དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་གཉིས་པའི་ནང༌།

གཉིས་པའི་འགོར། བཀའ་«༼༩༽»དྲིན་ཅན་གྱི་བླ་མ་དང༌། །ཞེས་ཡོད་པ། ཡེ་ཤེས་རྡོ་རྗེ་ལ་གནང་བའི་ཉམས་«༼༩༽༼༢༤༽»དབྱངས་འགོར། ན་མོ་གུ་ར་ཝེ། དུས་གསུམ་གྱི་བླ་མ་ཐམས་ཅད་ལ་ཞེས་པ་དང༌། བླ་མེད་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག་གི་མཐའ་ཅན། ཁམས་བདེ་དྲི་བའི་ཉམས་«༼༩༽༼༢༤༽»དབྱངས་འགོར། རྗེ་བླ་མ་རྣམས་ཀྱི་ཞབས་ལ་འདུད། །ཅེས་ཡོད་པ་དང༌། ཨེ་མའོ་འགྲོ་བ་ཉོན་རེ་མོངས། ཞེས་པའི་མཐའ་ཅན། ཡང༌། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །ཞེས་པའི་མན་ངག་ཡེ་ཤེས་རྡོ་རྗེ་ལ་གནང་བ་ཅིག་དང༌། བདག་དམ་པའི་ལྷ་ཆོས་བྱེད་པ་ལ། ཞེས་ཡོད་པ་ཅིག གནས་བསྟོད་ཀྱི་ཉམས་དབྱངས་འགོར་དུས་གསུམ་གྱི་བླ་མ་དམ་པ་ཞེས་པ་དང༌། གླུ་མགུར་གྱི་རྟ་ལ་བསྐྱོན་ལ་ལོང༌། ཨི་ཐིའི་མཐའ་ཅན། རྨི་ལམ་«༼༩༽»ཉམས་ལེན་བརྒྱད་ཀྱི་ཉམས་དབྱངས་འགོར། གྲོང་དང་གནས་གཞི་ཚོང་དུས་གསུམ། །ཞེས་དང༌། རྨི་ལམ་ཉམས་«༼༩༽»ལེན་བརྒྱད་ཀྱི་དབྱངས་ཨི་ཐིའི་མཐའ་ཅན།གཉེན་པོ་བསྟེན་«༼༩༽»ཚུལ་གྱི་ཉམས་དབྱངས་འགོར། སེམས་ཀྱི་རང་སོ་མ་ཚུགས་པས། །ཞེས་པ་དང༌། སེམས་གཉེན་པོ་བསྟེན་ནས་བླངས་པ་ཡིན་གྱི་མཐའ་ཅན། སེམས་འདུལ་«༼༩༽»ཚུལ་གྱི་ཉམས་དབྱངས་འགོར། མངོན་ཤེས་མིག་བྲལ་བདག་ནི་ལས་མང་ཞིང༌། །ཞེས་དང༌། ཏིང་འཛིན་སྐྱོན་ཅན་ཀློང་དུ་འགྲོ་མི་བྱའི་མཐའ་ཅན། སྒྲུབ་པ་ཉམས་«༼༩༽»སུ་ལེན་ཚུལ་འཚལ་བ་བརྒྱད་ཡོད་པ། གསང་སྔགས་ནང་པའི་ཉམས་ལེན་འཚལ་བ་བཅུ་ཡོད་པ། རང་གིས་རང་ལ་བསྐུལ་བ་འགོར། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདག་ནི་ཉོན་མོངས་ཀྱིས་བཟུང་འཁོར་བའི་ཆོས་ལ་དད། །ཅེས་ཡོད་པ།ཉམས་«༼༩༽༼༢༤༽»དབྱངས་ཆེན་མོ་འགོར། ན་མོ་གུ་རུ་བྷ་དྲཱ་ཡ། ཡོན་ཏན་མཐའ་དག་རྒྱུད་ལ་སྦྱོར་མཛད་པའི། །ཞེས་ཡོད་པ། འདི་རྡོ་རྗེ་འཆང་གི་དཀར་ཆག་ཏུ་གླིང་རས་ཀྱི་ཟུར་ཟ་ཆེན་མོ་ལ་བཅོས་ནས་གཞན་ཞིག་གིས་བྱས་པ་ཡིན་ནམ་ཞེས་བདག་གི་བླ་མ་གསུང་ངོ་ཞེས་ཐེ་ཚོམ་ཅན་དུ་བཞེད། གསོ་དཔྱད་«༼༩༽༼༢༤༽»རྒྱལ་པོའི་དཀོར་མཛོད་ཅེས་གྲགས་པ་ཡན་ལག་བརྒྱད་པའི་མན་ངག་འཕགས་པ་ཀླུ་སྒྲུབ་ནས་ལོ་ཙཱ་བ་རིན་ཆེན་བཟང་པོའི་བར་རིམ་པར་བརྒྱུད་དེ། བླ་མ་མལ་ལོ་ཙཱ་བ་ཆེན་པོ་ལ་བྱུང་བའི་གདམས་ངག་རྣམས་རྗེ་ས་ཆེན། རྗེ་བཙུན་ཆེན་པོ། བླ་མ་དཔལ་ཆེན་འོད་པོ་རྣམས་ཀྱིས་གདམས་ངག་འཐོར་བུ་མཛད་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ།«་་་་་ཡན་ལག་བརྒྱད་པའི་མན་ངག་ཀླུ་སྒྲུབ་ནས་ལོ་ཆེན་རིན་ཆེན་བཟང་པོར་བརྒྱུད་དེ་བླ་མ་མལ་ལས་བྱུང་བའི་གདམས་ངག་ཡིན་ཞིང་མཁན་ཆེན་ཤེས་རབ་རྡོ་རྗེ་ནས་བརྒྱུད་པའི་ལུང་ཡོད། »དང་པོ་འདུ་བ་སྤྱིའི་རྣམ་གཞག་ནས་མཐར་མགོ་བཅོས་ཀྱི་བར་གྱི་སྨན་དཔྱད་འཐོར་དཔྱད་སོགས་རྟེན་འབྲེལ་གྱི་གདམས་ངག་མང་པོ་རྣམས་བཞུགས་སོ།།    །།བཞི་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཆེན་པོ་འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་བའི་ཞབས་ཀྱི་གསུང་རབ་ལ་ཐུབ་པའི་དགོངས་«༼༩༽༼༢༤༽»པ་རབ་ཏུ་གསལ་བ་ཞེས་བྱ་བའི་བསྟན་བཅོས་འགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། ལེགས་པར་«༼༩༽༼༢༤༽»བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས་འགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། གཞུང་ལུགས་ལེགས་པར་བཤད་པ་འགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། རོལ་མོའི་བསྟན་«༼༩༽༼༢༤༽»བཅོས་འགོར་ཚིག་དེ་ཉིད་ཡོད་པ། བློ་གསལ་«༼༩༽༼༢༤༽»ཞིང་དོན་དུ་གཉེར་བའི་སྐྱེས་བུ་རྣམས་ལ་ཇི་ལྟར་དྲི་བའི་ཚུལ་འགའ་ཞིག་བརྩམ་འཕྲོ་ལ་བཞག་པ་འགོར་སྭ་སྟི། དཔལ་ལྡན་ས་སྐྱ་པཎྜི་ཏས། ཞེས་པ་དང༌། དེ་ལྟར་ཚིག་གིས་ང་ལ་དྲིས། །ཞེས་པའི་མཐའ་ཅན། མཁས་«༼༩༽༼༢༤༽»པ་འཇུག་པའི་སྒོ་འགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། སྒྲ་ལ་འཇུག་«༼༩༽༼༢༤༽»པ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདེན་པ་བརྙེས་པ་འཕགས་པ་རྒྱ་མཚོའི་འཁོར། །ཞེས་ཡོད་པ། སྨྲ་སྒོའི་ས་«༼༩༽༼༢༤༽»བཅད་འགོར། འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །སྨྲ་བའི་སྒོ་ལ་དོན་གསུམ་སྟེ་ཞེས་ཡོད་པ། བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་བཤད་བྱིས་པ་«༼༩༽༼༢༤༽»ལ་ཕན་པ་འགོར། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་དང༌། བསྟན་བཅོས་ཀྱི་མིང་དེ་ཉིད་ཡོད་པ། ཡི་གེའི་སྦྱོར་བ་«༼༩༽༼༢༤༽»འགོར། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །ཞེས་ཡོད་པ། རྣམ་པར་གཅད་བྱ་ཇི་ལྟར་སྦྱོར་ཚུལ་འགོར།བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་གཅད་པའི་ཡི་གེའི་ཚུལ་ཅུང་ཟད་བརྗོད་ན་ཞེས་ཡོད་པ། སྔགས་ཀྱི་བཀླག་ཐབས་འབྲས་བུ་འབྱུང་བའི་མེ་ཏོག་འགོར། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རིག་སྔགས་ལོག་པར་བཟླས་གྱུར་ན། །ཞེས་ཡོད་པ། སྒྲ་ཉེ་བར་བསྡུས་«༼༩༽༼༢༤༽»པའི་ཚིགས་སུ་བཅད་པ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བཟླས་བརྗོད་འདྲི་དང་ཀློག་སོགས་ལ། །ཞེས་ཡོད་པ། ཚིག་གི་གཏོར་«༼༩༽༼༢༤༽»འགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། སྡེབ་སྦྱོར་སྣ་«༼༩༽༼༢༤༽»ཚོགས་མེ་ཏོག་གི་ཆུན་པོ་ཞེས་བྱ་བའི་བསྟན་བཅོས་འགོར་ཚིག་དེ་ཉིད་ཡོད་པ། བདེ་བར་གཤེགས་པའི་ཐུགས་«༼༩༽༼༢༤༽»རྗེ་ལ་བསྐུལ་བ་འགོར་ཚིག་དེ་ཉིད་ཡོད་པ། བླ་མ་རྗེ་བཙུན་ཆེན་པོའི་«༼༩༽༼༢༤༽»རྣམ་ཐར་ཐུན་མོང་དུ་གྲགས་པ་འགོར་དཔལ་ཆོས་ཀྱི་རྗེ་ཁམས་གསུམ་གྱི་མགོན་པོ་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཞེས་ཡོད་པ། ང་བརྒྱད་མ་རྩ་«༼༩༽༼༢༤༽»འགྲེལ་འགོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྒྲ་པ་ང་ཡིན་ཞེས་དང༌། བཤད་པ་འདི་ལ་འགལ་བ་ཅི་མཆིས་པ། །དེ་ནི་མཁས་པའི་ཚོགས་ལ་བཟོད་པར་གསོལ་གྱི་མཐའ་ཅན། ཚད་མ་རིགས་པའི་གཏེར་རྩ་བ་«༼༩༽༼༢༤༽»དང་འགྲེལ་པ་གཉིས། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་«༼༩༽༼༢༤༽»འགོར། བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་རྒྱས་པ་ཞེས་ཡོད་པ། དེའི་ལུང་«༼༩༽༼༢༤༽»སྦྱོར་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །ཞེས་ཡོད་པ། གཉན་ཕུག་ཆུང་བས་མཛད་པའི་ལཱུ་ཧི་པའི་འབྲུ་«༼༩༽»འབུམ་འདི་དཔེ་སྔ་མ་རྣམས་སུ་ས་ཆེན་གྱི་སྐབས་ན་བྲིས་འདུག་ཀྱང་འདིར་གླེགས་བམ་ཁ་ལོངས་པའི་ཆེད་དུ་བྲིས། བསྟན་བཅོས་སྡོམ་པ་«༼༩༽༼༢༤༽»གསུམ་གྱི་རབ་ཏུ་དབྱེ་བ་འགོར་ཚིག་དེ་ཉིད་ཡོད་པ། འཇམ་«༼༩༽༼༢༤༽»པའི་རྡོ་རྗེ་ལ་མཆོད་པ་བརྗོད་པའི་ཚུལ་གྱིས་བསྟོད་པ་འགོར། བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་བློ་གྲོས་དྷཱིཿལས་བྱུང༌། །ཞེས་ཡོད་པ་ཅན། རྗེ་བཙུན་ཆེན་པོ་ལ་བསྟོད་པ་«༼༩༽༼༢༤༽»འགོར། སྲིད་པའི་འཁྲི་ཤིང་དྲྭ་བ་དྲལ་མཛད་ཅིང༌། །ཞེས་ཡོད་པ། བི་རཱུ་པ་ལ་«༼༩༽༼༢༤༽»བསྟོད་པ། དད་པའི་ཆུ་ལས་ཚིག་གི་མེ་ཏོག་འདི། །ཞེས་ཡོད་པ། བདེ་མཆོག་བརྒྱུད་«༼༩༽༼༢༤༽»པའི་གསོལ་འདེབས་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་སྐྱེ་དང་འཇིག་པ་དག །ཅེས་ཡོད་པ།འདིའི་བར་སྐབས་སུ་ཁ་སྐོང་ཤླཽ་ཀ་གཉིས་འདི་བླ་མ་ཕྱི་མ་ཞིག་གིས་མཛད་པར་བསམས་ནས་ཡིག་ཆུང་བྱས་བྲིས་ཡོད། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་«༼༩༽༼༢༤༽»དཔའ་རྣམས་ལ་ཞུ་བའི་ཕྲིན་ཡིག་འགོར་ཚིག་དེ་ཉིད་ཡོད་པ། སྐྱེས་བུ་དམ་པ་རྣམས་«༼༩༽༼༢༤༽»ལ་སྤྲིང་བའི་ཡི་གེ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བརྩེ་བས་ལེགས་པའི་ལམ་ལ་སྦྱོར། །ཞེས་ཡོད་པ། ལུང་རིགས་རྣམ་དག་དང་མཐུན་པར་འཆད་«༼༩༽༼༢༤༽»དགོས་ཚུལ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་སྤྱི་བོས་ཕྱག་འཚལ་ལོ། །མཁས་པ་རྣམས་ལས་སྡེ་སྣོད་མང་ཐོས་ཤིང༌། །ཞེས་དང༌། གཟུ་བོའི་བློ་ཡིས་དཔྱད་པར་ཞུའི་མཐའ་ཅན། རྟོགས་ལྡན་«༼༩༽»རྒྱན་པོའི་དྲིས་ལན་འགོར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཞེས་ཡོད་པ། རྣེལ་ཕུ་བའི་ཞུས་ལན་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དམ་པའི་དོན་དུ་ཆོས་རྣམས་ཀུན། །ཞེས་པ་དང༌། མདོར་བསྡུས་པ་འདི་ལེགས་པར་དགོངས་ཀྱི་མཐའ་