གཉིས་པ་བུ་ཡིག་ནི། གོང་གི་མ་ཡིག་གི་བེའུ་བུམ་མིའི་ལུས་ཀྱི་ཕྱིའི་དབྱིབས་ལྟ་བུ་ལ་སྟོད་སྨད་བར་གསུམ་གྱི་ཟབ་གནད་དོན་སྣོད་དང་དབང་པོ་ལྟ་བུ་རྣམས་ལོགས་སུ་གབ་པ་ཡིན་ལ། དེའི་རྒྱུ་མཚན་ནི། ཚེ་འདིའི་འདོད་པ་ཕྲ་མོ་ཙམ་གྱི་ཕྱིར། །དྲག་པོའི་ལས་སྦྱོར་བྱུང་རྒྱལ་རྩོམ་བྱེད་ཅིང༌། །ཆོས་ལ་བརྟེན་ནས་སྡིག་ཆེན་གསོག་པ་ཡི། །བླུན་པོ་ཞེ་སྡང་ཅན་དེའང་འདིའི་སྣོད་མིན། །སྡིག་ཅན་མི་དཔོན་སྟོབས་ལྡན་ཁྱིམ་ནང་དུ། །ལས་སྦྱོར་དྲག་པོས་ལྟོ་གོས་འཚོལ་བྱེད་ཅིང༌། །ལས་འབྲས་རྒྱབ་བསྐྱུར་མཐུ་སྟོབས་ཆེན་པོར་རློམ། །དམྱལ་བའི་བུད་ཤིང་ཆོས་འདིའི་སྣོད་མ་ཡིན། །ཞེས་པའི་གང་ཟག་གི་ལག་ཏུ་སོན་ཚེ་སྤྲེའུ་ལ་སྒྲོན་མེ་བསྐུར་བ་བཞིན་ཐམས་ཅད་ཕུང་ལ་སྦྱོར་བའི་དགག་བྱ་དང་དགོས་པ་ལ་དགོངས་པ་ཡིན་པས་བུ་ཡིག་གི་སྐོར་ལ། མཱ་རིའི་«༡»ལག་ལེན་དེ་འཁོར་གསལ་བྱེད་དང༌། «༢»།མལ་སྲུང་བཟློག་«༣»ཟབ་ཙཀྲའི་བྲི་«༤»ཡིག་བཅས། །གཏའ་རུ་སྲོག་«༥»བཟུང་ཁ་སྦྱོར་དེའི་གསལ་«༦»བྱེད། །ཡིད་བཞིན་«༧»འཁོར་ལོ་ལོ་ཙཱའི་སྒྲོས་རྙིང་གི །ཙཀྲ་«༨»༼གླང༽མཁའ་«༩»མིག་༼གླང༽མདའ་གཟུགས་«༡༠»༼གླང༽ལིང་ཚེ་རྙིང༌། །འཁོར་«༡༡»༼གླང༽ཅན་ལིང་ཅན་«༡༢»སྔགས་༼གླང༽ཅན་«༡༣»རྐྱང་༼གླང༽གཟུགས་«༡༤»༼གླང༽བཞི། །པཎྜུ་ར་ཡི་མཁས་པའི་བཞེད་ཚུལ་«༡༥»གཅིག༼གླང༽ །ཙཎྜའི་ཙཀྲ་«༡༦»དེ་ཡི་ལག་«༡༧»ལེན་བཅས། །རྡོ་རྗེ་གྲི་གུག་«༡༨»དངོས་སྐུའི་བསྲུང་«༡༩»བ་དང༌། །མི་མིན་«༢༠»རཀྵི་ཏ་དྭང་བ་«༢༡»ལིཾ་གཟུངས། །སྤུ་གྲི་སོ་འདེབས་«༢༢»མནྟྲ་ལུགས་«༢༣»ལྡོག་དང༌། །རལ་གྲི་རྟགས་ཅན་ལས་བཤུས་རྣམ་དག་«༢༤»སྔགས། །ཉི་ཟླ་ཅན་«༢༥»དང་དེ་ཝཱི་ཀཱ་«༢༦»ལི་མ། །མནན་«༢༧»པ་དུར་རྡོ་མནྟྲའི་«༢༨»རི་མོ་ཅན། །བྲི་ཡིག་ལག་«༢༩»ལེན་༼གླང༽༼ས༽གསལ་ཕྱེད་ཞལ་«༣༠»ཤེས་༼གླང༽༼ས༽དང༌། །དྲག་«༣༡»གཏད་༼གླང༽༼ས༽གཟུགས་«༣༢»བསྣུན་༼གླང༽༼ས༽རྟེན་«༣༣»བྲབ་༼གླང༽༼ས༽སྤྲེའུ་«༣༤»༼གླང༽༼ས༽དང༌། །གཅུན་«༣༥»༼གླང༽༼ས༽འཁོར་ཀ་«༣༦»པཱ་༼གླང༽༼ས༽ལ་དང་གནད་འཁོར་«༣༧»༼གླང༽༼ས༽ལོ། །གནད་དབབ་ཤི་སའི་ཚོད་«༣༨»འཛིན་འཚམས་སྦྱོར་«༣༩»༼གླང༽༼ས༽དང༌། །འཇམ་མགོན་ས་སྐྱའི་ཆོས་ཀྱི་ཁྲིར་བཞུགས་པའི། །ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་ཡིས། །ཁྱབ་བདག་དབང་ཕྱུག་རབ་བརྟན་ཞབས་བརྟན་ནས། །ཡབ་ཆོས་གསན་ཚེ་འདི་དང་གསང་སྒྲུབ་ཟུང༌། །དཀར་«༤༠»༼ས༽ཆག་ཞིང་སྐྱོང་དགྱེས་པའི་མཆོད་རྫས་ཀྱིས། །མཐའ་རྟེན་ཁོ་བོའི་སྙིང་དབུས་བུམ་པར་བལྟམས། །ཞེས་གྲངས་ཙམ་འགོད་པ་ལས་གསལ་བར་མི་འདྲི་བ་ནི། འདི་ནི་ལྷོ་བལ་གསེར་གྱིས་གནོངས་པ་ལྟར། །ཡོད་ཅེས་མི་སྨྲ་ཤིན་ཏུ་གསང་ཞིང་སྦ། །སྦས་ཀྱང་ཤེས་ན་ཁྱི་དང་གློ་བ་ནི། །ཕྲད་ལྟར་མི་བྱ་རིམ་གྱིས་བརྟགས་བྱས་ཏེ། །སྐལ་བཟང་སྣོད་དང་ལྡན་པའི་བུ་མཆོག་ལ། །ཆིག་བརྒྱུད་ཁོ་ནར་བྱིན་ལ་རྒྱས་གདབ་བྱ། །ཞེས་པའི་དོན་སྙིང་གི་དཔལ་བེའུར་བཅང་དགོས་པས་ཞིབ་ཆ་མཐའ་དག་ཡིད་ལ་རི་མོར་འདྲི་བ་དང༌། གལ་ཏེ་བརྗེད་ངས་ཀྱིས་འཇིགས་ན་ཐོ་གསལ་པོ་བྲིས་ནས་གུད་དུ་བཅང་བ་ལས་ཐོ་ཡིག་ཡོངས་གྲགས་སུའང་རྒྱས་པར་མི་འདྲི་བ་ཕྱག་ལེན་ནོ། །དེ་ལྟར་ཆོས་སྐོར་རྣམས་ཡོངས་སུ་རྫོགས་པར་ནོས་པ་ལས། ཐོག་མར་ཐར་རྩེ་པཎ་ཆེན་གྱིས་མཛད་པའི་ཡི་གེ་ལྟར་བསྙེན་དུས་ཀྱི་རྗེས་གནང་རྐྱང་པ་ངོར་ལུགས་ཀྱི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། འཕགས་མཆོག་ཀླུ་སྒྲུབ་ཞབས། གྲུབ་ཆེན་བ་ལིནྟ་པ།སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ་བའི་ཞབས། བི་མ་ལ་གུཔྟ། རཏྣ་བཛྲ། རཏྣ་ཀཱིརྟི། རི་སུལ་གྱི་རྣལ་འབྱོར་མ།གཉེན་ལོ་ཙཱ་བ་དར་མ་གྲགས། གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན། རྗེ་བཙུན་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། གྲུབ་ཆེན་བྲག་ཕུག་པ་བསོད་ནམས་དཔལ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། དེ་སྲས་ཤར་པ་ཡེ་ཤེས་རྒྱལ་མཚན་དང་གྲུབ་ཆེན་བུདྡྷ་ཤྲཱི་གཉིས་ཀས་རྗེས་སུ་བཟུང་བ། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཀུན་མཁྱེན་བསོད་ནམས་སེངྒེ། འདྲེན་མཆོག་རཏྣ་ཝརྡྷ།རྒྱལ་བ་ལྷ་མཆོག་སེངྒེ། རྡོ་རྗེ་འཆང་སངས་རྒྱས་སེངྒེ། པཎ་ཆེན་ནམ་མཁའ་དཔལ་བཟང༌། རྗེ་ནམ་མཁའ་སངས་རྒྱས། གཟར་ཆེན་པ། རྗེ་དམ་ཆོས་བསམ་འགྲུབ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། དྲིན་ཆེན་རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་མཚུངས་མེད་བསྟན་འཛིན་ལྷུན་གྲུབ་ནས། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལ་ལན་མང་དུ་སྩལ་ཏོ། །ཡང་ན་ཤུག་རྭ་བ་གྲུབ་མཆོག་ཧེ་རུ་ཀ་དཔལ་ཀུན་དགའ་དཔལ་འབྱོར། དེ་པའི་གསན་ཡུལ་གྱི་བླ་མ་ཤུག་ར་གོང་མ་ཀུན་དགའ་རྒྱལ་མཚན་ཡིན་ནམ་གང་ཡིན་མ་ངེས། དེ་ཉིད་ལས་བདག་བནྡེ་ཚུལ་རིན་གྱིས་སོ། །ཡང་ན་བྱམས་པ་བསོད་ནམས་བཟང་པོ་ལས་ཐོབ་པའི་གསན་ཡུལ་གྱི་བླ་མ་སླར་རྙེད་ན་བྲི་དགོས། ཡང་ན་ངོར་ཆེན་རྡོ་རྗེ་འཆང་ནས། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་ཀུན་དབང་མན་འདྲ། ཡང་ན་འདྲེན་མཆོག་དཀོན་མཆོག་འཕེལ་ནས། རྗེ་སངས་རྒྱས་རིན་ཆེན། ས་ལོ་ཙཱ་བ། སངས་རྒྱས་སེངྒེ་མན་འདྲ། ཡང་ན་འཕགས་པ་རིན་པོ་ཆེ་ནས། དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྒྱ་གར་ཤེས་རབ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་ལོ་ཙཱ་བ། འཇམ་དབྱངས་ངག་དབང་ཀུན་དགའ་རིན་ཆེན། པཎ་ཆེན་མན་འདྲ། ཡང་ན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱས་འགྱུར་བ་བསོད་ནམས་སེངྒེ། བླ་མ་རྡོ་རྗེ་སེངྒེ། རྗེ་ཤེས་རབ་རྒྱལ་མཚན། པཎ་ཆེན་མན་འདྲ། ཡང་ན་ས་ལོ།རྗེ་དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། ཤར་ཆེན་ཀུན་དགའ་བཀྲ་ཤིས། གཟར་ཆེན་མན་འདྲ། ཡང་ན་པཎ་ཆེན་ནམ་མཁའ་དཔལ་བཟང་ནས། ཞབས་དྲུང་ནམ་མཁའ་སངས་རྒྱས། རྒྱལ་རྩེ་བ་ངག་དབང་བསོད་ནམས་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཕུན་ཚོགས་མན་འདྲ། ཡང་ན་ས་ལོ་ནས། སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན། དེ་སྲས་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དེ་སྲས་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། རྒྱལ་རྩེ་པ་མན་འདྲ། ཡང་ན་ཞབས་དྲུང་ཨ་མི་ལགས། དེ་སྲས་བདག་ཆེན་བསོད་ནམས་དབང་ཕྱུག ཞབས་དྲུང་རྒྱལ་རྩེ་པ་མན་འདྲའོ། །ཡང་བསྙེན་«་་་་་ཚར་པ་ཆོས་རྗེས་མཛད་པའི་ཕོ་ཉ་མྱུར་མགྱོགས་དང་རྗེས་གནང་གི་ཡི་གེའི་སྟེང་ནས། »དུས་ཀྱི་མགོན་པོའི་རྗེས་གནང་དང༌། རི་སུལ་གྱི་རྣལ་འབྱོར་མ་ནས་བརྒྱུད་པའི་ས་བཅད་དང་ཕྱི་སྒྲུབ་སྐོར་དང༌། ས་བཅད་གསུམ་པ་སྙིང་ནང་གི་ཁྲག་ལྟ་བུ་ཁྱད་པར་གྱི་མན་ངག་རྣམས་ལས་ཤོག་དྲིལ་དང་པོའི་གསལ་བྱེད་རྗེ་བཙུན་རྡོ་རིང་པ་ཆེན་པོས་མཛད་པ་མ་གཏོགས་པ་ཡོངས་རྫོགས་དཀར་ཆག་གིས་མ་ཟིན་པའི་ས་བཅད་དང་པོའི་ལྡོང་གཡུང་དྲུང་ལྷན་ཅིག་པའི་རྟགས་ཅན། རྟགས་གང་ཡང་མེད་པའི་ལུང་རྣམས་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། འཕགས་པ་ཀླུ་སྒྲུབ། བ་ལིནྟ་པ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ་བའི་ཞབས། དྲི་མེད་སྦས་པ། རིན་ཆེན་གྲགས་པ། རིན་ཆེན་རྡོ་རྗེ། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོ་ཙཱ་དར་མ་གྲགས། གནམ་ཁའུ་པ་དར་མ་རྒྱལ་མཚན། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་དཔལ་ལྡན་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ་ཆེན་པོ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། རྗེ་བཙུན་ཀུན་སྤངས་རྡོ་རིང་པ། རྡོ་རྗེ་འཆང་ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག མཐུ་སྟོབས་དབང་ཕྱུག་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །རྗེས་གནང་ནི་དངོས་གྲུབ་རྒྱ་མཚོ་ལ་སོགས་པ་ལྟར། སྒྲུབ་དུས་ཀྱི་རྗེས་གནང༌། དཀར་ཆག་གི་ས་བཅད་དང་པོ་ཡོངས་རྫོགས། གསུམ་པའི་ནང་གི་ལྡོང་གི་རྟགས་ཅན། དཀར་ཆག་གིས་མ་ཟིན་པའི་ས་བཅད་དང་པོའི་ལྡོང་གཡུང་དྲུང་ཅན་དང་བཅས་པའི་ལུང་གི་བརྒྱུད་པ་ལུགས་གཅིག་ནི། གྲུབ་ཆེན་བྲག་ཕུག་པ་ཡན་གོང་གི་བསྙེན་དུས་དང་འདྲ་བ་ལས། དེ་ནས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྣལ་འབྱོར་གྱི་དབང་ཕྱུག་ཡར་ཀླུངས་པ་སེངྒེ་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ་ཀུན་སྤངས་ཆེན་པོ། ཐམས་ཅད་མཁྱེན་པ་བློ་གསལ་རྒྱ་མཚོ།འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག མཐུ་སྟོབས་དབང་ཕྱུག་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་རྨོར་ཆེན་རྡོ་རྗེ་འཆང་ནས། གྲུབ་དབང་སངས་རྒྱས་རྒྱ་མཚོ། རྡོ་རྗེ་འཛིན་དབང་ཀུན་དགའ་རྒྱ་མཚོ། དེས་བདག་ལའོ། །འདི་དག་ལ་སྤྱིར་རྗེས་གནང་སོ་སོའི་བརྒྱུད་པ་ནི། རང་གི་རྩ་བའི་བླ་མའི་བར་ཐ་དད་དུ་བཀོད་པ་ཇི་ལྟ་བ་བཞིན་ཡིན་ལ། ལུང་གི་བརྒྱུད་པ་རྣམས་ནི་དང་པོ་རྟགས་སོ་སོ་བ་ལྟར་བརྒྱུད་པ་ཁོ་ན་ཡིན་ཡང༌། ཕྱིས་སུ་གླེགས་བམ་ཕྱོགས་གཅིག་ཏུ་བསྡེབས་ཟིན་པ་ཚུན་ཆད་ནས་ལུང་གི་བརྒྱུད་པ་ཐ་དད་བགྲང་དུ་མེད་པར་བསྡོམས་ནས་གླེགས་བམ་དང་བེའུ་བུམ་གྱི་ལུང་ཐོབ་ཡུལ་གང་ཡིན་ལྟར་རྒྱུན་ཆགས་སུ་སྦྲེལ་ཤེས་དགོས་སོ། །ཡང་རྗེས་གནང་དང་ས་བཅད་དང་པོའི་ལུང་བརྒྱུད་ལུགས་གཅིག་ནི། བླ་ཆེན་ཀུན་དགའ་རྒྱལ་མཚན་ནས། བདག་ཆེན་ཞྭ་ལུ་པ་བསོད་ནམས་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག་ལྡན། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་འདྲ། ཨེའི་རྟགས་ཅན་གྱི་ལུང་གི་བརྒྱུད་པ་ནི། བླ་མ་དམ་པ་ནས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གཞི་ཐོག་པ་བདག་ཆེན་ཀུན་དགའ་དབང་ཕྱུག བདག་ཆེན་རྡོ་རྗེ་འཆང་མན་གོང་ལྟར་རོ། །ཡང་རྗེས་གནང་དང་སྒོ་རྟགས་ཅན་གྱི་ལུང་བརྒྱུད་ནི། རྗེ་བཙུན་རྡོ་རིང་པ་ཡན་གོང་ལྟར་ལས། དེ་ནས་རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པའི་བློ་གྲོས།འཇམ་མགོན་མཁྱེན་བརྩེའི་ཞབས་མན་འདྲའོ། །རྡོ་རྗེ་རྐྱང་པའི་རྟགས་ཡོད་པའི་ལུང་བརྒྱུད་ནི། འཕགས་པ་རིན་པོ་ཆེ་ནས། བླ་ཆེན་རོང་པ། བླ་མ་ཤེས་རབ་སེངྒེ། བླ་མ་བསོད་ནམས་ལྷུན་གྲུབ། བླ་མ་ངག་གི་དབང་ཕྱུག བླ་མ་དཔལ་ལྡན་ལེགས་དབང༌། བྲག་ཐོག་པ་བསོད་ནམས་བཟང་པོ། རྗེ་རྡོ་རྗེ་གདན་པ།ཐུགས་སྲས་ཀླུ་དབང་གླིང་པ། རིག་འཛིན་ཚེ་དབང་བཀྲ་ཤིས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་འདྲའོ། །རྡོ་རྗེ་གཡུང་དྲུང་གི་རྟགས་ཅན་གྱི་ལུང་བརྒྱུད་ལུགས་གཅིག་ནི། གཉན་ལོ་ནས་གཤོངས་མའི་སྔགས་བན་ག་རོད། རྟོགས་ལྡན་འཚོ་དཀར་བ།«་་་་་འདིས་དགུང་ལོ་ཕྱེད་ཉིས་བརྒྱ་ཙམ་བཞུགས་སྐུ་ཚེའི་སྟོད་ལ་སྔགས་བན་དང་མཇལ་སྐུ་ཚེའི་སྨད་ལ་སྤྱན་སྔ་དང་མཇལ་ཞེས་རྡོ་རྗེ་གདན་པ་དང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་སྣང༌། »ཐེལ་སྤྱན་སྔ་བསོད་ནམས་གྲགས་པ། རིན་པོ་ཆེ་ཚལ་མིན་པ། རྗེ་སེངྒེ་དཔལ་བ། ཕ་བྲག་ཐོག་པ་མན་འདྲ། འདི་སྐོར་ལ་བརྒྱུད་ཚུལ་ཟུར་པ་འདི་འདྲ་ཞིག་ཀྱང་མཆིས་ནའང༌། དེ་རྒྱུ་མཚན་དུ་བྱས་ནས་རྗེ་བཙུན་གོང་མ་ནས་མ་བརྒྱུད་པར་འདོད་པ་ནི་ལོག་རྟོག་གོ་ཞེས་རྒྱལ་དབང་ལྔ་པ་ཆེན་པོས་གསུངས། རྡོ་རྗེ་དགའ་འཁྱིལ་བཅས་པའི་རྟགས་ཅན་གྱི་ལུང་བརྒྱུད་ལུགས་གཅིག་ནི། ཁའུ་པ་ནས། སློབ་དཔོན་གོ་ཆ། དམ་པ་དེ་སྐྱེས། གྲུ་རྡོ་རྗེ་སེངྒེ། བཅོམ་ལྡན་རལ་གྲི། སྐྱི་སྟོན་གྲགས་པ་རྒྱལ་མཚན། ཇོ་ནང་ཀུན་མཁྱེན་ཆེན་པོ། ཉ་དབོན་ཀུན་དགའ་དཔལ། རྗེ་ལུང་རིག་པ། མཁན་ཆེན་སེངྒེ་དཔལ་བ། བྲག་ཐོག་པ་མན་འདྲ།གློའི་རྟགས་ཡོད་དོ་ཅོག་གི་ལུང་གི་བརྒྱུད་པ་ནི། རྡོ་རིང་པ་ཆེན་པོ། རྗེ་གྲོལ་མཆོག མཁྱེན་བརྩེའི་ཞབས་མན་འདྲ། ཀུའི་རྟགས་ཅན་གྱི་ལུང་གི་བརྒྱུད་པ་ནི།ཚར་ཆེན་ཆོས་ཀྱི་རྒྱལ་པོ་ནས། གཉན་སྟོན་སྤྲུལ་བའི་ཟློས་གར་རྡོ་རྗེ་འཆང་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ཞྭ་ལུ་པ།བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ། སྐྱོར་མདའ་བ་མཁས་བཙུན་བསོད་ནམས་དབང་ཕྱུག བསྟན་པའི་སྣང་བྱེད་མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །དབང་གི་རྟགས་ཅན་གྱི་ལུང་གི་བརྒྱུད་པ་ནི། ཚར་ཆེན་རྡོ་རྗེ་འཆང་ནས། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཞྭ་ལུ་པ་མན་འདྲའོ། །ངག་གི་རྟགས་ཅན་གྱི་ལུང་གི་བརྒྱུད་པ་ནི། རྗེ་དབང་རབ་ཡན་གོང་ལྟར་ལས། དེ་ནས་མཁན་ཆེན་ངག་དབང་ཆོས་གྲགས། ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག ཁྱབ་བདག་མཁན་ཆེན་ཞྭ་ལུ་པ།བྱམས་པ་ངག་དབང་ལྷུན་གྲུབ་མན་འདྲའོ། །མུས་ཀྱི་རྟགས་ཅན་གྱི་བརྒྱུད་པ་ནི། ངོར་ཆེན་རྡོ་རྗེ་འཆང༌། མུས་ཆེན་དཀོན་མཆོག་རྒྱལ་མཚན། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། སྔགས་འཆང་ཀུན་དགའ་བསོད་ནམས་མན་འདྲའོ། །ཉི་གཡུང་དྲུང་བཅས་པའི་རྟགས་ཅན་གྱི་ལུང་བརྒྱུད་ནི། མཁན་ཆེན་བསོད་ནམས་རྒྱལ་མཆོག་ནས། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ།ཡངས་པ་ཅན་པ་ཤཱཀྱ་ཀུན་དགའ། དམ་ཆོས་གླིང་པ་ཡེ་ཤེས་དབང་པོ། བླ་མ་བཛྲ་མ་ཏི། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། དེ་གཉིས་ཀ་ལས་པཎ་ཆེན་ཀུན་བཟང་རྩེ་པས་གསན། དེ་ལས་ཞྭ་ལུ་མཁན་ཆེན། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཐམས་ཅད་མཁྱེན་པ་ཀུན་དགའ་ལྷུན་གྲུབ། མཁས་བཙུན་བསོད་ནམས་དབང་ཕྱུག རྡོ་རྗེ་འཆང་བ་ཆེན་པོ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་རིན་ལའོ། །ཤིན་ཏུ་ཟབ་པའི་གདམས་པ་དཀར་ཆག་གིས་མ་ཟིན་པའི་ས་བཅད་གསུམ་པ་སྙིང་ཐིག་ཧ་ལ་ནག་པོ་མ་ཡིག་བུ་ཡིག་རྟགས་མེད་རྣམས་ཀྱི་ལུང་མན་ངག་ཕྱག་ཁྲིད་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ནས། དྲུང་ཡིག་བྱམས་པ་དོན་གྲུབ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། ངག་དབང་རྣམ་རྒྱལ། མཁན་ཆེན་བཟང་པོ་རྒྱལ་མཚན། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། སྐྱོར་མདའ་བ་བསོད་ནམས་དབང་ཕྱུག མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་རྨོར་ཆེན་རྡོ་རྗེ་འཆང་ཆེན་པོ་ནས། གྲུབ་དབང་སངས་རྒྱས་རྒྱ་མཚོ། རྡོ་རྗེ་འཛིན་དབང་ཀུན་དགའ་རྒྱ་མཚོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན། མགོན་པོ་བསོད་ནམས། རིན་ཆེན་རྒྱ་མཚོ། བཀའ་བཅུ་རྣམ་རྒྱལ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ་མན་གོང་བཞིན་ནོ། །རྗེས་གནང་བསྙེན་དུས་དང༌། སྒྲུབ་དུས་ཁེ་རྐྱང་གི་བརྒྱུད་པ་ནི། རྗེ་ས་པཎ་ནས། ནུབ་པ་རིགས་འཛིན་གྲགས། ཤར་པ་ཤེས་རབ་འབྱུང་གནས། ཤར་པ་རྡོ་རྗེ་འོད་ཟེར། ཤར་པ་ཡེ་ཤེས་རྒྱལ་མཚན། གུ་རུ་དཀོན་མཆོག་རྒྱལ་མཚན། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་རྡོ་རྗེ་སེངྒེ། མཁན་ཆེན་བཀའ་བཅུ་པ། ཆོས་རྗེ་པཎྜི་ཏ། རྩེས་དང་དགེ་འཕེལ་བ་བསོད་ནམས་བློ་གྲོས། རྗེ་རྡོ་རིང་པ། དེ་ལས་རྗེ་བཙུན་སྒོ་རུམ་པ་དང་ཚར་ཆེན་གཉིས་ཀྱིས་གསན། གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེས་གསན་པ་མན་སྔར་ལྟར་རོ། །ཡང་ན་ཞང་དཀོན་མཆོག་དཔལ་ནས། དགོན་པ་བ་བསོད་ནམས་འབུམ། བག་སྟོན་གཞོན་ཚུལ་མན་འདྲ། ཡང་ན་ཆོས་རྗེ་བླ་མ་དམ་པ་ནས། བདག་ཆེན་ཀུན་དགའ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ། བདག་པོ་བླ་མ། ཆོས་རྗེ་པཎྜི་ཏ་མན་འདྲ། ཡང་ན་བླ་མ་དམ་པ་ནས། གུང་ཐང་པ་སེངྒེ་དཔལ་ལྡན་འོད་མཛེས་བཟང་པོ། བླ་མ་པཎྜི་ཏ་མན་འདྲ། ཡང་ན་གཞི་ཐོག་པ་ཀུན་དགའ་རིན་ཆེན་ནས། གཞི་ཐོག་པ་བློ་གྲོས་རྒྱལ་མཚན། ཆོས་རྗེ་དགེ་བ་རྒྱལ་མཚན། གྲྭ་ཐང་བ་ཤེས་རབ་ཟླ་བའི་དབང་པོ།རྗེ་བཙུན་རྡོ་རིང་པ་ཆེན་པོ་མན་སྔར་དང་འདྲ། ཡང་ན་བདག་ཆེན་ཞྭ་ལུ་པ་ནས། ཆོས་རྗེ་རྒྱལ་མཚན་དཔལ་བཟང༌། བྱས་འགྱུར་བ་བསོད་ནམས་སེངྒེ། རྗེ་རྡོ་རིང་པ་མན་འདྲ། ཡང་ན་ཆོས་རྗེ་བླ་མ་དམ་པ་ཡན་གོང་ལྟར་ལས། དེ་ནས་རི་ཁྲོད་པ་བློ་གྲོས་བརྟན་པ། དེ་གཉིས་ཀ་ལས་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱས་འགྱུར་བ་བསོད་ནམས་སེངྒེ་མན་འདྲ། ཡང་ན་ངོར་ཆེན་ལས། རྗེ་བསོད་ནམས་དབང་ཕྱུག རྒྱལ་ཚབ་ཀུན་དགའ་དབང་ཕྱུག རྗེ་བསོད་ནམས་སངས་རྒྱས། མཁས་གྲུབ་གུང་རུ་ཤེས་རབ་བཟང་པོ་བཞི་ཀས་གསན། དེ་བཞི་ཀ་ལས་རྗེ་བཙུན་རྡོ་རིང་ཆེན་པོས་གསན་པ་མན་འདྲ། ཡང་ན་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ནས། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུགཡབ་སྲས་གཉིས་ཀ་ལས་མཁན་ཆེན་བསླབ་གསུམ་རྒྱལ་མཚན་དང༌། སྔགས་འཆང་བསོད་ནམས་ཆོས་འཕེལ་གཉིས་ཀྱིས་གསན། ཡབ་སྲས་དེ་བཞི་ཆར་ལས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་གསན་པ་མན་འདྲའོ། །སྒྲུབ་དུས་ཀྱི་མགོན་པོའི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང༌། ཏ་ཐཱ་ག་ཏ་རཀྵི་ཏ་ནས་བརྒྱུད་པའི་སྒྲུབ་སྐོར་དང༌། དཀར་ཆག་གིས་མ་ཟིན་པའི་ས་བཅད་དང་པོའི་ཏའི་རྟགས་ཅན་གྱི་ལུང་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌།འཕགས་པ་ཀླུ་སྒྲུབ། བ་ལིནྟ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད། དཔལ་བདེ་བ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། པཎྜི་ཏ་ཏ་ཐཱ་ག་ཏ་རཀྵི་ཏ། གཉན་ལོ་མན་གདུང་བརྒྱུད་བརྒྱུད་པ་དང༌། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་ནས་བརྒྱུད་པ་གཉིས་སྔགས་འཆང་བསོད་ནམས་ཆོས་འཕེལ་བཞུགས་པ་དང་འདྲའོ། །སྒྲུབ་དུས་ཀྱི་མགོན་པོའི་ཐུན་མོང་མ་ཡིན་པའི་རྗེས་གནང་གི་བརྒྱུད་ལུགས་གཅིག་ནི། འཕགས་པ་རིན་པོ་ཆེ། «བརྒྱུད་ལུགས་འདི་ལོ་པ་སྤྱན་སྔའི་དེར་ཡོད་པར་གྲགས།་་་་་»དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། ཆོས་རྗེ་བླ་མ་དམ་པ་མན་འདྲ། ཡང་ན་བླ་མ་དམ་པ་ནས་གཞི་ཐོག་བདག་ཆེན་ཀུན་དགའ་རིན་ཆེན། གཞི་ཐོག་པ་བློ་གྲོས་རྒྱལ་མཚན། རིག་པའི་དབང་ཕྱུག་དགེ་བ་རྒྱལ་མཚན། མཚུངས་མེད་གྲྭ་ཐང་པ་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིང་པ་མན་འདྲའོ། །ཡང་སྒྲུབ་དུས་ཀྱི་མགོན་པོའི་རྗེས་གནང་ཐུན་མོང་བའི་བརྒྱུད་ལུགས་གཅིག་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས། མཁན་ཆེན་ཞྭ་ལུ་པ་ཆེན་པོ་མན་འདྲའོ། །ཡང་ན་ཚར་ཆེན་ནས། རྗེ་བཙུན་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། སྐྱེད་ཚལ་མཁན་ཆེན་ཐར་པ་བཟང་པོ། ཞྭ་ལུ་པ་ཆེན་པོ་མན་འདྲའོ། །སྒྲུབ་དུས་དམ་ཅན་རྒྱ་མཚོས་བསྐོར་བའི་རྗེས་གནང་གི་བརྒྱུད་པ་ནི།འཕགས་པ་རིན་པོ་ཆེ་ནས། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། རྗེ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། གཞི་ཐོག་པ་ཀུན་དགའ་རིན་ཆེན། བདག་ཆེན་གྲགས་པ་བློ་གྲོས