དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་གཉིས་པའི་ནང༌།

གཉིས་པ་ཉང་ལུགས་སྐོར་ནི། དྲག་པོ་བཙན་གྱི་རྐྱལ་འབུད་སློབ་དཔོན་ཆེན་པོས་མངའ་བདག་ལ་གདམས་པ་སྤ་གྲོ་སྐྱེར་ཆུ་དང་རུ་ལག་གྲོམ་པ་རྒྱང་གཉིས་སུ་རྒོད་དང༌། གཡུང་མང་ཡུལ་དུ་སྦས་ཤིང་རྒོད་གཅིག་མཆིམས་ཕུར་སྦས་པ་མངའ་བདག་ཉང་གིས་སྤྱན་དྲངས་པ་ལ། བཤན་པ་སྲོག་གཅོད་དམར་པོའི་སྲོག་མཐུ་དྲག་པོ་བཙན་གྱི་རྐྱལ་འབུད་བསྙེན་སྒྲུབ་རྦད་བསྐུལ་ལ་མ་བལྟོས་པའི་ངན་སྔགས་ཆིག་ཆོད་མ་ཡིད་ལ་ཡང་དྲན་དུ་མི་རུང་ངོའི་མཐའ་ཅན། གསང་བསྐུལ་དུར་ཁྲོད་ཆེན་པོ་མ་ཕྲིན་ལས་གོང་མ་རྣམས་ལས་ཐོས་པ་ཡི་གེར་བཀོད་པའོའི་མཐའ་ཅན། བཤན་པ་སྲོག་གཅོད་དམར་པོའི་སྲོག་མཐུའི་ཞལ་ཤེས་བསད་ཐབས་རྣམ་པ་ལྔས་བསྟན་པ་ལས་འཕྲོ་ཅན་དང་འཕྲད་ཤོག་གི་མཐའ་ཅན། དྲག་པོ་བཙན་གྱི་རྐྱལ་འབུད་ཀྱི་ཞལ་ཤེས་ཡིག་ཆུང་སྒྲུབ་པའི་ཞག་གྲངས་སྤོགས་པ་ཁ་བསྒྱུར་རྣམས་བསྟན་པ་གསང་བའི་ཞལ་ཤེས་སྙིང་ལྟར་ཆོངས། ལས་ཅན་ལ་འཕྲད་ཤོག་གི་མཐའ་ཅན། དྲག་པོ་བཙན་གྱི་རྐྱལ་འབུད་ཀྱི་ཡང་ཡིག་རྒྱ་གར་གྱི་ངན་སྔགས་བསད་པའི་སྤུ་གྲི་ལྡང་བ་དགྲའི་གཤེད་མ་བླ་སྲོག་རྐུ་བའི་མན་ངག་མ་གཏེར་ནས་ཕྱུང་བ་ཨི་ཐིའི་མཐའ་ཅན་དང་བཅས་པ་རྣམས་ལེགས་པར་ཐོབ་ཅིང་ངག་དབང་ཆོས་གྲགས་པའི་ཡི་གེ་ལྟར་ལྕམ་སྲིང་གཉིས་ཀྱི་རྗེས་གནང་དང་བཀའ་མ་ཕལ་ཆེར་གྱི་ལུང་མན་ངག་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མ་ཧཱ་དེ་བ། ཨཱ་ཙཱརྻ་ཉི་འོད་གྲགས་པ། སྲས་ཟླ་བ་ནག་པོ། པཎྜི་ཏ་གྷ་ཡ་དྷ་ར།«་་་་་ཤྲཱི་དྷ་ར་ཀྲ་ཤུའང་ཟེར། »འདི་ལམ་འབྲས་པའི་གྷ་ཡ་དྷ་ར་ནི་མིན་ནོ།། གཉན་ལོ་ཙཱ་བ་དར་མ་གྲགས། གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན། རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། ར་སའི་ཤོད་བུ་བཀྲ་ཤིས་འོད་ཟེར། ས་བཅུའི་དབང་ཕྱུག་གྲུབ་ཐོབ་འདར་ཕྱ་རུ་བ་རིན་ཆེན་བཟང་པོ། ཆོས་རྒྱལ་བོ་དོང་བརྩོན་འགྲུས་རྡོ་རྗེ། ཇོ་སྲས་སངས་རྒྱས་རིན་ཆེན། སློབ་དཔོན་ཤེས་རབ་འཚོ། བླ་མ་བསོད་ནམས་དབང་ཕྱུག ལྕང་སྤེ་བ་སེངྒེ་འབུམ། ཀུན་མཁྱེན་དཔལ་ལྡན་སེངྒེ་བཟང་པོ། ཆོས་རྗེ་རིན་ཆེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། བླ་མ་གཞོན་ནུ་དཔལ་བ། གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན། རྒྱུད་གསུམ་སྨྲ་བ་ཤེས་རབ་རིན་ཆེན། རྡོ་རྗེ་འཆང་ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག སྔགས་འཆང་དགོན་གསར་བ་བསོད་ནམས་ཆོས་འཕེལ། མཁས་གྲུབ་ངག་དབང་ཆོས་གྲགས། མཁན་ཆེན་ངག་དབང་རྣམ་རྒྱལ། ས་སྐྱ་པ་ངག་དབང་ཀུན་དགའ་བཀྲ་ཤིས། མཁན་ཆེན་འཇམ་དབྱངས་སངས་རྒྱས་ཕུན་ཚོགས། ཆོས་ཀྱི་རྗེ་ཡེ་ཤེས་ཕྲིན་ལས།རྗེ་བཙུན་བསོད་ནམས་ཆོས་འབྱོར། དེ་ལས་ཀུན་དགའ་ཆོས་འཕེལ་ཡིན་ནམ། དེ་ནས་མཁན་ཆེན་འཇམ་དབྱངས་སངས་རྒྱས་དཔལ་བཟང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་ཤིན་ཏུ་དགྱེས་བཞིན་ལེགས་པར་སྩལ་ཏོ། །ཡང་ན་མཁན་ཆེན་ངག་དབང་རྣམ་རྒྱལ་ནས། བྱམས་པ་བཀྲ་ཤིས་ལྷུན་གྲུབ།མཁན་ཆེན་བཟང་པོ་རྒྱལ་མཚན། གྲུབ་དབང་བསོད་ནམས་ཆོས་འབྱོར། དེ་ལས་དབང་བླ་ཀུན་དགའ་བསྟན་འཛིན་ནམ་བཀྲ་ཤིས་དབང་ཕྱུག་གང་རུང་ཞིག་ལས། མཁན་ཆེན་སངས་རྒྱས་དཔལ་བཟང་པས་གསན་ནམ་བལྟ། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་སོ། །ཡང་ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་གཏོར་ཆོག་དང་མཁྱེན་བརྩེའི་ཐོ་ཡིག་ལ་བརྟེན་ནས་འཁོར་མང་གི་རྗེས་གནང་གི་བརྒྱུད་པ་ནི། ཚར་ཆེན་རྡོ་རྗེ་འཆང་ཆེན་པོ་ཡང་གོང་ལྟར་ལས།དེ་ནས་འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག སྔགས་འཆང་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། མཁན་ཆེན་ངག་དབང་རྣམ་རྒྱལ། བྱམས་པ་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་བཟང་པོ་རྒྱལ་མཚན། འཕགས་པ་ཆོས་ཀྱི་རྒྱལ་མཚན། སྐྱོར་མདའ་བ་བསོད་ནམས་དབང་ཕྱུག དྲིན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལ་རྗེས་སུ་གནང་བས་བེ་བུམ་ཡོངས་རྫོགས་ཀྱི་ལུང་དང་བཅས་པ་སྩལ་ཏོ། །ཡང་ན་མཁན་ཆེན་བཟང་པོ་རྒྱལ་མཚན་ནས། གྲུབ་དབང་བསོད་ནམས་ཆོས་འབྱོར། དེ་ལས་མཁས་མཆོག་བཀྲ་ཤིས་དབང་ཕྱུག་གིས་གསན། དེ་ལས་རྗེ་བཙུན་ནམ་མཁའ་དཔལ་བཟང་གིས་གསན། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་བདག་གིས་འཁོར་མང་གི་རྗེས་གནང་བེ་བུམ་གྱི་ལུང་དུ་བཅས་པ་མནོས་སོ། །རྨོར་ཆེན་རྡོ་རྗེ་འཆང་གི་གསན་ཡིག་ཏུ་ཐུགས་སྲས་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ཡི་གེའི་སྟེང་ནས་ལྕམ་སྲིང་གཉིས་ཀྱི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི།མུས་སྲད་པ་རྡོ་རྗེ་རྒྱལ་མཚན་ཡན་གོང་ལྟར་ལས། དེ་ནས་མཉམ་མེད་དཀོན་མཆོག་དཔལ་བཟང༌། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཐུགས་སྲས་བློ་གྲོས་རྒྱལ་མཚན། མཁས་གྲུབ་བྱམས་པ་བཟང་པོ། སྤྲུལ་སྐུ་ཤཱཀྱ་རྒྱལ་མཚན། བྱམས་པ་རིན་ཆེན་ཆོས་འཕེལ། དྲིན་ཆེན་རྡོ་རྗེ་འཆང་པདྨ་ཕྲིན་ལས། དེས་བདག་ངག་དབང་ཀུན་དགའ་ལྷུན་གྲུབ་ལའོ་ཞེས་འབྱུང་ངོ༌། །ཡང་བེག་ཙེ་ལྕམ་དྲལ་འཁོར་མང་གི་རྗེས་སུ་གནང་བའི་བརྒྱུད་ལུགས་གཅིག་ལ། བོ་དོང་བརྩོན་འགྲུས་རྡོ་རྗེ་ནས། ཉན་ཆེན་བསོད་ནམས་བརྟན་པ། མཁན་ཆེན་ཆོས་རྒྱལ་དཔལ་བཟང༌། མུས་སྲད་པ་དཔལ་ལྡན་སེངྒེ་མན་འདྲའོ། །ཡང་ན་མུས་སྲད་པ་དཔལ་ལྡན་སེངྒེ་ནས། གཉགས་ཕུ་བ་བསོད་ནམས་བཟང་པོ། རྟོགས་ལྡན་ཡོན་ཏན་མགོན་པོ་མན་འདྲ། ཡང་ན་ཀུན་མཁྱེན་དཔལ་ལྡན་སེངྒེ་ནས།དཔལ་ལྡན་རཏྣ་ཀཱིརྟི། གུ་རུ་དུག་གསུམ་ནད་སེལ། མཚུངས་མེད་རིན་ཆེན་བཀྲ་ཤིས་མན་འདྲ། ཡང་ན་རྟོགས་ལྡན་ཡོན་ཏན་མགོན་པོ་ནས། སྟོན་པ་ཆོས་དཔལ་བ། དམ་པ་སེངྒེ། བེ་ཕུག་པ་བདེ་ལེགས་རྒྱལ་མཚན། གློ་བོ་འཛར་པ་ཆོས་རྒྱལ་བསོད་ནམས། དེ་སྲས་ཆོས་སྐྱོང་བསོད་ནམས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་མན་འདྲའོ། །ལུང་དང་གདམས་སྐོར་གྱི་བརྒྱུད་པ་ལུགས་གཅིག་ནི། རྟོགས་ལྡན་ཡོན་ཏན་མགོན་པོ་ནས། བླ་ཆེན་ཆོས་དཔལ་བཟང་པོ། མུས་སྲད་པ་རྡོ་རྗེ་རྒྱལ་མཚན། མུས་ཆེན་རྣམ་རྒྱལ་དཔལ་བཟང༌། འཁྲུལ་ཞིག་དཀོན་མཆོག་བཟང་པོ། ཚར་ཆེན་རྡོ་རྗེ་འཆང་ཆེན་པོ་མན་འདྲའོ། །གནུབས་ལུགས་གཏེར་མའི་ལུང་བརྒྱུད་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་པ་མཚུར་སྟོན། གནུབས་སྟོན་ཕུག་པ་འབར། དེ་ནས་རིམ་པར་སྔགས་འཆང་སངས་རྒྱས་འཕེལ་དང༌། ཚར་ཆེན་ཆོས་ཀྱི་རྒྱལ་པོ་བརྒྱུད་པར་བཞུགས་པ་ལྟར་རོ། །ཉང་གཏེར་གྱི་བརྒྱུད་པ་ནི། སློབ་དཔོན་ཆེན་པོ་ནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། ལྷ་སྲས་མུ་ཏིག་བཙན་པོ། ཉང་ཉི་མ་འོད་ཟེར་ནས་རིམ་པར་བརྒྱུད་དེ། ཚར་ཆེན་རྡོ་རྗེ་འཆང་མན་འདྲའོ། །ཉེ་བརྒྱུད་ནི་སློབ་དཔོན་ཆེན་པོ་པདྨས།གྲུབ་ཐོབ་འདར་ཕྱར་ལ་དབང་དང་གདམས་པ་གནང་བ་ཡིན་ནོ། །འོན་ཀྱང་ད་དུང་འདིར་དཔྱད་པར་བྱ་བ་རྗེས་གནང་གཉིས་ཀའི་བརྒྱུད་པའི་སྨད་སོ་སོར་གྱེས་ཚུལ་དང༌། བེའུ་བུམ་གྱི་ལུང་བརྒྱུད་ཀྱི་སྨད་ཀྱང་རྗེས་གནང་དང་ཕྱོགས་འགྲིགས་སུ་ཡོད་མེད་ཅུང་ཟད་བརྟག་པར་བྱའོ། །སྨྲས་པ། རྣམ་འདྲེན་བཀའ་སྲུང་བྱེ་བའི་འཁོར་ལོ་སྒྱུར། །རྣམ་གཉིས་མགོན་པོ་འཁོར་བཅས་སྒྲུབ་པའི་སྐོར། །བླ་ཆེན་མཁྱེན་པའི་དྲང་སྲོང་ལྟོར་འཁྱིལ་བའི། །གསེར་ཆོས་དག་བྱེད་སྐྱུགས་རྒྱུན་དེ་ཙམ་བཏུང༌། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། གསེར་ཆོས་གདོང་བཞི་པའི་བཀའ་སྡོད་ལས་མཁན་དམར་པོ་གནོད་སྦྱིན་བེག་ཙེ་ལྕམ་དྲལ་གྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་ཉེར་དྲུག་པའོ།།    །།ཡར་ལུང་པའི་ཡི་གེ་དང་རྗེ་སངས་རྒྱས་རིན་ཆེན་གྱིས་མཛད་པའི་རྗེས་གནང་གི་ཟིན་བྲིས་ཀྱི་སྟེང་ནས་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པའི་བཀའ་སྲུང་དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་རྗེས་གནང་ལེགས་པར་ནོས་ནས། རྒྱབ་བརྟེན་ལུང་ལ། དཔལ་དུར་ཁྲོད་བདག་པོའི་རྒྱུད་གསང་བ་སྙིང་གི་འཁོར་ལོ་ལེའུ་བརྒྱད་པ་པཎྜི་ཏ་བཻ་རོ་ཙ་ན་རཀྵི་ཏ་ལས་བརྒྱུད་ཅིང་འཛིམ་ལོ་ཙཱ་བའི་འགྱུར། དུར་ཁྲོད་བདག་པོའི་སྒྲུབ་ཐབས་བཻ་རོ་ཙ་ནས་མཛད་པ། འགོར་ཧེ་རུ་ཀ་ལ་ཕྱག་འཚལ་དང༌། གང་དང་རྣལ་འབྱོར་པ་རྣམས་ཀྱིས། །ཞེས་ཡོད་པའི་སྒྲུབ་ཐབས་ཚིགས་བཅད་མ། མཇུག་ཏུ་ཤིན་ཏུ་གསང་ནས་བསྒྲུབས་ན་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་ངོ༌། །དཔལ་དུར་ཁྲོད་བདག་པོའི་སྒྲུབ་ཐབས་རྫོགས་བྱང་དང༌། བླ་མ་བཻ་རོའི་མན་ངག་ཐུན་མོང་མ་ཡིན་པའོ་ཤིན་ཏུ་ཟབ་བོ་རྒྱུད་ལས་ཕྱུང་ནས་མཛད་པ་འཛིམ་ལོའི་འགྱུར། ཡང་ཇག་པ་སྲུང་བའི་ཐབས་ཟབ་མོ་འགོར་རྒྱ་སྐད་བོད་སྐད་དང༌། སྲུང་བའི་ལྷ་ལ་ཕྱག་འཚལ་ལོ། །རང་གི་སྔོན་དང་ཞེས་ཡོད་པ་ཚིགས་བཅད་མ། འདི་ལ་ཐེ་ཚོམ་སྤང་བའོའི་མཐའ་ཅན་འཛིམ་ལོས་བསྒྱུར་བ། དེའི་འགྲེལ་པ་ས་སྐྱ་པ་ཆེན་པོས་མཛད་པ། འགོར་ཕྱག་འཚལ་དང༌། དཔལ་ལྡན་དུར་ཁྲོད་བདག་པོ་ཡི། །གདམས་པ་གཞུང་དང་མི་འགལ་བ་ཞེས་ཡོད་པ། བདག་གཞན་བསྲུང་བའི་བསྙེན་པ། སྒྲུབ་པ། ལས་ལ་སྦྱར་བ་རྣམས་ཀྱི་ལག་ལེན་གསལ་བར་བཀོད་པ། འདི་ལ་མོས་ཤིང་སྒྲུབ་པ་རྣམས། །བར་ཆད་མེད་པར་དངོས་གྲུབ་ཀུན། །ཅི་འདོད་པ་ནི་གྲུབ་ནས་སུ། །ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག །དཔལ་དུར་ཁྲོད་བདག་པོའི་མན་ངག་ལག་ལེན་ས་མཱཔྟའི་མཐའ་ཅན། ལས་ཚོགས་དུམ་བུ་ལ་འགོར་ཡུལ་དུ་རིམས་ནད་བྱུང་བ་ལ་ཞེས་དང་དེས་ནི་མི་ཕྱུགས་ནད་རྣམས་ཁེགས་ཀྱི་མཐའ་ཅན། བསྙེན་པ་དང་སྒྲུབ་པའི་ཡིག་ཆུང༌། ཙཀྲའི་རབ་གནས། བསྲུང་བའི་མན་ངག་རྣམས་ཀྱི་ཡིག་ཆུང་རེ། དེས་མཛད་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་མན་ངག་འགོར། དམ་ཚིག་ལྡན་པའི་གང་ཟག་གིས་ཞེས་དང༌། མཇུག་ཏུ་ལས་སྦྱོར་ནི་ལས་ཚོགས་སོ་སོའི་སྐབས་བཞིན་ཤེས་པར་བྱའོའི་མཐའ་ཅན། སྐུ་རྟེན་སྦ་བའི་མན་ངག་ཀུན་གྱི་གཙུག་གི་ནོར་བུར་འགྱུར་རོ། །འདི་ནི་རྟེན་གྱི་མན་ངག་གོའི་མཐའ་ཅན། ཡང་སྐུའི་མདུན་དུ་མཆོད་གཏོར་འབུལ་བའི་མན་ངག་དེས་དགའ་མགུར་འདུ་བ་ཡིན་ནོའི་མཐའ་ཅན། ཡང་ཡབ་ཡུམ་གྱི་སྐུ་སྦ་བའི་མན་ངག་རྟེན་གྱི་མན་ངག་ལོགས་སུ་བཀོལ་བའོའི་མཐའ་ཅན། བསྟོད་བསྐུལ་དཔལ་ལྡན་དུར་ཁྲོད་བདག་པོ་ནི་ཞེས་དང་བསྟོད་ཅིང་བསྐུལ་བ་རྫོགས་སོའི་མཐའ་ཅན། རྫས་དང་སྔགས་ལ་བརྟེན་ནས་སྨྱོ་བ་འདུལ་བ་གཞན་ཞིག་འདྲིར་བཅུག་པས་ཀྱང་འགྲུབ་བོའི་མཐའ་ཅན། དེའི་ལས་སྦྱོར་དམ་ཉམས་བསྒྲལ་བའི་ལས་ཚོགས་དྲག་པོའི་ལས་སོའི་མཐའ་ཅན། ཡང་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་རྗེས་གནང་བྱ་བའི་ཚུལ་དཔལ་ས་སྐྱ་པ་ཆེན་པོས་གཡུ་མཁར་མོ་སྒྲོལ་མ་ལྷ་ཁང་དུ་བྲིས་སོའི་མཐའ་ཅན། ཡར་ཀླུངས་པས་མཛད་པའི་མཆོད་གཏོར་འགོར། འདིར་རྗེ་བཙུན་ས་སྐྱ་པ་ནས་བརྒྱུད་པའི་དཔལ་དུར་ཁྲོད་བདག་པོའི་བསྙེན་པ། མཆོད་གཏོར་བསྡུས་པ་བྱ་བའི་ཚུལ་ནི། བླ་མ་མཚན་ཉིད་དང་ལྡན་པས་ཞེས་པ་ནས། ཆོམ་རྐུན་བསྲུང་བའི་མཇུག་ཏུ་གཞན་ལས་ཚོགས་མང་པོ་མཆིས་པ་རྣམས་བླ་མ་བཻ་རོ་ཙ་ན་དང་བླ་མ་ས་སྐྱ་པ་ཆེན་པོའི་གསུང་རབ་ལས་ཤེས་པར་བྱའོའི་མཐའ་ཅན། རྗེས་གནང་གཏོར་ཆོག་གི་ཡི་གེ་ཡར་ཀླུངས་པ་སེངྒེ་རྒྱལ་མཚན་གྱིས་མཛད་པ། གཞན་ཡང་ས་ལོས་མཛད་པའི་ཡབ་ཡུམ་གྱི་གཏོར་ཆོག སྔགས་འཆང་ཆེན་པོས་མཛད་པའི་རྗེས་གནང་གི་ཡི་གེ་དང་བསྐང་བ་རྣམས་ཀྱི་ལུང་བཅས་ཐོབ་པ་ལས། རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་པདྨ་བཛྲ། རཱ་ཧུ་ལ་བཛྲ། སྒེག་པའི་རྡོ་རྗེ། ཛྙཱ་ན་སིདྡྷི། དཔལ་དམ་ཚིག་རྡོ་རྗེ། འཆི་མེད་བློ་གྲོས་བཟང་པོ། མཁས་པ་བཻ་རོ་ཙ་ན། ཁམས་རྒྭ་ལོ་ཙཱ་བ་གཞོན་ནུ་དཔལ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། བླ་ཆེན་ཡར་སྒོམ་སེ་བོ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག མཁས་པ་ཡོན་ཏན་ཁྲི། དྲིན་ཅན་སེངྒེ་བཟང་པོ།«་་་་་བར་འདིར་རྣལ་འབྱོར་དབང་ཕྱུག་ཡར་ལུང་པ་སེངྒེ་རྒྱལ་མཚན་ཞེས་གསན་ཡིག་འགའ་ཞིག་ཏུ་བྱུང༌། »བླ་མ་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། བླ་མ་དཔལ་ལྡན་རྒྱལ་པོ། འཇམ་དབྱངས་སངས་རྒྱས་རིན་ཆེན། ས་ལོ་ཙཱ་བ་ཀུན་དགའ་བསོད་ནམས། བླ་མ་དཔལ་ལྡན་བཀྲ་ཤིས། སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན། སྔགས་འཆང་གྲགས་པ་བློ་གྲོས། སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། མཁན་ཆེན་བསོད་ནམས་རྒྱ་མཚོ། ཆོས་རྗེ་བསོད་ནམས་རབ་རྒྱས། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཛིན་དབང་ཀུན་དགའ་བསྟན་འཛིན། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་འཇམ་པའི་དབྱངས་སངས་རྒྱས་དཔལ་བཟང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་རྗེ་སངས་རྒྱས་རིན་ཆེན་ནས། ས་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས། ཤེས་རབ་འབྱུང་གནས། བསོད་ནམས་རྒྱ་མཚོ་མན་འདྲའོ། །རྗེ་སངས་རྒྱས་རིན་ཆེན་གྱིས་མཛད་པའི་ཡིག་ཆའི་སྟེང་ནས་ཐོབ་ཅིང་ལུང་ཡང་མནོས་སོ། །ཡང་ན་རྗེ་སངས་རྒྱས་རིན་ཆེན། ལྷ་མཆོག་སེངྒེ།བུདྡྷ་སིངྷ། བྲང་ཏི་པཎ་ཆེན། སྙིང་རྗེ་བཟང་པོ། ངག་དབང་བསྟན་པའི་རྡོ་རྗེ། མཁན་ཆེན་བསོད་ནམས་རྒྱ་མཚོ་མན་འདྲ། བཻ་རོ་ཙ་ན་དང་ས་སྐྱ་པ་ཆེན་པོ་དང་ཡར་ལུང་པ་རྣམས་ཀྱིས་མཛད་པའི་ཡི་གེ་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། བདག་ཆེན་རྡོ་རྗེ་འཆང་ཡན་རྗེས་གནང་དང་འདྲ་ལ། དེ་ནས་རྗེ་བཙུན་རྡོ་རིང་པ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག སྔགས་འཆང་བསོད་ནམས་ཆོས་འཕེལ། མཁན་ཆེན་དབང་ཕྱུག་རབ་བརྟན།སྔགས་འཆང་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས། དེ་ནས་བརྒྱུད་དམ་བླ་མ་གཉིས་ཙམ་བཙལ་དགོས། མཁན་ཆེན་བཟང་པོ་རྒྱལ་མཚན། འཇམ་དབྱངས་བཀྲ་ཤིས་དབང་ཕྱུག དབང་བླ་ཀུན་དགའ་བསྟན་འཛིན། མཁན་ཆེན་སངས་རྒྱས་དཔལ་བཟང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་བླ་མ་གཉིས་ཙམ་བཙལ་དགོས་པ་ནས། ཆོས་ཀྱི་རྗེ་བཀྲ་ཤིས་དཔལ་ལྡན། མཁས་བཙུན་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཆོས་རྒྱལ་དབང་པོའི་སྡེས་མཛད་པའི་དུར་ཁྲོད་བདག་པོའི་སྒྲུབ་སྐོར་མང་དུ་མཆིས་པ་རྣམས་ཀྱི་ལུང་ནི་མ་ཐོས་སོ།།    །།པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་ཡི་གེ་བཀླག་པས་དོན་གྲུབ་ཀྱི་སྟེང་ནས་དཔལ་འཁོར་ལོ་བདེ་མཆོག་གི་ཐུགས་ལས་སྤྲུལ་པའི་བསྟན་སྲུང་ཆེན་པོ་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་པ་ལྷ་མངས་ཕྱི་སྒྲུབ་ཀྱི་རྗེས་གནང་གི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མགོན་པོ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ། ཨཱརྻ་དེ་ཝ། མར་མེ་མཛད་བཟང་པོ། དུས་ཞབས་པ། རྩྭ་མི་སངས་རྒྱས་གྲགས།«་་་་་མི་ཉག་རྩྭ་ཤིང་གི་རྒྱལ་རིགས» དཔལ་ཆེན་རྒྭ་ལོ་ཙཱ་བ། བདེ་གཤེགས་ཕག་མོ་གྲུབ་པ། འབྲི་ཁུང་འཇིག་རྟེན་མགོན་པོ། སྐྱིད་ཤོད་པ་བཀྲ་ཤིས་འབུམ། སྐྱིད་ཤོད་པ་གྲགས་པ་སེངྒེ། སློབ་དཔོན་སངས་རྒྱས་གཞོན་ནུ། ལོ་ཙཱ་བ་མ་ཎི་ཀ་ཤྲཱི། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས། ས་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས། གཉན་ལོ་གྲགས་པ་བློ་གྲོས། རྡོ་རྗེ་འཆང་སངས་རྒྱས་སེངྒེ། པཎ་ཆེན་ནམ་མཁའ་དཔལ་བཟང༌། རྗེ་ནམ་མཁའ་སངས་རྒྱས། རྗེ་དམ་ཆོས་བསམ་འགྲུབ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་བྲལ་བླ་མ་བསྟན་འཛིན་ལྷུན་གྲུབ།མཁན་ཆེན་ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་མ་ཎི་ཀ་ཤྲཱི་ནས། སྤྲུལ་སྐུ་ནམ་མཁའ་རྒྱལ་པོ། མཁས་བཙུན་ནམ་མཁའ་རྩེ་མོ། གུ་གེ་པཎ་ཆེན་མན་འདྲ། ཡང་ན་ཨཱརྻ་དེ་ཝ་ནས། ཨ་བྷ་ཡཱ་ཀ་ར། རྩྭ་མི་སངས་རྒྱས་གྲགས་མན་འདྲའོ། །འདི་མགོན་པོ་རང་གི་རྒྱུད་ནས་བཤད་པའི་ལྷ་མངས་མཚན་ཉིད་དང་ལྡན་པ་ལས་སྔགས་གསར་རྙིང་གི་མགོན་པོ་ཡིན་ནོ་ཅོག་བསྡུས་པ་ནི་མིན་ནོ།།    །།མགོན་པོ་གསང་བ་མངོན་པར་འབྱུང་བའི་རྒྱུད་ལེའུ་ལྔ་བཅུ་པ་ལས། ཞལ་གསུམ་ཕྱག་དྲུག་པ་ལྷ་མོ་བཞིའི་འཁོར་དང་བཅས་པ་ཟུར་ཙམ་བསྟན་པ་དང༌། རྩོད་དུས་ཀྱི་ཀུན་མཁྱེན་གཉིས་པ་བུ་སྟོན་རྗེས་སོམ་ཉིར་མཛད་ཀྱང་ཕྱག་བཞི་དྲུག་གི་བླ་མ་བརྒྱུད་པ་ཕལ་ཆེར་གྱིས་ཚད་ལྡན་དུ་མཛད་པ། མགོན་པོ་གསང་བ་དངོས་གྲུབ་འབྱུང་བའི་རྒྱུད་ཀྱི་ལེའུ་བཅུ་བཞི་པར། མགོན་པོ་ཀུན་གྱི་གནས་འདི་ནི། །ཞལ་གཅིག་པ་ལ་ཕྱག་དྲུག་པ། །དང་པོ་གྲི་གུག་ཐོད་ཁྲག་འཛིན། །སྤྱན་གསུམ་མཐིང་ནག་རྔམ་པ་ཡི། །གཡས་གཡོན་བར་པ་ཕྲེང་བ་དང༌། །ཌཱ་མ་རུ་ནི་འཛིན་ཅིང་བརྡུང༌། །ཐ་མ་གཉིས་ཀྱིས་ཁ་ཊྭཱཾ་ག །སྡིགས་མཛུབ་ཞགས་པས་འཆིང་བར་མཛད། །ཅེས་སོགས་གསལ་བར་བསྟན་ཅིང༌། རྒྱ་བོད་ཀྱི་པཎ་གྲུབ་དང་ལོ་ཙཱ་བ་མཁས་གྲུབ་རྣམས་ཀྱིས་ལེགས་པར་བཀྲལ་བའི་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་ལ། མཁས་གྲུབ་ཁྱུང་པོ་གདུབ་བུ་པས་ཀོ་ས་ལི་བིཀྵའི་དུར་ཁྲོད་དུ་རྗེ་བཙུན་མཻ་ཏྲི་པ་ཆེན་པོ་ལ་གསེར་སྲང་བདུན་ཕུལ་ནས་ཞུས་པའི་ཆོས་སྐྱོང་བའི་སྲུང་མ་འདི་ཉིད་ཀྱི་རྗེས་སུ་གནང་བའི་སྐོར་དང༌། མཁས་གྲུབ་ཁྱུང་པོ་འཕན་ཡུལ་འཇོག་པོའི་རི་ལ་སྒྲུབ་པ་མཛད་པའི་ཚེ་གྲུབ་ཆེན་རཱ་ཧུ་ལས་ཆོས་སྒོ་སྐྱེལ་གྱི་ཚུལ་གནང་བའི་རྗེས་གནང་གི་སྐོར་རྣམས་བསྡོམས་པས་མགོན་པོ་བཅུ་གསུམ་དུ་གྲགས་པ།སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་ཕྲིན་ལས་ཀྱིས་མཛད་པའི་ཡིག་ཆའི་སྟེང་ནས་ལེགས་པར་ཐོབ་པ་ལ། གཏོར་དབང་བར་གཅོད་ཀུན་སེལ། རྗེས་གནང་བར་གཅོད་ཀུན་སེལ། དབང་བཞི་བྱིན་རླབས་ཀྱི་ཚུལ་ཏུ་བསྐུར་བ། བླ་མ་མགོན་པོ་དབྱེར་མེད་ཀྱི་སྐོར་ལ་ཞི་བ་གྲིབ་སེལ། རྒྱས་པ་བླ་མ་མགོན་པོ་དབྱེར་མེད། མཁའ་འགྲོ་དབང་སྡུད་དང་གནས་དབབ་གཅིག་ཏུ་བྱས་པ། གསང་སྒྲུབ་མགོན་པོ་མཆིན་ཁ། ནང་སྒྲུབ་རྒྱན་ཅན། མགོན་པོ་དབང་རྒྱལ། མགོན་པོ་ཚེ་བདག ས་ར་ཧའི་མགོན་པོ་ཁྲག་འཐུང༌། ལྷ་བཞི་དྲིལ་སྒྲུབ། མགོན་དཀར་ཡིད་བཞིན་ནོར་བུ་སྟེ་བཀའ་བཅུ་གསུམ་དུ་གྲགས་པ། དེའི་ཁོངས་སུ་མི་ཐེ་བ་ཚར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་རྗེས་གནང་བྱ་ཚུལ་ལ་བརྟེན་ནས་མགོན་པོ་ཕྱག་དྲུག་པ་སྙིང་ཞུགས་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་ཕྱག་མཚན་ཆས་གོས་སིནྡྷཱུ་ར་རྣམས་ཀྱི་རྗེས་སུ་གནང་བ་དང༌། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་རྗེས་གནང་གི་ཡི་གེའི་སྟེང་ནས་བར་ཆད་ཀུན་སེལ་གྱི་རྗེས་གནང་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ཤངས་པའི་ཕྱག་ལེན་གཙང་མ་ཐོབ་པ་ལས། ཐོག་མར་གཏོར་དབང་བར་གཅོད་ཀུན་སེལ། རྗེས་གནང་བར་གཅོད་ཀུན་སེལ། དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ། བླ་མ་མགོན་པོ་དབྱེར་མེད་ཀྱི་སྐོར་ལ་ཞི་བ། རྒྱས་པ། མཁའ་འགྲོ་དབང་སྡུད་དང་གནད་དབབ་གཉིས་གཅིག་ཏུ་བྱས་པ། གསང་སྒྲུབ་མགོན་པོ་མཆིན་ཁ། མགོན་པོ་དབང་རྒྱལ། མགོན་པོ་སྙིང་ཞུགས་ཐུན་མོང་བ་རྣམས་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མགོན་པོ། གྲུབ་ཆེན་ཤ་བ་རི་དབང་ཕྱུག མངའ་བདག་མཻ་ཏྲི་པ་ཆེན་པོ། གྲུབ་ཆེན་རཱ་ཧུ་ལ། ཤངས་པ་ལོ་ཙཱ་བ་ཁྱུང་པོ་རྣལ་འབྱོར། རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེངྒེ། གཉེན་སྟོན་སྦས་པའི་རྣལ་འབྱོར།ཆོས་རྗེ་སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན་ཆེན་པོ། མུས་ཆེན་རྒྱལ་མཚན་དཔལ་བཟང༌། སྔགས་འཆང་རྡོ་རྗེ་གཞོན་ནུ། མཉམ་མེད་ནམ་མཁའི་རྣལ་འབྱོར། མཁས་གྲུབ་དགེ་ལེགས་དཔལ་བཟང༌། མཚུངས་མེད་བཟང་པོ་རྒྱལ་མཚན། གྲུབ་ཆེན་ངག་དབང་བློ་གྲོས། མར་སྟོན་ཚུལ་ཁྲིམས་རིན་ཆེན། རྡོ་རྗེ་འཆང་སྔགས་རམས་པ་དགེ་འདུན་བཀྲ་ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། བྲག་མགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། རིགས་ཀུན་བདག་པོ་ཆོས་དབྱིངས་རང་གྲོལ། པད་དཀར་འཛིན་པ་ངག་དབང་བློ་བཟང་རྒྱ་མཚོ། ཐུགས་སྲས་འཇམ་དབྱངས་གྲགས་པ། སྤྲོ་ལུང་པ་གྲུབ་དབང་བསོད་ནམས་ཆོས་འཕེལ། ཐུབ་བསྟན་མཁན་ཆེན་ཚུལ་ཁྲིམས་བཟང་པོ། ཁམས་སྟོན་རྡོ་རྗེ་འཆང་བསོད་ནམས་དབང་ཕྱུག དྲིན་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་ལྷུན་གྲུབ་སྟེང་གི་ཕན་བདེ་གླིང་བླ་བྲང་དུ་སྩལ་ཏོ། །ཡང་ན་ངག་དབང་བློ་བཟང་རྒྱ་མཚོ་ནས། གནས་བརྟན་འཇམ་དབྱངས་གྲགས་པ། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལ་སྩལ་ཏོ། །ཡང་ན་མཁས་གྲུབ་རྗེ་ནས། འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོ་བློ་གྲོས། པཎ་ཆེན་ངོ་མཚར་རྒྱ་མཚོ། མར་སྟོན་ཚུལ་ཁྲིམས་རིན་ཆེན་མན་འདྲ། ཡང་ན་འབྲོང་རྩེ་ཆོས་རྗེ་ནས། གྲུབ་ཆེན་ངག་དབང་བློ་གྲོས། མར་སྟོན་སེམས་དཔའ་ཆེན་པོ་མན་འདྲ། ཡང་ན་མཁས་གྲུབ་ཤངས་སྟོན་པ་ནས། མཁས་བཙུན་རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ། འཇག་པ་བློ་གྲོས་དཔལ། གྲུབ་ཆེན་ངག་དབང་བློ་གྲོས་མན་འདྲ། ཡང་ན་བྱམས་པ་དཔལ་ནས། ཀུན་དགའ་དཔལ།ངག་དབང་བློ་གྲོས་མན་འདྲ། ཡང་ན་མཁས་གྲུབ་རྗེ་ནས། རོང་སྟོན་བློ་བཟང་གྲགས་པ། ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ། པཎ་ཆེན་བསོད་ནམས་གྲགས་པ། གུ་གེ་བ་ཉི་མ་བཟང་པོ། ཁྲི་རིན་པོ་ཆེ་རྒྱལ་ཁང་རྩེ་བ་དཔལ་འབྱོར་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་བ་མན་འདྲ། ཡང་རྗེས་གནང་བར་གཅོད་ཀུན་སེལ་གྱི་བརྒྱུད་ལུགས་གཅིག་ནི། འཇག་ཆེན་བྱམས་པ་དཔལ་ནས། སྣར་ཐང་ལོ་ཙཱ་བ་དོན་གྲུབ་བཟང་པོ། རྒྱལ་བ་ཙོང་ཁ་པ་ཆེན་པོ། ཤར་བ་རིན་ཆེན་རྒྱལ་མཚན། བྱང་གླིང་པ་གྲགས་པ་རིན་ཆེན། སྣར་ཐང་པ་ཤེས་རབ་རྒྱལ་མཚན། པཎ་ཆེན་ཡེ་ཤེས་རྩེ་མོ། རྗེ་ཆོས་གྲགས་པ། མར་སྟོན་སེམས་དཔའ་ཆེན་པོ།རྡོ་རྗེ་འཆང་སྔགས་རམས་པ་མན་གོང་ལྟར་རོ། །ཡང་ན་རྒྱལ་བ་ཙོང་ཁ་པ་ཆེན་པོ་ནས། རྒྱལ་སྲས་བཟང་སྐྱོང་བ། རིན་པོ་ཆེ་ཆོས་དཔལ་བ། ཆོས་རྗེ་བློ་གྲོས་རྒྱལ་མཚན། རྗེ་ཕྱོགས་ལས་རྣམ་རྒྱལ། རྡོ་རྗེ་འཆང་སྔགས་རམས་པ་མན་འདྲ། ཡང་ན་འཇག་ཆེན་བྱམས་པ་དཔལ་ནས། ཀུན་མཁྱེན་ཤེས་རབ་དཔལ་བཟང༌། སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དཔལ་བཟང༌། མཁས་གྲུབ་རིན་ཆེན་བཤེས་གཉེན། ཆོས་རྗེ་ལེགས་པའི་བློ་གྲོས། རྗེ་ཕྱོགས་ལས་རྣམ་རྒྱལ། རྡོ་རྗེ་འཆང་སྔགས་རམས་པ་མན་འདྲ། དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་བར་གཅོད་ཀུན་སེལ་གྱི་བརྒྱུད་ལུགས་གཅིག་ནི། མཁས་གྲུབ་ཤངས་སྟོན་ནས། རྗེ་རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ། རྗེ་བསོད་ནམས་བློ་གྲོས། བླ་མ་ཀུན་དགའ་བཟང་པོ། འདྲེན་མཆོག་དོན་ཡོད་རྒྱལ་མཚན། ཡབ་ཆོས་རྗེ་ཀུན་དགའ་རྒྱལ་མཚན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། ཆོས་རྗེ་རིན་པོ་ཆེ་ཐུབ་བསྟན་པ། རྗེ་ཕྱོགས་ལས་རྣམ་རྒྱལ་མན་གོང་བཞིན་ནོ། །ཡང་ན་མཚུངས་མེད་བཟང་པོ་རྒྱལ་མཚན་ནས། རྗེ་ཀུན་དགའ་རྒྱལ་མཚན་མན་འདྲ། ཡང་ན་མཁས་གྲུབ་རྗེ་ནས། བ་སོ་ཆོས་ཀྱི་རྒྱལ་མཚན། གནས་རྙིང་པ་ཀུན་དགའ་བདེ་ལེགས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་མན་གོང་ལྟར་རོ། །ཡང་ན་མཚུངས་མེད་བཟང་པོ་རྒྱལ་མཚན་ནས།འཇམ་དབྱངས་དགེ་འདུན་འཕེལ། རྒྱུད་པ་བཀྲ་ཤིས་འཕགས། རྒྱུད་ཆེན་བརྩོན་འགྲུས་འཕགས། སྲས་ཁང་སྔགས་རམས་པ་བཟང་པོ་རྣམ་རྒྱལ། རྡོ་རྗེ་འཆང་ཕ་བོང་ཁ་བ་མན་འདྲ། མགོན་པོ་རྒྱན་ཅན། ཚེ་བདག་ལྷ་བཞིའི་དྲིལ་སྒྲུབ། མགོན་དཀར་བཞིའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། སློབ་དཔོན་དྷ་ན་སཾ་སྐྲྀ་ཏ། གྲུབ་ཆེན་རཱ་ཧུ་ལ་གུཔྟ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་མན་བརྒྱུད་ཚུལ་གོང་མ་མཐའ་དག་དང་འདྲ། ས་ར་ཧའི་མགོན་པོ་ཁྲག་འཐུང་གི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ས་ར་ཧ། འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང༌། གྲུབ་ཆེན་ཤ་བ་རི་པ། མངའ་བདག་མཻ་ཏྲི་པ། ཁྱུང་པོ་རྣལ་འབྱོར་མན་གོང་མ་རྣམས་དང་འདྲ། ཤངས་ལུགས་གཙང་མའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ཐོབ་པའི་བརྒྱུད་པ་ནི། མཁས་གྲུབ་ཤངས་སྟོན་ཆེན་པོ་ཡན་གོང་ལྟར་ལས། དེ་ནས་མཁས་བཙུན་རྒྱལ་མཚན་འབུམ་པ། ཁྱུང་པོ་ཚུལ་ཁྲིམས་མགོན། བྱ་བཏང་རི་ཁྲོད་རས་ཆེན། སྤྲུལ་སྐུ་སངས་རྒྱས་རྡོ་རྗེ། ཕ་རྒོད་ཐར་པ་དཔལ་བཟང༌། དྲིན་ཅན་སངས་རྒྱས་རྣམ་རྒྱལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། གཉན་སྟོན་རྣམ་སྤྲུལ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞྭ་ལུ་པ་ཆེན་པོ་བསོད་ནམས་མཆོག་གྲུབ། ངག་དབང་བློ་བཟང་རྒྱ་མཚོ་མན་འདྲ། ཡང་ན་ཚར་ཆེན་ནས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན་མན་འདྲ། ཡང་ན་ཚར་ཆེན་ནས། བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། ཁྱབ་བདག་དབང་ཕྱུག་རབ་བརྟན་མན་འདྲ། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་གཏོར་ཆོག་དང་རྗེས་གནང་གི་ཡི་གེ་བར་ཆད་ཀུན་སེལ་གྱི་ལུང་གི་བརྒྱུད་པ་ནི། མཁན་ཆེན་ངག་དབང་ཆོས་གྲགས། གཟིམས་ཤག་ཆོས་རྗེ་ངག་དབང་རྣམ་རྒྱལ། འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག ཁྱབ་བདག་ཞྭ་ལུ་པ་མན་འདྲའོ། །ཡང་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡི་གེའི་སྟེང་ནས། ཕྱག་དྲུག་ནག་པོ་འཁོར་དང་བཅས་པའི་རྗེས་གནང་བར་གཅོད་ཀུན་སེལ་ལུང་དང་བཅས་པ། མཁན་ཆེན་འཇམ་པའི་དབྱངས་སངས་རྒྱས་དཔལ་བཟང་བ་ལས་ཐོབ་པ། རྗེ་དེས་གསན་ཡུལ་བླ་མ་གང་ཡིན་བལྟ། དེ་ལས་བདག་ཚུལ་རིན་གྱིས་ལེགས་པར་ནོས་སོ།།    །།མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་རྗེས་གནང་གི་ཡི་གེ་ལ་བརྟེན་ནས་དཔལ་ཤངས་པ་བཀའ་བརྒྱུད་པ་ལས་བརྒྱུད་པའི་བླ་མ་མགོན་པོ་དབྱེར་མེད་དམ་མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་སུ་གནང་བ་ལེགས་པར་ཐོབ་ནས། རྒྱབ་བརྟེན་ལུང་ལ། མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱི་འདི་སྐོར་གྱི་གདམས་པ་གསར་རྙིང་གི་ཡི་གེ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བེ་བུམ་དུ་བྱས་པའི་སྟེང་ནས་ལུང་ཐོབ་པའི་རྣམ་གྲངས་ལ། ཁྱུང་པོས་མཛད་པའི་བཅོམ་ལྡན་འདས་མགོན་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་དགོས་འདོད་འབྱུང་བའི་གདམས་ངག་གི་རྒྱལ་པོ་དངོས་གྲུབ་མ་ལུས་པ་འབྱུང་བའི་བདག་ཉིད་ཅེས་བྱ་བ་ལོ་རྒྱུས། སྦྱོར་བ། དངོས་གཞི། རྗེས་གསུམ་གྱི་སྒོ་ནས་བསྟན་པ།མཇུག་ཏུ་བདག་ཁྱུང་པོ་རྣལ་འབྱོར་པས་ཞལ་གདམས་སྙན་བརྒྱུད་ཡི་གེར་བཀོད་པའི་མཐའ་ཅན། དེས་མཛད་པའི་བསྟོད་པ་ཕྱོགས་བཅུ་དུས་གསུམ་མ།ཡིད་བཞིན་ནོར་བུའི་ལོ་རྒྱུས་འགོར་བླ་མ་མཻ་ཏྲི་པ་ཀོ་ས་ལ་བིཀྵའི་དུར་ཁྲོད་ཅེས་དང༌། ཞལ་དངོས་སུ་སྟོན་ནོའི་མཐའ་ཅན། གཏོར་མའི་ཆོ་ག་འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད་ཀྱི་མཐའ་ཅན། མཆོད་འབུལ་རྒྱུ་དང་འབྲས་བུའི་ཁྱད་པར་མ། བསྐང་བ་འགོར། དད་པ་དང་ནི་དམ་ཚིག་ཅེས་དང༌། བསམ་དོན་མ་ལུས་མྱུར་འགྲུབ་ནས། །ལོངས་སྤྱོད་འདོད་དགུའི་དཔལ་སྤྱོད་ཤོག་གི་མཐའ་ཅན། རྗེས་གནང་འགོར་མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་ལ་དཀྱིལ་འཁོར་དང་གཏོར་མ་ཞེས་ཡོད་པ། ལྟེ་བར་ཧཱུྃ་དཀར་པོ་བྲིས་ལུགས་གཅིག་གོའི་མཐའ་ཅན། ན་མོ་བུདྡྷའི་གསོལ་འདེབས། ལས་ཚོགས་འགོར་ལས་ཁ་ཚར་འདི་ལ་ཞི་བ་ནོར་དུ་སྒྲུབ་ཅེས་དང༌། ཚེས་བརྒྱད་ནས་གནམ་སྟོང་གི་བར་ལ་བྱའོ་ས་མ་ཡ་ཨི་ཐིའི་མཐའ་ཅན། གཏེར་བུམ་བཅའ་བའི་མན་ངག་འགོར་བུམ་པ་ཁ་ཡངས་ཤིང་མཆུ་ཡོངས་སུ་གྲགས་པ་དང་ལྡན་པ་ཞེས་དང༌། ཆེས་ཤིན་ཏུ་གསང་བར་བྱ་ཞིང་དཔེ་སུ་ལའང་མི་བསྟན་ནོའི་མཐའ་ཅན། འཁོར་ལོའི་མན་ངག་འགོར་དབང་སྡུད་ཀྱི་འཁོར་ལོ་བྲི་བ་ནི་བྲི་བའི་གཞི་ཞེས་དང༌། ནོར་བུ་བྱེད་ཀྱི་ཧཱུྃ་བྲི་བ་མ་ཡིན་ནོའི་མཐའ་ཅན། སྦྱིན་སྲེག་གི་ཡི་གེ་འགོར་རྒྱས་པའི་སྦྱིན་སྲེག་བྱེད་ན་ཐབ་ཁུང་ཞེས་དང༌། སྦྱིན་སྲེག་བྱར་རུང་གསུང་ངོ་ཨི་ཐིའི་མཐའ་ཅན། བུམ་གཏེར་བཅའ་བའི་མན་ངག་འགོར་ཆོས་སྐྱོང་གི་བུམ་པ་བཅའ་བའི་ཐབས་ནི། དང་པོ་བུམ་པ་སོ་མ་བཏང་བ་ཞེས་དང༌། ཞལ་ཤེས་རྣམས་ཀྱང་ཡི་གེར་བཀོད་པ་ཡིན་པས་དཔེ་གཞན་ལ་མི་བསྟན་པར་ཆེས་ཆེར་དམ་པར་བྱའོའི་མཐའ་ཅན། བསྟོད་པ་ཆོས་དབྱིངས་སྤྲོས་བྲལ་མ། ཀུན་དགའ་འོད་ཀྱིས་ཆོས་སྐྱོང་ཞལ་མཇལ་དུས་བསྟོད་ཅིང་གསོལ་བ་བཏབ་པ་ཡིན་ནོའི་མཐའ་ཅན། རབ་གནས་ཀྱི་ཡི་གེ་འགོར་རབ་གནས་སྤྱི་དང་མཐུན་པའམ་འདིས་སྒོས་ཀྱི་རབ་གནས་ཞེས་དང༌། ཤངས་པའི་ཞལ་གདམས་ཡི་གེར་བཀོད་པའོའི་མཐའ་ཅན། ཡང་བླ་མའི་སྐུ་འབག་རབ་གནས་རྡོ་རྗེ་འཛིན་པ་ནམ་མཁའ་སྟོབས་རྒྱས་ཀྱིས་མཛད་པ་སྟེ་དེ་རྣམས་ཡིག་རྙིང་གི་སྐོར་རོ། །ཡི་གེ་ཕྱི་མ་ལ་ཚར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་མགོན་དཀར་གྱི་སྒྲུབ་ཐབས་དང་བསྟོད་པ། འཇམ་དབྱངས་ཀུན་དགའ་གྲོལ་མཆོག་གིས་མཛད་པའི་སྒྲུབ་ཐབས་དང་རྗེས་གནང་གི་ཡི་གེ ངག་དབང་ཆོས་གྲགས་ཀྱིས་མཛད་པའི་རྗེས་གནང་གི་ཕྱག་ལེན་བཀླག་ཆོག་ཏུ་བཀོད་པ། མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་སྒྲུབ་ཐབས་དབང་གི་རྒྱལ་པོ། དེས་མཛད་པའི་རྒྱས་པའི་སྦྱིན་སྲེག་བཀླག་པས་དོན་གྲུབ་དང༌། ཡིད་བཞིན་ནོར་བུ་ལ་གནང་ནས་བསྐུལ་བའི་ཚིགས་བཅད་དང་བརྒྱུད་པའི་གསོལ་འདེབས་རྣམས་དང་བཅས་པའི་ལུང་རྣམས་ཐོབ་ནས། རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་ཆེན་པོ།ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ཤ་བ་རི་དབང་ཕྱུག རྒྱལ་སྲས་མཻ་ཏྲི་པ་ཆེན་པོ། གྲུབ་ཆེན་རཱ་ཧུ་ལ་གུཔྟ་«་་་་་ཇོ་བོ་ཨ་ཏི་ཤའི་བླ་མ་རི་ནག་པོའི་གཙུག་ལག་ཁང་དུ་བཞུགས་པའི་ཚེའི་རིག་འཛིན་བརྙེས་པ་དེ་ཡིན། »བཛྲ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེངྒེ། གཉེན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་གཙང་མ་ཤངས་སྟོན། མུས་ཆེན་རྒྱལ་མཚན་དཔལ་བཟང༌། བླ་མ་རྡོ་རྗེ་གཞོན་ནུ། མུས་ཆེན་ནམ་མཁའི་རྣལ་འབྱོར། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། ནི་གུ་པ་སངས་རྒྱས་བཟང་པོ། མཚོ་ཁ་ནམ་མཁའ་རྒྱལ་མཚན། རྣལ་འབྱོར་གྱི་དབང་ཕྱུག་ཀུན་དགའ་བསོད་ནམས། བླ་མ་དཀོན་མཆོག་ལེགས་འཛིན། མཚུངས་མེད་ཨེ་ཝཾ་པ་ཆེན་པོ། རྗེ་དཔལ་ལྡན་དོན་གྲུབ། རྗེ་དབོན་འཇམ་མགོན་དཔལ་མཆོག་རྒྱལ་མཚན། རྗེ་ནམ་མཁའ་དཔལ་བཟང༌། འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་ལན་མང་དུ་སྩལ་ཏོ། །ཡང་ན་རྗེ་སངས་རྒྱས་ཕུན་ཚོགས་ནས། རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། དེས་བདག་བནྡེ་ཚུལ་རིན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། བླ་མ་གཅིག་གཉིས་བཙལ། དེ་ནས་མཁན་ཆེན་རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལའོ། །མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ཁྱུང་པོས་མཛད་པ་དང༌། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལུང་ཐོབ་པའི་བརྒྱུད་པ་ནི། མུས་ཆེན་ནམ་མཁའི་རྣལ་འབྱོར་ཡན་རྗེས་གནང་དང་འདྲ་ལ། དེ་ནས་བྱང་སེམས་སྦྱིན་པ་བཟང་པོ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། མང་མཁར་བ་བློ་གྲོས་རྒྱལ་མཚན། པུ་རང་བ་དཔལ་ལྡན་དར་པོ། ཞི་དགོན་པ་བསོད་ནམས་རྩེ་མོ། ལོ་ཆེན་འགྱུར་མེད་བདེ་ཆེན།མཁས་པ་ངག་དབང་ཆོས་གྲགས། བདག་པོ་བསོད་ནམས་རྒྱལ་མཚན། འཇམ་དབྱངས་བཀྲ་ཤིས་དཔལ་ལྡན། ཆོས་ཀྱི་སྤྱན་ལྡན་སངས་རྒྱས་དཔལ་བཟང༌། མཁན་ཆེན་འཇམ་དབྱངས་སངས་རྒྱས་ཕུན་ཚོགས། དེ་ལས་རྡོ་རྗེ་འཛིན་དབང་ཀུན་དགའ་བསྟན་འཛིན་གྱིས་གསན། དེ་ལས་མཁན་ཆེན་འཇམ་དབྱངས་སངས་རྒྱས་དཔལ་བཟང་གིས་གསན། དེས་སྙོམ་ལས་མཁན་གྱི་མཐར་ཐུག་པ་བནྡེ་ཚུལ་ཁྲིམས་རིན་ཆེན་བདག་ལའོ།།    །།ལོ་པ་ཚུལ་ཁྲིམས་དར་གྱིས་མཛད་པའི་རྗེས་གནང་གི་ཡི་གེ་དང་གཏོར་ཆོག་གི་སྟེང་ནས་ཇོ་བོ་ཆེན་པོ་ལུགས་ཀྱི་མགོན་པོ་གྲི་གུག་ལྕམ་དྲལ་གྱི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མགོན་པོ། སློབ་དཔོན་བྲམ་ཟེ་མཆོག་སྲེད། པཎ་ཆེན་བདེ་བའི་རྡོ་རྗེ། ཤྲདྡྷཱ་ཀ་ར་ཝརྨ། ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ འབྲོམ་རྒྱལ་བའི་འབྱུང་གནས། སྤྱན་སྔ་བ་ཚུལ་ཁྲིམས་འབར། བཤེས་གཉེན་བྱ་ཡུལ་བ་གཞོན་ནུ་འོད། མུས་སྨན་པ། གྲོ་སྟོན་བདུད་རྩི་གྲགས། ཞང་ཆོས་ཀྱི་བླ་མ། སངས་རྒྱས་སྒོམ་པ་སེངྒེ་སྐྱབས། མཆིམས་ནམ་མཁའ་གྲགས། སྐྱོ་སྨོན་ལམ་ཚུལ་ཁྲིམས། སྣར་ཐང་བྱང་ཆེན་པ་བསོད་ནམས་འཕེལ། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བླ་ཆེན་བསོད་བློ། སྤྱན་སྔ་སྦྱིན་པ་དཔལ། མཁན་ཆེན་གྲགས་པ་དོན་གྲུབ། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། ལོ་པ་སྤྱན་སྔ་རིན་པོ་ཆེ་ངག་དབང་ཆོས་གྲགས་རྒྱལ་མཚན། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྡོ་རྗེ་འཆང་བ་ཆེན་པོ་ངག་དབང་ཀུན་དགའ་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་ཡེ་ཤེས་ཀྱི་མགོན་པོ། བྲམ་ཟེ་མཆོག་སྲེད། ཇོ་བོ་ཨ་ཏི་ཤའབྲོམ་སྟོན་རྒྱལ་བའི་འབྱུང་གནས། འཛེང་སྒོམ་དབང་ཕྱུག་རྒྱལ་མཚན། སྣེའུ་ཟུར་པ་ཡེ་ཤེས་འབར། གླང་རི་ཐང་པ་རྡོ་རྗེ་སེངྒེ། གླང་ཐང་པ་ཞང་དགེ་བཤེས་གཉེན། སློབ་དཔོན་སྒོམ་པ། དགེ་བཤེས་འགར་བ། སློབ་དཔོན་གཙང་པ། རྒྱ་མ་དབོན་སྟོན། ལྷ་བྲག་ཁ་བ། མཁན་པོ་སྟག་རུ་བ། སློབ་དཔོན་སྦས་པ་སྟོན་གཞོན། ལོ་པ་ཚུལ་ཁྲིམས་དར། སྤྱན་སྔ་ངག་དབང་ཆོས་གྲགས་མན་འདྲ། ཡང་ན་སྦས་པ་སྟོན་གཞོན་ནས། གླང་ཐང་སྤྱན་སྔ་ཀུན་དགའ་རྒྱལ་མཚན། སྤྱན་སྔ་ཡོན་ཏན་རྒྱལ་མཚན། སྤྱན་སྔ་བློ་གྲོས་རྒྱལ་མཚན། ཀུན་མཁྱེན་ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་མན་འདྲའོ།།    །།འཆི་མེད་ཚེའི་རིག་འཛིན་བརྙེས་པའི་སློབ་དཔོན་ཆེན་པོ་པཎྜི་ཏ་གསང་བ་ཡེ་ཤེས་སམ་མ་ཧཱ་པཎྜི་ཏ་ལྭ་བ་དམར་པོར་གྲགས་པས་གངས་རིའི་ལྗོངས་འདིར་ལན་གསུམ་བྱོན་པའི་བར་པར་གདན་དྲངས་ཤིང༌། དེའང་ངེས་པའི་དོན་གསང་བ་ལྟར་ན་རྒྱལ་བ་ཀུན་གྱི་ཡུམ་གཅིག་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། ནང་ལྟར་ངག་དབང་ལྷ་མོ་དབྱངས་ཅན་མ། ཕྱི་ལྟར་མ་གཅིག་གྲུབ་པའི་རྒྱལ་མོ་སོགས་མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད་དང༌། འགྲེལ་པ་རབ་འབྱོར་ཟླ་བས་མཛད་པ་དང༌། མུ་ཏིག་ཕྲེང་བ་རྣམས་ལས་ལྷ་མོ་ཨུ་མ་དེ་ཝཱི་དང་གཅིག་པར་བཤད་དེ།མིང་གི་རྣམ་གྲངས་དགུ་བཅུ་ཙམ་གྱིས་བསྟན་ཅིང༌། ལྷ་མོའི་བསྟོད་པའི་སྐབས་སུ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟན་པ་དང༌། གསང་སྔགས་རྙིང་མའི་རྒྱུད་རྣམས་ལས་ཀྱང་སྔགས་སྲུང་དྲག་མོའི་སྒྲུབ་ཚུལ་མང་དུ་བསྟན་ཅིང༌། བྱ་བའི་རྒྱུད་རིག་པ་མཆོག་ལས་ཕྱག་ན་རྡོ་རྗེས་ནམ་གྲུའི་རིགས་དང་ཆོ་འབྲང་ལ་བསྟོད་ནས་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་ཏེ་གསང་སྔགས་སྤྱིའི་སྲུང་མར་བསྐོས་ཤིང༌། ཡུལ་ཉེར་བཞི་དང་གནས་སོ་གཉིས་ཀྱི་ནང་ཚན་དེ་ཝཱི་ཀོ་ཊ་སྟེ་བོད་སྐད་དུ་ལྷ་མོའི་མཁར་ཞེས་པར་གནས་ནས། ཞིང་སྐྱོང་མ་མོ་ཐམས་ཅད་ཀྱི་གཙོ་མོར་མཛད་པར་བཤད་པའི་དཔལ་ལྡན་ལྷ་མོ་དམག་ཟོར་གྱི་རྒྱལ་མོ་ཞེས་རྗེ་ཁོལ་གཉིས་ལས་ཁོལ་མོ་རེ་མ་ཏིར་གྲགས་པའི་སྐུ་གསུང་ཐུགས་ཀྱི་རྗེས་གནང༌། བཟླས་ལུང་ཕྱག་མཚན་གཏོར་མའི་བཀའ་བསྒོ་སོགས་ཐུན་མོང་མ་ཡིན་པ་ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་སྨིན་རྒྱས་སུ་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང༌། པཎྜི་ཏ་ལྭ་བ་དམར་པོ། ལྕེ་འབྱུང་གནས་བཟང་པོ། གནུབས་རྒྱལ་བ་ཡེ་ཤེས། ཞང་ལོ་ཙཱ་བ་ཤེས་རབ་བླ་མ། དེ་སྲས་ཞང་སཾ་གྷ་བྷ་དྲ། དེ་སྲས་ཞང་དཔལ་ཆེན་འོད་པོ། དེ་སྲས་ཞང་«་་་་་གསན་ཡིག་འགའ་ཞིག་ཏུ་འདི་མ་བྱུང་བ་ཆད་པ་ཡིན་ནམ། »རྡོ་རྗེ་རྩེ་མོ། ཞང་དིང་རི་བ་ཉི་མ་འོད། ཞང་བསྟན་བཟང་པ་རིན་ཆེན་རྣམ་རྒྱལ། བསམ་གླིང་པ་སངས་རྒྱས་འབྱུང་བ། འཇམ་དབྱངས་འཁོན་སྟོན་ཐུགས་རྗེ་རིན་ཆེན། བྱང་སེམས་རིན་ཆེན་མགོན་པོ། ཆོས་རྗེ་ཉི་མ་བཤེས་གཉེན། ཆོས་རྗེ་དཀོན་མཆོག་བཟང་པོ། བླ་མ་འཇམ་དབྱངས་མགོན་པོ། བོ་དོང་བ་འཇམ་དབྱངས་རལ་གྲི། རྗེ་ནམ་མཁའི་སྙིང་པོ། རྗེ་ནམ་མཁའ་རྒྱལ་མཚན། བྱས་འགྱུར་བ་བསོད་ནམས་སེངྒེ། ཡང་མགོན་པ་དཔལ་ལྡན་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། ངོར་ཆེན་དཀོན་མཆོག་དཔལ་ལྡན། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་ཆེན་ཤེས་རབ་འབྱུང་གནས། དེ་ལས་ཤར་པ་ཡེ་ཤེས་བཟང་པོ་དང༌། རྗེ་དམ་ཆོས་བསམ་འགྲུབ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་ལན་གཉིས་སུ་སྩལ་ཏོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། གཉགས་སྟོན་ཀུན་དགའ་རྒྱ་མཚོ། ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ནས། རྡོ་རྗེ་འཆང་བསྟན་འཛིན་ལྷུན་གྲུབ། རིགས་ཀུན་ཁྱབ་བདག་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་ལན་མང་དུ་སྩལ་ཏོ།།    །།ཡིག་རྙིང་གི་སྟེང་ནས་ཕྱག་ལེན་ལྟར་ཇོ་བོའི་སྲུང་མ་རྡོ་རྗེ་ལྷ་མོ་ནམ་མཁའི་གོས་ཅན་མའི་བཀའ་གཏད་རྗེས་གནང་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། ཇོ་བོ་རྗེ། འབྲོམ་སྟོན་པ། སྤྱན་སྔ་ཚུལ་ཁྲིམས་འབར། རྔོག་ལེགས་པའི་ཤེས་རབ། བྱ་ཡུལ་བ། གཙང་པོ་རིན་པོ་ཆེ། གླང་ལུང་པ། སངས་རྒྱས་སྒོམ་པ། ཟེམ་རིན་པོ་ཆེ། ཚེས་བཞི་པ། རྒྱལ་སྟེང་གསེར་ཁང་པ་རིན་ཆེན་འཕེལ། ལོ་བ་ཚུལ་དར། སྤྱན་སྔ་བསོད་ནམས་ལྷ་དབང༌། སྤྱན་སྔ་ངག་དབང་ཆོས་གྲགས། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། དྲིན་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་སྐལ་བ་ཅན་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།།    །།དཔལ་ཞྭ་ལུ་གསེར་ཁང་པའི་སྲུང་མ་དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མའི་གནས་ལྔའི་འོད་ཟེར་གྱི་སྤྲོ་བསྡུ། དབང་བཞི། སྐུ་ཙ་ཀ་ལི། སྔགས་ཀྱི་བཟླས་ལུང༌། ཕྱག་མཚན་གཏོད་པ། གཏོར་དབང་དང་བཅས་པ་ཚར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་གཏོར་མཆོག་རྗེས་གནང་གི་ཡི་གེ་རྒྱས་པའི་སྟེང་ནས་ལུང་བཅས་དང༌། འཇམ་དབྱངས་མཁྱེན་བརྩེའི་ཟིན་བྲིས་སྟེང་ནས་གནས་ལྔ་འོད་ཟེར་སྤྲོ་བསྡུ་གཏོར་དབང་བཅས་པའི་རྗེས་གནང་བསྡུས་པ། བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན་གྱི་ཡི་གེའི་སྟེང་ནས་བཀའ་གཏད་བཅས་སོ་སོར་ཐོབ་པའི་བརྒྱུད་པ་ནི། ཨཽ་ཌྱཱན་ཆོས་ཀྱི་རྒྱལ་པོ་པདྨ་ཐོད་ཕྲེང༌། ལོ་སྟོན་རྡོ་རྗེ་དབང་ཕྱུག ལྕེ་བཙུན་ཤེས་རབ་འབྱུང་གནས། ལྕེ་བཙུན་ཡེ་ཤེས་དབང་ཕྱུགལྕེ་འབུམ་མེ། ལྕེ་འབུམ་དར། ལྕེ་འབུམ་ལྡན། གཡུ་ཐོག་སྒྲ་གསེར་བཟང༌། ལྕེ་ཡེ་ཤེས་འབར། མཁན་པོ་མངོན་པ་བ། བུ་སྟོན་སེངྒེ་འོད། མཁན་པོ་གྲགས་པ་གཞོན་«་་་་་འདི་ལས་བུ་སྟོན་རིན་པོ་ཆེས་གསན། »ནུ། བླ་མ་བཀྲ་ཤིས་སེངྒེ།«་་་་་འདི་ལས་ཐུགས་སྲས་པས་གསན་ཞེས་མཁྱེན་རབ་རྗེའི་གསན་ཡིག་ལས་བྱུང༌། »བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་བརྩོན་འགྲུས། བཀའ་བཞི་པ་རིན་ཆེན་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་རིན་ཆེན་མཆོག་གྲུབ། ཆོས་ཀྱི་རྗེ་བྲག་དཀར་རབ་འབྱམས་པ་བསྟན་པ་རབ་གསལ། རྡོ་རྗེ་འཆང་ཚར་ཆེན་ཆོས་ཀྱི་རྒྱལ་པོ།ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག འཕགས་མཆོག་བྱམས་པ་སྐལ་བཟང༌། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ཐུགས་སྲས་རིན་པོ་ཆེ་ནས། སྐུ་ཞང་ནམ་མཁའ་བརྩོན་འགྲུས། རྡོ་རྗེ་འཛིན་པ་རིན་ཆེན་དཔལ་གྲུབ། བཀའ་བཞི་པ་རིན་ཆེན་རྒྱལ་མཚན་མན་འདྲ། ཡང་ན་ཐུགས་སྲས་རིན་ཆེན་རྣམ་རྒྱལ་ལས། མཁས་པ་ནོར་བཟང་རིན་ཆེན་དང༌། སྐུ་ཞང་ནམ་མཁའི་མཚན་ཅན་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་རྡོ་རྗེ་འཛིན་པ་རིན་ཆེན་དཔལ་གྲུབ་དང༌། བཀའ་བཞི་པ་རིན་ཆེན་རྒྱལ་མཚན། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་གསུམ་གྱིས་གསན། དེ་གསུམ་ཆར་ལས་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། བཀའ་བཞི་པ་མཆོག་གྲུབ་དཔལ་འབར། རྗེ་བཙུན་སྤྲུལ་པའི་ཌཱ་ཀི་མ་འཁྲུལ་ཞིག་རིག་འཛིན་ཚུལ་ཁྲིམས་རྒྱལ་མོ། དེ་ལས་བྲག་དཀར་བ་བསྟན་པ་རབ་གསལ་དང༌། ལྕགས་སྒོག་ལུང་པ་བཀྲ་ཤིས་དཔལ་འབྱོར་གཉིས་ཀྱིས་གསན། དེ་གཉིས་ཀ་ནས་ཚར་ཆེན་རྡོ་རྗེ་འཆང་ཆེན་པོས་གསན་པ་མན་འདྲའོ། །ཡང་ན་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ་ནས། རིན་ཆེན་འཇམ་དབྱངས་རྒྱལ་མཚན། བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། སྐུ་ཞང་བསོད་ནམས་མཆོག་གྲུབ། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ།བྱམས་པ་ངག་དབང་ལྷུན་གྲུབ། དྲིན་ཆེན་རྩ་བའི་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ནས། སྐུ་ཞང་བསོད་ནམས་མཆོག་གྲུབ། སྐུ་ཞང་བསོད་ནམས་ལྷུན་གྲུབ། སྐུ་ཞང་ངག་དབང་མཆོག་ལེགས་རྡོ་རྗེ།སྐུ་ཞང་མཁྱེན་རབ་བསྟན་འཛིན་བཟང་པོ། སྐུ་ཞང་རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། བཀའ་དྲིན་ཅན་རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ།དེས་བདག་ལའོ།།    །།ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་གཏོར་ཆོག་རྗེས་གནང་བྱ་ཚུལ་གྱི་ཡི་གེ་ལ་བརྟེན་ནས། ལེགས་ལྡན་ནག་པོ་སྟག་ཞོན་འཁོར་དང་བཅས་པའི་རྗེས་གནང་གི་བརྒྱུད་པ་ནི། ཀུན་མཁྱེན་རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ་གཏུམ་པོ། སློབ་དཔོན་པདྨ་འབྱུང་གནས། ཕུང་བྱེད་ཤཱིནྟཾ་གརྦྷ། རོམ་བུ་གུ་ཧྱ་ཙནྡྲ། རྒྱ་གར་ཁྲག་འཐུང་ནག་པོ། སློབ་དཔོན་སྒེག་པའི་རྡོ་རྗེ། བལ་པོ་བ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། དགེ་བཤེས་ཀུན་དགའ་གྲགས། སོའི་བནྡེ་འབུམ་གྲགས། སྐྱོའི་བནྡེ་མཐུ་ཆེན། ལྕེ་བཙུན་མདོ་སྡེ་སེངྒེ། ཡང་ན་རྫོགས་པའི་སངས་རྒྱས། འཇམ་དཔལ་བཤེས་གཉེན། བལ་པོ་བ་སུ་དྷ་ར། གནུབས་སངས་རྒྱས་རིན་ཆེན། གཏེར་སྟོན་རྒྱ་ཞང་ཁྲོམ། རོང་པ་གྲགས་པ་སེངྒེ། ལྕེ་མདོ་སྡེ་སེངྒེ། ཡང་ན་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཐོབ་བེ་ཧ་ར། རཏྣ་ཀཱིརྟི། བྷཻ་ར་སིངྷ། ཇོ་བོ་རྗེ། འབན་དཀོན་མཆོག་བློ་གྲོས། ཤཱཀྱ་འབར། མཁར་སྟོན་ནམ་མཁའ། ལྕེ་བཙུན་མདོ་སྡེ་སེངྒེ། རོང་པ་རྒྭ་ལོ། ལྕེ་བློ་ལྡན་སེངྒེ། བླ་མ་སྲེའུ་ཆུང་པ། འཇམ་དབྱངས་སྤོས་ཁང་རིན་ཆེན་རྒྱལ་མཚན། ཀུན་མཁྱེན་དགའ་བ་གདོང་པ་ཆོས་རྒྱལ་དཔལ་བཟང༌། དབོན་ཆེན་ཆོས་སྐྱོང་རྒྱལ་མཚན། མདོང་«་་་་་རྨོར་བའི་གསན་ཡིག་ཏུ་ཕ་རྒོད་བླ་མ་ཆོས་སྐྱོང་རིན་ཆེན་ཞེས་བྱུང༌། »གི་སྔགས་འཆང་ཕ་རྒོད་རིན་ཆེན་རྒྱལ་མཚན། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན། བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང༌། རྗེ་བཙུན་ནམ་མཁའ་སངས་རྒྱས། རྗེ་ནམ་མཁའ་དཔལ་བཟང༌། རྗེ་དམ་ཆོས་བསམ་གྲུབ། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ནས། ཆོས་རྗེ་ཀུན་དགའ་རྒྱལ་མཚན། དེས་བདག་ལའོ། །ཡང་ན་དགའ་གདོང་པ་ཆོས་རྒྱལ་དཔལ་བཟང༌། དཔལ་རི་བ་ཆོས་རྒྱལ་བཟང་པོ། ཡབ་རིན་ཆེན་རྒྱལ་མཚན་མན་འདྲ། ཡང་ན་ལྕེ་བློ་ལྡན་སེངྒེ། རྗེ་བཙུན་ནམ་མཁའ་བསོད་ནམས། སྤྲུལ་སྐུ་དབང་ཕྱུག་རྡོ་རྗེ། འཇམ་དབྱངས་རིན་ཆེན་རྒྱལ་མཚན་མན་འདྲ། ཡང་ན་རོང་པ་རྒྭ་ལོ། སྲས་ཤེས་རབ་སེངྒེ། གཅུང་ཨཱ་ཀར་སིདྡྷི། བླ་མ་རིན་ཆེན་དཔལ་བཟང༌། དབང་ཕྱུག་རྡོ་རྗེ་མན་འདྲ། ཡང་ན་ལྕེ་མདོ་སྡེ་སེངྒེ། གྲུ་ཤཱཀྱ་འབུམ། ལྕེ་བློ་ལྡན་སེངྒེ་མན་འདྲ། ཡང་ན་གནུབས་སངས་རྒྱས་ཡེ་ཤེས་ནས། གནུབས་ཡོན་ཏན་རྒྱ་མཚོ།གནུབས་ཡེ་ཤེས། གནུབས་མཆོག་གི་སྙིང་པོ། གནུབས་རྒྱ་གར་རྡོ་རྗེ། དཀོན་མཆོག་བརྩེགས་པ་ཁྲོ་བོ་འབར། དར་མ་རྒྱན། ཧཱུྃ་ཆེན་པ། རྩ་བ་ལུང་གི་ཇོ་བོ་འབྱུང་གནས། ཤཱཀྱ་བཟང་པོ། སྟག་སྟེ་འཇམ་དཔལ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བདག་ཆེན་གྲགས་པ་བློ་གྲོས། ཀུན་མཁྱེན་ཆོས་རྒྱལ་དཔལ་བཟང་མན་འདྲའོ།།    །།པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་གཏོར་ཆོག་རྗེས་གནང་བྱ་ཚུལ་བཀླག་པས་དོན་གྲུབ་མཛེས་པར་བྱེད་པའི་རྒྱན་གྱི་སྟེང་ནས་གཉོས་མགོན་ཏྲཀྵད་འཁོར་དང་བཅས་པའི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། གྲུབ་པའི་སློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད། རྣལ་འབྱོར་པ་རོ་ཟན་དེ་ཝ། རྣལ་འབྱོར་མ་བདེ་སྟེར་མ། བླ་མ་བ་ལིཾ་ཏ་ཨཱ་ཙཱརྻ། ཁ་རེག་གི་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས། དེ་སྲས་གཉོས་རྡོ་རྗེ་བླ་མ། གཉོས་དཔལ་འབྱུང༌། གཉོས་དཔལ་གྱི་སེངྒེ། ཡབ་གཉོས་ནག་གྲགས་པ་དཔལ། འགྲོ་མགོན་«་་་་་རྒྱལ་བ་ལྷ་ནང་པའང་ཟེར། »རས་ཆེན། བླ་མ་རིན་ཆེན་རྒྱལ་པོ། བླ་མ་བྱང་ཆུབ་དར་རྒྱས། འཇམ་དབྱངས་རིན་ཆེན་འབྱུང་གནས། མཁས་པ་ཡེ་ཤེས་རིན་ཆེན། ཀུན་སྤངས་ཆོས་ཀྱི་རིན་ཆེན། དབུ་མ་བ་དཔལ་ལྡན་རིན་ཆེན། བྱང་སེམས་བསོད་ནམས་རིན་ཆེན། བྲག་དཀར་སེམས་དཔའ་ཆེན་པོ་«་་་་་མཚན་ཆོས་ཀྱི་གཟི་བརྗིད། »བསོད་ནམས་རྒྱལ་མཚན། རྡོ་རྗེ་འཆང་ཚར་ཆེན་བློ་གསལ་རྒྱ་མཚོ། པཎ་ཆེན་ཐར་པ་རྩེ་པ་ནམ་མཁའ་དཔལ་བཟང༌། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། ཆོས་རྗེ་ཤེས་རབ་དོན་བཟང༌།འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། དྲིན་ཆེན་ཧེ་རུ་ཀ་དཔལ་བཀྲ་ཤིས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་དགྱེས་བཞིན་པར་སྩལ་ཏོ། །ཡང་ན་རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ་ནས། རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་འགྲོ་མགོན་སངས་རྒྱས་རས་ཆེན་ནས། རྒྱལ་སྲས་བ་རི་སྟག་ཚང་པ། འགྲོ་མགོན་སངས་རྒྱས་ཕྱར་ཆེན། འཇམ་དབྱངས་རིན་ཆེན་འབྱུང་གནས། དྲིན་ཅན་མཁས་བཙུན་སངས་རྒྱས། ཀུན་མཁྱེན་སཾ་གྷ་བྷ་དྲ། བརྒྱུད་འཛིན་སངས་རྒྱས་བཟང་པོ། དབུ་མ་པ་དཔལ་ལྡན་རིན་ཆེན་མན་འདྲ། ཡང་ན་པཎ་ཆེན་བྲང་ཏི་པ། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། གཟར་ཆེན་སངས་རྒྱས་དཔལ་ལྡན། ཆོས་རྗེ་ཤེས་རབ་དོན་བཟང་པ་མན་འདྲ། ཡང་ན་པཎ་ཆེན་ནས། རྗེ་དབོན་ནམ་མཁའ་སངས་རྒྱས། དཔོན་སློབ་གཟར་པ་མན་གོང་བཞིན་ནོ།།    །།ཕྱག་རྡོར་ཁང་བུ་བརྩེགས་པ་སྔོན་དུ་འགྲོ་བའི་རྗེ་སངས་རྒྱས་དཔལ་བཟང་གིས་མཛད་པའི་སྒྲུབ་ཐབས་རྗེས་གནང་གི་ཡི་གེའི་སྟེང་ནས་ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། གྲུབ་པའི་དབང་ཕྱུག་ཆེན་པོ་པདྨ་སཾ་བྷ་ཝ། མཁྱེན་རབ་མངའ་བདག་ཁྲི་སྲོང་ལྡེའུ་བཙན། སྒྲ་བསྒྱུར་གྱི་རྒྱལ་པོ་བཻ་རོ་ཙ་ན། མཆོག་གི་དངོས་གྲུབ་བརྙེས་པ་གྲྭ་པ་མངོན་ཤེས། པུ་རང་མགོན་པོ་རིན་ཆེན་དང་ག་གྲན་ནག་པོ། དེ་གཉིས་ཀ་ལས་དགེ་སློང་སྨོན་ལམ་འབར་གྱིས་གསན། དེ་ནས་གུང་ཆུང་སྟོན་པ། ཤ་མི་སྒོམ་ཆེན། དོལ་པོ་བཛྲ་པཱ་ཎི། རྒྱ་བྱང་ཆུབ་སེམས་དཔའ། ཉང་བྱང་ཆུབ་སེམས་དཔའ། བྲག་དཀར་སྨན་བླ། ཇོ་སྲས་དཀོན་མཆོག་གཞོན་ནུ། མགར་བཙུན་ཚུལ་སྟོན། མཁས་གྲུབ་ཆོས་དཔལ་བཟང་པོ། ཆོས་རྗེ་སངས་རྒྱས་རིན་ཆེན། འགོས་གཞོན་ནུ་དཔལ། རྗེ་ནམ་མཁའ་ཤེས་རབ། རིག་འཛིན་ཆེན་པོ་ཉི་མ་འོད་ཟེར། རྗེ་བཙུན་ནམ་མཁའ་དཔལ་བཟང༌། རྡོ་རྗེ་འཆང་ངག་དབང་རྣམ་རྒྱལ། འདྲེན་མཆོག་དམ་པ་བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ།།    །།བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེས་མཛད་པའི་སྒྲུབ་ཐབས་རྗེས་གནང་གི་ཡི་གེའི་སྟེང་ནས། དབང་ཕྱུག་མ་ཚེ་རིང་མཆེད་ལྔའི་རྗེས་སུ་གནང་བ་ཐོག་མར་རྡོ་རྗེ་རྣལ་འབྱོར་མའི་མངོན་རྟོགས་སྔོན་དུ་འགྲོ་བའི་སྒོ་ནས། ཚེ་བུམ་ལ་བརྟེན་ནས་ཚེ་དབང་བསྐུར་བ། བུམ་པའི་དབང་ལ་བརྟེན་ནས་རིགས་ལྔའི་ཆུ་དབང་བསྐུར་བ། གཏོར་མ་དང་ཕྱག་མཚན་ལ་བསྟེན་ནས་ཆོས་སྐྱོང་མ་དངོས་ཀྱི་རྗེས་སུ་གནང་བ་སྨིན་རྒྱས་སུ་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང༌། མཁའ་འགྲོ་སེངྒེའི་གདོང་ཅན་མ། ཨཽ་ཌྱཱན་ཆོས་ཀྱི་རྒྱལ་པོ་པདྨཱ་ཀ་ར། ཇོ་མོ་བཀྲ་ཤིས་ཚེ་རིང་མ། དབང་ཕྱུག་བཞད་པའི་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། བདེ་གཤེགས་ཁམས་པ་རྡོར་རྒྱལ། འབྲི་ཁུང་འཇིག་རྟེན་གསུམ་མགོན། དེ་དབོན་གཅུང་རིན་པོ་ཆེ། ཨ་བརྩེས་པ། སྤྱན་སྔ་རྡོར་རྒྱལ། ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ན་བ། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ།ཀུན་མཁྱེན་དགའ་བ་གདོང་པ་ཆོས་རྒྱལ་དཔལ་བཟང༌། པཎ་ཆེན་ཤཱཀྱ་མཆོག་ལྡན། དབུ་ལེགས་བསོད་ནམས་རྒྱལ་མཚན། པཎ་ཆེན་དོན་ཡོད་གྲུབ་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག སྟག་ལུང་པ་ངག་དབང་རྣམ་རྒྱལ། བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ས་སྐྱ་པ་སྔགས་འཆང་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཁན་ཆེན་བསོད་ནམས་དཔལ་ལྡན། རྡོ་རྗེ་འཆང་བསྟན་འཛིན་ལྷུན་གྲུབ། བྱམས་པ་བསོད་ནམས་བཟང་པོ། དེས་བདག་ལའོ། །ཡང་ན་བསྟན་འཛིན་ལྷུན་གྲུབ་ནས། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་དཔལ་ལྡན་མིད་ལ་བཞད་པའི་རྡོ་རྗེ། ངན་རྫོང་སྟོན་པ་བོ་དྷི་རཱ་ཛ། གུང་ཐང་རས་པ། རྒྱ་ཕོ་བ་ལུང་པ། ལྷ་ས་རཏྣ། སྤྱིལ་དཀར་གྲུབ་ཆེན། རཏྣ་བྷ་དྲ། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ངག་དབང་གྲགས་པ། མཁན་པོ་བྱང་ཆུབ་སེངྒེ། གཞོན་ནུ་ཀུན་དགའ། ཆོས་ཀྱི་རྒྱལ་མཚན། ངག་གི་དབང་པོ། ངག་དབང་ཆོས་རྒྱལ། རྣམ་རྒྱལ་བཀྲ་ཤིས། བྱང་སེམས་ཀུན་དགའ་བཀྲ་ཤིས། སྟག་ལུང་པ་ངག་དབང་རྣམ་རྒྱལ། ངག་དབང་མཆོག་ལེགས་རྡོ་རྗེ་མན་འདྲའོ།། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*