ཅན། དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་ན་འདིའི་ཚབ་ཏུ་རྟོགས་«༼༩༽»ལྡན་ཞིག་གི་དྲིས་ལན་གསུངས་པ་འདི་ཡིན་ནམ་སྙམ་ནས་བཞག་པ་ལས་ངེས་པ་མ་བྱུང༌། ཞང་ལོ་ཙཱ་བ་ལ་གདམས་«༼༩༽༼༢༤༽»པ་ཚིགས་སུ་བཅད་པ་བཅུ་གསུམ་པ་འགོར། ན་མཿཤྲཱི་མཉྫུ་གྷོ་ཥཱ་ཡ། རྣམ་དག་ཡིད་ཀྱི་ཆུ་གཙང་ལས་འཁྲུངས་པའི། །ཞེས་ཡོད་པ། བསྟན་པ་ལ་དགའ་བའི་ལྷ་«༼༩༽༼༢༤༽»རྣམས་ལ་སྤྲིང་བ་འགོར་ཚིག་དེ་ཉིད་ཡོད་པ། ཡང་ཚིགས་སུ་བཅད་པ་གོང་འོག་གཉིས། སྨྲས་པ«༼༩༽༼༢༤༽» ཅུང་ཟད་དབེན་ན་ཞེས་དང༌། བརྒྱ་ཚར་མཉན་པས་ཞེས་ཡོད་པའི་དབུ་ཅན། མི་ཉག་གི་རྒྱལ་ཁམས་སུ་བདེ་ཆེན་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་གཉུག་མར་གནས་པའི་མཁན་སློབ་དགེ་འདུན་«༼༩༽༼༢༤༽»རྣམས་ལ་གནང་བའི་ཡི་གེ་འགོར། ཨོཾ་སྭ་སྟི་སིདྡྷཾ། མི་ཉག་གི་རྒྱལ་ཁམས་ན་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་ཡོད་པ། ཉི་མ་«༼༩༽༼༢༤༽»ལ་སྤྲིང་བ་འགོར་ཨོཾ་སྭ་སྟི་སིདྡྷཾ། དཔལ་ལྡན་ས་སྐྱ་པཎྜི་ཏས་ཞེས་ཡོད་པ། ཤོ་དགོན་པ་འགྲོ་མགོན་རིན་ཆེན་ལ་སྤྲིང་བ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདེན་པར་སྨྲ་བ་འཕགས་པ་རྒྱ་མཚོའི་འཁོར། །ཞེས་པ་དང༌། ཤོ་དགོན་དགེ་འདུན་རྣམས་ལ་སྤྲིང་བ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བསོད་ནམས་ཆུ་གཏེར་ཡོན་ཏན་པདྨོའི་ཚལ། །ཞེས་པ་དང༌། སྡེ་དགོན་ཡོན་མཆོད་རྣམས་ཀྱི་ཕྱག་ཏུ་ཕུལ་གྱི་མཐའ་ཅན། ལམ་ཟབ་མོ་བླ་མའི་«༼༩༽༼༢༤༽»རྣལ་འབྱོར་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་གིས་བསྐལ་པ་དུ་མར་དཀའ་སྤྱད་པ། །ཞེས་ཡོད་པ།བླ་མའི་རྣལ་འབྱོར་གུ་ཤི་ཇོ་འབུམ་«༼༩༽༼༢༤༽»གྱི་དོན་དུ་མཛད་པ་འགོར། ན་མོ་གུ་རུ་བྷ་དྲཱ་ཡ། སྤྱིར་འོ་སྐོལ་རྡོ་རྗེ་ཐེག་པའི་སྒོར་ཞུགས་པ་རྣམས་ཞེས་ཡོད་པ། སྒྲུབ་པ་ལུང་«༼༩༽༼༢༤༽»འབོགས་འགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྒྲུབ་པ་ལུང་འབོགས་པའི་ཞེས་དང༌། མཇུག་ཏུ། དབང་རྫོགས་ནས་གདམས་ངག་སྦྱིན། དེ་རྫོགས་ནས་ལུང་སྦྱིན། དེ་བྱིན་ནས་རྒྱས་གདབ་བོ། །ཞེས་ཡོད་པ། སྒྲུབ་«༼༩༽༼༢༤༽»པ་ལུང་སྦྱིན་འགོར། བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པའི་ཞེས་ཡོད་པ། རྟེན་འབྲེལ་«༼༩༽༼༢༤༽»ལྔའི་ཡི་གེ་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལྔས་ལམ་ཡོངས་སུ་རྫོགས་པ་ཞེས་ཡོད་པ། ལམ་«༼༩༽༼༢༤༽»སྦས་བཤད་འགོར། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །ས་བདུན་པ་ཡན་ཆད་འཁོར་བཞིའི་རྒྱ་ཞེས་པ་དང༌། ཡི་གེ་སྔ་མར་གསལ་བས་འདིར་མ་བྲིས་སོ་མཱཔྟའི་མཐའ་ཅན། གྲུབ་ཆེན་བཅུའི་མན་ངག་འགོར། ན་མོ་བི་རཱུ་པཱ་ཡ། རྡོ་རྗེ་ལྕེ་ཡི་སྦྱོར་བ་ཞེས་སོགས་ཀྱིས་མདོར་བསྟན་ནས། བླ་ཆེན་ལ་ངོ་མཚར་བའི་གཏམ་མང་དུ་ཡོད་པ་ཞེས་པའི་རྟོགས་བརྗོད་མདོར་བསྡུས་བཅས་ཡོད་པ། རྒྱས་པར་བཤད་པ་ལ་ཐུན་མོང་གི་དངོས་གྲུབ་ལ་དང་པོར་ཚེ་སྒྲུབ་པ་ན་ས་བཅུ་པ་རང་གཞན་ཕྱི་མར་གར་སྐྱེ་བརྟག་པའི་བར་གྱི་གནད་བཅུ་ཅུང་ཟད་ཞལ་ལས་ཤེས་པར་བྱའོའི་མཐའ་ཅན། ཕྲ་མོ་བརྒྱད་ཀྱི་མན་ངག་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་དང༌།ཕྲ་མོ་བརྒྱད་ལས་དང་པོ་གཟའ་རིགས་བསྲུང་བ་ནས་བརྒྱད་པ་དགེ་མི་དགེའི་ལྟས་བརྟག་པའི་བར་གྱི་ལས་ཕྲན་ཚེགས་བརྒྱད་དང་བཅས་པ། དཔལ་ལྡན་ས་སྐྱ་པཎྜི་ཏའི་ཐུན་མོང་མ་ཡིན་པའི་གདམས་ངག་གོའི་མཐའ་ཅན། ཕྱི་ནང་གསང་«༼༩༽༼༢༤༽»གསུམ་གྱི་མཎྜལ་འབུལ་ཆོག་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཎྜལ་འབུལ་བར་འདོད་པས་ཞེས་ཡོད་པ། ཨཥྚའི་གཞི་«༼༩༽༼༢༤༽»བཤད་སྙིང་པོ་དོན་གསལ་འགོར། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །ཨནྡ་རྙིལ་བཏགས་ཞེས་ཡོད་པ། ཚོགས་ཀྱི་འཁོར་ལོའི་ལག་ཏུ་བླང་བའི་རིམ་«༼༩༽༼༢༤༽»པ་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པའི། །ཞེས་ཡོད་པ། དེ་ལ་དགོས་པའི་རྡོ་རྗེ་གུར་གྱི་«༼༩༽༼༢༤༽»ལུང་སྦྱོར། རྣམ་འཇོམས་རྒྱུད་ཀྱི་བཤད་«༼༩༽༼༢༤༽»པ་བདུད་རྩི་སྤེལ་བ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བཅུ་ཕྲག་བདུན་དང་ལྔ་ཕྲག་གཅིག །ཅེས་ཡོད་པ། ལམ་འབྲས་ཁྲིད་ཀྱི་དཀར་ཆག«་་་་་དཀར་ཆག་འདི་བཀའ་འབུམ་པོ་ཏི་རྣམས་ན་མི་བཞུགས་པས་གསན་ཡིག་རྣམས་སུའང་མ་བྱུང་བས་ལུང་ཡོད་མེད་དཔྱད་བྱར་སྣང་ངོ༌།། »ན་མོ་གུ་ར་ཝེ། མཐུ་སྟོབས་དབང་ཕྱུག་གསུང་གི་རྒྱུན། །ཞེས་ཡོད་པ། ཨ་ར་པ་ཙ་ནའི་སྒྲུབ་«༼༩༽༼༢༤༽»ཐབས་ཀྱི་གསལ་བྱེད་འགོར། བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །འདིའི་བརྒྱུད་པ་ནི་ཞེས་ཡོད་པ། སྒྲོལ་མ་«༼༩༽༼༢༤༽»ལྗང་གུའི་མངོན་རྟོགས་འགོར། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྗེ་བཙུན་མ་སྒྲུབ་པའི་གང་ཟག་གིས་ཞེས་ཡོད་པ། ཀག་ཆོལ་གྱི་རྗེས་གནང་འགོར་ན་མོ་གུ་རུ་བྷྱཿ རྗེ་བཙུན་བླ་མའི་ཞབས་ལ་གུས་བཏུད་ནས། །ཞེས་ཡོད་པ། བ་རི་བའི་གདམས་པ་ཐུན་མོང་མ་ཡིན་པ། ཡང་མན་ངག་བསྡུས་པ་གཅིག་དང་བཅས། གཟའ་ཐམས་ཅད་ཀྱི་«༼༩༽༼༢༤༽»ཡུམ་གྱི་མཆོད་ཆོག་འགོར་ཚིག་དེ་ཉིད་ཡོད་པ། རིགས་དྲུག་གི་མཚན་དོན་དང་ཡེ་ཤེས་བསྲེ་བའི་བཤད་པ་འགོར་ཚངས་པ་ལ་བྲཧྨ་ཞེས་པའི་སྒྲས་ཞེས་ཡོད་པ། རིགས་ཀྱི་རབ་དབྱེའི་བཤད་«༼༩༽༼༢༤༽»སྦྱར་འགོར་ཚིག་དེ་ཉིད་ཡོད་པ། སྒྲ་སྒྲུབ་དུམ་བུ་«༼༩༽»དགུ་པ་ནི་དཱ་ན་ཞེས་པའི་སྒྲ་ལས་དྲངས་ན་ཞེས་པའི་དབུ་ཅན། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་བཤད་«༼༩༽༼༢༤༽»པ་འགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། བདག་མེད་ལྷ་མོ་བཅོ་ལྔའི་བསྟོད་པ་དྲི་མ་མེད་པའི་རྒྱན་གྱི་འགྲེལ་པ་«༼༩༽༼༢༤༽»འགོར་དྲི་མ་མེད་པའི་རྒྱན་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ་ཞེས་ཡོད་པ། ཟུང་འཇུག་གསལ་བའི་ས་«༼༩༽༼༢༤༽»བཅད་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སློབ་དཔོན་སྒྲ་གཅན་འཛིན་གྱིས་མཛད་པའི་ཟུང་དུ་འཇུག་པའི་དཀྱིལ་འཁོར་གྱི་ཞེས་ཡོད་པ། བླ་མ་ལ་«༼༩༽༼༢༤༽»ཐུན་མོང་བའི་སྒོ་ནས་གསོལ་བ་འདེབས་པ་འགོར། སྐུ་ཡི་སྤྱོད་པ་རྣམ་དག་པ། །ཞེས་ཡོད་པ། ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་འདེབས་«༼༩༽༼༢༤༽»པ་འགོར། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་ཡོད་པ། བོད་ཡུལ་ལ་«༼༩༽༼༢༤༽»བསྔགས་པ་བསྟོད་ཚིག་པདྨོའི་ཕྲེང་བ་འགོར། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ལྷ་མཆོག་རྣམས་ཀྱི་གཙུག་གི་ནོར་བུ་ཡིས། །ཞེས་ཡོད་པ། ཤཱཀྱའི་རྒྱལ་པོ་ལ་གསོལ་བ་«༼༩༽༼༢༤༽»འདེབས་པ་ཚིགས་སུ་བཅད་པ་བཅོ་ལྔ་པ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །གང་ཞིག་བྱང་ཆུབ་ཤིང་དབང་དྲུང་དུ་ཞེས་ཡོད་པ། ཐུབ་པའི་བསྟོད་པ་ཚིག་ལྷུག་པ།«་་་་་འདིར་གསན་ཡིག་ཚོར་བྱུང་ཡང་དཔེ་མ་རྙེད་པས་ལུང་མ་བྱུང༌། »བདེ་བར་གཤེགས་པ་«༼༩༽༼༢༤༽»ཁམས་གསུམ་གྱི་མགོན་པོ་ལ་བསྟོད་པ་ཚིགས་བཅད་དགུ་པ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འགྲོ་བའི་རྩ་ལག་འཕགས་པའི་གཙོ་དང་ལྷ་དབང་གྲུབ་པ་རིག་འཛིན་གྱིས། །ཞེས་ཡོད་པ། འཇིག་རྟེན་དབང་«༼༩༽༼༢༤༽»ཕྱུག་ལ་བསྟོད་པ་ཚིགས་སུ་བཅད་པ་བཅུ་གཅིག་པ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འཇིག་རྟེན་དབང་ཕྱུག་ལྷ་བརྒྱའི་གཙུག་གིས་ཞབས་མཆོད་པ། །ཞེས་ཡོད་པ། ལྷ་སའི་བདེ་བར་གཤེགས་པ་རྣམས་ལ་«༼༩༽༼༢༤༽»བསྔགས་པ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཟླ་བ་ཁ་བ་ཀུནྡ་གངས་རིའི་མདོག །ཅེས་ཡོད་པ། འཇམ་དབྱངས་ཀྱི་བསྟོད་པའི་རྣམ་བཤད་ཡི་གེ་«༼༩༽༼༢༤༽»ཉུང་ངུ་ཞེས་བྱ་བ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བློ་གྲོས་གཙུག་ན་ཡོན་ཏན་ནོར་བུའི་འོད་གསལ་ཞིང༌། །ཞེས་ཡོད་པ། འཇམ་དཔལ་གྱི་ཕྱག་«༼༩༽༼༢༤༽»མཚན་རི་མོའི་ཡི་གེ་འགོར། སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །ཞེས་ཡོད་པ། གངས་རིའི་ཁྲོད་ཀྱི་སྒོམ་«༼༩༽༼༢༤༽»ཆེན་རྣམས་ལ་སྤྲིང་བ་འགོར། གངས་རིའི་ཁྲོད་འདིར་སྒོམ་ཆེན་མང་ཡོད་དེ། །ཞེས་ཡོད་པ། བུ་སློབ་རྣམས་«༼༩༽༼༢༤༽»ལ་སྤྲིང་བ་འགོར། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ས་སྐྱ་པཎྜི་ཏས་ཞེས་ཡོད་པ།གསན་ཡིག་དབང་གི་རྒྱལ་པོར་བོད་ཡུལ་ལ་བསྔགས་པ་ཞེས་བྱུང་བ་འདི་མིན་པ་གཞན་མི་འདུག་པས་ཡིག་སྐྱོན་ཡིན་ནམ་སྙམ། བོད་འབངས་སྤྱི་ལ་གདམས་པ་ཞེས་དཔེ་དངོས་ལ་འདུག བཀའ་གདམས་«༼༩༽༼༢༤༽»དོ་ཀོར་བའི་ཞུ་བ། དོ་ཀོར་བའི་ཞུས་«༼༩༽༼༢༤༽»ལན་འགོར། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སོ་སོར་ཐར་པ་འདུལ་བ་བཞིན། །ཞེས་ཡོད་པ། མུ་སྟེགས་ཀྱི་སྟོན་པ་འཕྲོག་བྱེད་དགའ་བོ་ལ་སོགས་པ་དྲུག་«༼༩༽༼༢༤༽»བཏུལ་བའི་ཚེ་སྦྱར་བའི་ཚིགས་བཅད་འགོར། ཨོཾ་སྭ་སྟི་སིདྡྷཾ། རྒྱ་མཚོའི་གོས་ཅན་ཞེས་པའི་དབུ་ཅན་ཡོན་ཏན་སྒྲོགས་པའི་ཚལ་«༼༩༽༼༢༤༽»ལ་བསྟོད་པ་འགོར། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དོ་ཤལ་ཕྲེང་བ་སིལ་སིལ་སྒྲ་སྒྲོགས་ཤིང༌། །ཞེས་ཡོད་པ། པ་གོར་ཞེས་བྱ་བའི་སྒྲ་ལས་བསྟོད་པ་གསུངས་པ་འདི་ཡིན། རྟ་ནག་རི་ཁུད་ཀྱི་རྔ་བོ་ཆེ་ལ་«༼༩༽༼༢༤༽»བསྔགས་པ་འགོར། ལྷ་དང་ལྷ་དབང་ཀླུ་དབང་མི་ཡི་གཙོ། །ཞེས་ཡོད་པ། དོན་མོ་རི་པའི་གཙུག་ལག་ཁང་དུ་རྗེ་བཙུན་གྱིས་རི་མོ་མཛད་དུས་ཀྱི་ཚིགས་བཅད་གཉིས། དཔལ་གདོང་བཞི་པའི་མགོན་པོ་ལ་བསྟོད་པ་«༼༩༽༼༢༤༽»འགོར། ན་མོ་གུ་ར་ཝེ་དང་ཚིག་དེ་ཉིད་ཡོད་པ། ཐེག་ཆེན་ལམ་གྱི་རྣམ་གཞག་མདོར་བསྡུས་«༼༩༽༼༢༤༽»འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཐུབ་པས་ཆོས་རྣམས་གང་གསུངས་པ། །ཞེས་ཡོད་པ། ཞེན་པ་བཞི་བྲལ་གྱི་གདམས་«༼༩༽»པ་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྤྱིར་དལ་འབྱོར་གྱི་ལུས་ཐོབ་ཅེས་ཡོད་པ། སྣང་བ་«༼༩༽༼༢༤༽»མཐའ་ཡས་ཀྱི་སྒོམ་དོན་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བཟང་སྤྱོད་ནས་འབྱུང་བའི་ཞེས་ཡོད་པ། འཆི་ཁ་མའི་གདམས་«༼༩༽༼༢༤༽»ངག་ངོ་མཚར་ཅན་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དང་པོ་དཀོན་མཆོག་གསུམ་སྐྱབས་འགྲོ། །ཞེས་ཡོད་པ། འཕགས་པ་སྡུད་པ་སོགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འདོན་ཐབས་«༼༩༽༼༢༤༽»འགོར། རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་སྡུད་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འདོད་པར་འདོད་ན་ཞེས་བྱ་བ་ཡོད་པ། ཕུང་པོ་གསུམ་པའི་མདོ་འདོན་«༼༩༽༼༢༤༽»ཐབས། ན་མོ་མཉྫུ་ཤྲཱི་ཡེ། ཕུང་པོ་གསུམ་པའི་མདོ་འདོན་པའི་མན་ངག་ནི་ཞེས་ཡོད་པ། སྤྱོད་པ་«༼༩༽༼༢༤༽»རྣམ་དག་གི་ཚིགས་སུ་བཅད་པ་བཅུ་གཉིས་པ་འགོར་སྤྱོད་པ་རྣམ་པར་དག་པ་ཞེས་ཡོད་པ། སེམས་ཀྱི་གནས་ལུགས་རྣལ་དུ་མཚོན་པར་བྱེད་པའི་མན་«༼༩༽༼༢༤༽»ངག་ཚིགས་སུ་བཅད་པ་བརྒྱད་པ་འགོར་ཚིག་དེ་ཉིད་ཡོད་པ།ཆགས་ལོའི་ཞུ་བ་«༼༩༽༼༢༤༽»འགོར། ཨོཾ་སྭ་སྟི་སིདྡྷཾ། སྡོམ་པ་གསུམ་ལྡན་རིག་པའི་གནས་ལྔ་ཐུགས་སུ་ཆུད་པ་ཞེས་ཡོད་པ། དེའི་ཞུས་«༼༩༽༼༢༤༽»ལན་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདེ་བྱེད་ཆུར་ཉལ་རང་བྱུང་མེ་ཏོག་མདའ། །ཞེས་ཡོད་པ། གློ་བོ་ལོ་ཙཱ་བ་ཤེས་«༼༩༽༼༢༤༽»རབ་རིན་ཆེན་ལ་སྤྲིང་བ་འགོར། ཨོཾ་སྭ་སྟི་སིདྡྷཾ། དཔལ་ས་སྐྱའི་དགོན་པ་ནས་ཞེས་ཡོད་པ། བཀའ་གདམས་པ་ནམ་«༼༩༽༼༢༤༽»མཁའ་འབུམ་གྱི་དྲིས་ལན་འགོར། ཨོཾ་སྭ་སྟི་སིདྡྷཾ། དཔལ་ལྡན་ས་སྐྱ་པཎྜི་ཏས་དགེ་བའི་བཤེས་གཉེན་སྒྲུབ་པ་རྩེ་གཅིག་ཏུ་མཛད་ཅིང་ཐུགས་དགོངས་རྣམ་པར་དག་པ་ཞེས་ཡོད་པ། སྟོན་པ་བློ་གྲོས་«༼༩༽༼༢༤༽»རབ་གསལ་གྱི་དྲིས་ལན་འགོར་ཚིག་དེ་ཉིད་ཡོད་པ། གསན་ཡིག་རྣམས་སུ་འདིར་གུར་སྟོན་ཞུས་ལན་དང༌། བཀའ་གདམས་པ་ནམ་མཁའ་འབུམ་གྱི་དྲིས་ལན་འགོར། དགེ་བའི་བཤེས་གཉེན་སྒྲུབ་པ་རྩེ་གཅིག་ཏུ་མཛད་པ་ཞེས་ཡོད་«་་་་་འདི་གཉིས་དཔེ་མ་རྙེད་པས་ལུང་མ་བྱུང༌། »པ། སྙེ་མོ་སྒོམ་ཆེན་གྱི་དྲིས་ལན་«༼༩༽༼༢༤༽»འགོར། བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །དཔལ་ལྡན་ས་སྐྱ་པཎྜི་ཏས་དད་པ་དང་འདུན་པ་དང་ལྡན་ཞིང་ཞེས་ཡོད་པ། རྣལ་འབྱོར་པ་«༼༩༽༼༢༤༽»ཕྲུ་མའི་དྲིས་ལན་འགོར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཧོར་ཡུལ་དུ་ཆག་ཕེབས་པའི་མདོ་སྨད་ཀྱི་ལམ་ཁར་ཞེས་ཡོད་པ། བསྔོ་བ་ཡོན་བཤད་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་དགྲ་རྒྱལ་ཆོས་ཀྱི་རྒྱལ་པོ་ཡི། །ཞེས་ཡོད་པ། བདེ་མཆོག་ལྷན་སྐྱེས་ཀྱི་བྱིན་རླབས་རས་པ་ཤེས་རབ་འོད་ཀྱི་དོན་དུ་མཛད་པ་