། མཁན་ཆེན་སེངྒེ་དཔལ་བ། བྲག་ཐོག་པ་བསོད་ནམས་བཟང་པོ། རྗེ་ཀུན་དགའ་རྣམ་རྒྱལ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། ཡངས་ཅན་ཤཱཀྱ་ཀུན་དགའ། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། ཀུན་བཟང་རྩེ་པ་བསོད་ནམས་མཆོག་ལྡན། ཁྱབ་བདག་ཞྭ་ལུ་མཁན་ཆེན་མན་འདྲའོ། །ཚར་ཆེན་གྱིས་མཛད་པའི་རྗེས་གནང་གི་ཡི་གེ་བཀའ་རྒྱ་མ་ལ་བརྟེན་ནས་མཐོང་བརྒྱུད་ཀྱི་ཕྱག་བཞེས་དབྲི་བསྣན་དང་བཅས་པའི་སྒོ་ནས་ལས་སྦྱོར་གྱི་མགོན་པོ་གདོང་བརྙན་ཅན་གྱི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ནཱ་གཱརྫུ་ན། བ་ལིནྟ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ་བའི་ཞབས། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། མ་ཧཱ་པཎྜི་ཏ་འབུམ་ཕྲག་གསུམ་པ། གཉན་ལོ་ཙཱ་བ། གནམ་ཁའུ་པ། དཔལ་ས་སྐྱའི་རྗེ་བཙུན་གོང་མ་ལྔ། ཞང་དཀོན་མཆོག་དཔལ། གྲུབ་ཆེན་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེངྒེ་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཆོག བདག་ཆེན་འཇམ་དབྱངས་ཆོས་རྗེ་ནམ་མཁའ་རྒྱལ་མཚན།བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ་ཀུན་སྤངས་ཆེན་པོ། རྡོ་རྗེ་འཆང་ཚར་ཆེན་ཆོས་ཀྱི་རྒྱལ་པོ། བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཞྭ་ལུ་པ་ཆེན་པོ་མན་འདྲའོ། །ཡང་ན་འཕགས་པ་རིན་པོ་ཆེ་ཡན་གོང་ལྟར་ལས། དེ་ནས་ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེངྒེ། ཆོས་རྗེ་དྷརྨ་ཀཱིརྟི། ཆོས་རྗེ་བློ་བཟང་པ། ཉ་དབོན་ཀུན་དགའ་དཔལ། བླ་མ་ལུང་རིགས་རྒྱ་མཚོ། མཁན་ཆེན་སེངྒེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། མཐུ་ཆེན་འཇིགས་མེད་དཔའ་བོ། མུས་ཆེན་རྣམ་རྒྱལ་དཔལ་བཟང༌། ཐུགས་སྲས་ཀུན་དགའ་རྒྱལ་པོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་གོང་བཞིན་ནོ། །ཡང་ན་ཀུན་མཁྱེན་རྡོ་རྗེ་གདན་པ་ནས།«་་་་་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འཁོར་ཞལ་གྱི་རྗེས་གནང་ཞེས་ལོགས་སུ་བགྲངས་འདུག་པ་གདོང་བརྙན་ཅན་ལས་ཟུར་པ་མེད་ཀྱང་ལོ་མཆོག་པ་ཡོད་པའི་བརྒྱུད་པའི་སྐབས་གདོང་བརྙན་ཅན་དང་ལས་བཞི་ལྷན་དུ་བགྲངས་པའི་དབང་གིས་སོ་སོར་ཕྱེ་བར་སྣང་ངོ༌། »།མདོ་ཁམས་པ་ཡོན་ཏན་རྒྱ་མཚོ།འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས་མན་འདྲ། ཡང་ན་ས་པཎ་ནས། ཚོགས་སྒོམ་པ། ཉན་ཆེན་པ། ན་བཟའ་པ། དཔལ་ལྡན་བླ་མ་དམ་པ། གཞི་ཐོག་པ་ཀུན་དགའ་རིན་ཆེན། གཅུང་གྲགས་པ་བློ་གྲོས། མཁན་ཆེན་སེངྒེ་དཔལ་མན་འདྲ། ཡང་ན་བདག་པོ་ཀུན་རིན་པ་ནས། བདག་ཆེན་བློ་གྲོས་པ། ཆོས་རྗེ་དགེ་བ་རྒྱལ་མཚན། རྗེ་ཟླ་བ་ཤེས་རབ། རྡོ་རིང་པ་མན་འདྲ། ཡང་རྗེ་རྡོ་རྗེ་གདན་པའི་གསན་ཡིག་ལྟར་ན། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། གཉན་ལོ་ཙཱ་བ་མན་འདྲ། འདི་ཉེ་བརྒྱུད་ཡིན་པ་འདྲ་ཞིང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་གི་ཚར་ལུགས་ནས་བརྒྱུད་པའི་སྐབས་རིང་བརྒྱུད་དང་གོང་དཀར་བ་ལུགས་ཀྱི་གསན་ཡིག་སྐབས་གསན་ཡིག་རྒྱ་མཚོ་སོར་བཞག་བགྲངས་འདུག་པ་རྒྱས་བསྡུས་སུ་མངོན། པཎྜི་ཏ་འབུམ་ཕྲག་གསུམ་པ་ནས་བརྒྱུད་པའི་ཆོས་སྐོར་དང་དཀར་ཆག་གིས་མ་ཟིན་པའི་འབུམ་གྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། ཚར་ཆེན་ཡན་ཞལ་ངོ་ནང་བརྒྱུད་དང་ཡར་ཀླུངས་པ་ནས་བརྒྱུད་པ་རྟ་རྭ་བ་བཞུགས་པ་ནས། མཁྱེན་བརྩེའི་ཞབས། རྟ་རྭ་བ། རྗེ་དབང་རབ་མན་འདྲ། དངོས་གྲུབ་རྒྱ་མཚོ་དང་གསང་བ་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཡི་གེ་གསུང་རྒྱུན་ཕྱག་ལེན་ལྟར་ནང་ཞིང་སྐྱོང་ལྟར་སྒྲུབ་པའམ་གསང་སྒྲུབ་ཀྱི་རྗེས་གནང་གི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ཡན་བསྙེན་དུས་ཀྱི་རྗེས་གནང་ཚར་ལུགས་ལྟར་ལས། དེ་ནས་དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་བཟང་པོ་རྒྱལ་མཚན། མཁས་གྲུབ་དགེ་བ་རྒྱལ་མཚན། ཆོས་རྗེ་སངས་རྒྱས་མཆོག་པ། མཚུངས་མེད་སྐྱེས་མཆོག་རྒྱལ་མཚན། མདོ་ཁམས་པ་ལྕགས་མོ་བཀྲ་ཤིས་སེངྒེ།«་་་་་འདིས་སྟན་ཐོག་གཅིག་ཏུ་ཞལ་གྱི་སྔགས་ཐུང་འབུམ་ཕྲག་བརྒྱ་སོང་ཞིང་ཞལ་དངོས་སུ་གཟིགས་པ་ཡིན་ནོ།། »རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག སྔགས་འཆང་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན།མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་གསང་ཁྲིད་ཀྱི་སྔོན་དུ་འགྲོ་བར་སྩལ་ཏོ། །ཡང་ན་རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཡན་གོང་ལྟར་ལས། དེ་ནས་སྐྱོར་མདའ་བ་བསོད་ནམས་དབང་ཕྱུག མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ལའོ། །ཕྱི་ནང་གི་སྲུང་འཁོར་འཆི་མེད་སྒྲུབ་པ་ཞར་བྱུང་བཟློག་པ་དང་བཅས་པའི་ཕྱིའི་ཉམས་ཁྲིད་དང༌། གསང་ཁྲིད་ཀྱི་ཉམས་ཁྲིད་ཟབ་མོ་སྨིན་རྒྱས་སུ་ཐོབ་པ། རི་སུལ་གྱི་རྣལ་འབྱོར་མ་ནས་བརྒྱུད་པའི་ས་བཅད་གཉིས་པའི་སྐོར། དཀར་ཆག་གིས་མ་ཟིན་པའི་ས་བཅད་གཉིས་པའི་རྟགས་གང་ཡང་མེད་པ་རྣམས་ཀྱི་ལུང་རྣམས་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ཡན་བཤད་མ་ཐག་པའི་གསང་སྒྲུབ་ཀྱི་རྗེས་གནང་ལྟར་ལས། དེ་ནས་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། དེ་གཉིས་ཀ་ནས་རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བླ་མ་བྱམས་པ་ངག་དབང་ལྷུན་གྲུབ།རྨོར་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ཚུལ་ཁྲིམས་རིན་ཆེན་དུ་བོད་པ་ལའོ། །གསང་ཁྲིད་ཡིག་རྙིང་དང་བཅས་པའི་བརྒྱུད་པ་ལུགས་གཅིག་ལ། ཆོས་རྗེ་བླ་མ་དམ་པ་ནས། ཡར་ཀླུངས་པ་སེངྒེ་རྒྱལ་མཚན། གཡག་ཕྲུག་བསྟན་པའི་ཉི་མ་སངས་རྒྱས་དཔལ། རོང་སྟོན་ཤེས་བྱ་ཀུན་རིག རིག་པའི་དབང་ཕྱུག་དགེ་བ་རྒྱལ་མཚན་འདྲའོ། །ཡང་སྲུང་འཁོར་ཚེ་སྒྲུབ་ཀྱི་ཁྲིད་ཀྱི་བརྒྱུད་པ་ནི།ལྕགས་མོ་བཀྲ་ཤིས་སེངྒེ་ནས། ཁམས་སྟོན་བསོད་ནམས་དོན་གྲུབ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་འདྲའོ། །གླང་གི་རྟགས་ཅན་ཡོད་དོ་ཅོག་གི་ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས། གླང་བུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག མཁན་ཆེན་ཞྭ་ལུ་པ་མན་འདྲའོ། །སའི་རྟགས་ཡོད་པའི་ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས། ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུགམཁན་ཆེན་ཞྭ་ལུ་པ་མན་འདྲའོ། །བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཆོས་སྐྱོང་སྙིང་དབུས་སུ་མི་འབྲལ་བའི་ཉམས་ཁྲིད་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ཡན་གོང་ལྟར་ལས། དེ་ནས་གླང་བུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག མཁན་ཆེན་ཞྭ་ལུ་པ་མན་འདྲའོ། །ལས་བཞིའི་རྗེས་གནང་ལ་འཇམ་དབྱངས་མཁྱེན་བརྩེའི་ཡི་གེ་ལྟར་རམ་ངག་ཆོས་པའི་ཡི་གེ་ལྟར། དཀར་པོ་ཚེ་འཕེལ་གྱི་ཚེ་དབང་ཐུན་མོང་མ་ཡིན་པའི་བརྒྱུད་པ་ནི། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡན་བསྙེན་དུས་ཀྱི་རྗེས་གནང་ཞལ་ངོ་ནང་བརྒྱུད་ལྟར་ལས། དེ་ནས་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེངྒེ་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། ཀུན་སྤངས་ཆེན་པོ་རྡོ་རིང་པ། རྡོ་རྗེ་འཆང་ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་བོད་མཁར་བ་ཆེན་པོ། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། དྲིན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་རྨོར་ཆེན་ཐམས་ཅད་མཁྱེན་པ་ནས། མཁས་བཙུན་བསོད་ནམས་དབང་ཕྱུག མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ཚར་ཆེན་རྡོ་རྗེ་འཆང་ཆེན་པོ་ནས། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག འདྲེན་མཆོག་སྙིང་རྗེ་བཟང་པོ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ་མན་འདྲའོ། །དཀར་ཆག་ན་བཞུགས་པའི་ལས་བཞིའི་མངོན་རྟོགས་རྗེས་གནང་གི་ཡིག་ཆུང་དངོས་གྲུབ་རྒྱ་མཚོའམ་མཁན་ཆེན་ངག་ཆོས་ཀྱིས་མཛད་པའི་རྗེས་གནང་གི་ཡི་གེའི་སྟེང་ནས། དཀར་པོ་ཚེ་འཕེལ་ཐུན་མོང་བ། སེར་པོ་རྒྱས་བྱེད་ལྷ་དགུ། དམར་པོ་དབང་སྡུད། སྔོན་པོ་བགེགས་འཇོམས་རྣམས་ཀྱི་རྗེས་གནང་གི་བརྒྱུད་པ་ནི། འཕགས་པ་ཡན་བསྙེན་དུས་ཀྱི་རྗེས་གནང་ཚར་ལུགས་ལྟར་ལས། དེ་ནས་ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེངྒེ། ཆོས་རྗེ་དྷརྨ་ཀཱིརྟི། ཆོས་རྗེ་ལམ་འབྲས་པ་བློ་བཟང༌། ཉ་དབོན་ཀུན་དགའ་དཔལ། བླ་མ་ལུང་རིགས་རྒྱ་མཚོ། མཁན་ཆེན་སེངྒེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། མུས་ཆེན་རྣམ་རྒྱལ་«འདི་མི་བཞུགས་པའང་བྱུང༌།་་་་་»དཔལ་བཟང༌། ཀླུ་དབང་གླིང་པ་ཀུན་དགའ་རྒྱལ་པོ།རྗེ་ཚེ་དབང་བཀྲ་ཤིས། ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ། རྗེ་མཻ་ཏྲི་«་་་་་བོད་མཁར་བ། »པ་དོན་གྲུབ་རྒྱལ་མཚན། སྤྱན་སྔ་ཆོས་རྒྱ་མཚོ། གྲུབ་མཆོག་དབང་ཕྱུག་རབ་བརྟན། ཞྭ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ།ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་དབང་ཕྱུག་རབ་བརྟན་ཡན་གོང་ལྟར་ལས། དེ་ནས་མཁན་ཆེན་ངག་དབང་ཆོས་གྲགས། བྱམས་པ་ངག་དབང་རྣམ་རྒྱལ། བྱམས་པ་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་བཟང་པོ་རྒྱལ་མཚན། སྐྱོར་མདའ་བ་འཕགས་པ་ཆོས་ཀྱི་རྒྱལ་མཚན། མཁས་བཙུན་བསོད་ནམས་དབང་ཕྱུག རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་འཕགས་པ་ཆོས་ཀྱི་རྒྱལ་མཚན་ནས། མཁས་མཆོག་བཀྲ་ཤིས་དབང་ཕྱུག རྡོ་རྗེ་འཆང་བ་ཆེན་པོ་བཀྲ་ཤིས་བཟང་པོ། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་མནོས་སོ། །ཡང་དཀར་པོ་ཚེ་འཕེལ་ཐུན་མོང་བ་དང་སེར་པོ་རྒྱས་བྱེད་ལྷ་ལྔའི་རྗེས་གནང་གི་བརྒྱུད་ལུགས་གཅིག་ནི། རྡོ་རྗེ་འཆང་དབང་རབ་ནས། གླང་བུ་ཆོས་རྗེ། ཁྱབ་བདག་མཁན་ཆེན་ཞྭ་ལུ་པ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་རྨོར་ཆེན་རྡོ་རྗེ་འཆང་ནས། གྲུབ་དབང་སངས་རྒྱས་རྒྱ་མཚོ། མཁས་བཙུན་བསོད་ནམས་དབང་ཕྱུག མཁན་ཆེན་རིགས་བརྒྱའི་མགོན་པོ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ནོར་སྒྲུབ་སེར་པོ་ལྷ་དགུའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མ་ཧཱ་དེ་ཝ། པཎྜི་ཏ་ཤྲཱི་སིངྷ། ཨཱ་ཙཱརྻ་གཉན་ཆེན་དཔལ་དབྱངས། རྒྱ་གར་ཀཱ་མ་རཱུ་པ། གཉན་ལོ་ཙཱ་བ་དར་མ་གྲགས། གླང་བན་ག་རོད། རྟོགས་ལྡན་འཚོ་དཀར་བ། སྤྱན་སྔ་བསོད་ནམས་གྲགས་པ། རྗེ་བསོད་ནམས་བཟང་པོ། མཁན་ཆེན་སེངྒེ་དཔལ། གྲྭ་ཐང་པ་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིང་པ་ཆེན་པོ། གྲུབ་མཆོག་སྦྱིན་པ་རྒྱ་མཚོ། རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ། རྗེ་བཙུན་བོད་མཁར་བ། སྤྱན་སྔ་མི་ཕམ་ཆོས་རྒྱ་མཚོ། ཁྱབ་བདག་དབང་ཕྱུག་རབ་བརྟན། མཁན་ཆེན་ཞྭ་ལུ་པ།མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་མན་འདྲའོ། །ཡང་ན་ཚར་པ་རྡོ་རྗེ་འཆང་ནས། སྔགས་འཆང་ཚེ་དབང་བཀྲ་ཤིས། བླ་མ་རྣམ་རྒྱལ་བཀྲ་ཤིས། དཔལ་འབྱོར་གླིང་པ་དབང་ཕྱུག་རྒྱལ་མཚན། ཀུན་བཟང་རྩེ་པ་དཔལ་ལྡན་ཚུལ་ཁྲིམས། མཁན་ཆེན་ཞྭ་ལུ་པ་མན་འདྲའོ། །གདོང་བརྙན་ཅན་གྱི་རྗེས་གནང་ནི་བསྙེན་དུས་དང་འདྲའོ། །ཡིག་ཆ་དངོས་གཞི་དང་ཚར་པ་རྗེའི་ཟིན་ཐོ་ལྟར་གནད་དབབ་ཀྱི་མགོན་པོའམ་སྤོགས་ཆོག་གི་མགོན་པོ་ནང་གཤིན་རྗེ་ལྟར་སྒྲུབ་པའི་རྗེས་གནང་དང་ཨཱ་རྟགས་ཅན་གྱི་ལུང་བརྒྱུད་ནི། ཆོས་རྗེ་བླ་མ་དམ་པ་ཡན་བསྙེན་དུས་ཀྱི་མགོན་པོའི་རྗེས་གནང་གི་ཞལ་ངོ་ནང་བརྒྱུད་ལྟར་ལས། དེ་ནས་གཞི་ཐོག་པ་བདག་ཆེན་ཀུན་དགའ་རིན་ཆེན། གཞི་ཐོག་པ་བློ་གྲོས་རྒྱལ་མཚན། ཆོས་རྗེ་དགེ་བ་རྒྱལ་མཚན། གྲྭ་ཐང་པ་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག སྔགས་འཆང་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། ལྕགས་ཟམ་པ་ཆེན་པོ་ཀུན་དགའ་བསོད་ནམས་དབང་ཕྱུག