟ་བ། དམ་ཚིག་མཐུན་རྫས། སྔགས། འཁུ་ལྡོག་མི་འབྱུང་བ།ཤི་ས་བསྟན་པ་སྟེ་ཟབ་པའི་གནད་དྲུག་གི་གདམས་པ་མཆན་བུ་དང་བཅས་པ་རི་སུལ་གྱི་རྣལ་འབྱོར་མའི་མན་ངག་གཉན་གྱི་གསུང༌། དེའི་གསལ་བྱེད་གདམས་པ་འདི་ལ་དོན་དྲུག་སྟེ་ཞེས།«་་་་་རྫོང་པོད་ན་ཡོད་པ་དེར་སྐད་ངན་ཙེ་རེ་འོང་ངོ་ཡན་ལས་མི་འདུག »ཡོད་པའི་བླ་མ་༼ཨེ༽༼སྒོ༽༼གློ༽༼ཉི༽གཉན་གྱི་ཉེ་གནས་དར་མ་སེངྒེ་ལ་གནང་བ་སྲོད་ཐུན་ལ་གཏོར་མ་མེད་དུ་མི་རུང་ངོའི་མཐའ་ཅན། མགོན་པོ་ལ་ཕ་ལྟར་བཀུར་ཞིང་ལྷ་མོ་ལ་སྲིང་ལྟར་དུངས་པའི་མན་«་་་་་རྫོང་པོད་ནའང་ཡོད། »༼ཨེ༽༼སྒོ༽༼ཉི༽ངག་བློས་ཁེལ་བ་ནི་འགོ་བའི་གནད་ཡིན་ནོའི་མཐའ་ཅན། ཁྱད་པར་གྱི་དམ་ཚིག་༼གློ༽ཡི་གེ་ཤིན་ཏུ་གསང་བར་བྱ་བ་རྣམས་ཡིན་ནོའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད། »འཁོན་ནག་ཟས་སུ་ཟ་བའི་གདམས་ངག་༼སྒོ༽༼ཉི༽སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་བྱང་གི་མཐའ་ཅན།«་་་་་འདི་རྫོང་པོད་ན་ཡོད་ངོར་པའི་དེར་ཀླུ་སྒྲུབ་ནས་བརྒྱུད་པ་ཞིག་འདུག་པ་འདི་དང་མི་མཐུན།གོང་དཀར་བའི་གླེགས་བམ་དུ་སློབ་དཔོན་པདྨས་མཛད་པའི་ཁ་གསལ་མི་འདུག »འགོར་དཔལ་མ་ཧཱ་ཀཱ་ལ་ལ་ཕྱག་འཚལ་ལོ། །ཉམས་ཆག་གམ་འཆི་ལྟས་བྱུང་བའམ་ཆག་ཆེ་བའི་དུས་སུ་གཏོར་སྐྱོང་བྱེད་པར་འདོད་ན་མཎྜལ་ཞེས་ཡོད་པའི་ཉམས་ཆག་༼ཨེ༽༼སྒོ༽༼གློ༽བཀང་བའི་ཡི་གེ་བསྡུས་«་་་་་རྫོང་པོད་ནའང་ཡོད། »པ་བསྐང་བཤགས་ཆོ་གའོའི་མཐའ་ཅན་གཉན་གྱིས་མཛད་པ། དེས་མཛད་པའི་དཔལ་མ་ཧཱ་ཀཱ་ལ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་ལ་ཉམས་ཆག་གམ་འཆི་ལྟས་བྱུང་བའམ་ཆག་ཆེ་བའི་དུས་སུ་༼ཉི༽གཏོར་སྐྱོང་བྱེད་པར་འདོད་ན་ནང་ཏུ་གཏོར་མ་ཞེས་ཡོད་པའི་ཉམས་ཆག་བཀང་བའི་ཡི་གེ་རྒྱས་པ་གདམས་ངག་ཨི་ཐིའི་མཐའ་ཅན། འགོར་འདིའི་དམ་ཚིག་གསོ་བ་ནི་ཞེས་ཡོད་པའི་ཁའུ་པས་མཛད་པའི་དམ་ཚིག་གསོ་བའི་པདྨ་༼ཨེ༽༼སྒོ༽༼གློ༽ཁ་སྦྱོར་གྱི་ཡི་གེ་བསྡུས་«་་་་་རྫོང་པོད་ནའང་ཡོད། »པ་བླ་མ་གནམ་ཁའུ་པ་གསུང་ཨི་ཐིའི་མཐའ་ཅན། དེས་མཛད་པའི་འགོར་བླ་མ་དམ་པ་དང་ནག་པོ་གདོང་བཞི་པ་ལ་ན་མོ། ཆོས་སྐྱོང་འདི་བསྟེན་པ་ན་༼ཉི༽ཞེས་ཡོད་པའི་པདྨ་ཁ་སྦྱོར་གྱི་ཡི་གེ་རྒྱས་པ་གནམ་ཁའུ་པའི་གདམས་པ་ས་མཱཔྟའི་མཐའ་ཅན། འགོར་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །མགོན་པོའི་གསང་བ་བྱེད་པར་འདོད་པས་ཞེས་ཡོད་པ་༼ཨེ༽༼སྒོ༽༼གློ༽༼ཉི༽གསང་བའི་ཆོ་ག་«་་་་་འདི་དཀར་ཆག་ན་མི་གསལ་རྫོང་པོད་ན་ཡོད། »འོའི་མཐའ་ཅན་རྣམས་སོ། །གཉིས་པ་བྱེ་བྲག་གི་ལྷན་ཐབས་ལ། སྔོན་འགྲོ་རྟེན་གྱི་སྐབས་སུ་འགོར་ཏཱ་ར་ན་མོ། མ་ཧཱ་ཀཱ་ལའི་རྟེན་བཅའ་བ་ནི་ཕྱི་རྟེན་དུ་གཡག་ནག་ཅེས་ཡོད་པའི་ཕྱི་ནང་༼ཨེ༽༼སྒོ༽༼གློ༽གསང་བ་དེ་ཁོ་ན་ཉིད་དང་བཅས་པའི་རྟེན་བཅའ་བའི་ཡི་«་་་་་རྫོང་པོད་ནའང་ཡོད། »གེ་ཤཱཀྱའི་དགེ་སློང་གཉན་གྱིས་མཛད་པའི་ཨུ་པ་དེ་ཤ་སུ་ཐོད་ཐོད་ལ་བསྟན་པར་མི་བྱའོའི་མཐའ་ཅན། འགོར་མ་ཧཱ་ཀཱ་ལའི་རྟེན་བཅའ་བ་ནི། རྡོ་ནག་པོ་སྨུག་པོའམ་ཞེས་ཡོད་པའི་ནང་རྟེན་བླ་རྡོ་བཅའ་བའི་ཡི་གེ་བསྡུས་«་་་་་རྫོང་པོད་ནའང་ཡོད།»པ་གཉན་ལོའི་གསུང་བཅུ་བཞི་ལ་མ་ཆག་པ་གོང་བཞིན་བྱའོའི་མཐའ་ཅན། དེའི་གསུང་འགོར་རྡོ་རྗེ་ནག་པོ་ཆེན་པོའི་རྟེན་བཅའ་བ་ནི། བྱང་ཤར་རམ་ཤར་ལྷོ་ནས་ཞེས་ཡོད་པའི་ནང་རྟེན་བླ་རྡོ་བཅའ་བའི་ཡི་གེ་རྒྱས་པ་གཏོར་མའང་གྲུབ་ན་བཟང་ངོ༌། །བླ་མ་གཉན་ལོ་ཙཱ་བའི་མན་ངག་ཨི་ཐིའི་མཐའ་ཅན། གསང་རྟེན་གྱི་སྐབས་སུ་འགོར་རྟེན་བཅའ་ཐབས་ལ་གྲི་སྙིང་འཁོར་ལོ་ཞེས་ཡོད་པའི་གཏུམ་པོ་རང་༼སྒོ༽༼གློ༽སྲུང་གི་འཁོར་ལོ་འདྲི་ཚུལ་རྟེན་བཅའ་ཐབས་སོའི་མཐའ་ཅན།«་་་་་འདི་གཉིས་གཅིག་ཏུ་བྱེད་ན་མ་གཏོགས་སོ་སོར་བྱེད་ཚེ་དཀར་ཆག་ཏུ་གཅིག་མི་གསལ་བས་ཞར་བྱུང་ཡིན་ནམ་སྙམ།་་་་་»འགོར་གཏུམ་«་་་་་རྫོང་པོད་ནའང་ཡོད། »པོ་སྲུང་བའི་འཁོར་ལོ་དང་ཞེས་ཡོད་པའི་གསལ་༼སྒོ༽༼གློ༽བྱེད་གསེར་སྲང་བཞི་ཕུལ་ཞེས་གྲགས་སོའི་མཐའ་ཅན། འགོར་འདིའི་གནད་ལ་བླ་མ་ཆོས་རྗེ་བདག་གི་བླ་མ་ལགས་ནའང་ཞེས་ཡོད་པའི་རང་༼ཨེསྒོ༽སྲུང་འཁོར་ལོ་ཐུན་མོང་མ་ཡིན་པའི་མན་ངག་དཔལ་མགོན་ཁྱོད་ལ་མཐོལ་ལོ་བཤགས་ཀྱི་མཐའ་ཅན།«་་་་་རྫོང་པོད་ནའང་བཞུགས།་་་་་»དེའི་བྲི་ཡིག་འགོར་སྲུང་འཁོར་ལ་མུ་ཁྱུད་ཕྱི་ནང་༼སྒོ༽གཉིས་ཞེས་ཡོད་པའི་ཨུ་པ་དེ་ཤའོའི་མཐའ་ཅན། དེའི་སྔགས་བྱང་གྲོང་ཁྱེར་བསྐྱོད་པ་དང་སྔགས་རིང་གི་མཚམས་༼སྒོ༽མཚམས་སུ་འདྲི་ལུགས་ཀྱི་གསལ་བྱེད་«་་་་་རྫོང་པོད་ནའང་ཡོད། »ཡོད་པ་ཐམས་ཅད་གཡས་སུ་སྐོར་དུ་འདྲིའོའི་མཐའ་ཅན། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྟེན་གྱི་འཁོར་ལོ་བྱ་བར་འདོད་ན་ཞེས་ཡོད་པའི་རྟེན་འཁོར་འདྲི་ཚུལ་༼ཨེ༽༼སྒོ༽༼གློ༽རྒྱས་པ་རྣམ་པར་བརྒྱན་ནོ་དྷཱ་ར་ཎིའི་མཐའ་ཅན། རྟེན་གྱི་འཁོར་ལོ་རབ་ཏུ་གནས་པ་རྟེན་འབྲེལ་གྱིས་རྟེན་ལ་ཐིམ་པར་བསམ་མོའི་མཐའ་ཅན། འགོར་དྷརྨ་པཱ་ལ་ཙ་ཏུརྨུ་ཁའི་རྟེན་བཅའ་བ་ནི་ཞེས་ཡོད་པའི་རྟེན་གྱི་ཡི་གེ་༼ཉི༽རྒྱལ་ཚ་ལུང་མང་པོས་མཛད་པ་དྷརྨེ་ཤྭ་རས་བརྗེད་ཐོར་བྲིས་པ། དེ་བྱུང་དགེ་བ་སངས་རྒྱས་བསྔོ། །ཞེས་པའི་མཐའ་ཅན།«་་་་་གོང་དཀར་བའི་གླེགས་བམ་ན་གཏོར་མ་ཕུལ་བས་འགྲུབ་བོ་ཡན་དང་མངོན་སྤྱོད་བསད་ལས་སྒྲུབ་ན་མན་སོ་སོར་བྱས་ཤིང་མཛད་བྱང་ཡང་མི་གསལ། »འགོར་བླ་མ་དང་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །གནོད་པ་བསྲུང་བ་དང་ཞེས་ཡོད་པའི་རང་༼ཉི༽སྲུང་ཆེན་མོ་ལིང་ཚེ་ཉི་ཤུ་པའི་བྲི་ཡིག་བླ་མ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ནས་ཞང་དཀོན་མཆོག་དཔལ་ལ་གནང་བ་ནམ་མཁའི་མཚན་ཅན་གྱི་ཕྱག་བྲིས་ལས་བཤུས་སོའི་མཐའ་ཅན། མཆོད་པའི་སྐབས་སུ་འགོར་རྟེན་གྱི་མདུན་དུ་མཆོད་གཏོར་དང་ཞེས་ཡོད་པའི་མེ་ཏོག་༼སྒོ༽བཞི་སྦྱོར་གྱི་ཡི་གེ་གཉན་ལོས་མཛད་པ་རྒྱུད་འཇམ་བཞི་སྦྱོར་མན་ངག་གོའི་མཐའ་ཅན། དེས་མཛད་པའི་གོང་གི་གསལ་བྱེད་འགོར་ཏཱ་ར་ན་མཿ ལུང་རྗེས་སུ་ནོད་པའི་པུཥྤེ་ཞེས་ཡོད་༼སྒོགློ༽པའི་བ་ལིང་གྱི་མེ་ཏོག་རྙིང་པའི་ཨུ་པ་དེ་ཤའོའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད།་་་་་»དེས་མཛད་པའི་འགོར། མཆོད་པའི་སྤོས་སྦྱོར་ཆོག་ནི། ཞེས་ཡོད་པའི་མགོན་པོའི་སྤོས་སྦྱོར་གྱི་མན་༼ཨེ༽༼གློ༽༼ཉི༽ངག་ལུས་སྦྲིད་པ་ལ་སོགས་པའི་རྟགས་འབྱུང་ངོའི་མཐའ་ཅན།«་་་་་ངོར་ལུགས་ལ་ལེ་ཚན་གཉིས་པོ་གོ་རིམ་སློག་འདུག་ཅིང་གོང་དཀར་བའི་གླེགས་བམ་དུའང་དེ་ལྟར་སྣང༌། »གཏོར་མའི་སྐབས་སུ་དེས་མཛད་པའི་འགོར་བླ་མ་གཉན་ལོའི་ཞལ་༼གློ༽གདམས་གཏོར་མ་བཤམ་དུས་ཞེས་ཡོད་པའི་གཏོར་མ་བཅའ་ཐབས་ཀྱི་ཡི་གེ་རྒྱུན་གྱི་ཐུན་མཚམས་སོའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད། »དེས་མཛད་པའི་འགོར་ཡར་ངོའི་བརྒྱད་དང་མར་ངོའི་བརྒྱད་ལ་ཞེས་༼གློ༽ཡོད་པའི་གཏོར་མ་གཏོང་ཐབས་ཀྱི་ཡི་གེ་ཡུམ་ལ་སྔགས་འོག་མས་དབུལ་ལ་ནང་པར་གཏོང་ངོའི་མཐའ་ཅན། འགོར་བླ་མ་དམ་པ་ལ་ན་མོ། རྟག་གཏོར་མན་ངག་དམ་པ་ནི། །ཞེས་ཡོད་པའི་རྟག་གཏོར་གྱི་མན་ངག་ཚིགས་བཅད་མ་གསང་ཞིང་སྦ་བ་ཉིད་དུ་བྱ་ཞེས་པའི་མཐའ་ཅན། འགོར་འདིའི་མདུན་ན་ལྕགས་སྣོད་གྲུ་གསུམ་ཞེས་ཡོད་པའི་དྲག་པོའི་གཏོར་མའི་མན་ངག་གསང་ངོ་མ་སྤེལ་ཞིག་གི་མཐའ་ཅན།«་་་་་འདི་དཀར་ཆག་ན་མི་གསལ་བ་གོང་གི་འཕྲོས་ཡིན་ནམ་སྙམ། »དངོས་གཞི་བསྙེན་པའི་སྐབས་སུ་སྔགས་བྱང་ལ། གྲོང་ཁྱེར་བསྐྱོད་པ། སྔགས་རིང༌། སྔགས་ཐུང༌། འཁོར་ལོའི་སྔགས། སྦགས་སྒྲུབ་སོ་སོར་ཕྲལ་བ་རྣམས་ཀྱི་སྔགས་ཕྲེང་མཆན་བུར་བཅས་པ་༼སྒོ༽༼གློ༽སྔགས་བཏུའི་གཞུང་དང་ཐེམས་ཡིག་ས་པཎ་གྱི་ཕྱག་བྲིས་དང་མཐུན་པར་བླ་མའི་གསུང་རྒྱུན་བཞིན་སྔགས་འཆང་མ་ཏིས་ཞུས་དག་པ། སྔགས་རིང་མཆན་བུར་བཅས་པ་༼སྒོ༽༼ཉི༽སྔར་གྱི་དཔེ་རྙིང་དག་པ་དང་ཐེམས་ཡིག་ནས་བྱུང་བ། སྔགས་རིང་མཆན་བུར་བཅས་པ་པཎ་ཆེན་ནགས་རིན་གྱིས་ཞུས་དག་པ་དེའི་ཞལ་སློབ་པུཎྱ་བི་ཛ་ཡ་ཨིནྡྲ་སེ་ནས་སླར་ཡང་ཞུས་དག་པ།«་་་་་པཎ་ཆེན་བྱམས་པ་གླིང་པའི་མཆན། »སྔགས་བྱང་གསུམ་པོ་དཀར་ཆག་ཏུ་སྔགས་བྱང་ཞེས་པ་ལས་སོ་སོའི་གསལ་ཀ་མི་འདུག