ཨ་མ་ཞིག་གི་རྣམ་དཔྱོད། (1)
ངས་རྒྱུན་དུ་རང་གི་བུ་ཕྲུག་དག་གི་བླ་རྡོ་རྣམས་སྐེ་ལ་འདོགས་ཀྱི་ཡོད། ཞོགས་པ་ཞིག་ལ། ང་ལས་ཀར་རྗེས་ལུས་ཐེབས་པའི་སྐབས་ཤིག་ལ། ངའི་གསེར་གྱི་སྐེ་རྒྱན་ལས་བུ་ཆུང་ལཱ་རེ་ཡི་བླ་རྡོ་ས་ལ་ལྷུངས་སོང་། ངས་སྨྱོ་འཚབ་འཚུབ་ཀྱིས་དེ་གང་སར་བཙལ་ཏེ། “ངས་དེ་རིང་རང་གི་བུ་ཆུང་ལག་ནས་ཤོར་སོང་། ཡིན་ནའང་། ངས་ཁོ་ཕྱིར་རྙེད་ཐབས་བྱ་རྒྱུ་ཡིན” ཞེས་རང་གིས་རང་ལ་ཤབ་ཤུབ་ཀྱིས་སྨྲས་པ་ཡིན།
ཉིན་དེར། ཁོའི་སྙིང་ནད་སྨན་པས་བརྟག་དཔྱད་དང་པོའི་གྲས་ནས་གྲུབ་འབྲས་ཤིག་ཁྱེར་ཡོང་ནས་སྐད་བཏང་སྟེ། ཁོའི་སྙིང་ལ་ཛ་དྲག་གིས་གཤག་བཅོས་བྱེད་དགོས་བྱུང་། དགའ་འོས་པ་ཞིག་ལ། གཤག་བཅོས་དེ་ལམ་ལྷོང་བྱུང་བ་དང་། ངས་ཁོའི་རྣ་རྩར་བཅར་ནས། “གཅེས་ཕྲུག ངས་ཁྱེད་ཨ་མ་ངའི་ལག་ནས་ཤོར་སོང་བསམས། འོན་ཀྱང་། ངས་ཁྱེད་ཨ་མ་ང་ལ་ཕྱིར་ཐོབ་པའང་ཤེས་ཀྱི་ཡོད”ཅེས་ཤབ་ཤུབ་ཀྱིས་སྨྲས་པ་ཡིན །
རྔ་བཟའ་བདེ་པོ་འཚོས་བསྒྱུར།
བླ་མ།
ཁ་བའི་འདབ་མ་དཀར་དཀར་ལྟར་དཀར་པོའི་གོས་ཀྱིས་དཀྲིས་དཀྲིས་ནས།
གངས་ཅན་ལྗོངས་ན་དམར་དམར་ལྟར་དམར་པོའི་མདངས་ཀྱིས་མཛེས་མཛེས་པ།
ནགས་ལ་སེང་གེ་འགྱིང་འགྱིང་ལྟར་འགྱིང་བའི་གཟི་འོད་བརྗིད་བརྗིད་ཀྱིས།
གདུལ་བྱའི་ཁྲོད་ན་རྒྱལ་རྒྱལ་ལྟར་རྒྱལ་ཞིང་རྟག་ཏུ་གནས་གནས་ཤོག །
འཇམ་དཔལ་གཟུགས་འཛིན་གཞོན་གཞོན་ལྟར་གཞོན་ནུའི་ཚུལ་ལས་འདའ་འདའ་མེད།
ཕྱག་ན་པདྨོས་བརྩེ་བརྩེ་ལྟར་བརྩེ་བས་འགྲོ་རྣམས་བསྐྱངས་བསྐྱངས་གནས།
མཐུ་སྟོབས་དབང་ཕྱུག་སྟོབས་སྟོབས་བཞིན་སྟོབས་ཀྱིས་བསྟན་པའི་གེགས་གེགས་སེལ།
རིགས་གསུམ་མགོན་པོ་མཇལ་མཇལ་བས་མཇལ་བའི་བྱིན་རླབས་ཆར་ཆར་བབས།
བསོད་ནམས་དཔག་མེད་མཚོ་མཚོ་ལྟར་མཚོ་ལས་ལེགས་པར་འཁྲུངས་འཁྲུངས་པ།
རྡོརྗེ་འཆང་གི་ཞབས་ཞབས་ཀྱི་ཞབས་དྲུང་བྲལ་མེད་ཞུགས་ཞུགས་ཤིང་།
དམ་ཆོས་བདུད་རྩི་ཟབ་ཟབ་ལས་ཟབ་པའི་གནད་ལ་རོལ་རོལ་བ།
གདུལ་བྱའི་ཡིད་འོང་འཕྲོག་འཕྲོག་གིས་འཕྲོག་པ་ཨེ་མ་མཚར་མཚར་རོ།
སྙན་པོ་འདུག