ཁྱབ་བདག་ཞྭ་ལུ་པ་ཆེན་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། རིགས་ཀུན་ཁྱབ་བདག་ཆེན་པོ་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་རིན་ལའོ། །འཇམ་དབྱངས་མཁྱེན་བརྩེའི་ཟིན་ཐོ་ལ་བརྟེན་ནས། དཔལ་མགོན་ཁྱུང་ཞལ་ཅན་ནམ་དམག་དཔོན་མགོན་པོར་གྲགས་པའི་རྗེས་གནང་འབུམ་ཕྲག་གསུམ་པ་ནས་བརྒྱུད་པའི་ཞར་བྱུང་དུ་ཁྱུང་ཞལ་ཅན་གསེར་གྱི་སྤུ་གྲིའི་སྐོར་དང༌། དཀར་ཆག་གིས་མ་ཟིན་པའི་ཤཱི་རྟགས་ཅན་གྱི་ལུང་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མ་ཧཱ་དེ་ཝ། པཎྜི་ཏ་ཤཱི་ལ་སིངྷ། ཨཱ་ཙཱརྻ་གཉན་ཆེན་དཔལ་དབྱངས། རྒྱ་གར་ཀཱ་མ་རཱུ་པ།གཉན་ལོ་དར་མ་གྲགས། གླང་བན་ག་རོད། རྟོགས་ལྡན་འཚོ་དཀར་བ། སྤྱན་སྔ་བསོད་ནམས་གྲགས་པ། གཉགས་ཕུ་བ་བསོད་ནམས་བཟང་པོ། སེངྒེ་དཔལ་བ། རྗེ་དགེ་བ་རྒྱལ་མཚན། མཚུངས་མེད་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིང་པ་ཀུན་སྤངས་ཆེན་པོ། གྲུབ་མཆོག་སྦྱིན་པ་རྒྱ་མཚོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་བསྙེན་དུས་ཀྱི་ཞལ་ངོ་ནང་བརྒྱུད་བཞིན་ནོ། །ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་ཟིན་ཐོ་ལ་བརྟེན་ནས་མགོན་པོ་ཆེ་ཆུང་སོགས་སློབ་བཤད་གདམས་པ་ཕལ་ཆེར་རྫོགས་མཐར་བསྟན་པ་གཏད་པའི་ཚུལ་གྱིས་བྲམ་ཟེ་ནག་པོའི་མངག་གཏད་ཀྱི་རྗེས་གནང་གི་བརྒྱུད་པ་ནི་འཕགས་པ་རིན་པོ་ཆེ་ལན་བསྙེན་དུས་ཀྱི་རྗེས་གནང་ལྟར་ལས། དེ་ནས་«་་་་་བརྒྱུད་ལུགས་འདི་ལོ་པ་སྤྱན་སྔའི་གསན་ཡིག་ལྟར་བྱས། »དམ་པ་ཀུན་དགའ་གྲགས། བདག་ཉིད་ཆེན་པོ་བཟང་པོ་དཔལ། ཆོས་རྗེ་བླ་མ་དམ་པ། བདག་ཆེན་ཀུན་རིན་པ། གཞི་ཐོག་པ་བློ་གྲོས་པ། རྗེ་དགེ་བ་རྒྱལ་མཚན། རྗེ་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་རྡོ་རྗེ་འཆང༌། འཇམ་མགོན་མཁྱེན་བརྩེ། སྔགས་འཆང་དགོན་གསར་བ་ཆེན་པོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཞྭ་ལུ་པ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། མཁས་བཙུན་ཆེན་པོ་བསོད་ནམས་དབང་ཕྱུག མཁན་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་ཟིན་བྲིས་ཀྱི་སྟེང་ནས་རྒྱ་གར་ཀཱ་མ་རཱུ་པ་ནས་བརྒྱུད་པའི་དཔལ་མགོན་བྲམ་ནག་བཤན་པ་དྲུག་སྐོར་ནག་པོ་དོམ་མཆོང་གི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། འཕགས་མཆོག་ཀླུ་སྒྲུབ། ཛོ་ཀི་ཀཱ་མ་རཱུ་པ། ཞང་མདོ་སྡེ་དཔལ། འཇམ་སྐྱ་ནམ་མཁའ་དཔལ་ལྡན། བླ་མ་གྲོང་མོ་ཆེ་བ། རྗེ་བཙུན་རེད་མདའ་བ།«་་་་་རྗེ་རེ་ཏེ་ཟླ་བ་ཟེར་བའང་འདུག »གྲུབ་ཆེན་ཐང་སྟོང་རྒྱལ་པོ། རས་ཆེན་དཔལ་འབྱོར་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། འཇིགས་མེད་དཔའ་བོ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། རྗེ་བཙུན་ཀུན་དགའ་གྲོལ་མཆོག བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། བྱམས་པ་ངག་དབང་རྣམ་རྒྱལ། བྱམས་པ་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་བཟང་པོ་རྒྱལ་མཚན། འཕགས་པ་ཆོས་ཀྱི་རྒྱལ་མཚན། སྐྱོར་མདའ་བ་བསོད་ནམས་དབང་ཕྱུག མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་འཕགས་པ་ཆོས་ཀྱི་རྒྱལ་མཚན། མཁས་མཆོག་བཀྲ་ཤིས་དབང་ཕྱུག གསན་པ་འདི་ནས་ཡིན་ནམ་བརྟག མཁས་བཙུན་བླ་མ་ཀུན་དགའ་རྒྱ་མཚོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །སྨྲས་པ། དྲན་པས་ཡིད་སྲུབས་དཔུང་ཚོགས་མཐར་བྱེད་པའི། །ཞིང་སྐྱོང་དྲེགས་པའི་སྡེ་དཔོན་ཡུམ་བཞིར་བཅས། །རྩ་བརྒྱུད་བླ་མའི་གཡར་དམ་མ་གཡེལ་བར། །བྱང་ཆུབ་བར་དུ་མི་འབྲལ་སྟོང་གྲོགས་མཛོད། །ཅེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། སྟོབས་འཕྲོག་ནག་པོ་གདོང་བཞི་པའི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་ཉེར་ལྔ་པའོ།། །།གཉན་ལོ་ཙཱ་བ་དར་མ་གྲགས་ཀྱིས་རྒྱ་གར་འཕགས་པའི་ཡུལ་ནས་བསྟན་སྲུང་བརྒྱ་རྩ་ཙམ་གདན་དྲངས་པའི་ནང་ནས། གཙོ་བོར་གྱུར་པ་སྟོབས་འཕྲོག་ནག་པོ་གདོང་བཞི་པའི་བཀའ་སྡོད་བཤན་པ་དམར་ནག་གཉིས་སུ་གྲགས་པའི་ནང་ནས། མཐུ་རྩལ་མཆོག་ཏུ་ཆེ་བ་ལས་མཁན་དམར་པོ་གནོད་སྦྱིན་བེག་ཙེ་ལྕམ་དྲལ་གྱི་སྐོར་ལ། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་ཡི་གེའི་སྟེང་ནས་ལྕམ་སྲིང་འཁོར་མང་གི་རྗེས་སུ་གནང་བ་དང༌། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་ལྕམ་སྲིང་གཉིས་ཀྱི་རྗེས་སུ་གནང་བའི་བཀའ་སྲོལ་གཉིས་སྨིན་རྒྱས་སུ་ལེགས་པར་ནོས་ནས། རྒྱབ་བརྟེན་ལུང་ལ། བཀའ་མའི་སྐོར་དང་གཏེར་མའི་སྐོར་ཏེ་གཉིས། དང་པོ་ལ་སྤྱི་བྱེ་བྲག་གཉིས། དང་པོ་ཡོངས་གྲགས་སྤྱིའི་ཆོས་སྐོར་ལ། ཡིད་ཆེས་པ་ལོ་རྒྱུས། ནུས་ལྡན་དུ་བྱ་བ་རྗེས་གནང༌། ཁུངས་བཙུན་པ་རྒྱུད། ཉམས་སུ་བླང་བ་སྒྲུབ་སྐོར། གོང་འོག་ཏུ་ཉེ་བར་མཁོ་བ་གཏོར་མདོས་བསྐང་བ། གཟུངས་དང་ཐུགས་ཆེན་གཟུགས་པ།བསྟོད་བསྐུལ། ལས་ཚོགས་དང་བརྒྱད། དང་པོ་ལ། གནོད་སྦྱིན་བཤན་པ་ལྕམ་སྲིང་གི་ཆོས་སྐོར་བྱུང་ཚུལ་བླ་མ་རྣམས་ཀྱི་གསུང་སྒྲོས་ལྟར་གཉགས་ཀྱི་བནྡེས་ཡི་གེར་བཀོད་པ། འགོར་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྲོག་གི་བཤན་པ་མི་རེང་དམར་པོ་ཞེས་ཡོད་པའི་བརྒྱུད་པའི་ལོ་རྒྱུས་མན་ངག་ལ་ཡི་གེ་གཅིག་ཀྱང་ཁྱད་མི་འདུག་གོའི་མཐའ་ཅན། འགོར་བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །བཤན་པ་སྒྲོལ་བྱེད་སྲོག་བདག་དམར་པོའི་ལོ་རྒྱུས་ནི་ཞེས་ཡོད་པའི་བཤན་པ་ལྕམ་དྲལ་གྱི་སྐྱེས་རྒྱུད་རྒྱ་བོད་དུ་དར་ཚུལ་གདམས་ངག་གཉན་གྱི་ལུགས་ཆེ་བར་གདའ་འོའི་མཐའ་ཅན་རྣམས་སོ། །གཉིས་པ་ནུས་ལྡན་དུ་བྱ་བ་རྗེས་གནང་ལ། འགོར་ན་མོ་གུ་རུ་པདྨ་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར་ཞེས་ཡོད་པའི་རྗེས་གནང་གི་ཡི་གེ་ཀུན་མཁྱེན་དཔལ་ལྡན་སེངྒེའི་གསུང་སྒྲོས་མཇུག་ཏུ་བླ་མ་བརྒྱུད་པ་བཀོད་པ། འགོར་ཧ་ཡ་གྲཱི་ཝ་ལ་ན་མོ། བེག་ཙེ་ལྕམ་དྲལ་གྱི་གཏོར་དབང་ནི་ཞེས་ཡོད་པའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་ཡིག་རྙིང་གཏོར་དབང་ཡིག་ཆུང་ཨི་ཐིའི་མཐའ་ཅན། གནོད་སྦྱིན་དྲེགས་པ་ལྕམ་དྲལ་གྱི་རྗེས་གནང་གི་ཡི་གེ་ཀུན་མཁྱེན་དཔལ་ལྡན་སེངྒེའི་ཐོ་ཡིག་ལས་ཅུང་ཟད་གསལ་བར་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ་ཕྲིན་ལས་ཐམས་ཅད་མྱུར་དུ་སྒྲུབ་པར་མཛད་དུ་གསོལ་གྱི་མཐའ་ཅན་རྣམས་སོ། །གསུམ་པ་ཁུངས་བཙུན་པ་རྒྱུད་ལ། དམར་པོ་ཁྲག་གི་མདའ་འཕེན་མའི་མན་སྔགས་བཤན་པ་དམར་མོའི་རྒྱུད་ལེའུ་དྲུག་པ་དམར་མོ་འཇིག་རྟེན་ཟ་བྱེད་མའི་རྒྱུད་རྫོགས་བྱང་གི་མཐའ་ཅན་རྒྱ་གར་གྱི་མཁན་པོ་ཤྲཱི་དྷ་ར་ཀྲ་ཤུ་དང་བོད་ཀྱི་ལོ་ཙཱ་བ་མར་པས་བོད་ཡུལ་དབུས་ཀྱི་གྲྭ་ཐང་གི་གཙུག་ལག་ཁང་དུ་བསྒྱུར་བ། སྲོག་བདག་དམར་པོའི་དྲག་སྔགས་བཤན་པ་སྒྲོལ་བྱེད་ཀྱི་རྒྱུད་ལེའུ་ལྔ་པ་ཤྲཱི་དྷ་ར་ཀྲ་ཤུ་དང་མར་པས་གྲྭ་ཐང་དུ་བསྒྱུར་བའོ། །བཞི་པ་ཉམས་སུ་བླང་བ་སྒྲུབ་སྐོར་ལ། འགོར་རྒྱ་སྐད་དང་དམར་མོ་ཁྲག་གི་མདའ་འཕེན་མའི་ངན་སྔགས་བཤན་པ་དམར་མོའི་སྒྲུབ་ཐབས་སྲིད་པ་གསུམ་གྱི་ཡུམ་ཨེ་ཀ་ཛ་ཊཱི་ལ་ཕྱག་འཚལ་ལོ། །དུར་ཁྲོད་དམ་ཆུ་འགྲམ་མམ་ཞེས་ཡོད་པ་ཨཱ་ཙཱརྻ་ཉི་མ་གྲགས་ཀྱིས་མཛད་པ་ཤྲཱི་དྷ་ར་ཀྲ་ཤུས་བསྒྱུར་བ། ཕོའི་སྒྲུབ་པ་འགོར་རྒྱ་གར་སྐད་དུ་དང་སྲོག་བདག་དམར་པོའི་དྲག་སྔགས་བཤན་པ་སྒྲོལ་བྱེད་ཀྱི་སྒྲུབ་ཐབས་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །དུར་ཁྲོད་ཆུ་འགྲམ་བྲག་དམར་རམ་ཞེས་པ་ཨཱ་ཙཱརྻ་ཉི་མ་གྲགས་པས་མཛད་པ་ཤྲཱི་དྷ་ར་ཀྲ་ཤུ་དང་མར་པས་བསྒྱུར་བ། དྲག་ལས་ཐམས་ཅད་ཕོ་མོའི་སྒྲུབ་པ་འདི་གཉིས་ལ་ཐུག་གོ །འགོར་གནོད་སྦྱིན་འདི་ནི་སྐྱེས་བུ་དབང་གི་མདོག་ཅན་ཞེས་ཀྱང་བྱ་ཞེས་ཡོད་པའི་བཤན་པ་དམར་པོའི་སྒྲུབ་ཐབས་དགྲ་བོ་དངོས་སུ་སྒྲོལ་བར་འགྱུར་གྱི་མཐའ་ཅན་ཨཱ་ཙཱརྻ་ཉི་མ་གྲགས་ཀྱིས་མཛད་པ་ཤྲཱི་དྷ་ར་ཀྲ་ཤུས་བསྒྱུར་བ། འདིའི་མཇུག་ཏུ་རྒྱ་གར་བམ་སོ་དམར་པོ་ནས་ཉི་འོད་གྲགས་པས་བཏོན་ཚུལ་དང་དགྲ་ལ་མིག་བལྟས་པ་ཙམ་གྱིས་ཤི་བ་བྱུང་བའི་ལོ་རྒྱུས་ཀྱང་ཡོད་དོ། །དམར་པོ་ཁྲག་གི་མདའ་འཕེན་མ་དང་བཤན་པ་དམར་མོའི་ངན་སྔགས་ཡབ་ཡུམ་སྦགས་ཏེ་སྒྲུབ་པ་«་་་་་གནས་གསར་གྱི་ཕྱག་དཔེར་ང་ཡི་ནོར་གྱི་རྟིང་ལ་རྒྱུག་མན་འདྲི་འཕྲོ་ལུས་འདུག»ཨཱ་ཙཱརྻ་ཉི་མ་གྲགས་ཀྱིས་མཛད་པ་རྫོགས་བྱང་གི་མཐའ་ཅན་ཤྲཱི་དྷ་ར་ཀྲ་ཤུ་དང་མར་པས་གྲྭ་ཐང་དུ་བསྒྱུར་བ། སྲོག་བདག་དམར་པོ་བཤན་པ་གྲི་ཐོགས་ཀྱི་སྒྲུབ་ཐབས་མུ་སྟེགས་སློབ་དཔོན་རྡོ་རྗེ་གྲགས་པས་མང་ཡུལ་བྱམས་སྤྲིན་མགོན་པོའི་ཐུགས་ཀར་སྦས་ནས་བསྟན་པའི་དོན་དུ་སྨོན་ལམ་བཏབ་པ་གནམ་ལྕགས་ཐོག་དམར། ཕོ་རྐྱང་དུ་སྒྲུབ་པ་གནོད་སྦྱིན་ར་ཞོན་ཡམ་ཤུད་དམར་པོའི་སྒེར་སྒྲུབ་གཉན་ལོས་མཛད་པ་བདག་གི་བྲན་བཞིན་ཁོལ་བར་ཤོག་ཡམ་ཤུད་སྲོག་གི་སྒྲུབ་པ་རྫོགས་སོའི་མཐའ་ཅན། འགོར་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །སྲོག་བདག་དམར་པོ་བཤན་པ་གྲི་ཐོགས་སྒྲུབ་པར་འདོད་པས་གནས་ནི་རི་གསུམ་འདུས་པའམ་ཞེས་ཡོད་པའི་སྒྲུབ་ཐབས་མཇུག་ཏུ་བསྟན་པ་བསྲུང་བའི་ལས་འདི་མྱུར་དུ་སྒྲུབས་ཀྱི་མཐའ་ཅན་མང་དུ་ཐོས་པའི་བཙུན་པ་སེངྒེ་འབུམ་གྱིས་དཔལ་བྲག་རམ་གྱི་གཙུག་ལག་ཁང་དུ་སྦྱར་བ། འགོར་རྒྱ་གར་སྐད་དུ་དང་དུར་ཁྲོད་དམ་བྲག་དམར་པོའི་རྩར་བསྒྲུབ་ཏེ་ཞེས་ཡོད་པའི་གནོད་སྦྱིན་ལྕམ་སྲིང་གི་སྒྲུབ་ཐབས་དྲག་པོ་གནད་བསྐུལ་དང་བཅས་པ་ཀུན་མཁྱེན་དཔལ་ལྡན་སེངྒེ་མཛད་པ་དགྲ་བགེགས་མ་ལུས་ཚར་གཅོད་པར་ཤོག་གི་མཐའ་ཅན། གནོད་སྦྱིན་བེག་གདོང་ལྕམ་སྲིང་འཁོར་མང་གི་སྒྲུབ་ཐབས་ཚར་ཆེན་བློ་གསལ་རྒྱ་མཚོས་ལྕགས་ཕོ་འབྲུག་གི་ལོ་ནག་པ་ཟླ་བའི་ཡར་ཚེས་ལ་སྦྱར་བའོའི་མཐའ་ཅན། དེས་མཛད་པའི་ཆོས་སྐྱོང་ལྕམ་སྲིང་གི་མངོན་རྟོགས་མཇུག་ཏུ་རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང༌།ཅི་འདོད་དངོས་གྲུབ་མ་ལུས་སྩལ་དུ་གསོལ་ཞེས་ཡོད་པ་རྣམས་སོ། །ལྔ་པ་གོང་འོག་ཏུ་ཉེ་བར་མཁོ་བ་གཏོར་མདོས་བསྐང་བ་ལ། འགོར་ཆོས་སྐྱོང་བེག་ཙེ་ཅན་གྱི་གཏོར་མ་གཏོང་བར་འདོད་པས་ཞེས་ཡོད་པའི་རྟ་མགྲིན་གྱི་ཐུགས་ཀ་ནས་ལྷ་མོ་དང་དེའི་སྨིན་མཚམས་ནས་བེག་ཙེ་སྤྲོ་བའི་གཏོར་ཆོག་ཡིག་རྙིང་བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད་ཀྱི་མཐའ་ཅན། འདར་ཕྱ་རུ་བ་རིན་ཆེན་དཔལ་བཟང་གིས་བྲག་རམ་ཆོས་གྲྭར་མཛད་པའི་བསྐང་བ་ར་དམར་ཁྲག་ཆང་མ། མུས་སྲད་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་བསྐང་བ་ལྷ་མཆོག་སྒྲོལ་གིང་མ། ཨ་མོ་གྷས་མཛད་པའི་བསྐང་བ་དུས་གསུམ་རྒྱལ་བ་མ། གཏོར་ཆོག་བསྡུས་པ་ཚར་ཆེན་གྱི་གསུང་རྒྱུན་མཐུན་རྐྱེན་ཐམས་ཅད་སྒྲུབས་ཀྱི་མཐའ་ཅན། དེའི་གསུང་རྒྱུན་གྱི་བསྐང་རྫས་བྱིན་རླབས། ལྕང་སྦེ་བ་སེངྒེ་འབུམ་གྱིས་མཛད་པའི་བསྐང་བ་བྱང་ཤར་དབང་ལྡན་མ། བཤགས་པ་བདེ་ཆེན་ཆོས་སྐུ་མ། བུདྡྷ་བྷ་དྲས་བསྟོད་པའི་གནོད་སྦྱིན་ཟངས་ཀྱི་བེག་ཙེ་མ། བུདྡྷ་ཝརྞས་མཛད་པའི་བསྟབ་པ་དབང་ལྡན་མ་རུ་མ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་བསྐང་བཤགས་རྒྱུན་ཁྱེར་རོལ་མོ་དྲག་ཏུ་བྱའོའི་མཐའ་ཅན། གནོད་སྦྱིན་ལྕམ་དྲལ་གྱི་ཐུགས་དམ་བསྐང་བའི་ཆོ་ག་རྒྱས་པ་བྱང་ཤར་མྱ་ངམ་མ་ཤར་མདོ་ཁམས་པ་རྡོ་རྗེ་བཀྲ་ཤིས་ཀྱི་ངོར་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ། རྗེ་དེ་ཉིད་ཀྱིས་ཨཱ་ཙཱརྻ་ཉི་འོད་གྲགས་དང་གཉན་ལོ་སོགས་གོང་མ་རྣམས་ཀྱི་ཡི་གེ་འཐོར་བ་ཕྱོགས་གཅིག་ཏུ་བསྡེབས་ཏེ་མཛད་པའི་གནོད་སྦྱིན་ལྕམ་དྲལ་གྱི་ལས་བྱང་ཕྲིན་ལས་ལྷུན་གྲུབ་མ། གཏོར་མདོས་ལ་བརྟེན་ནས་སྲོག་བདག་དམར་པོ་བཤན་པ་སྒྲོལ་བྱེད་བཅོས་པའི་ཐབས་ཕྱོགས་ཕྱོགས་མ་གཉན་ལོ་ཙཱ་བས་མཛད་པ་སྲོག་བདག་དམར་པོའི་བསྐང་མདོས་རྫོགས་སོའི་མཐའ་ཅན། གནོད་སྦྱིན་བཤན་པ་ལྕམ་དྲལ་གྱི་གཏོར་བཟློག་བོས་སོ་ཆོས་སྐྱོང་མ་དཔལ་ལྡན་འདར་ཕྱ་རུ་པ་རིན་ཆེན་བཟང་པོས་དཔལ་བྲག་རམ་གྱི་གཙུག་ལག་ཁང་དུ་མཛད་པ་རྣམས་སོ། །དྲུག་པ་གཟུངས་དང་ཐུགས་ཆེན་གཟུགས་པ་ལ། གནོད་སྦྱིན་བེག་ཙེ་ལྕམ་«་་་་་ཟུང་འཛུགས་དང་ཐུགས་གསོ་འདི་གཉིས་གླེགས་བམ་རྣམས་སུ་མ་བཞུགས་པས་ལུང་མ་ཐོབ། »དྲལ་འཁོར་བཅས་ཀྱི་ཕྱི་རྟེན་གཟུགས་པའི་ལག་ལེན་གྱི་རིམ་པ་གཉགས་ཀྱི་བནྡེ་བི་ཛ་ཡ་བྷ་དྲས་དཔལ་ཉན་པོའི་གཙུག་ལག་ཁང་དུ་མཛད་པ། སྲུང་མའི་དབང་པོ་བེག་གདོང་ལྕམ་དྲལ་གྱི་ཐུགས་གསོ་བའི་ཆོ་ག་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་བསྟན་པ་བྱང་ཤར་དབང་ལྡན་མར་གྲགས་པ། འདར་གྱི་བནྡེ་རིག་འཛིན་རྡོ་རྗེས་སྦྱར་བ།གནོད་སྦྱིན་བེག་ཙེ་ལྕམ་དྲལ་གྱི་ཕྱི་རྟེན་ཟུང་འཛུགས་པའི་ལག་ལེན་གྱི་ཆོ་ག་འདོད་དོན་ལྷུན་གྲུབ་ཅེས་བྱ་བ་མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་དང་བཅས་པའོ། །བདུན་པ་བསྟོད་བསྐུལ་ལ། ལྕང་སྤེ་བ་སེངྒེ་འབུམ་གྱིས་མཛད་པའི་བསྟོད་པ་རིག་པའི་ལྷ་མོ་མ། ཀུན་མཁྱེན་དཔལ་ལྡན་སེངྒེས་མུས་སྲད་དགོན་པར་སྦྱར་བའི་བསྟོད་པ་གང་གི་ཐུགས་རྗེ་མ། རིགས་འཛིན་རྟོགས་ལྡན་བློ་གྲོས་བཟང་པོས་བསྐུལ་བའི་ངོར་གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་མུས་སྲད་གཙུག་ལག་ཁང་དུ་མཛད་པའི་བསྟོད་བསྐུལ་གནས་མཆོག་རྒྱ་གར་མ། གཉགས་ཀྱི་བནྡེ་རྣམ་རྒྱལ་བཟང་པོས་བསྟོད་པའི་ཧ་ཧ་དགོད་པ་མ།རྒྱུད་ལས་ཕྱུང་བའི་བསྐུལ་གནོད་སྦྱིན་ཟངས་ཀྱི་བེག་ཙེ་མ་དང་རིག་པའི་ལྷ་མོ་མ། གཉན་ལོས་མཛད་པའི་སྐོར་ལ། རྒྱ་གར་ཡུལ་གྱི་དམ་སྲི་མ། འཇམ་དཔལ་ཐུགས་ཀྱི་ཕོ་ཉ་མ། ཨེ་ཀ་ཛ་ཊཱི་མ། ལས་མཁན་སྲོག་བདག་མ། གྲི་ཐོགས་བརྒྱད། བཤན་པ་ཉེར་གཅིག