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བདེ་མཆོག་འཁོར་ལོ་ལྷན་ཅིག་སྐྱེས་«་་་་་འདི་གཉིས་གསན་ཡིག་རྣམས་སུ་མ་བྱུང་བས་ལུང་མེད། »པ་ཡི། །ཞེས་ཡོད་པ། རླུང་«་་་་་འདི་གཉིས་གསན་ཡིག་རྣམས་སུ་མ་བྱུང་བས་ལུང་མེད། »གི་རྟེན་འབྲེལ་འགོར།བླ་མ་དམ་པའི་ཞབས་པད་ལ་བཏུད་དེ། །རླུང་གི་རྟེན་འབྲེལ་ཞེས་ཡོད་པ། མནལ་ལམ་ཚིགས་བཅད་མ་འགོར། སྐྱེ་བ་སྐྱེ་བ་མེད་པའི་ཚུལ་རྟོགས་ཀྱང༌། །ཞེས་ཡོད་པ། དབང་གི་རྒྱལ་པོའི་སྦྱིན་སྲེག་«༼༩༽༼༢༤༽»འགོར། གསུམ་པ་མཇུག་གི་སྦྱིན་སྲེག་བྱ་བའི་ཞེས་ཡོད་པ། དམེ་བརྩེགས་ཀྱི་སྒྲུབ་ཐབས་འགོར། ན་མོ་གུ་རུ་བྷྱཿ ཁྲོ་བོ་སྟོབས་པོ་ཆེ་སྒྲུབ་པར་འདོད་པས་ཞེས་བྱ་བ་ཡོད་པ། ལུས་ཀྱི་ཟག་པ་སྦྱིན་པ་གཏོང་བའི་གཟུངས་འགོར། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་གི་མིང་དེ་ཉིད་དང་བ་རི་ལོ་ཙཱ་བས་བསྒྱུར་བ། རང་གིས་རང་ལ་གྲོས་འདེབས་འགོར། །ཡོན་ཏན་རིན་ཆེན་དཔལ་གྱིས་ལྷམ་མེ་བ། །ཞེས་ཡོད་པ། «༼༩༽༼༢༤༽»དུག་བཅོས་འགོར། ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྦྱོར་བ་དང་པོ་འདིས་ཞེས་པ་དང༌།ཡང་དུག་གློ་བུར་བ་ཞེས་པ་གཉིས། སྒྲའི་བསྟན་བཅོས་མཁས་པའི་ཁ་«༼༩༽༼༢༤༽»རྒྱན་འགོར་ཨོཾ་སྭ་སྟི་སིདྡྷཾ་དང༌། ཚིག་དེ་ཉིད་ཡོད་པ། འདིར་ལེགས་པར་བཤད་པ་གཞོན་ནུའི་མགུལ་རྒྱན་ཞེས་བྱ་བ་དང༌། ལེགས་བཤད་འཕྲུལ་གྱི་དྲྭ་བ་«་་་་་འདིར་བཀའ་འབུམ་རྣམས་སུ་ལེགས་བཤད་གཞོན་ནུའི་མགུལ་རྒྱན་ཞེས་པ་དང་འཕྲུལ་གྱི་དྲྭ་བ་ཞེསཔ་་གཉིས་བྱུང་ཡང༌། སྔ་མ་ནི་ས་པཎ་གསུང་ཡིན་པར་རིན་སྤུངས་ས་སྤྱོད་རིན་པོ་ཆེས་གསུངས་པ་དང༌། ཕྱི་མ་འདི་ས་པཎ་གྱི་གསུང་ཡིན་མིན་ཐེ་ཚོམ་གྱི་གཞིར་སྣང་ཡང་གསན་ཡིག་རྣམས་སུ་མི་འབྱུང་བས་གཉིས་ཀ་ལ་ལུང་མེད་དོ།། »འགོར། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པས་བདག་རྒྱུད་བྱིན་གྱིས་བརླབས་པ་ཡིས། །ཞེས་བྱ་བ་ཡོད་པ་རྣམས་སོ། །རྗེ་བཙུན་རིན་པོ་ཆེས་མཛད་པའི་ཀྱེ་རྡོ་རྗེའི་རྒྱུད་བརྟག་གཉིས་ཀྱི་ས་བཅད་སྣ་«༼༩༽»བསྲིང་བ་ཞེས་པ་དཔེ་མ་འབྱོར་བས་ལུང་མ་བྱུང༌། ཕྱག་རྒྱ་ཆེན་པོ་ཡན་ལག་བདུན་ལྡན་གྱི་རྩ་«༼༩༽»བ་འགོར། ཆོས་ཀུན་ཉེ་བར་ཞི་བ་ཅན་ཞེས་ཡོད་པ་རྣམས་སོ།།    །།ལྔ་པ་ཁམས་གསུམ་འགྲོ་བའི་མགོན་པོ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་པའི་ཞལ་སྔ་ནས་ཀྱི་གསུང་རབ་ལ་ཤེས་བྱ་རབ་ཏུ་གསལ་«༼༩༽»བ་འགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། ལམ་འབྲས་བརྒྱུད་པའི་ཕྱག་«༼༩༽༼༢༤༽»མཆོད་མི་འཕྲོགས་མ། རྒྱུད་འགྲེལ་གྱི་བརྒྱུད་པའི་གསོལ་འདེབས་«༼༩༽༼༢༤༽»འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་ཀུན་ཏུ་མཉམ་སྦྱོར་ཞིང༌། །ཞེས་ཡོད་པ། རྡོ་རྗེ་འཆང་གི་བརྟག་གཉིས་ཀྱི་འགྲེལ་པ་ཀུ་མུ་ཏི་དང་བཅས་པའི་གསོལ་འདེབས་གསུངས་པ་འདི་ཡིན་ནོ། །བ་རི་བའི་ཆོས་སྐོར་གྱི་བརྒྱུད་འདེབས་«༼༩༽༼༢༤༽»འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཞེས་ཡོད་པ། འཇིགས་བྱེད་«༼༩༽༼༢༤༽»བརྒྱུད་པའི་གསོལ་འདེབས་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་སངས་རྒྱས་ཀུན་རང་བཞིན། །ཞེས་ཡོད་པ། བླ་མ་བརྒྱུད་པའི་མཚན་«༼༩༽༼༢༤༽»འབུམ་སཾ་སྐྲྀ་ཏའི་སྐད་ཅན། བླ་མ་དམ་པ་ལ་གསོལ་བ་འདེབས་པའི་རབ་བྱེད་སྤེལ་«༼༩༽༼༢༤༽»བ་འགོར། བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །དཔལ་མཆོག་སངས་རྒྱས་ཀུན་བདག་ཉིད། །ཅེས་ཡོད་པ། ཡང་གསོལ་བ་འདེབས་«༼༩༽༼༢༤༽»པའི་རབ་བྱེད་སྐུའི་སྤྱོད་པ་ལ་སྤེལ་བ། བླ་མ་སྤྱིའི་བསྟོད་པ་མུ་ཏིག་ཕྲེང་བ་«༼༩༽༼༢༤༽»མཇུག་ཏུ་ཚིག་དེ་ཉིད་ཡོད་པ། ཆོས་རྗེ་པ་ལ་བསྟོད་པ་«༼༩༽༼༢༤༽»གཉིས་འགོར། ན་མཿཤྲཱི་མཱཾ་པ་ར་མ་གུ་རུ་ཙ་ར་ཎཾ་ཀ་མ་ལ་སྱ་བནྡ་ནཾ་ཀ་རོ་མི། བློ་ཆེན་ལྡན་པ་ཞེས་དང༌། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་སྔོན་དུ་བྱང་ཆུབ་བརྙེས་གྱུར་ཀྱང༌། །ཞེས་ཡོད་པ། ཆོས་སྤྱོད་བཅུ་པ་ཅུང་«༼༩༽༼༢༤༽»ཟད་རྒྱས་པར་སྤེལ་བ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་ལས་སྲིད་དང་རྣམ་གྲོལ་བའི། །ཞེས་ཡོད་པ། དཀོན་མཆོག་ལྷུན་གྲུབ་གསན་ཡིག་ན་གསོལ་འདེབས་ཡན་ལག་བདུན་པ་གསུངས་པ་འདི་ཡིན་ནམ་སྙམ། ཆོས་སྤྱོད་ཡན་«༼༩༽༼༢༤༽»ལག་བཅུ་པ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཕྱོགས་དུས་ཀུན་ན་བཞུགས་པ་ཡི། །ཞེས་ཡོད་པ། ཆོས་རྗེ་པ་ལ་བསྟོད་པ་རི་བོ་རྩེ་ལྔར་«༼༩༽༼༢༤༽»སྦྱར་བ་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཚོགས་གཉིས་ཚོགས་ནི་རྫོགས་གྱུར་ཅིང༌། །ཞེས་ཡོད་པ། དཀོན་མཆོག་གསུམ་«༼༩༽༼༢༤༽»ལ་བསྟོད་པ་འགོར། བསོད་ནམས་ཆུ་གཏེར་དབུས་སུ་ལེགས་འཁྲུངས་ཤིང༌། །ཞེས་ཡོད་པ། ཆོས་རྗེ་པའི་མཚན་ལ་སྤེལ་བའི་བསྟོད་པ་«༼༩༽༼༢༤༽»གཉིས་འགོར་འགྲོ་ཀུན་གང་ལ་ཞེས་པ་དང༌། བདེ་ལེགས་འབྱུང་གནས་ཞེས་ཡོད་པ། ཡང་ཆོས་རྗེ་པ་ལ་«༼༩༽༼༢༤༽»བསྟོད་པ་བཞི་གང་གི་ཐུགས་ཞེས་པ་དང༌། བསོད་ནམས་གསེར་གྱི་ཞེས་པ་དང༌། མཁས་པའི་ཚོགས་ཀུན་ཞེས་པ་དང༌། མཁྱེན་པའི་སྙིང་པོ་ཞེས་ཡོད་པ། ཐོགས་མེད་སྐུ་མཆེད་སོགས་«༼༩༽༼༢༤༽»ལ་བསྟོད་པ་ཚུལ་ཁྲིམས་ལྷུན་པོ་ཞེས་ཡོད་པ། ཡང་ཆོས་རྗེ་པ་«༼༩༽༼༢༤༽»ལ་བསྟོད་པ་གཉིས་འགོར་གདོང་བཞི་ཐོར་ཚུགས་ཞེས་པ་དང༌། མཁྱེན་པའི་ཆུ་འཛིན་ཞེས་ཡོད་པ། ཐོས་པ་རྒྱ་«༼༩༽༼༢༤༽»མཚོ་མ། མཆོག་བརྒྱད་ཀྱི་བསྟོད་པ་«༼༩༽༼༢༤༽»འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གཞུང་ལུགས་མི་འདྲའི་ཆུ་བོ་ཞེས་ཡོད་པ། བླ་མ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་འདེབས་པ་«༼༩༽༼༢༤༽»གང་དྲིན་མའི་འབྲུ་འགྲེལ། བླ་མ་ལ་མཎྜལ་འབུལ་ཞིང་གསོལ་བ་འདེབས་«༼༩༽༼༢༤༽»པ་ཤོ་དགོན་གྱི་སློབ་དཔོན་སྦྱང་ང་བའི་དོན་དུ་མཛད་པ། བླ་མའི་རྣལ་«༼༩༽༼༢༤༽»འབྱོར་ལ་འོ་ཤུའི་དོན་དུ་མཛད་པ། བླ་མ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་འདེབས་«༼༩༽༼༢༤༽»པ་ཕྱོགས་བཅུ་དུས་གསུམ་མ་དགེ་སློང་གནས་བརྟན་བྱང་ཆུབ་བཟང་པོའི་དོན་དུ་མཛད་པ། ཆོས་རྗེ་པའི་རྣམ་ཐར་བསྡུས་«༼༩༽༼༢༤༽»པ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་རང་བཞིན་ཀུན་ནས་རྣམ་དག་ཅེས་ཡོད་པ། ཆོས་རྗེ་པ་ལ་«༼༩༽༼༢༤༽»རྣམ་ཐར་གྱི་སྒོ་ནས་བསྟོད་པ་མེ་ཏོག་ཕྲེང་བ་འགོར། ན་མོ་མཉྫུ་གྷོ་ཥཱ་ཡ། མཁྱེན་པའི་དཀྱིལ་འཁོར་རྒྱ་ཆེ་ཞེས་ཡོད་པ། ལམ་འབྲས་ལམ་སྐོར་སོགས་ཀྱི་གསན་«༼༩༽༼༢༤༽»ཡིག་འགོར། སངས་རྒྱས་ཀུན་དངོས་བླ་མ་ལ། །ཞེས་ཡོད་པ། བཀྲ་ཤིས་རྒྱལ་མཚན་གྱིས་ཞུས་ནས་མཚལ་མདོར་བསྡེབས་པ། དཔལ་ཀྱེ་རྡོ་རྗེའི་བརྟག་པ་གཉིས་པའི་«༼༩༽༼༢༤༽»བསྡུས་པའི་དོན་འགོར་ཚིག་དེ་ཉིད་ཡོད་པ། རྒྱུད་ཀྱི་མངོན་རྟོགས་ལྗོན་ཆུང་«༼༩༽༼༢༤༽»འགོར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་དང༌། མཇུག་ཏུ་དགེ་བ་བཅུ་ལས་ནས་ངེས་འགྲུབ་འགྱུར་གྱི་མཐའ་ཅན། བརྟག་གཉིས་ཀྱི་འགྲེལ་པ་དག་ལྡན་ཆུང་«༼༩༽༼༢༤༽»བ་འགོར་དཔལ་ཀྱེའི་རྡོ་རྗེའི་རྒྱུད་འདི་འཆད་པར་བྱེད་པ་ལ་ཞེས་དང༌། བརྟག་པ་ཕྱི་མའི་སྐབས་སུ་བབས་པ་སྤྱི་དོན་བཤད་པ་རྫོགས་བྱང་གི་མཐའ་ཅན། དཔལ་ཀྱེ་རྡོ་རྗེའི་སྤྱི་དོན་གསལ་བ་འགོར་ཚིག་དེ་ཉིད་དང་རྒྱུད་ཀྱི་ཡན་ལག་རྒྱས་པར་དབྱེ་བའོའི་མཐའ་ཅན། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལེའུའི་འབྲེལ་«༼༩༽»འགོར་ཚིག་དེ་ཉིད་ཡོད་པ་རྒྱལ་པོའི་ཕོ་བྲང་དུ་བཤད་པའི་ཚེ་མཛད་པ།དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་བསྡུས་«༼༩༽༼༢༤༽»དོན་འགོར་ཚིག་དེ་ཉིད་ཡོད་པ་ས་སྐྱ་པཎྜི་ཏས་བསྐུལ་བ་ལྟར་ཤིན་ཀུན་མཁར་དུ་མཛད་པ། ཡིག་བརྒྱ་བཟླ་བའི་མན་«༼༩༽༼༢༤༽»ངག་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་བསྒོམ་པར་འདོད་པས་ཞེས་ཡོད་པ། བླ་མ་ལ་མཎྜལ་འབུལ་ཞིང་གསོལ་བ་གདབ་པའི་མན་ངག་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྩ་བའི་བླ་མ་ལ་ཞེས་ཡོད་པ་ཐང་སྐྱར་སྦྱར་བ། དཔལ་ཀྱེ་རྡོ་རྗེའི་མངོན་«༼༩༽༼༢༤༽»པར་རྟོགས་པ་ཡིད་བཞིན་ནོར་བུ་འགོར་ཚིག་དེ་ཉིད་ཡོད་པ་ས་ཕོ་རྟའི་ལོར་གོ་པེ་ལའི་ཕོ་བྲང་དུ་སྦྱར་བ། ཀྱེའི་རྡོ་རྗེའི་སྒྲུབ་ཐབས་སྲུང་འཁོར་དང་བཅས་«༼༩༽༼༢༤༽»པ་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །མཉམ་སྦྱོར་བདེ་ཆེན་རྟག་པའི་སྐུ། །ཞེས་ཡོད་པ། སྤྲེའུ་ལོར་རྒྱལ་པོ་རྒྱལ་སར་ཕྱུང་དུས་སྦྱར་བ། གསན་