འགོར་ཨོཾ་སྭ་སྟི་སིདྡྷཾ། དཔལ་ནག་པོ་ཆེན་པོའི་སྔགས་ཐེམས་བསྟན་པ་ལ་ཞེས་ཡོད་པའི་སྔགས་ཀྱི་ཐེམས་༼ཨེ༽༼སྒོ༽༼གློ༽༼ཉི༽ཡིག་ཞིབ་མོ་འདི་རྣམས་ཤིན་ཏུ་གཅེས་པས་མཁས་པ་གལ་ཆེ་ས་མཱཔྟ་མི་ཐིའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད། »འགོར་བླ་མ་ལ་ན་མོ། སྔགས་ཀྱི་ཐེམས་ཡིག་ལ་འབྲུ་བྱ་བ་ཚེག་བར་བགྲང་ཞེས་ཡོད་པའི་སྔགས་ཀྱི་ཐེམས་ཡིག་གསལ་བྱེད་བདག་ཆེན་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་མཛད་པ་བླ་མའི་མན་ངག་གི་རྗེས་སུ་འབྲང་བ་གལ་ཆེའོའི་མཐའ་ཅན། གཉན་ལོས་མཛད་པའི་སྔགས་ཀྱི་༼ཨེ༽༼སྒོ༽༼གློ༽༼ཉི༽གནས་ལས་སོ་སོའི་སྔགས་དག་པར་བཟླས་སོའི་མཐའ་ཅན།«་་་་་ངོར་ལུགས་ལ་ཤི་ས་བསྟན་པ་དང་སྦྲེལ་འདུག་རྫོང་པོད་ནའང་ཡོད། »འགོར་རྡོ་རྗེ་འཆང་དབང་དཔལ་ལྡན་ཧེ་རུ་ཀ་ཞེས་ཡོད་པའི་སྔགས་ཀྱི་ཐེམས་ཡིག་དང་སྤེལ་ཚིག་ཐོར་བུ་བ་དར་ནག་ལ་བཏགས་ཏེ་གཡབ་བོའི་མཐའ་ཅན། འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་མགོན་པོ་གདོང་བཞི་པའི་བསྙེན་སྒྲུབ་ཅེས་ཡོད་པའི་ཐུན་མོང་གི་བསྙེན་པའི་ཡི་གེ་འཕགས་པས་མཛད་པ་དབང་དུ་འདུས་པ་རྡོ་རྗེ་གུར་ལས་གསུངས་སོའི་མཐའ་ཅན།«་་་་་རྫོང་པོད་ནའང་ཡོད།་་་་་»དེས་མཛད་པའི་ཐུན་མོང་མ་ཡིན་པའི་བསྙེན་པའི་ཡི་གེ་ཤོག་དྲིལ་བཀའ་རྒྱ་མའི་གདམས་པ།«་་་་་འདི་ལ་གསང་སྒྲུབ་ཀྱང་ཟེར། »སྒྲུབ་པའི་སྐབས་སུ་འགོར་རྗེ་བཙུན་གྱི་ཞལ་ནས་སྤྱིར་སྒྲུབ་པ་མི་དགོས་གསུང་ཞེས་ཡོད་པའི་སྒྲུབ་པའི་༼གློ༽༼ཉི༽གནད་རྗེ་བཙུན་གསུང་རྒྱུན་ཤིན་ཏུ་བཀའ་དམ་པར་མཛད་དོའི་མཐའ་ཅན། འགོར་ལས་སྦྱོར་ལིང་ག་ལ་ཐུན་རྣམས་ཞེས་སྡང་འབར་བའི་ཞེས་ཡོད་༼ཨེ༽པའི་སྒྲུབ་ >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*