བཀའ་འཁོར་སྤྱི། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱུ་སྐར་ཉེར་བརྒྱད་དང་བཅས་པ་རྣམས་ཀྱི་བསྐུལ་གཉན་ལོས་བསྒྲིགས་པ། གནད་ནས་བསྐུལ་བ་མ་ཧཱ་དེ་ཝ་མ་རྣམས་སོ། །བརྒྱད་པ་ལས་ཚོགས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། དང་པོ་ལ། དམ་ཚིག་པ་«་་་་་འདི་བེ་བུམ་དུ་ངོས་ཟིན་པ་ཞིག་མེད་པས་ལུང་མ་བྱུང་བ་འདྲ་སྙམ་སྟེ་བརྟག་གོ། »བསྐྱེད་བསྟིམ། བསྙེན་པ། རྟགས། ལས་སྦྱོར། ཤི་ས། སྨྱོ་འབོག ལྟས་ངན། གཅུན་ཐབས་རྣམས་ཀྱི་སྙིང་པོའི་མན་ངག་ཨཱ་ཙཱརྻ་ཉི་མ་གྲགས་ཀྱིས་མཛད་པ་ཤྲཱི་དྷ་ར་ཀྲ་ཤུས་བསྒྱུར་བ་དམ་ཉམས་ལག་ཏུ་མ་བཏང་ཞིག་གི་མཐའ་ཅན། འགོར་རྒྱ་སྐད་དང་དམར་པོ་ཁྲག་གི་མདའ་འཕེན་མའི་འཁོར་ལོའི་མན་ངག་གནད་ཀྱིས་བསད་པ་བསྟན། ཨེ་ཀ་ཛ་ཊཱི་ལ་ཕྱག་འཚལ་ལོ། །རྒྱུད་དང་མཐུན་པའི་གནས་ཞེས་དང་འབྱུང་བ་རླུང་ལ་བརྟེན་ནས་བསྐོར་བ་འཁོར་ལོས་སྨྱོ་འབོག་ལྕེབ་པར་འགྱུར་གྱི་མཐའ་ཅན། འདི་ལག་ཏུ་བླངས་ནས་དྲེགས་ལྡན་ཆམ་ལ་ཕབ་པའི་ཉམས་མྱོང་ཡང་ཅུང་ཟད་བདོག འགོར་བསྟན་པ་བསྲུང་བའི་ལྷ་ལ་ཕྱག་འཚལ་ལོ། །སྔགས་དང་རྫས་དང་ཏིང་ངེ་འཛིན་དང་ཞེས་ཡོད་པའི་བསད་པའི་ལས་སྦྱོར་དྷ་ར་ཀྲ་ཤུའི་ངན་སྔགས་ཞལ་ནས་གསུངས་པའི་བཀའ་རྒྱ་མ། ལིང་ག་མིང་བྱང་འདྲི་བའི་རྫས་དང་སྨྱུ་གུའི་ངོས་འཛིན། འགོར་དགྲ་བོ་ལྷ་དང་དབྱེ་བ་ལ་སྤྱིར་དགྲ་ལ་ལྷ་ལྔ་ཞེས་ཡོད་པའི་ལྷ་དབྱེའི་མན་ངག་ལྷུན་བཟང་བདག་ལ་གནང་བ་ལགས་སོའི་མཐའ་ཅན། འགོར་ཨོཾ་ཨཱཿཧཱུྃ་ཡོད་པའི་སྔགས་བསྣལ་དཀྲུག་བཟློག་པ་སོགས་ཀྱི་ཟབ་གནད་བསད་པའི་སྔགས་ཨི་ཐིའི་མཐའ་ཅན་རྣམས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ། ཕྱི་ནང་གསང་བའི་བླ་རྡོའི་མན་ངག་གཉན་ལོའི་ཆིག་བརྒྱུད་མ། བཤན་པ་དམར་པོའི་གསང་རྟེན་བཅའ་ཐབས་ར་བན་ཆོས་དཔལ་བཟང་པོའི་བརྗེད་བྱང༌། འགོར་རང་ཡི་དམ་དུ་གསལ་བ་ཞེས་ཡོད་པའི་བཟླས་པའི་གནད་མཐོ་བར་བྱས་ནས་ཡབ་རྦད་དོའི་མཐའ་ཅན། གནོད་སྦྱིན་ལྕམ་དྲལ་གྱི་བསྙེན་སྒྲུབ་ལས་གསུམ་ལག་ཏུ་བླང་བའི་རིམ་པ་ཧ་ལ་ནག་པོ་དུག་གི་སྤུ་གྲི་ཞེས་བྱ་བ་དབང་ལུང་ཐོབ་པའི་སྣོད་ལྡན་རེ་གཉིས་ལ་ཆིག་བརྒྱུད་མ་གཏོགས་མང་པོར་སྤེལ་ན་བཤན་པ་དམར་པོ་ལ་ཟས་སུ་གཏད་པའི་བཞེས་སྒྲ་དང་བཀའ་རྒྱ་ཤིན་ཏུ་དམ་པ་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ། དེས་མཛད་པའི་སྒྲོལ་གྱིང་དམར་པོའི་གནད་ཀྱི་གདམས་པ་ནང་གི་རྣལ་འབྱོར་ལ་བརྟེན་ནས་བསྙེན་སྒྲུབ་ལས་གསུམ་མྱུར་དུ་འགྲུབ་པའི་ཟབ་གནད་ཅན་རྒྱ་མཚོའི་ནང་གི་ནོར་བུ་དང་སྲོག་བྲལ་ལྟོ་བའི་གསེར་བཞིན་སྦ་བའི་ཆིག་བརྒྱུད་མ་མིང་ཙམ་ཡང་བརྗོད་པར་བཀའ་བའི་གདམས་པ། ཡབ་ཡུམ་སྲོག་འཁོར། སྒྲུབ་པའི་འཁོར་ལོ་ཁ་སྦྱོར། རླུང་འཁོར་གྱི་དཔེ་རིས་དང་བཅས་པ་རྣམས་ཕྱག་ལེན་དམར་ཁྲིད་ཉམས་སུ་མྱོང་བར་ནོས་སོ། །གཉིས་པ་བྱེ་བྲག་གི་སྐོར་ལ། གནོད་སྦྱིན་དམར་པོ་ཞལ་གསུམ་ཕྱག་དྲུག་པར་བརྟེན་པའི་གསང་སྒྲུབ་བཀའ་རྒྱ་མ་སྙིང་ཁྲག་ཐང་ལ་ཕོ་ཞིག་གི་མཐའ་ཅན། གནོད་སྦྱིན་གདུག་པའི་ལས་སྦྱོར་ལ་བརྟེན་ནས་དགྲ་ལ་ཁྱི་དམག་དྲང་བ་བཻ་རོ་ཙ་ནས་པཎྜི་ཏ་དྷ་ཙཎྜ་ལ་གསེར་སྲང་གང་ཕུལ་ནས་ཞུས་པ། དགྲ་ལ་བྱ་དམག་གཏོང་བ་ས་ལ་སྦའོའི་མཐའ་ཅན། ཝ་ཐོད་ལས་ཀྱི་རླུང་དམར་ལ་བརྟེན་ནས་སྔགས་པ་ནག་པོ་བསྒྲལ་བའི་གདམས་པ་མནྟྲ་ཨི་ཐིའི་མཐའ་ཅན་རྣམས་སོ། །གཉིས་པ་གཏེར་མའི་སྐོར་ལ། གནུབས་ལུགས་དང་ཉང་ལུགས་གཉིས། དང་པོ་ལ། བཤན་པ་དགུ་སྐོར་གྱི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་པདྨས་བསམ་ཡས་དབུ་རྩེའི་ཀེའུ་ཚང་དུ་གཏེར་དུ་སྦས་པ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་སྤྱན་དྲངས་པ་ལ། རྒྱལ་པོ་གསེར་གྱི་ཤུགས་ཅན་དང་བཙུན་མོ་ཨུཏྤ་ལའི་རྒྱན་གཉིས་ཀྱི་སྲས་སུ་གཅེན་གྲགས་ལྡན་དང་གཅུང་གྲགས་སྐྱེས་གཉིས་འཁྲུངས་པའི་ལོ་རྒྱུས། འགོར་ཁྲག་གིས་དམར་རྗིབ་གཏང་ཞེས་ཡོད་པའི་སྲོག་བདག་ཡམ་ཤུད་དམར་པོ་སྤུ་གྲི་རེག་ཆོད་ཅེས་བྱ་བ་ཡམ་ཤུད་བཙན་གྱི་ཅོག་བརྡུང་བཤན་པ་དགུ་སྐོར་གྱི་སྒྲུབ་ཐབས་སློབ་དཔོན་པདྨས་མཛད་པ། སློབ་དཔོན་པདྨས་དུར་ཁྲོད་ཕུང་ལུང་ནག་པོར་སྲོག་བདག་ཡམ་ཤུད་དམར་པོའི་སྲོག་ཕྲོགས་ནས་མཛད་པའི་བཤན་པ་དགུ་སྐོར་གྱི་སྒྲུབ་ཐབས་ངན་སྔགས་ཀྱི་རྒྱ་བསྡེབས་ཞེས་བྱ་བ། བསད་པ་སྲོག་ལས་ཀྱི་རྐྱལ་བུ་ནས་ཕྱུང་བ་ངན་སྔགས་ཀྱི་སྒྲུབ་ཐབས་རྫོགས་སོའི་མཐའ་ཅན། ཝ་ཐོད་ཀྱི་ཐུན་སྣོད་ལ་བརྟེན་པའི་སྲོག་བདག་ཡམ་ཤུད་དམར་པོའི་ཐུན་གྱི་སྒྲུབ་པ། སྔགས་པ་ནག་པོ་བསྒྲལ་བའི་མན་ངག་ཝ་ཐོད་ལས་ཀྱི་རླུང་དམར་བསད་པའི་མནྟྲ་ཨི་ཐིའི་མཐའ་ཅན། བྱ་འུག་ཁྲ་སྲིན་བཞིའི་སྒྲོ་སྒྲོན་པའི་སྲོག་བདག་ཡམ་ཤུད་ཀྱི་མདའ་ཟོར། རྫས་ལ་བརྟེན་ནས་སྨྱོ་བ། མཛེ། སྐྲངས་འབུར། བསྲུང་བ། མཚོན་སྲུང༌། ལས་མི་བྱེད་པར་འཁུ་ན་སྲོག་བདག་དམར་པོ་གཟིར་ཞིང་གཅུན་པ། མདེ་ཁ་རྣམ་དྲུག་ཅེས་པ་གྲི་སྲོག་ལ་བརྟེན་ནས་སྨྱོ་བ། ནལ་ཐོད་ལ་བརྟེན་ནས་བསད་པ། རིམས་ཐོད་ལ་བརྟེན་ནས་ནད་རིམས། སྨྱོ་འབོག་གི་ཐོད་པར་བརྟེན་ནས་འོད། མོན་ཐོད་ལ་བརྟེན་ནས་ལྟས་ངན། ཕུར་པར་བརྟེན་ནས་ཆོ་འཕྲུལ་རྣམས་གཏང་བའོ། །འགོར་སྲོག་བདག་བཤན་པ་ཞེས་ཡོད་པའི་དམོད་ཁ་བརྒྱད་པ་ཨི་ཐིའི་མཐའ་ཅན། འགོར་སྲོག་བདག་ཆེན་པོའི་དུས་ལ་བབས་ཞེས་ཡོད་པའི་བླ་འགུགས་ཕོ་ཉའི་སྐབས་གཙོ་འཁོར་རྣམས་ཀྱི་བསྐུལ་བྱང་བསྐུལ་ཞིང་རྦད་དོ་རྫོགས་སོའི་མཐའ་ཅན། ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གི་བསྙེན་སྒྲུབ་བསད་པ་གཅིག་ཏུ་དྲིལ་བའི་གདམས་པ་འཇིགས་རུང་མེའི་སྤུ་གྲི་ཞེས་བྱ་བ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པ་རྣམས་སོ། ། >རྗེས་མ།>>>
རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply