དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་གཉིས་པའི་ནང༌།

  མ་གཅིག་དཔལ་ལྷའི་རྗེས་གནང་ཐོབ་པའི་ཉེ་བརྒྱུད་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་སྤྱན་རས་གཟིགས། སྤྲུལ་སྐུ་སྲོང་བཙན་སྒམ་པོ། ཡང་སྤྲུལ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། རྒྱལ་དབང་རྡོ་རྗེ་འཆང༌། ངག་དབང་བློ་བཟང་རྒྱ་མཚོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །སྨྲས་པ། སྡོམ་པའི་བཀའ་སྡོད་དུར་ཁྲོད་ཡབ་ཡུམ་དང༌། །ཕྱག་བཞི་ཕྱག་དྲུག་མགོན་པོ་གྲི་གུག་ཅན། །དཔལ་ལྡན་ལྷ་མོ་སྟག་ཞོན་ཏྲཀྵད་ཞང༌། །བསྟན་སྲུང་ཆོས་སྐོར་རྒྱ་མཚོ་ཐོས་ཚུལ་ལོ། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། དུར་ཁྲོད་ཡབ་ཡུམ་སོགས་བཀའ་སྲུང་རྣམས་ཀྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་ཉེར་བདུན་པའོ།།  །།གཉིས་པ་དེ་ཐམས་ཅད་ཀྱི་རྒྱབ་བརྟེན་ལུང་གི་ཚོགས་ཐོས་པའི་བརྒྱུད་རིམ་ལ་གཉིས། མཁས་གྲུབ་རྣམས་ཀྱི་བསྟན་བཅོས་དང༌། སྟོན་པའི་བཀའ་ལུང་རིན་པོ་ཆེའོ། །དང་པོ་ནི།སྟོབས་བཅུ་མངའ་བའི་བསྟན་པའི་སྣང་ཕྱེད་མཁས་ཤིང་གྲུབ་བརྙེས་བླ་མ་དམ་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ནི། མགོན་པོ་བྱམས་པས། གང་ཞིག་རྒྱལ་བའི་བསྟན་པ་འགའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང༌། །ཞེས་གསུངས་པ་ལྟར། མདོ་སྔགས་ཕྱོགས་ཀྱི་ཐ་སྙད་སོ་སོར་དབྱེ་བར་དཀའ་བ་བསྟན་བཅོས་སྣ་ཚོགས་པའི་སྐོར་གྱི་ལུང་ཁྲིད་མནོས་པའི་རྣམ་གྲངས་ལ། རྒྱ་གར་གྱི་པཎ་གྲུབ་ནག་པོ་སྤྱོད་པའི་རྡོ་རྗེ་དེ་ཉིད་གངས་རིའི་ལྗོངས་འདིར་སེམས་ཅན་གྱི་དོན་དུ་བསམས་བཞིན་དུ་སྤྲུལ་པའི་སྐུའི་སྐྱེ་བ་བཞེས་པ། འཇམ་མགོན་གྲུབ་པའི་དཔའ་བོ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེ་ཞེས་བྱ་བས་ཐུབ་བསྟན་རིན་པོ་ཆེ་ཐུགས་ཀྱི་དཔལ་བེའུར་བཅངས་པའི་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྣམ་པར་ཐར་པའི་རྗེས་སུ་བསྒྲུབས་ཏེ། དམ་པའི་ཆོས་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་བཅལ་བའི་ཁྲིད་བརྒྱའི་སྐོར་ནོས་པ་ལ། ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཁུངས་གླེང་བའི་ལོ་རྒྱུས་མདོ་ཙམ་བྲིས་པའི་མཐར་ཚིགས་བཅད་འགའ་ཞིག་གིས་ཞབས་བརྟེན་པ། གསོལ་འདེབས་བརྗོད་བདེ་བརྒྱུད་པའི་མཚན་སྡོམ། ས་མ་འགྲེལ་ཡ་མཚན་འཕྲུལ་གྱི་ལྡེ་མིག སྤྱི་སྡོམ་ཁྲིད་ཚུལ་བརྒྱ་དང་བརྒྱད་ཀྱི་མཚན་ཐོ་དམིགས་བསལ། སྤྱི་ཆིངས་རྣམ་པར་སྤེལ་བ་ངོ་མཚར་ཆོས་ཀྱི་སྒོ་མང༌། ཐུན་མོང་བའི་སྔོན་འགྲོའི་གནད་བསྡུས་པ། སྔོན་འགྲོ་ཐུན་མོང་མ་ཡིན་པ་སོགས་གསུང་རབ་ངོ་མཚར་ཅན་མང་དུ་བཞུགས་པ་ལས། ས་སྐྱ་པའི་ཡབ་ཆོས་འགའ་རེའི་ཉམས་ཁྲིད་དང་གཞན་རྣམས་ལུང་ཁྲིད་ཀྱི་ཚུལ་དུ་ནོས་པའི་ཁྲིད་ཡིག་གི་རྣམ་གྲངས་ལ། མགོན་པོ་འཇམ་དཔལ་དབྱངས་ཀྱིས་རྗེ་བཙུན་ས་སྐྱ་པ་ལ་དངོས་སུ་གནང་བའི་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་བརྒྱུད་པ་ནི། ཐུབ་དབང༌།འཇམ་དབྱངས། ས་ཆེན། རྩེ་མོ། གྲགས་པ། ས་པཎ། འཕགས་པ། ཞང་དཀོན་མཆོག་དཔལ། རྗེ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང༌། རྒྱལ་ཚབ་ཀུན་དགའ་དབང་ཕྱུག རྗེ་ཀུན་དགའ་མཆོག་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག རྗེ་བསྟན་འཛིན་ཉི་ཟླ་བཟང་པོ། རྗེ་ལྕགས་ཟམ་པ་ངག་དབང་ཉི་མ། དགེ་སྟེང་བླ་མ་ཀུན་དགའ་དཔལ་བཟང༌། ལྕགས་ཟམ་སྤྲུལ་སྐུ་ཀུན་དགའ་བསོད་ནམས་དབང་ཕྱུག ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་དཔལ་ས་སྐྱ་པ་སྔགས་འཆང་ངག་དབང་བསོད་ནམས་དབང་ཕྱུག དེ་སྲས་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བཀྲ་ཤིས།མཁན་ཆེན་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་པོ། རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་བ་ཆེན་པོ་ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་བླ་མ་གཉིས་ཙམ་བཙལ་དགོས། དེ་ནས་མཁན་ཆེན་ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ལའོ། །སངས་རྒྱས་སྒྲུབ་པའི་རྒྱུའི་གཙོ་བོ་ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མའི་བརྒྱུད་པ་ནི། ཐུབ་པ། བྱམས་པ། ཐོགས་མེད། དབྱིག་གཉེན། གྲོལ་སྡེ་གཉིས། གུ་ཎ་མི་ཏྲ། སེང་བཟང༌། གང་སྤེལ། ཀུ་སུ་ལུ་གཉིས། གསེར་གླིང་པ། ཇོ་བོ། འབྲོམ། པོ་ཏོ་བ། ཤ་ར་བ། འཆད་ཀ་བ། སེ་སྤྱིལ་བུ་བ། འོད་ཟེར་བླ་མ། བྱང་ཆུབ་འབུམ། ལྷ་སྡིངས་དབོན་པོ། ཡོན་ཏན་དཔལ། བདེ་བ་དཔལ། གྲགས་པ་གཞོན་ནུ། བསོད་ནམས་གྲགས་པ།རྒྱལ་སྲས་ཐོགས་མེད་པ། དཔལ་ལྡན་ཡེ་ཤེས། ཧོར་བཀའ་བཞི་པ། དཔལ་ལྡན་བཟང་པོ། གནས་བརྟན་བསམ་ཕན། རྭ་སྟོན་ཡོན་ཏན་དཔལ་བཟང༌། ཀུན་དགའ་མཆོག་གྲུབ། ཀུན་དགའ་གྲོལ་མཆོག་མན་འདྲ། བོ་དོང་རིན་རྩེའི་སྙུན་མཛེ་གདང་ལྡོག་ཏུ་བཏང་བའི་རྟེན་འབྲེལ་སྙིང་པོའི་བརྒྱུད་པ་ནི། ཐུབ་པ།བྱམས་པ། གསེར་གླིང་པ། ཇོ་འབྲོམ་གཉིས། པོ་ཏོ་བ། ལྕགས་རི་བ་ཆོས་ཀྱི་གཡུང་དྲུང༌། སྙེ་ཕུ་རྒྱ་སྒོམ། བྲག་རམ་པ། ཉན་ཆེན་པ། ཤེས་རབ་འབུམ་པ།རྒྱལ་སྲས་ཐོགས་མེད་པ་མན་གོང་ལྟར་རོ། །ཁྲོ་ལོ་ལྷག་པར་ཁུར་ཆེ་བས་སྦྱོང་བའི་སྐབས་ཁ་ཆེ་པཎ་ཆེན་གྱི་བདེ་སྡུག་སྐུ་གསུམ་ངོ་སྤྲོད་པ་སྐྱིད་སྡུག་ལམ་ཁྱེར་གྱི་བརྒྱུད་པ་ནི། ཁ་ཆེ་པཎ་ཆེན། ཁྲོ་ལོ། ལྷོ་བྲག་པ། བདེ་བ་དཔལ། གྲགས་པ་གཞོན་ནུ། བསོད་ནམས་གྲགས་པ། རྒྱལ་སྲས་པ། རེད་མདའ་བ།གྲགས་པ་རྒྱལ་མཚན། དཀོན་མཆོག་རྒྱལ་མཚན། ཀུན་དགའ་མཆོག་གྲུབ་མན་བློ་སྦྱོང་དོན་བདུན་མ་དང་འདྲ། སུམ་པ་ལོ་ཙཱ་བ་ཁམས་འདུས་པའི་ཚེ་སྒྲོལ་མས་གནང་བའི་གདམས་པ་རྒྱལ་སྲས་ཐོགས་མེད་པས་བླ་མ་དམ་པ་ལ་དྲུང་གི་ཐུགས་དམ་གྱི་བཅུད་སེམས་ཅན་ལ་ཕན་པ་ཞིག་ཞུས་པས་གནང་བའི་སུམ་པ་ལོ་ཙཱའི་སྙན་བརྒྱུད་ཀྱི་བརྒྱུད་པ་ནི། རྡོ་རྗེ་ཕག་མ། སྒྲོལ་མ། སུམ་པ་ལོ་ཙཱ་བ། ས་པཎ། འཕགས་པ། ཞང་སྟོན་ཁུ་དབོན། བླ་མ་དམ་པ། རྒྱལ་སྲས་བཟང་པོ་དཔལ། བྱང་ཆུབ་རྩེ་མོ། ཧོར་བཀའ་བཞི་པ་མན་བློ་སྦྱོང་དོན་བདུན་མ་ལྟར་རོ། །རྒྱལ་ཐང་པ་བསམ་གཏན་འོད་ཟེར་གྱི་ཡི་གེ་ལ་གཅོད་ཡུལ་སྔ་མ་རྣམས་ལ་མ་གྲགས་པའི་ལབ་སྒྲོན་གྱི་ཞལ་ཤེས་གསང་བས་བརྒྱན་པའི་བརྒྱུད་པ་ནི། ཡུམ་ཆེན་མོ། བསྟན་པའི་གཙོ་བོ། འཇམ་དབྱངས་སྨྲ་སེང༌། སྒྲོལ་མ། སུ་ཁ་སིདྡྷི། ཨཱརྻ་དེ་ཝ། དམ་པ་སངས་རྒྱས། སྐྱོ་སྟོན་བསོད་ནམས་བླ་མ། མ་གཅིག་ལབ་སྒྲོན། ཁུ་སྒོམ་ཆོས་སེང༌། དོལ་པ་ཟང་ཐལ། རྒྱ་ནག་གཅེར་བུ། སངས་རྒྱས་རབ་སྟོན། སངས་རྒྱས་དགེ་སློང༌། རིན་ཆེན་འོད་ཟེར། རྩ་ཚ་རས་པ།«་་་་་འདི་གཉིས་གྲོལ་མཆོག་གི་བརྒྱུད་འདེབས་ན་སྣང་ཡང་གསན་ཡིག་ན་མི་འདུག་་་་་»སྐྱེ་མེད་ཇོ་སྟན། མཁན་ཆེན་ཆོས་རིན། རིན་ཆེན་གངས་པ། ཤཱཀྱ་བཤེས་གཉེན། རིན་ཆེན་དཔལ་བཟང༌། རིན་ཆེན་གཞོན་ནུ།བསམ་འོད་པ། རྩིབས་རི་ནམ་མཁའ་འོད། ཤཱཀྱ་འོད་ཟེར། སྐྱེས་རྩ་བ་བདེ་ལེགས། དབོན་སྲས་ཆོས་ལེགས། ཡིག་དྲུག་ཤེས་རབ་དཔལ། རྗེ་གྲོལ་མཆོག་མན་འདྲ། ཡང་ན་སངས་རྒྱས་རབ་སྟོན་ནས། བླ་མ་དམ་པ། དོ་པ་ཆོས་ཤེ། ལྷ་སྟོན་ཞིག་པོ། ཞིག་པོ་ཐོག་རྡུགས། ཉན་ཆེན་པ། མུས་ཆེན་རྒྱན་དཔལ།སྔགས་འཆང་རྡོར་གཞོན། མུས་ཆེན་ནམ་མཁའི་རྣལ་འབྱོར། སེམས་དཔའ་ཆེན་པོ་དཀོན་རྒྱན། རྗེ་རྡོ་རིང་པ། གྲོལ་མཆོག་མན་འདྲ། བརྒྱུད་པ་བར་མ་འདི་ཁུངས་བཙུན་པར་སེམས། རྒོད་ཕྲུག་པ་ལུགས་ཀྱི་བརྒྱུད་པ་ནི། རྒོད་ཕྲུག་གྲགས་པ་འབྱུང་གནས། ཕ་རྒོད་བསོད་བཟང༌། རྗེ་རྡོ་རིང་པ་མན་འདྲ། ཁ་སརྤཱ་ཎིས་མི་ཏྲ་ཛོ་ཀི་ལ་དངོས་སུ་གནང་བའི་སྙིང་པོ་དོན་གསུམ་གྱི་བརྒྱུད་པ་ནི། སྤྱན་རས་གཟིགས། བློ་གྲོས་རིན་ཆེན། ཏཻ་ལོ་པ། རྙོག་མེད་དཔལ། མི་ཏྲ་ཛོ་ཀི ཁྲོ་ལོ། བསོད་ནམས་དབང་ཕྱུག སེམས་དཔའ་ཆེན་པོ། ཡང་རྩེ་བ། བུ་སྟོན། ཐུགས་སྲས་པ། གྲགས་པ་རྒྱལ་མཚན། འཁྲུལ་ཞིག་ཚུལ་རྒྱན། མཁྱེན་རབ་རྗེ། ཀུན་དགའ་མཆོག་གྲུབ་མན་བློ་སྦྱོང་དོན་བདུན་མ་ལྟར་རོ། །ཡང་ན་ཡང་རྩེ་བ་ནས། དགྲ་བཅོམ་ཡོན་ཏན་བློ་གྲོས། སྤྱང་ལུང་གཞོན་ནུ་བློ་གྲོས།ཤཱཀ་མཆོག་པ། སྤྱང་ལུང་གཞོན་ནུ་ཆོས་གྲུབ། གྲོལ་མཆོག་མན་འདྲ། མཎྜལ་གྱི་སྟེང་དུ་ཁ་སརྤཱ་ཎི་སྐུ་ཁྲུ་གང་པའི་ཚད་ཙམ་ཞིག་དངོས་སུ་རྗེ་མི་ཏྲ་ཛོ་ཀི་ལ་བསྟན་ནས་གསུངས་པའི་ཟབ་ཆོས་ཐམས་ཅད་མཁྱེན་པ་བུ་སྟོན་ཞབས་ཀྱིས་ཐུགས་སྲས་རྣམས་ལ་སྙིང་གཏམ་གྲོས་འདེབས་སུ་མཛད་པའི་སེམས་ཉིད་ངལ་གསོའི་བརྒྱུད་པ་ནི། ཁ་སརྤཱ་ཎི། མི་ཏྲ་ཛོ་ཀི ཁྲོ་ལོ། ཛང་སྒོམ་བསོད་དབང༌། ཁྲོ་ཕུ་སེམས་དཔའ། ཡང་རྩེ་རིན་ཆེན་སེངྒེ། བུ་སྟོན་ཡབ་སྲས། རྗེ་གྲགས་རྒྱན། འཁྲུལ་ཞིག་ཚུལ་རྒྱན། མཁྱེན་རབ་རྗེ། ཀུན་སྤངས་རྡོ་རིང་པ། རྗེ་གྲོལ་མཆོག་མན་འདྲ། བཤེས་གཉེན་ཤ་རྭ་བས་ཚོགས་པ་ལན་གསུམ་བཀྱེ་བའི་མཐའ་མའི་སྐབས་གཏུམ་སྟོན་ལ་གཙང་ཕྱོགས་སུ་འགྲོ་དོན་འབྱུང་བར་ལུང་བསྟན་པ་ལྟར་དཔལ་སྣར་ཐང་གི་ཆོས་སྡེ་དར་རྒྱས་སུ་གྱུར་པའི་བཀའ་སྲོལ་སྐྱེས་བུ་གསུམ་གྱི་བརྒྱུད་པ་«་་་་་འདི་དང་སྲིད་ཞི་མཉམ་ཉིད། དབུ་མ་ཆེན་མོ། ལྐོག་ཁྲིད་བཞི་ལ་བཀའ་གདམས་པའི་ཁྲིད་ཆེན་བཞིར་གྲགས་སོ།། »ནི།ཐུབ་པ། བྱམས་པ། ཐོགས་མེད་སྐུ་མཆེད། གྲོལ་སྡེ་རྣམ་གཉིས། རྣམ་སྣང་མཛད། སེང་བཟང༌། ཀུ་ས་ལི་ཆེ་ཆུང༌། གསེར་གླིང་པ། ཇོ་བོ་རྗེ། རྔོག་ལེགས་ཤེགྲོ་ལུང་པ་བློ་གྲོས་འབྱུང་གནས། གཙང་ནག་མིའི་སེངྒེ། གཏུམ་སྟོན་བློ་གྲོས་གྲགས། གྲོ་བདུད་རྩི་གྲགས། ཞང་ཆོས་ཀྱི་བླ་མ། སངས་རྒྱས་སྒོམ་པ།མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། ཟེའུ་བརྩོན་འགྲུས་གྲགས། ཟེའུ་གྲགས་པ་ཤེས་རབ། མཆིམས་བློ་བཟང་གྲགས། ལོ་ཆེན་བྱང་རྩེ། ཧོར་བཀའ་བཞི་པ་མན་བློ་སྦྱོང་དོན་བདུན་མ་བཞིན་ནོ། །གཏུམ་སྟོན་པས་ཤ་རྭ་བ་ནས་བརྒྱུད་པ་རྒྱ་ཆེར་སྤེལ་བའི་བསྟན་རིམ་གྱི་བརྒྱུད་པ་ནི། ཇོ་བོ་རྗེ་ཡན་སྐྱེས་བུ་གསུམ་ལྟར་ལ། དེ་ནས་འབྲོམ། པོ་ཏོ་བ། ཤ་རྭ་བ། གཏུམ་སྟོན། གྲོ་སྟོན། ཞང་སྟོན། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས།སྐྱོ་སྟོན། ཟེའུ་སྐུ་མཆེད། མཆིམས་བློ་བཟང་གྲགས། གྲོ་སྟོན་ཀུན་དགའ་རྒྱལ་མཚན། དཔང་སྟོན་གྲུབ་པ་ཤེས་རབ། གྲགས་སྟོན་དཔལ་ལྡན་དོན་གྲུབ། རྭ་སྟོན་མན་བློ་སྦྱོང་དོན་བདུན་མ་ལྟར་རོ། ༡༠ །གྲོ་སྟོན་བདུད་རྩི་གྲགས་ཀྱིས་བྱ་ཡུལ་བའི་སློབ་མ་མུས་སྨན་པར་གསན་པའི་སྲིད་ཞི་མཉམ་ཉིད་ཀྱི་བརྒྱུད་པ་ནི། ཐུབ་པ། བྱམས་པ། གསེར་གླིང་བ། ཇོ་བོ། འབྲོམ། སྤྱན་སྔ་བ། བྱ་ཡུལ་བ། མུས་སྨན་བ། གྲོ་སྟོན། ཞང་སྟོན། སྟོངས་རྒྱས་སྒོམ་པ། མཆིམས། སྐྱོ་སྟོན།བཅོམ་རལ། གྲོ་སྟོན་ཀུན་རྒྱན་མན་བསྟན་རིམ་དང་འདྲ། ༡༡ བལ་པོ་པེ་ཉ་བ་ལ་བྱང་སེམས་ཟླ་རྒྱལ་གྱིས་གསན་པའི་ཐལ་རང་གང་དུའང་མ་ཕྱེ་བའི་གཞུང་ཕྱི་མོའི་དབུ་མ་ཆེན་པོའི་བརྒྱུད་པ་ནི། ཐུབ་པ། འཇམ་དབྱངས། ཀླུ་སྒྲུབ་ཡབ་སྲས་གཉིས། ཟླ་གྲགས། རིག་པའི་ཁུ་བྱུག པེ་ཉ་བ། བྱང་སེམས་ཟླ་རྒྱལ། རྫི་ལུང་པ། གྲོ་སྟོན་མན་བསྟན་རིམ་སོར་བཞག་གོ ༡༢ །ཤ་བོ་སྒང་པར་མུས་སྨན་པས་གསན་པ་གྲོ་སྟོན་ལས་བརྒྱུད་པའི་བཀའ་གདམས་ལྐོག་ཁྲིད་ཀྱི་བརྒྱུད་པ་ནི། ཐུབ་པ། བྱམས་པ། གསེར་གླིང་པ། ཇོ་བོ་ཡབ་སྲས། པོ་ཏོ་བ། ཤ་བོ་སྒང་པ། མུས་སྨན་པ། གྲོ་སྟོན་ཀུན་རྒྱན་མན་བསྟན་རིམ་ལྟར་རོ། ༡༣ །སངས་རྒྱས་སྒོམ་པས་གླང་རི་ཐང་པའི་གདན་ས་པ་བཤེས་གཉེན་ཞང་ལས་གསན་ནས་འཕེལ་བའི་ཐུབ་པའི་ཞི་གནས་སེམས་འཛིན། ༡༤ སྤྱན་རས་གཟིགས་ཀྱི་སྙིང་རྗེ་མཁའ་ཁྱབ། ༡༥ མི་གཡོ་བའི་གཏུམ་པོ་བགེགས་བསྲུང༌། ༡༦ སྒྲོལ་མའི་མངོན་ཤེས་ལུང་སྟོན་ཏེ་བཀའ་གདམས་ལྷ་བཞིའི་བརྒྱུད་པ་ནི། ཐུབ་པ། ཇོ་བོ། སྒོམ་པ་བ། སྣེའུ་ཟུར་པ། གླང་ཐང་པ་རྡོར་སེང༌། ཞང་ཞུང་པ། སངས་རྒྱས་སྒོམ་པ་མན་བསྟན་རིམ་བཞིན་ནོ། །ལྷ་གཞན་གསུམ་གྱི་བརྒྱུད་པར་ཐུབ་པའི་ཚབ་ཏུ་ལྷ་སོ་སོ་འཇུག་པ་ཙམ་ལས་དེ་ཕྱིན་འདྲ། ཡང་ན་ལྷ་བཞི་སོ་སོའི་ཁྲིད་བརྒྱུད་བྱ་རྒྱུད་ཀྱི་སྐབས་སྨོས་པ་ལྟར་གྱི་གཉུག་ལ་པཎ་ཆེན་ནས། རྗེ་ཀུན་སྤངས་ཆེན་པོ། གྲོལ་མཆོག་མན་འདྲ། འདིར་ལོ་ཕྱོགས་ནས་བརྒྱུད་པའི་ཁྲིད་ཆེན་མོ་ལ་ཟུར་ཟའང་སྣང་ཡང་ཆེན་མོ་རང་ལེགས་པར་མངོན་མ་དག་པས་དག་པ་སུན་དབྱུང་བ་འདྲའོ། ༡༧ །སྒྲུང་བརྒྱུད་ལ་བརྟེན་ནས་ལས་དང་པོ་པ་ཡིད་སྒྱུར་བར་བྱེད་པའི་ཐབས་བླ་ན་མེད་པ་དཔེ་ཆོས་ཀྱི་བརྒྱུད་པ་ནི། ཐུབ་པ།འཇམ་དབྱངས། པོ་ཏོ་བ། བྲག་དཀར་བ། སློབ་དཔོན་འཕན་ཡུལ་བ། ལྕེ་སྒོམ་པ། སྨོན་ལམ་མགོན་པོ། རྟ་ནག་པ་རིན་ཡེ། རྗེ་དཔལ་ལྡན་ཡེ་ཤེས་མན་བློ་སྦྱོང་དོན་བདུན་མ་སོར་བཞག་གོ ༡༨ །ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པའི་ལག་རྗེས་མདོ་སྔགས་མ་ལུས་པ་སྟན་ཐོག་གཅིག་ཏུ་ཧྲིལ་གྱིས་བསྒྲིལ་ནས་སྙིང་གི་ཐིག་ལེར་འཆང་རྒྱུ་ཐིག་ལེ་བཅུ་དྲུག་གི་བརྒྱུད་པ་ནི། ཐུབ་པ། སྒྲོལ་མ། ཇོ་བོ་ཡབ་སྲས། རྔོག་ལེགས་ཤེ མངའ་རིས་པ་ཤེར་ཆེན། ཕུ་ཆུང་བ། རིན་ཆེན་རྒྱལ་མཚན། དར་མ་རྒྱལ་མཚན། སྟབ་ཀ་བ་བྱང་བཟང༌། སློབ་དཔོན་ནམ་རིན་པ། འབྲོམ་གཞོན་ནུ་བློ་གྲོས། ལྷོ་པ་ཀུན་མཁྱེན། གྲ་ཕུ་བ། སྒ་ལུང་པ་བྱང་དཔལ། བསོད་ནམས་འོད་ཟེར། བསོད་ནམས་རིན་ཆེན། ཆོས་གྲགས་པ། མཁན་ཆེན་རཏྣ། གཉུག་ལ་པཎ་ཆེན། ཨ་ཝ་དྡྷུ་ཏཱི་པ། རྗེ་གྲོལ་མཆོག་མན་འདྲ། ཡང་ན་ཆོས་གྲགས་པ་ནས། དཔལ་འབྱོར་བཟང་པོ། འབྲོམ་སེང་རྒྱན། ལོ་ཆེན་ཐུགས་རྗེ་དཔལ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། པཎ་ཆེན་ཡེ་ཤེས་རྩེ་མོ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། རྗེ་གྲོལ་མཆོག་མན་འདྲ། ༡༩ ཀུན་མཁྱེན་རོང་སྟོན་གྱི་ཕ་དམ་པའི་རབ་གནས་མའི་འབུམ་དགའ་ལྡན་མ་གཟིགས་པའི་དུས་ལུང་བསྟན་བྱུང་བ་ལྟར་ལ་སྟོད་དིང་རི་གླང་འཁོར་དུ་དམ་པ་བློ་རྒྱམ་ལས་གསན་པའི་ཤེར་ཕྱིན་བཀའ་བབས་དྲུག་གི་བརྒྱུད་པ་ནི། ཐུབ་པ། བྱམས་པ། དམ་པ་སངས་རྒྱས། དམ་པ་ཀུན་དགའ། པ་ཚབ་ལོ་ཙཱ་བ། རྒྱལ་བ་ཏན་ནེ། ཞིག་པོ་ཉི་སེང༌། སྙེ་མདོ་བསོད་དཔལ། སྙེ་མདོ་ཀུན་འོད། རི་ཁྲོད་དབང་ཕྱུག ཚུལ་ཁྲིམས་འཕགས། སངས་རྒྱས་དབོན། དིང་རི་བློ་རྒྱམ། རོང་སྟོན་ཤཱཀྱ་རྒྱལ་མཚན། འཇམ་དབྱངས་ཤེར་རྒྱམ། རྭ་སྟོན་ཡོན་ཏན་དཔལ་བཟང་མན་བློ་སྦྱོང་དོན་བདུན་མ་བཞིན་ནོ། ༢༠ །རོང་སྟོན་གྱིས་གྲ་སྨན་གཅིག་པ་ཤེར་བཟང་ལས་གསན་པའི་ཞི་བྱེད་ལམ་ལྔའི་བརྒྱུད་པ་ནི། ཐུབ་པ། འཇམ་དབྱངས་སྨྲ་སེང༌། དམ་པ་ཡབ་སྲས། པ་ཚབ་ལོ་ཙཱ་བ། རྒྱལ་བ་ཏན་ནེ། ཞིག་པོ་ཉི་སེང༌། འཁྲུལ་ཞིག་དར་སེང༌། སྙེ་མདོ་ཡབ་སྲས། དཔལ་ཆེན་ཀུན་ལྷུན།ཆོས་རྒྱལ་ཤེར་བཟང༌། རོང་སྟོན་ཆོས་རྗེ། ཀུན་མཁྱེན་གུང་རུ། མཁྱེན་རབ་རྗེ། སྤྱང་ལུང་ཆོས་རྗེ། རྗེ་གྲོལ་མཆོག་མན་འདྲ། ༢༡ དབུ་མ་རང་བརྒྱུད་པའི་མཚན་གཞིར་གྱུར་པའི་ལམ་སྲོལ་ཀ་མ་ཤཱི་ལའི་སྒོམ་རིམ་ཐོག་མཐའ་བར་གསུམ་ཁྲིད་དུ་བསྒྲིལ་བ་རོང་སྟོན་གསུང་གི་སྙིང་པོའི་བརྒྱུད་པ་ནི། ཐུབ་པ། འཇམ་དབྱངས། ཞི་བ་འཚོ། ཀཱ་མ་ཤཱི་ལ། རྒྱལ་ཡེ་རྣམ་གཉིས། མཆོག་ཡེ་གྲུབ། སེ་བཙུན་དབང་གཞོན། འགར་ཚ་ཡོན་ཏན། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང༌།ར་ཁྲི་བཟང་འབར། ལོ་སྟོན་ཆོས་གྲགས། བྲང་ཏི་དར་སྙིང༌། མཆིམས་བརྩོན་སེང༌། རྒྱང་རོ་དར་མགོན། མཆིམས་ཤོད་ལོ་ཙཱ་བ། མང་མཁར་ལོ་ཙཱ་བ།དཔང་ལོ། བྱང་ཆུབ་རྩེ་མོ། ཉ་དབོན། གཡག་སངས་རྒྱས་དཔལ། རོང་སྟོན་ཤེས་རབ་རྒྱ་མཚོ། རྭ་སྟོན་ཡོན་དཔལ། ཀུན་དགའ་མཆོག་གྲུབ། རྗེ་གྲོལ་མཆོག་མན་འདྲ། ༢༢ བྱམས་ཆོས་སྡེ་ལྔའི་ཁྲིད་བརྒྱུད་ནི། ཐུབ་པ། བྱམས་པ། ཐོགས་མེད། དབྱིག་གཉེན། བློ་བརྟན། རིག་པའི་ཁུ་བྱུག དཾཥྚི་བཟང་པོ། དཱི་པཾ་ཀ་ར།གདྒཱ་དྷ་ར་པུཎྱེ་ཤྲཱི། ཁ་ཆེ་མགོན་པ་བ། བྲམ་ཟེ་སཾ་གྷ་ཛྙཱ་ན། རྔོག་ལོ། བ་རེག་ལོ་ཙཱ་བ། བ་རེག་སྟོན་སྐྱབས། ཡོན་ཏན་དགའ་བ། བཀྲ་ཤིས་རྡོ་རྗེ། གདོང་ཁྲོད་འདུལ་འཛིན། ཉང་དཀོན་རྡོར། འཇམ་དབྱངས་དར། བག་སྟོན་ཚུལ་རྒྱན། དཔང་སྟོན་པ། གཡག་པ། རོང་སྟོན་དོན་ཡོད་དཔལ། རྭ་སྟོན། ཀུན་དགའ་མཆོག་གྲུབ། རྗེ་གྲོལ་མཆོག་མན་འདྲ། ༢༣ འདིའི་ལོ་རྒྱུས་ལ་ཆོས་ཉིད་རྣམ་འབྱེད་དང་རྒྱུད་བླ་རྒྱུན་ཆད་པ་མཻ་ཏྲི་པས་གསན་པའི་ལོ་རྒྱུས་དྲངས་པ་ལས་བརྒྱུད་པའི་སྐབས་དེ་དང་མི་མཐུན་པ་མཛད་འདུག་པས་དཔྱད་དགོས་སྣང་ངོ༌། །པ་ཚབ་ལོ་ཙཱ་བས་ཟླ་བ་གྲགས་པར་དངོས་སུ་གསན་པའི་རང་སྟོང་གི་བརྒྱུད་པ་ནི། ཐུབ་དབང༌། འཇམ་དབྱངས། ཀླུ་སྒྲུབ། ཟླ་གྲགས། པ་ཚབ་ལོ་ཙཱ་བ། ཞང་ཐང་སག་པ། དབང་ཕྱུག་གྲགས། ཤེས་རབ་རྡོ་རྗེ། སློབ་དཔོན་སྟོན་ཚུལ། སུ་ཁ་དེ། སློབ་དཔོན་ཇོ་བཙུན། དབུ་ར་བ། ཤེས་རབ་དཔལ། དར་མ་ཤེས་རབ། བག་སྟོན་ཤེར་རིན། བསོད་ནམས་སེངྒེ། བསམ་གཏན་བཟང་པོ།འགར་སྟོན་གཞོན་བསམ། དམར་སྟོན་གཞོན་རྒྱན། རོང་སྟོན། པཎ་ཆེན་ཤཱཀ་མཆོག ཨ་མོ་གྷ། རྗེ་གྲོལ་མཆོག་མན་འགྲེའོ། ༢༤ །འཁོར་ལོ་མཐའ་མའི་དགོངས་དོན་དང་མཐའ་ཕྱེ་ཆོས་དང་ཆོས་ཉིད་ཕྱེ་བའི་རྗེས་སུ་འབྲང་བ་འབྱེད་གཉིས། རྒྱུད་བླ་རྣམས་དཔེ་ཙམ་ཡང་དཀའ་བར་བྱུང་ཚུལ་བཙན་ཁ་བོ་ཆེའི་ཟིན་ཐོར་གསལ་བ་བཞིན་རྒྱ་གར་དུའང་ཡོད་པར་གྲགས་པའི་གཞན་སྟོང་གི་བརྒྱུད་པ་ནི། ཐུབ་པ། བྱམས་པ། མཻ་ཏྲི་པ། པཎྜི་ཏ་དགའ་བ་གྲགས། སཛྫ་ན།རྔོག་ལོ། བཙན་ཁ་བོ་ཆེ། རྒྱ་དམར་བ། གྲོ་ལུང་པ། ཆ་བ། འདུལ་དཀར་བ། འབྲེ་སྒྱུར་བ། གདོང་ཁྲོད་པ། དར་འོད་པ། གྲུབ་སེང༌། བག་སྟོན་པ། ཚུལ་རྒྱན་པ། དབང་སྟོན་པ། གཡག་པ། རོང་སྟོན། ཨ་མོ་གྷ། རྗེ་གྲོལ་མཆོག་མན་འགྲེ། གོང་དུ་མཻ་ཏྲི་པར་བྱམས་པས་དངོས་སུ་གནང་བའི་ལོ་རྒྱུས་འདིར་འོས་པ་འདྲའོ། ༢༥ །རྡོ་རྗེ་སེམས་དཔས་བོ་དོང་འཇིགས་གྲགས་ལ་གནང་བ་བྱིན་པར་གྲགས་པ་དེ་ཉིད་འདུས་པའི་སྙིང་པོ་ཁོལ་དུ་ཕྱུང་བ་སྦས་དོན་ཀུན་གསལ་གྱི་བརྒྱུད་པ་ནི། རྡོ་རྗེ་སེམས་དཔའ། བོ་དོང་འཇིགས་གྲགས། རྗེ་བཙུན་གསང་བ་བྱིན། ཤངས་པ་བསོད་ནམས་མཆོག་གྱུར། ཟལ་མོ་བྲག་པ་གྲགས་ཡེ། རྗེ་གྲོལ་མཆོག་མན་འདྲ། ༢༦ གྲུབ་རྒྱལ་ཚེ་ཁྲིད་ཀྱི་བརྒྱུད་པ་ནི། སྣང་བ་མཐའ་ཡས། གྲུབ་པའི་རྒྱལ་མོ། ཏི་ཕུ་བ། རས་ཆུང་པ། མིད་ལ། དྭགས་པོ་པ། ཕག་མོ་གྲུབ་པ། འབྲི་ཁུང་པ། སྤྱན་སྔ་གྲགས་འབྱུང༌། ཡང་དགོན་པ། སྤྱན་སྔ་རིགས་ལྡན། ཟུར་ཕུག་པ། འབའ་རྭ་བ། གཉན་རས་པ། སྐྱབས་ཆེ་བ། ཏྲེ་བོ་ཆོས་རྒྱམ། རྗེ་གྲོལ་མཆོག་མན་འདྲ། ཡང་ན་འབའ་རྭ་བ་ནས། སངས་རྒྱས་སེངྒེ། རིན་ཆེན་རྒྱལ་མཚན། ཕ་རྒོད་བསོད་བཟང༌། རྡོ་རིང་རིན་པོ་ཆེ། གྲོལ་མཆོག་མན་འདྲ། ཡང་ན་འབའ་རྭ་བ་ནས། འཇམ་དབྱངས་རྗེ། རཏྣའི་མཚན་ཅན། བསོད་ནམས་བཟང་པོ་མན་འདྲ། ཡང་ན་འབའ་རྭ་བ་ནས། རྟོགས་ལྡན་བདེ་ལེགས་པ། འཁྲུལ་ཞིག་རྗེ། མཁྱེན་རབ་རྗེ།«་་་་་གྲོལ་མཆོག་གི་གསན་ཡིག་བར་མར་ཆད་འདུག »ཀུན་སྤངས་རྗེ་མན་འདྲ། ཡང་ན་འབའ་རྭ་བ་ནས།གཡག་པ། ལས་ཆེན་གཞོན་ནུ་སེངྒེ། དགའ་གདོང་ཆོས་རྒྱལ་དཔལ་བཟང༌། པཎ་ཆེན་ཤཱཀྱ་མཆོག་ལྡན། སྤྱང་ལུང་གཞོན་ནུ་ཆོས་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག་མན་གོང་དང་འདྲའོ། །འབའ་ར་བ་ལྷ་གཅིག་བུམ་གཅིག་འདི་སྙན་བརྒྱུད་ཁོ་ནར་བཞུགས་གསུངས་པ་ཉམས་ཁྲིད་ལ་དགོངས་ན་མཁས་པ་རྣམས་བཞེད་པ་མི་མཐུན་པ་མེད་པར་སྣང་ལ། དེ་ནས་བརྒྱུད་པའི་ཚེ་དབང་ཙམ་ལ་ནི་མཐའ་གཅིག་ཏུ་ངེས་པ་མེད་དེ། བརྒྱུད་ཚུལ་མང་དུ་ཡོད་པའི་ཕྱིར་རོ། །ཇོ་ལུགས་སྒྲོལ་དཀར་གྱི་བརྒྱུད་པ་ནི། ཚེ་སྦྱིན་སྒྲོལ་མ། པཎྜི་ཏ་ངག་དབང་གྲགས་པ། ཤྲདྡྷཱ་ཀ་ར། གསེར་གླིང་པ། ཇོ་འབྲོམ་གཉིས། སྤྱན་སྔ་བ། བྱ་ཡུལ་བ། འཆད་ཀ་བ། སྐྱེར་སྒང་པ། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། རྒྱང་རོ་བྱང་འབུམ། མཆིམས་སྟོན། གྲོ་སྟོན། དཔང་སྟོན། སྤྱང་ལུང་པ། པཎ་ཆེན་ཤཱཀ་མཆོག གཞོན་ནུ་ཆོས་གྲུབ། གྲོལ་མཆོག་མན་འདྲ། ཡང་ན་སྒྲོལ་དཀར། ཀརྨ་པ་རོལ་པའི་རྡོ་རྗེ། མཁའ་སྤྱོད་མ། དེ་བཞིན་གཤེགས་པ། རིན་ཆེན་བཟང་པོ། མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། ཆོས་གྲགས་རྒྱ་མཚོ། ཏེའུ་ར་རིན་ཆེན་ཆོས་རྒྱལ། ཕྲ་རི་བ་རིན་ཆེན་རྒྱལ་མཆོག གྲོལ་མཆོག་མན་འདྲ། ༢༨ མཁའ་འགྲོ་མ་དེ་ཝ་ཌཱ་ཀིས་མི་ཏྲ་ཛོ་ཀི་ལ་གནང་བའི་ཚེ་འཛིན་དཀར་པོའི་བརྒྱུད་པ་ནི། དེ་ཝ་ཌཱ་ཀི མི་ཏྲ་པ། བུདྡྷ་ཤྲཱི། ཆག་ལོ་ཁུ་དབོན། གཞོན་ནུ་བྱང་ཆུབ། རྒྱལ་བ་ཉི་མ་རྒྱལ། བཟང་པོ་དཔལ། ཡེ་ཤེས་དཔལ། བློ་བཟང་དཔལ་འབྱོར། ཏེའུ་ར་པ་རིན་ཆེན་ཆོས་རྒྱལ། ཕྲ་རི་བ་རིན་ཆེན་རྒྱལ་མཆོག རྗེ་གྲོལ་མཆོག་མན་འདྲ། ༢༩ ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དམར་ཁྲིད་ཇོ་བོས་ཡོལ་སྟོན་ལ་གནང་བའི་བརྒྱུད་པ་ནི།«་་་་་འདི་དང་འོག་མ་གསུམ་བསྡོམས་པར་ཐུགས་རྗེ་ཆེན་པོའི་དམར་ཁྲིད་རིགས་བཞི་ཟེར། »སྤྱན་རས་གཟིགས། དགེ་སློང་མ་དཔལ་མོ། དཔལ་གྱི་བཟང་མོ། ཏིང་འཛིན་བཟང་མོ། ཇོ་བོ། ཡོལ་ཆོས་དབང༌། རོག་སྟོན། རྩིས་སྟོན། ཇོ་སྲས་ཞང་སྟོན། གསལ་སྟོན་ཞིག་པོ། རྣལ་འབྱོར་སྐྱབས་སེང༌། སངས་རྒྱས་དབོན། འདུལ་འཛིན་རིན་བྱང༌། བྱང་སེམས་བསོད་གྲགས། རྒྱལ་སྲས་ཐོགས་མེད་པ། རྒྱ་མ་བ་ཡོན་འོད། ལོ་ཙཱ་བ་གྲགས་རྒྱན། བྱང་སེམས་དཀོན་རྒྱལ། ཀུན་དགའ་མཆོག་གྲུབ། གྲོལ་མཆོག་མན་སྤྱི་ལྟར་རོ། ༣༠ །བྱང་སེམས་ཟླ་རྒྱལ་ལ་ཞང་སྐྱི་ཚ་འོད་ཆེན་གྱིས་ཞུས་པའི་བརྒྱུད་པ་ནི། སྤྱད་རས་གཟིགས། བྱང་སེམས་ཟླ་རྒྱལ། ཞང་སྐྱི་ཚ་འོད། ཞང་དབུ་དཀར་བ། ཞང་ལོ་མྱ་ངན་མེད་དཔལ། ཞང་རིན་འོད། ཞང་འབྲུག་སྒྲ་རྒྱལ་མཚན། སྣུར་ཆོས་འཕགས་རྒྱལ་མཚན། རྒྱལ་སྲས་ཐོགས་མེད་མན་དཔལ་མོ་ལུགས་དང་འདྲ། ༣༡ བདག་མེད་མ་ལས་གཉན་ཚེམ་བུ་པས་དངོས་སུ་གསན་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། ཚེམ་བུ་པ། སྤྱི་ལྷས་པ། བྲག་དམར་བ། ལྷ་བཙུན་དགོན་གསར་པ། ཞང་ཐུགས་རྗེ་བརྩོན་འགྲུས། ཤེས་རབ་འབུམ། རྒྱལ་སྲས་ཐོགས་མེད་པ་མན་དཔལ་མོ་ལུགས་དང་གཅིག ༣༢ སྐྱེར་སྒང་པས་ལྷ་སའི་ཀླུ་ཕུག་དཀར་ཆུང་དུ་ལྕེ་སྒོམ་ལས་ཞུས་པའི་བརྒྱུད་པ་ནི། སྤྱན་རས་གཟིགས། རཱ་ཧུ་ལ། ཨ་ཏི་ཤནག་ཚོ། རོང་པ་ཕྱག་སོར་པ། མངའ་རིས་ཤེར་རྒྱལ། ལྕེ་སྒོམ་པ། སྐྱེར་སྒང་པ། གཉེན་སྟོན་པ། སངས་རྒྱས་སྟོན་པ། ཤངས་སྟོན་པ། ཁྱུང་པོ་ཚུལ་མགོན།རས་ཆེན་ཤངས་དཀར་པ་རིན་རྒྱན། སངས་རྒྱས་དཔལ་བཟང༌། ནམ་མཁའ་རྒྱལ་མཚན། རྒྱ་སྒོམ་ལེགས་རྒྱན། གྲོལ་མཆོག་མན་སྤྱི་ལྟར་རོ། ༣༣ །རྒྱལ་སྲས་ཐོགས་མེད་པས་རྭ་སྒྲེང་སོགས་སུ་བཞུགས་དུས་སློབ་དཔོན་དྲིལ་བུ་པའི་བདེ་མཆོག་ལྷན་སྐྱེས་ཀྱི་གཞུང་ཆུང་དང་དགའ་རབ་རྡོ་རྗེའི་བདེ་དགྱེས་ལྷན་སྐྱེས་ཀྱི་རྒྱ་གཞུང་ལ་དམར་ཁྲིད་སོ་སོར་བཀྲལ་ནས་གསུངས་པའི་བདེ་མཆོག་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕག་མོ། དགའ་རབ་རྡོ་རྗེ། རྡོ་རྗེ་གདན་པ་གཉིས། བ་རི་ལོ་ཙཱ་བ། རྗེ་བཙུན་གོང་མ་ལྔ། ཞང་སྟོན་ཁུ་དབོན། བླ་མ་དམ་པ། རྒྱལ་སྲས་ཐོགས་མེད་པ། བྱང་སེམས་རྭ་སྒྲེང་པ། སྤྱང་ལུང་པ། རྗེ་ཤཱཀ་མཆོག གཞོན་ནུ་ཆོས་གྲུབ། གྲོལ་མཆོག་མན་འདྲ། ༣༤ དགྱེས་རྡོར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། དགའ་རབ་རྡོ་རྗེ་མན་བཤད་མ་ཐག་པ་དང་གཅིག རྒྱལ་སྲས་པས་འདི་མཛད་པར་ཀུན་ཡིད་མགུ་ཞིང་དཔལ་ལྡན་བླ་མ་དམ་པས་ལེགས་སོ་གནང་བར་གྲགས་ཀྱང་དོན་དུ་རྒྱལ་སྲས་པ་གསང་སྔགས་གཏན་མི་གསུང་ཚུལ་འདུག་པ་ནི་ཁྲིད་འདི་གྲུལ་མི་བཏུབ་པར་འབད་པས་བསྒྲུབས་པ་འདྲ་ཞིག་སྣང་ངོ༌། ༣༥ །བླ་མ་དམར་ནས་བརྒྱུད་པའི་འཁོར་ཆེན་རྫོགས་རིམ་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། སེང་གདོང་མ། ས་བ་རི་པ། ཛ་ཝ་རི་པ། དེ་ཝ་པཱུརྞ། ལོ་ཙཱ་བ་འགར་ཆོས་བཟང༌། གཤེན་སྟོན་རིན་ཆེན་དངོས་གྲུབ། དམར་ཆོས་ཀྱི་རྒྱལ་མཚན། དམར་ཤེས་རབ་རྡོ་རྗེ། དམར་ཐུབ་པ་ཤེས་རབ། དམར་བརྩོན་འགྲུས་སེངྒེ། དམར་ཆོས་ཀྱི་རྒྱལ་པོ། ཆ་གན་པ།འཛིམ་ཆེན་པ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། ངོར་ཆེན། བྲག་དཀར་བསོད་རིན། བྲག་དཀར་བསོད་རྒྱན། སྤོས་ཁང་མཁན་ཆེན་བཀྲ་ཤིས་རྣམ་རྒྱལ། གྲོལ་མཆོག་མན་འདྲ། ༣༦ རས་ཆུང་ལུགས་ཀྱི་གཏུམ་མོའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ལས་ཀྱི་རྡོ་རྗེ། ཤིང་ལོ་པ། ཐང་ལོ་པ། ཀརྞ་རི་པ། པ་ལ་ཙནྡྲ། རས་ཆུང་པ། སུམ་པ་རིན་རྒྱན། གླིང་རས་པ། རྫོང་རི་པ། རི་བོ་སྒང་པ། དབུས་རི་བ། གསང་བདག་གྲུབ་ཆེན་པ། སྤྲུལ་སྐུ་ཇོ་གདན་པ།གངས་ཁྲོད་པ། མཁན་ཆེན་བྱང་སེང་བ། བཟང་ལྡན་སངས་རྒྱས་དཔལ་བཟང༌། གཞོན་ནུ་གྲུབ། གནས་གསར་སྟོང་ལེགས་པ་ལྷུན་གྲུབ་རྡོ་རྗེ། མང་མཁར་རབ་གསལ་ཟླ་མགོན། རྗེ་གྲོལ་མཆོག་མན་འདྲ། ༣༧ ཆག་ལོ་ལུགས་ཀྱི་ཕག་སེང་ཀུརྨ་པཱ་དའི་བརྒྱུད་པ་ནི། རྡོ་རྗེ་ཕག་མོ། ཤ་ཝ་རི་པ། མཻ་ཏྲི་པ། ན་ཡ་ཀ་པ། ད་ཤ་པ་ལ་ཤྲཱི། བི་ཀྵ་ཏ་དེ་བ། པཎ་ཆེན་ཤཱཀྱ་ཤྲཱི། དཱ་ན་ཤཱི་ལ། ཆག་ལོ་ཆོས་རྗེ་དཔལ། དཔལ་བླ་བྲང་པ་གཞོན་རྒྱན། ཤེས་རབ་དཔལ། གྲུབ་ཐོབ་ལེགས་འོད། དཔལ་ཆེན་བཟང་པོ། ཡེ་ཤེས་དཔལ་བཟང༌། བློ་བཟང་དཔལ་འབྱོར། ཏེའུ་ར་པ་རིན་ཆེན་ཆོས་རྒྱལ། རྗེ་རྡོ་རིང་པ་ཆེན་པོ། རྗེ་གྲོལ་མཆོག་མན་འདྲ། ༣༨ ཀུ་རུ་ཀུལླེའི་གསང་ཁྲིད་ཀྱི་བརྒྱུད་པ་ནི། བདག་མེད་མ། བི་རཱུ་པ། ནག་པོ་པ། སི་ལ་བ། ཤཱི་ལ་ཙནྡྲ། དཱ་ན་ཤཱི་ལ། ས་པཎ། འཕགས་པ། ཞང་ཁུ་དབོན། བླ་མ་དམ་པ། དཔལ་ཚུལ་བ། ཤར་ཆེན། ངོར་ཆེན། རྒྱུ་འགུལ་པཎ་ཆེན། གློ་བོ་མཁན་ཆེན་ལེགས་འབྱུང༌། རྗེ་གྲོལ་མཆོག་མན་འདྲ། ༣༩ སྦྱོར་དྲུག་གི་བརྒྱུད་པ་ནི། དང་པོའི་སངས་རྒྱས། ཆོས་ལོངས་སྤྲུལ་གསུམ། ཆོས་རྒྱལ་སོ་ལྔ། དུས་ཞབས་པ་གཉིས། ཟླ་བ་མགོན་པོ། སྒོམ་པ་དཀོན་མཆོག་དྲུང༌། སྒྲོ་སྟོན་པ། ཡུ་མོ་རྗེ། དྷརྨེ་ཤྭ་ར། ཇོ་འབུམ། ནམ་མཁའ་འོད། སེ་མོ་ཆེ་བ། འཇམ་གསར་བ། ཆོས་སྐུ་འོད། ཐུགས་རྗེ་བརྩོན་འགྲུས། རྒྱལ་བ་ཡེ་ཤེས།ཡོན་ཏན་རྒྱ་མཚོ། དོལ་བུ་པ། ཕྱོགས་རྒྱལ་བ། ཉ་དབོན་པ། གྲུབ་ཆེན་ཀུན་བློ། འཇམ་དབྱངས་དཀོན་བཟང༌། ནམ་མཁའ་ཆོས་སྐྱོང༌། ནམ་མཁའ་དཔལ་བཟང༌། ལོ་ཆེན་རཏྣ་བྷ་དྲ། རྗེ་གྲོལ་མཆོག་མན་འདྲ། ཡང་ན་ཐུགས་རྗེ་བརྩོན་འགྲུས་ནས། སྲོན་པ་ཀུན་དགའ་རྒྱལ་པོ། སྲོན་པ་ཆོས་དཔལ་བཟང་པོ། བླ་མ་དམ་པ། གྲུབ་ཆེན་བསོད་སེང༌། སྤྱང་ལུང་པ་གཞོན་ནུ་བློ་གྲོས། ཤཱཀ་མཆོག་པ། སྤྱང་ལུང་ཆོས་གྲུབ། གྲོལ་མཆོག་མན་འདྲ། ༤༠ མན་ལུང་གུ་རུའི་དུས་འཁོར་སྙན་བརྒྱུད་ཀྱི་བརྒྱུད་པ་ནི། དང་པོའི་སངས་རྒྱས། ཆོས་རྒྱལ་རིགས་ལྡན། རིགས་གསུམ་མགོན་པོ། མན་ལུང་གུ་རུ། ཡར་ཀླུངས་པ་གྲགས་རྒྱན།སྙེ་མདོ་ཀུན་དོན། བཀའ་བཅུ་པ་གཞོན་སེང༌། ཧཱུྃ་ཆེན་ནམ་མཁའི་རྣལ་འབྱོར། ཧཱུྃ་རྒྱལ་ལྷུན་གྲུབ་རིན་ཆེན། རི་སྒོམ་སྦས་པའི་རྣལ་འབྱོར། འཆི་མེད་གྲུབ་པ།འགྲོ་མགོན་ཆོས་རྒྱལ་དཔལ་བཟང༌། མཁས་པ་རིན་ཆེན་ཆོས་དབང༌། ལོ་ཆེན་རཏྣ་བྷ་དྲ། རྗེ་གྲོལ་མཆོག་མན་འདྲ། འདི་ལ་རྫོགས་ཆེན་དང་བསྲེས་པའི་དབྱེ་འབྱེད་དཀའ་བ་རྗེས་སུ་ལོ་ཆེན་གྱི་སློབ་མ་ཞིག་ལས་སྒྲོ་འདོགས་ཆོད་ཚུལ་སྣང་ངོ༌། ༤༡ །ཨོ་རྒྱན་བསྙེན་སྒྲུབ་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ།ཨོ་རྒྱན་པ་རིན་དཔལ། བསོད་ནམས་འོད་ཟེར། སྐྱེས་མཆོག་འབའ་ར་བ། ནམ་མཁའ་སེངྒེ། འཁྲུལ་ཞིག་ཆོས་རྒྱལ། མོན་རྫོང་བ་ཟླ་བ་རྒྱལ་མཚན། མཁྱེན་རབ་རྗེ། སྤྱང་ལུང་བ། རྗེ་གྲོལ་མཆོག་མན་འདྲ། ༤༢ ལམ་འབྲས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྡཱུ་ཏཱི་པ། གྷ་ཡ་དྷ་ར། འབྲོག་མི། སེ། ཞང༌། གོང་མ་ལྔ། ཞང་སྟོན་ཁུ་དབོན། བླ་མ་དམ་པ། དཔལ་ཚུལ་པ། བུདྡྷ་ཤྲཱི། ངོར་ཆེན། དཔལ་ལྡན་རྡོ་རྗེ། ཀུན་དགའ་མཆོག་གྲུབ། རྗེ་གྲོལ་མཆོག་མན་འདྲ། ཡང་ན་ངོར་ཆེན་ནས། ཀུན་དགའ་དབང་ཕྱུག གློ་བོ་ལེགས་འབྱུང༌། གྲོལ་མཆོག་མན་འདྲ། ཡང་ན་ངོར་ཆེན་ནས།མུས་ཆེན། གོ་རམས་པ། དཀོན་མཆོག་འཕེལ། སངས་རིན། གསུམ་ག་ལས་ལྷ་མཆོག་སེངྒེ། དེ་ནས་གྲོལ་མཆོག་མན་འདྲ། ཡང་ན་ངོར་ཆེན་ནས། པཎ་ཆེན་ཤཱཀ་མཆོག སྤྱང་ལུང་གཞོན་ནུ་ཆོས་གྲུབ། གྲོལ་མཆོག་མན་འདྲ། ༤༣ བསམ་མི་ཁྱབ་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཌཱ་ཀི་མ། རྟ་མཆོག་དཔལ། བི་ན་པ་དི། ཨིནྡྲ་བྷཱུ་ཏི། ལེགས་སྨིན་ཀ་ར། གུནྡྷ་རི་པ། པདྨ་བཛྲ། ཆོས་ཀྱི་བཟང་པོ། ཏོག་ཙེ་པ། བྷུ་ཥ་ཎ་པ། དྷརྨ་པ། ཀརྞ་པ། དཔའ་བོ་རྡོ་རྗེ། འབྲོག་མི་མན་ལམ་འབྲས་བརྒྱུད་པ་དང་པོ་ལྟར་རོ། །དེང་སང་ས་སྐྱ་པ་ཡོངས་གྲགས་ལ་ཕྱིས་སུ་ལམ་སྐོར་ཕལ་ཆེར་གྱི་ཉམས་ཁྲིད་རྒྱུན་ཆད་པར་བཞེད་པས་ཐེ་ཚོམ་གྱི་གཞིར་སྣང༌། ཁུངས་བཙུན་པ་ཞིག་ཡིན་ན། གློ་བོ་མཁན་ཆེན། ལྷ་མཆོག་སེངྒེ། སྤྱང་ལུང་པ་གསུམ་ལའང་ལམ་སྐོར་ཚང་མའི་ཁྲིད་གསན་པ་འདྲ་ཞིག་གྲོལ་མཆོག་གི་གསན་ཡིག་ཏུ་འདུག་པས་དེ་ནས་བསབས་ཆོག་པར་སྣང་ཡང་དགོས་པ་ཆེ་བར་མ་མཐོང་བས་མ་བྲིས་སོ། ༤༤ །མཚོ་སྐྱེས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཙིནྟོ་བི་ལ་སྱ་བཛྲ། ཡན་ལག་མེད་པའི་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ལེགས་སྨིན་ཀ་ར། ཀཧྞ་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར།འབྲོག་མི་མན་ལམ་འབྲས་སོར་བཞག་གོ ༤༥ །ལྷན་ཅིག་སྐྱེས་གྲུབ་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། ཌོམྦི་པ། ཨ་ལ་ལ་བཛྲ། ནགས་ཁྲོད་པ།གརྦྷ་རི་པ། བསོད་སྙོམས་པ། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་མན་ལམ་འབྲས་དང་འདྲ། ༤༦ གཏུམ་མོ་ལམ་རྫོགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌།རྣལ་འབྱོར་མ། དྲིལ་བུ་པ། རུས་སྦལ་ཞབས། ཛ་ལནྡྷ་ར། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར། འབྲོག་མི་མན་ལམ་འབྲས་ལྟར་རོ། ༤༧ །ཡོན་པོ་སྲོང་བའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ལྷ་དབང་ཕྱུག་ཆེན་པོ། ནག་པོ་ཨུ་ཙི་ཊ། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར་མན་ལམ་འབྲས་དང་འདྲ། ༤༨ སེམས་ཐག་བཅད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཀླུ་སྒྲུབ། འཕགས་པ་ལྷ། ཟླ་གྲགས། བྲམ་ཟེ་དཔལ་འཛིན། དཔའ་བོ་རྡོ་རྗེ། འབྲོག་མི་མན་ལམ་འབྲས་ལྟར་རོ། ༤༩ །ཕྱག་རྒྱ་ལམ་ཁྲིད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཨིནྡྲ་བྷཱུ་ཏི་ཆེ་བ། ཚངས་པའི་ཞབས། བྲམ་ཟེ་གྲུབ་པའི་རྡོ་རྗེ། ཨིནྡྲ་བྷཱུ་ཏི་བར་པ།དབུ་མ་པའི་ཞབས། གོས་བྲལ་ཞབས། རྒྱལ་པོ་ཛྙཱ་ན་བྷཱུ་ཏི། ཤྲཱི་ཡོ་གི་བྷཱུ་ཏི། པདྨ་བཛྲ། ཌོམྦི་ཧེ་རུ་ཀ ཡན་ལག་མེད་པ་བར་མའི་ཞབས། ལྷ་མོ་བུང་བའི་པདྨ།ལྕམ་ལཀྵྨཱི་ཀ་ར། ཨིནྡྲ་བྷཱུ་ཏི་ཆུང་བ། ཁ་ཆེ་རིན་ཆེན་རྡོ་རྗེ། པཎ་ཆེན་ཤེས་རབ་གསང་བ། འབྲོག་མི་མན་ལམ་འབྲས་དང་གཅིག ༥༠ ཡི་གེ་མེད་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། པཎྜི་ཏ་ངག་དབང་གྲགས་པ། དེ་ཝ་ཨ་ཀ་ར། ཨཱ་མོ་གྷ་བཛྲ། འབྲོག་མི་མན་འདྲ། ༥༡ མདོ་རྒྱུད་བསྲེ་བའི་བརྒྱུད་པ་ནི། འཇམ་དབྱངས། ཤཱནྟི་པ། འབྲོག་མི། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ། ཡབ་སྲས་གསུམ། ས་པཎ། ལུང་ཕུ་བ། གཞོན་ནུ་གྲུབ། བྱང་ཆུབ་ཡེ་ཤེས། བླ་མ་དམ་པ་མན་ལམ་འབྲས་ལྟར་རོ། ༥༢ །བར་ཆད་གསུམ་སེལ་ལས་ཕྱི་གདོན་བགེགས་ཀྱི་བར་ཆད་སེལ་བའི་བརྒྱུད་པ་ནི། གསང་བའི་བདག་པོ། ཤེར་འབྱུང་བློ་གྲོས། འབྲོག་མི། སེ་རོག་གཉིས། གཉོས་ཡེར། སྒོམ་སེང༌། གྲུབ་ཐོབ་ལྷ་འབར། ཁ་རག་སྒོམ་པ། ལུང་ཕུ་བ་མན་མདོ་རྒྱུད་བསྲེ་བ་དང་འདྲ། ༥༣ ནང་འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་སེལ་བའི་བརྒྱུད་པ་ནི། གསང་བདག རིན་ཆེན་རྡོ་རྗེ། འབྲོག་མི་མན་གོང་ལྟར་རོ། ༥༤ །གསང་བ་ཏིང་ངེ་འཛིན་སེམས་ཀྱི་བར་ཆད་སེལ་བའི་བརྒྱུད་པ་ནི། གསང་བདག ཛྙཱ་ན་ཤྲཱི། བླ་ཆེན་འབྲོག་མི་མན་འདྲ། ༥༥ སྡུག་བསྔལ་གསུམ་སེལ་གྱི་བརྒྱུད་པ་ནི།སྤྱན་རས་གཟིགས། ནཱ་རོ་པ། འབྲོག་མི། མངའ་རིས་པ་གསལ་བའི་སྙིང་པོ་མན་མདོ་རྒྱུད་བསྲེ་བ་དང་གཅིག ༥༦ གཉུག་མ་དྲན་གསལ་གྱི་བརྒྱུད་པ་ནི།སྒྲོལ་མ། ངག་དབང་གྲགས་པ། འབྲོག་མི། དཀོན་མཆོག་རྒྱལ་པོ། བླ་མ་ཤངས་པ། ས་ཆེན་མན་མདོ་རྒྱུད་བསྲེ་བ་ལྟར་རོ། ༥༧ །དག་པ་གསུམ་ཞབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་ནས་གོང་མ་ལྔ་ཡན་ལྷན་ཅིག་སྐྱེས་གྲུབ་ལྟར་ལ། དེ་ནས་དགའ་ལྡན་པ་ཀུན་བསོད། བྲག་ཕུག་པ། བློ་གྲོས་བརྟན་པ། དཔལ་ཚུལ་བ། ཤར་ཆེན། ངོར་ཆེན། རྒྱུ་འགུལ་པཎ་ཆེན། གློ་བོ་ལེགས་འབྱུང༌། གྲོལ་མཆོག་མན་འདྲ། ༥༨ རང་བྱིན་རླབས་ཀྱི་བརྒྱུད་པ་ནི། ས་པཎ་ཡན་དག་པ་གསུམ་ཞབས་ལྟར་ལ། དེ་ནས་ཚོགས་སྒོམ་པ། གཉགས་སྙིང་པོ་རྒྱལ་མཚན། རྒྱལ་འབུམ་པ། བླ་མ་དམ་པ། དཔལ་ཚུལ་བ། བུདྡྷ་ཤྲཱི། ངོར་ཆེན། དཔལ་ལྡན་རྡོ་རྗེ། དཔལ་ལྡན་ཚུལ་ཁྲིམས། གྲོལ་མཆོག་མན་འདྲ། ༥༩ ལམ་སྦས་བཤད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ས་ཆེན་མན་ལམ་འབྲས་སོར་བཞག་གོ ༦༠ །བརྡ་དོན་གསལ་བའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བི་རཱུ་པ། ས་ཆེན། གྲགས་པ། ས་པཎ། ལུང་ཕུ་བ་མན་མདོ་རྒྱུད་བསྲེ་བ་དང་འདྲ། ༦༡ འགོས་ཀྱི་ཤོག་དྲིལ་གསུམ་པོ་དཔང་དུ་བཞག་པའི་གསང་འདུས་རིམ་ལྔའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ཀླུའི་རྣལ་འབྱོར་མ། བི་སུ་ཀལྤ། ས་ར་ཧ་པ། ཀླུ་སྒྲུབ། འཕགས་པ་ལྷ། ཤཱཀྱ་བཤེས་གཉེན། ཀླུ་བྱང༌། ཟླ་གྲགས། སློབ་པའི་རྡོ་རྗེ། སྤྱོད་པའི་རྡོ་རྗེ། ས་འདྲེས་པ། བརྩོན་འགྲུས་བཟང་པོ། འགོས་ཁུག་པ་ལྷས་བཙས། མང་ར་བ་སེང་རྒྱན། རྔོག་ཡེ་སེང༌། རྔོག་ཉི་སེང༌། རྔོག་ཉི་ལྕམ། རྔོག་འཕགས་ལྷ། འཕགས་པ་སྐྱབས།གཞོན་ནུ་འོད། ཆོས་སྐུ་འོད་ཟེར། འཕགས་འོད། བུ་སྟོན། ཁྱུང་ལྷས་པ། ཤར་ཆེན། ངོར་ཆེན། ཤཱཀ་མཆོག མང་མཁར་རབ་གསལ་ཟླ་བ། རྗེ་གྲོལ་མཆོག་མན་འདྲ། ༦༢ འཇམ་རྡོར་གྱི་གྲོལ་བའི་ཐིག་ལེའི་བརྒྱུད་པ་ནི། འཇམ་དབྱངས། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད། དཔལ་བདེ་བ། དྲི་མེད་སྦས་པ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། བནྡེ་པ། གཉན་ལོ། ཁའུ་པ། གོང་མ་ལྔ། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། དགའ་ལྡན་པ་བཀྲ་ཤིས་དཔལ། ཁམས་པ་རྡོ་རྗེ་དཔལ། བླ་མ་གྲགས་ཆེན་པ། གངས་ཁྲོད་པ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། ངོར་ཆེན། རྒྱལ་ཚབ་པ། རྒྱུ་འགུལ་པ། བྲག་དམར་བ། རབ་གསལ་ཟླ་བ། རྗེ་གྲོལ་མཆོག་མན་འདྲ། ༦༣ གཤེད་དམར་སྤྲོས་མེད་ཀྱི་བརྒྱུད་པ་ནི། གཤིན་རྗེ་གཤེད། བིརྺ་པ། ཌོམྦི་པ། བྲམ་ཟེ་དཔལ་འཛིན། བློ་བཟང་སྙིང་པོ། དརྤཎ་ཨཱ་ཙཱརྻ། གློ་བོ་ལོ་ཙཱ་བ་ཡབ་སྲས་གཉིས། ལོ་མཆོག་པ། གློ་ཆེན་པ། བག་སྟོན་པ། ཚུལ་རྒྱལ་པ། གྲུབ་པ་ཤེས་རབ།ཤེས་རབ་རྒྱ་མཚོ། རྭ་སྟོན་པ། ཀུན་དགའ་མཆོག་ལྡན། གྲོལ་མཆོག་མན་འདྲ། ཡང་ན་གློ་བོ་ཡབ་སྲས་ནས། བློ་གྲོས་དཔལ། མཆོག་ལྡན་པ། དཔལ་ལྡན་སེངྒེ། བུ་སྟོན། བླ་མ་དམ་པ། ཇོ་ནང་ཕྱོགས་རྒྱལ་བ། ཤར་ཆེན། ངོར་ཆེན། ཤེར་རྒྱམ་པ། རྭ་སྟོན་པ། གློ་བོ་མཁན་ཆེན། གྲོལ་མཆོག་མན་འདྲ། ཡང་ན་ངོར་ཆེན། མུས་ཆེན། གོ་རམས་པ། དཀོན་མཆོག་འཕེལ། ལྷ་མཆོག་སེངྒེ། གྲོལ་མཆོག་མན་འདྲ། བརྒྱུད་པ་ཕྱི་མ་འདི་གཉིས་ཁུངས་བཙུན་པར་མངོན།༦༤ གཤེད་དམར་རྣལ་འབྱོར་བཞི་རིམ་གྱི་བརྒྱུད་པ་ནི། གཤིན་རྗེ་གཤེད། ཌོམྦི་པ་མན་སྤྲོས་མེད་ཀྱི་བརྒྱུད་པ་དང་པོ་ལྟར་རོ། ༦༥ །སྐྱོ་བའི་རྭ་རྩེ་སེམས་འཛིན་གྱི་བརྒྱུད་པ་ནི། རྡོ་རྗེ་འཇིགས་བྱེད། ཡེ་ཤེས་མཁའ་འགྲོ། ལ་ལི་ཏ། འཇམ་དཔལ་བཤེས་གཉེན། དོན་ཡོད་རྡོ་རྗེ་ཆེ་ཆུང༌། སྐྱོ་འོད་འབྱུང༌། སྐྱོ་གཅེན་འཛོམ་མེ། གཅུང་པད་དེ། སྐྱོ་ཁམས་པ། སྐྱོ་རིན་ཆེན་བརྟན། སྐྱོ་འོད་སྲུངས། གཉན་སྟོན་ཆོས་རྒྱལ། འཛིམ་པ་རིན་ཆེན་ཤེས་རབ། ཐུགས་རྗེ་རིན་ཆེན།གདུང་བརྒྱུད་རིན་ཆེན་རྒྱལ་མཚན། ཆ་གན་པ། གྲགས་ཆེན་པ། གངས་ཁྲོད་པ། མ་ཏི་པཎ་ཆེན། ས་བཟང་པ་འཕགས་པ། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་ལེགས་པའི་འབྱུང་གནས། རྗེ་བཙུན་ཀུན་དགའ་གྲོལ་མཆོག་མན་འདྲ། ༦༦ བདེ་མཆོག་ཡབ་ཀྱི་རྩ་དབུ་མའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། གྲུབ་ཆེན་ས་ར་ཧ། འཕགས་མཆོག་ཀླུ་སྒྲུབ་ཞབས། གྲུབ་ཆེན་ཤ་བ་རི། སློབ་དཔོན་ལཱུ་ཧི་པ། གྲུབ་དབང་དྷ་རི་ཀ་པ། རྗེ་བཙུན་ཨནྟར་པ། གྲུབ་ཆེན་ཏཻ་ལོ་པ། པཎ་ཆེན་ནཱ་རོ་པ། ཕམ་མཐིང་པ། མལ་ལོ་ཙཱ་བ། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། ཞང་སྟོན་ཁུ་དབོན། ཆོས་རྗེ་བླ་མ་དམ་པ།དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་མན་རྭ་རྩེ་སེམས་འཛིན་དང་འདྲའོ། ༦༧ །ཡུམ་གྱི་དབུ་མའི་བརྒྱུད་པ་ནི།ཀུན་མཁྱེན་རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་སྐྱ། མལ་ལོ་ཙཱ་བ། ས་ཆེན་མན་ཡབ་ཀྱི་དབུ་མ་བཞིན་ནོ། ༦༨ །ཚོགས་སྒོམ་པས་ས་པཎ་ལས་གསན་ནས་བསྐྱངས་པས་རྒྱུ་བ་ངེས་པ་དང་རྣམ་པ་གསལ་བའི་ཏིང་ངེ་འཛིན་བརྙེས་པའི་མྱོང་ཁྲིད་གཙིགས་ཅན་ལྷད་མེད་ཀྱི་དྲིལ་བུ་རིམ་ལྔའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕག་མོ། དྲིལ་བུ་པ། རུས་སྦལ་ཞབས། འབར་བ་འཛིན། སྤྱོད་པའི་རྡོ་རྗེ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ། ནཱ་རོ།ཕམ་མཐིང་པ། མལ་ལོ་ཡབ་སྲས་གསུམ། ས་པཎ། བོ་དོང་བརྩོན་རྡོར། ཁྲོ་ཕུ་བ། ཡང་རྩེ་རིན་སེང༌། གཉན་མཁར་བ་བཀྲ་ཤིས་བཟང་པོ། ཁྱུང་ལྷས་པ།ཤར་ཆེན་མན་བདེ་མཆོག་ཡབ་ཀྱི་དབུ་མ་དང་འདྲ། ཡང་ན་ཕག་མོ། ཀོང་ཀ་བྱིན། ཨ་བྷ་ཡ། ལེགས་སྤྱོད། རཏྣ་རཀྵི་ཏ། ཆག་ལོ། གོ་ལུང་པ། ཤོང་རྡོར་རྒྱན། ལོ་མཆོག་པ། དཔང་ལོ། མ་ཏི། ས་བཟང་འཕགས་པ། ངོར་ཆེན། གུ་གེ་པཎ་ཆེན། རྭ་སྟོན་པ། དཔལ་ཚུལ་བ། གྲོལ་མཆོག་མན་འདྲ། ༦༩ མལ་ལོ།པུ་རང་ལོ་ཆུང༌། མལ་ལོ་གསུམ་ག་ལ་བཀའ་བབས་པའི་བདེ་མཆོག་ནག་པོ་རིམ་བཞི་མལ་ལོ་ལུགས་ཀྱི་བརྒྱུད་པ་ནི། ས་པཎ་ཡན་དྲིལ་བུ་རིམ་ལྔ་ལྟར་ལ།དེ་ནས་འཕགས་པ། ཞང་སྟོན་ཁུ་དབོན། རི་ཁྲོད་པ་བློ་བརྟན། དཔལ་ཚུལ་བ། ཤར་ཆེན་མན་ཡང་དྲིལ་བུ་པའི་བརྒྱུད་པ་དང་པོ་བཞིན་ནོ། །འདི་གཉན་ཆ་ཆེ་བ་ནི་ཅོག་རོས་མར་དོ་ལ་ཞུས་དུས་བྱུང་བ་ཡིན་འདུག མལ་ཕྱོགས་ལ་འཕྲོས་མི་སྣང་ངོ༌། ༧༠ །ཨ་བྷ་ཡ། ཇོ་བོ་རྗེ། བི་བྷཱུ་ཏི་ཙནྡྲ་རྣམས་ཀྱིས་བཤད་ཚུལ་དང་མི་མཐུན་ཡང་རྡོ་རྗེ་ཕག་མོས་ཁ་ཆེ་པཎ་ཆེན་ལ་དངོས་སུ་གནང་བའི་བདེ་མཆོག་དཀར་པོའི་བརྒྱུད་པ་ནི། བདེ་མཆོག ཕག་མོ། པཎ་ཆེན་ཤཱཀྱ་ཤྲཱི།གཡག་སྡེ་ལོ་ཙཱ་བ། མངའ་རིས་པ་སངས་ཡེ། མཁན་བསོད་གྲགས། གྲགས་པ་ཚུལ་ཁྲིམས། བྱ་སྡེར་བ་བྱང་སེང༌། ས་བཟང་འཕགས་པ། ངོར་ཆེན། བསོད་ནམས་དབང་ཕྱུག དྲུང་བཙུན་དཔལ་རྒྱན། སངས་རྒྱས་རིན་ཆེན། གྲོལ་མཆོག་མན་འདྲ། འདི་ལ་ཀུན་མཁྱེན་རོང་པོ་ཐུགས་དགྱེས་ནས་ངོར་དུ་ཆོས་རྗེ་རྡོ་རྗེ་འཆང་ལ་ཞུ་བར་བྱོན་པའི་ཞུ་ཡིག་ཕུལ་བ་ངོར་གྱི་རྟེན་སྒམ་ན་ཡོད་པར་སྣང་ངོ༌། ༧༡ །ཤིན་ཏུ་དཀོན་པས་ཐམས་ཅད་མཁྱེན་པ་བུས་ཁྲིད་གསུང་དུས་དཔོན་སློབ་ཞལ་སྟོན་ཕྱོགས་ཉི་ཚོད་ཚུན་མི་འཕྱུགས་པར་གནང་བའི་ཐུགས་གཙིགས་ཅན་རྡོ་རྗེ་གདན་བཞིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མཁའ་འགྲོ་མ་ཆུ་ཤིང་གི་སྙེ་མ་ཅན། མར་པ། རྔོག་ཆོས་རྡོར། རྔོག་ཞེ་སྡང་རྡོ་རྗེ། རྒྱལ་ཚ་ར་མོ། རྔོག་ཚ་ཆོས་སྐུ། རྔོག་དཀོན་མཆོག་དཔལ། དྲན་སྟོན་མཐའ་བྲལ། དྲན་སྟོན་ཤེར་སེང༌། མན་ལུང་གུ་རུ། མན་ལུང་ཀུན་མཁྱེན། ཚུལ་ཁྲིམས་མགོན་པོ། རྔོག་བྱང་ཆུབ་དཔལ། རྔོག་བཀྲ་ཤིས་དཔལ་གྲུབ། རྔོག་བྱང་ཆུབ་གྲགས་པ། རྔོག་བློ་གྲོས་དཔལ་བཟང༌། རྗེ་གྲོལ་མཆོག་མན་འདྲ། ༧༢ འགྲོ་མགོན་འཕགས་པས་བཀའ་གདམས་པ་ནམ་མཁའ་འབུམ་མཁའ་སྤྱོད་དུ་བཏང་བའི་ཟབ་ཆོས་མ་ཧཱ་མཱ་ཡཱའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཌཱ་ཀི་མ། ཀུ་ཀུ་རི་པ། མར་པ་ལོ་ཙཱ། རྔོག་ཆོས་རྡོར། རྔོག་མདོ་སྡེ། རྔོག་ཀུན་དགའ་གཟི་བརྗིད། རྔོག་རིན་བཟང༌། རྔོག་ཆོས་རྒྱལ། རྔོག་དོན་གྲུབ་དཔལ། རྔོག་བྱང་ཆུབ་དཔལ་མན་གདན་བཞི་དང་གཅིག ༧༣ སྔོན་ཆད་བོད་དུ་མ་འགྱུར་བ་གློ་བོ་སྣེ་ཚེ་གྲུམ་པ་བླ་མ་བསམ་གཏན་འོད་ཟེར་གྱིས་བལ་པོ་མ་ཧཱ་བོ་དྷི་ལས་གསན་པ་ངོར་ཆེན་གྱིས་བསྟན་རྒྱུན་ལ་དགོངས་ནས་གུ་གེ་པཎ་ཆེན་སོགས་གསུམ་ཞུ་བར་བཏང་བའི་བོང་བུའི་ཕྲ་ཐིག་གི་ཉེ་བརྒྱུད་ནི། བདེ་མཆོག ཕག་མོ། བལ་པོ་སྐལ་ལྡན་བྱང་ཆུབ། བལ་པོ་འཚོ་བའི་བྱང་ཆུབ། བལ་པོ་མ་ཧཱ་བོ་དྷི། གྲུབ་ཆེན་བསམ་གཏན་འོད་ཟེར།གུ་གེ་པཎ་ཆེན། གློ་བོ་ལེགས་འབྱུང༌། རྗེ་གྲོལ་མཆོག་མན་འདྲ། ༧༤ ཕག་མོ་སྒོམ་དྲུག་དཔྱལ་ཀུན་དགའ་རྡོ་རྗེའི་ལུགས་གཙོར་བཏོན་གྱི་བརྒྱུད་པ་ནི། རྡོ་རྗེ་ཕག་མོ། ལྕམ་ལེགས་སྨིན། བི་རཱུ་པ། ཨ་ཝ་དྷཱུ་ཏཱི་པ། ལྡོང་དར་བ། བསོད་སྙོམས་པ་རྒྱལ་བ་བྱིན། བསོད་སྙོམས་པ་སངས་རྒྱས་བྱིན། བལ་པོ་ཧ་ངུ་དཀར་པོ། དཔྱལ་ཀུན་དགའ་རྡོ་རྗེ། དཔྱལ་ཀུན་དགའ་གྲགས། དཔྱལ་ཆོས་བཟང༌། རོང་པ་རྒྭ་ལོ་ཡབ་སྲས། བག་སྟོན་པ་ཚུལ་རྒྱན། དཔལ་ཚུལ་བ། བུདྡྷ་ཤྲཱི། ངོར་ཆེན། རྒྱུ་འགུལ་བ། གློ་བོ་ལེགས་འབྱུང༌། གྲོལ་མཆོག་མན་འདྲ། ༧༥ ནཱ་རོ་ཆོས་དྲུག་རྗེ་རང་བྱུང་བའི་གསེར་ཞུན་ལྟར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ།ནཱ་རོ། མར་པ། མིད་ལ། དྭགས་པོ། དུས་མཁྱེན་པ། རས་ཆེན་པ། སྤོམ་བྲག་པ། ཀརྨ་པཀྴི། གཉན་རས། རང་བྱུང་རྡོ་རྗེ། མགོན་པོ་རྒྱལ་བ། རོལ་པའི་རྡོ་རྗེ།མཁའ་སྤྱོད་པ། དེ་བཞིན་གཤེགས་པ། སོག་དབོན་པ། མཐོང་བ་དོན་ལྡན། བན་དཀར་བ། ཆོས་གྲགས་རྒྱ་མཚོ། སྐྱབས་ཆེ་བ། ཏྲེ་བོ་ཆོས་རྒྱམ། རྗེ་གྲོལ་མཆོག་མན་འདྲ། ༧༦ ནི་གུའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ནི་གུ་མ། ཁྱུང་པོ། རྨོག་ཅོག་པ། སྐྱེར་སྒང་པ། གཉན་སྟོན་པ། སངས་རྒྱས་སྟོན་པ། ཤངས་སྟོན་པ། ཁྱུང་པོ་ཚུལ་མགོན། རས་ཆེན་ཤངས་དཀར་བ། སྐུང་ལུང་སངས་རྒྱས་དཔལ། ནམ་མཁའ་རྒྱལ་མཚན། རྒྱ་སྒོམ་པ། གྲོལ་མཆོག་མན་འདྲ། ༧༧ ཕྱག་ཆེན་གའུ་མ། ༧༨ ལམ་ཁྱེར་རྣམ་གསུམ། ༧༩ རང་སེམས་འཆི་མེད་རང་གྲོལ། ༨༠ གསུམ་གྱི་བརྒྱུད་པའང་བཤད་མ་ཐག་པ་བཞིན་ནོ། །སུ་ཁ་ཆོས་དྲུག་མཁྱེན་རབ་ཆོས་རྗེའི་ཕྱག་ལེན་ལྟར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བི་རཱུ་པ། སུ་ཁ་སིདྡྷི། ཁྱུང་པོ། རྨོག་ཅོག་པ། སྐྱེར་སྒང་པ། གཉན་སྟོན་པ། ཤངས་སྟོན་པ། རིག་པའི་རྡོ་རྗེ། ཞུ་སྟོན་ཚུལ་མགོན། ཆོས་དཔལ་བཟང་པོ། ཞུ་སྟོན་ཚུལ་རྒྱན། མཁྱེན་རབ་རྗེ། གཞོན་ནུ་ཆོས་གྲུབ། རྗེ་གྲོལ་མཆོག་མན་འདྲ། ཡང་ན་མཁྱེན་རབ་རྗེ་ནས། རྗེ་རྡོ་རིང་པ། གྲོལ་མཆོག་མན་འདྲ། ༨༡ ལྟེ་བ་སྤྲུལ་འཁོར་ཞེས་པ་བདག་མེད་མའི་ནང་ཁྲིད་ཁྱུང་པོའི་ཡིག་རྙིང་ལྟར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། སུ་ཁ་སིདྡྷི། ཨཱརྻ་དེ་ཝ། ཁྱུང་པོ་རྣལ་འབྱོར་མན་ནི་གུ་དང་འདྲ། ༨༢ ལྷན་ཅིག་སྐྱེས་སྦྱོར་རྒྱལ་སྲས་ཐོགས་མེད་པའི་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ། ནཱ་རོ། མར་པ། མིད་ལ། དྭགས་པོ་པ། ཕག་མོ་གྲུབ་པ། གླིང་རས། རྒྱ་རས། རྒོད་ཚང་པ། ཡང་དགོན་པ། སྤྱན་སྔ་རིགས་ལྡན། ཟུར་ཕུག་པ། ཤེར་འབུམ་པ། རྒྱལ་སྲས་ཐོགས་མེད་པ། གཉན་རས། རྒྱལ་དབང་རྗེ། ར་ལུང་པ་ངག་དབང་ཆོས་རྒྱལ། རྗེ་གྲོལ་མཆོག་མན་འདྲ། ༨༣ ལྔ་ལྡན་ཆོས་རྗེ་བླ་མ་དམ་པའི་ཡི་གེ་ལྟར་གྱི་བརྒྱུད་པ་ནི། ཕག་གྲུ་ཡན་གོང་ལྟར་ལས། འབྲི་ཁུང་སྐྱུ་ར། དབོན་བསོད་གྲགས།གཅུང་རྡོར་གྲགས། ཐོག་ཁ་བ། མཚམས་བཅད་པ། བཅུ་གཉིས་པ། ཉེར་བརྒྱད་པ། སྨན་པ་སྒོམ་ཆེན། ལབ་ཕྱི་བ། འདུལ་འཛིན་བ། སྟག་ལུང་ངག་དབང་གྲགས་པ། པཎ་ཆེན་ཤཱཀ་མཆོག གཞོན་ནུ་ཆོས་གྲུབ། རྗེ་གྲོལ་མཆོག་མན་འདྲ། ༨༤ ཕྱག་ཆེན་ཡི་གེ་བཞི་པ་གཡག་སྡེ་པཎ་ཆེན་ལུགས་ཀྱི་བརྒྱུད་པ་ནི།རྡོ་རྗེ་འཆང༌། རྡོ་རྗེ་སྙིང་པོ། ཏཻ་ལོ་ནས་ཕག་གྲུའི་བར་འདྲ་བ་ལས། སྐྱེར་སྒོམ་ཞིག་པོ། གཞོན་ནུ་འོད། ཆོས་སྐུ་འོད། ཐུགས་རྗེ་བརྩོན་འགྲུས། རྒྱལ་བ་ཡེ་ཤེས། བློ་གྲོས་བཟང་པོ། སྨན་སྒོམ་པ་མན་སྔར་ལྟར་རོ། ༨༥ །སྐུ་གསུམ་ངོ་སྤྲོད་རང་བྱུང་རྡོ་རྗེའི་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བློ་གྲོས་རིན་ཆེན།ཤ་ཝ་རི། མཻ་ཏྲི་པ། ཏི་ཕུ་པ།«་་་་་འདི་གཉིས་དག་སྣང་དུ་མཇལ་ན་མ་གཏོགས་དངོས་སུ་མ་མཇལ་བ་འདྲ།་་་་་»ཀརྨ་པཀྴི། ཨོ་རྒྱན་པ་རིན་ཆེན་དཔལ། རྗེ་རང་བྱུང་བ། སྔགས་འཆང་གཡུང་སྟོན། རོལ་པའི་རྡོ་རྗེ། མཁའ་སྤྱོད་པ། དེ་བཞིན་གཤེགས་པ།«་་་་་འདི་གཉིས་སྐུ་སྐྱེ་གོང་འོག་ཡིན་པས་བར་འདིར་བླ་མ་ཞིག་འཆད་དམ།་་་་་»མཐོང་བ་དོན་ལྡན། བན་དཀར་འཇམ་བཟང༌། ཆོས་གྲགས་རྒྱ་མཚོ། ཐམས་ཅད་མཁྱེན་པ་ཕྲིན་ལས་ཞབས། རྗེ་གྲོལ་མཆོག་མན་འདྲ།༨༦ རླུང་སེམས་གཉིས་མེད་སྤྱན་སྔ་ལྷ་གཟིགས་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕག་མོ། ནཱ་རོ་པ་ནས། རོལ་པའི་རྡོ་རྗེའི་བར་ནཱ་རོ་ཆོས་དྲུག་ལྟར་ལས། གུ་ཤྲཱི་ཀུན་བློ། ཡོར་པ་ཡེ་དཔལ། མཚུར་ཕུ་འཇམ་དབྱངས་པ། སྐྱབས་ཆེ་བ། ཏྲེ་བོ་ཆོས་རྒྱམ། གྲོལ་མཆོག་མན་འདྲ། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*