ཡིག་དབང་གི་རྒྱལ་པོར་ཡིག་བརྒྱ་བཟླ་བའི་ཚུལ་གཉིས་གསུངས་པ་གཅིག་འདིའི་མགོ་ན་ཡོད་པ་བགྲང་བ་ཡིན། མངོན་རྟོགས་ཡན་ལག་«༼༩༽༼༢༤༽»དྲུག་ཆུང་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བསྙེན་སྒྲུབ་ཡན་ལག་བཞི་པ་དང་ཞེས་ཡོད་པ་རྒྱལ་བུ་ཇི་བིག་དེ་མུར་གྱི་དོན་དུ་སྦྱར་བ། གསན་ཡིག་དབང་གི་རྒྱལ་པོར་བསྙེན་སྒྲུབ་ཡན་ལག་བཞི་དྲུག་གི་མི་འདྲ་བའི་ཁྱད་པར་གསུངས་པའང་འདི་ཡིན་ནོ། །བསྙེན་པའི་གྲངས་«༼༩༽༼༢༤༽»ཚད་ཀྱི་ཞུས་ལན་འགོར། དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དད་པས་དྲི་བ་བྱེད་པ་གང་ཡིན་པ། །ཞེས་ཡོད་པ། དམ་ཚིག་གསུམ་གྱི་གླུའི་རྗེས་ལ་བྱ་བའི་སྨོན་«༼༩༽»ལམ་འགོར་ཚིག་དེ་ཉིད་ཀྱི་ཕྱེད་ཡོད་པ། དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་«༼༩༽༼༢༤༽»དབང་བླང་བའི་ཆོ་ག་འགོར་ཚིག་དེ་ཉིད་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་བདག་འཇུག་དཔལ་འབྱུང་མ་གསུངས་པའང་འདི་ཡིན། དབང་གོང་མ་གསུམ་གྱི་ལག་ལེན་གྱི་རིམ་པ་ཚིགས་«༼༩༽༼༢༤༽»བཅད་མ། བདག་འཇུག་གི་ཆོ་ག་སྙིང་པོ་གསལ་བ་འགོར། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །ཁྱབ་བདག་གཉིས་མེད་བདེ་ཆེན་རྟག་པའི་སྐུ། །ཞེས་ཡོད་པ་རྒྱལ་བུ་ཇིམ་གྱིན་གྱི་དོན་དུ་མཛད་པ། ལམ་དུས་ཀྱི་དབང་རྒྱས་པ་«༼༩༽༼༢༤༽»བླང་བའི་ལག་ལེན་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ལམ་དུས་ཀྱི་དབང་རྒྱས་པ་ཞེས་ཡོད་པ། རྒྱ་མཚོར་གོ་གོ་ཅན་གྱི་དོན་དུ་མཛད་པ་གསུངས་པ་འདི་ཡིན། ཀྱེའི་རྡོ་རྗེའི་ལུས་དཀྱིལ་གྱི་སྒྲུབ་ཐབས་«༼༩༽༼༢༤༽»འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འགྲོ་བའི་ལུས་སེམས་གདོད་མ་ནས། །ཞེས་ཡོད་པ། དཔལ་ཀྱེ་རྡོ་རྗེའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་བདུད་«༼༩༽༼༢༤༽»རྩིའི་བུམ་པ་འགོར་ཚིག་དེ་ཉིད་ཡོད་པ། དེའི་ལུང་སྦྱོར་རྡོ་རྗེ་གུར་«༼༩༽༼༢༤༽»ནས་ཕྱུང་བ། ཚོགས་འཁོར་«༼༩༽༼༢༤༽»བསྡུས་པ་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཚོགས་གཉིས་རྒྱ་མཚོའི་དཔལ་ལས་འཁྲུངས་གྱུར་པའི། །ཞེས་ཡོད་པ། ཆུ་མོ་ཕག་གི་ལོའི་དབྱར་ཟླ་འབྲིང་པོར་རྒྱལ་པོའི་ཕོ་བྲང་དུ་སྦྱར་བ། བདུད་རྩི་རིལ་བུའི་སྒྲུབ་པའི་ལག་ལེན་བདུད་རྩི་འབྱུང་«༼༩༽༼༢༤༽»བ་འགོར། བདུད་རྩི་འཁྱིལ་པ་ལ་ཕྱག་འཚལ་ལོ། །བདུད་རྩི་ལྔ་དང་ཞེས་ཡོད་པ། དཔལ་རྡོ་རྗེ་བདག་མེད་མའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་«༼༩༽༼༢༤༽»འགོར་ཚིག་དེ་ཉིད་ཡོད་པ་རྒྱལ་བུ་ཇིམ་གྱིན་གྱི་ངོར་སྦྱར་བ། རྡོ་རྗེ་བདག་མེད་མའི་བསྟོད་པ་རྣམ་«༼༩༽»དག་གི་ཕྲེང་བ་འགོར་ཚིག་དེ་ཉིད་ཡོད་པ། དག་པ་«༼༩༽༼༢༤༽»གསུམ་གྱི་ཁྲིད་ཡིག་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ལམ་གྱི་སྔོན་དུ་འགྲོ་བ་ཞེས་ཡོད་པ།དབང་གསུམ་པའི་ལམ་འགོར་དབང་གསུམ་པའི་ལམ་ལ་རྒྱས་བསྡུས་གཉིས་ལས་ཞེས་ཡོད་པ། ཚོགས་སྦྱོར་གྱི་མངོན་རྟོགས་«༼༩༽༼༢༤༽»འགོར། བླ་མ་འཇམ་དབྱངས་ལ་བཏུད་དེ། །ཚོགས་སྦྱོར་མངོན་རྟོགས་བྲི་བར་བྱ། །ཞེས་ཡོད་པ། འཕོ་བའི་«༼༩༽༼༢༤༽»རྣལ་འབྱོར་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འཕོ་བའི་རྣལ་འབྱོར་སྒོམ་པར་ཞེས་དང༌། བར་དོ་ཉིད་དུ་རིག་འཛིན་གོ་འཕང་ཐོབ་པར་འགྱུར་རོ་ཞེས་ཡོད་པ། ཁྲོ་བཅུའི་བསྟོད་«༼༩༽༼༢༤༽»བསྐུལ་འགོར། དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །མཁའ་དབྱིངས་དག་པའི་ཀློང་དཀྱིལ་དུ། །ཞེས་ཡོད་པ། སེངྒེ་མཐའི་«༼༩༽༼༢༤༽»ཞུས་ལན་རྣམ་པར་ངེས་པ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་ཀུན་མཁྱེན་ཡོན་ཏན་རྒྱ་མཚོ་ཡི། །ཞེས་དང༌། །འདི་ཡི་ལེགས་ཆས་འགྲོ་ལ་དགེ་བར་ཤོག་གི་མཐའ་ཅན། ལྡན་མ་དབང་ཕྱུག་འབུམ་གྱི་དྲིས་«༼༩༽༼༢༤༽»ལན་ཚིགས་བཅད་མ་འགོར་རྣམ་པར་ངེས་པ་ཞེས་བྱ་བ་ཡོད་པ་མཚལ་མདོར་སྦྱར་བ། དུས་འཁོར་ཐུགས་དཀྱིལ་གྱི་མངོན་རྟོགས་«༼༩༽༼༢༤༽»འགོར། ན་མོ་གུ་རུ་ཀཱ་ལ་ཙཀྲ་ཡ་ཞེས་ཡོད་པ། བདེ་མཆོག་ནག་པོ་པའི་དབང་གི་སྡོམ་ཚིགས་«༼༩༽༼༢༤༽»བཅད་མ་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྣ་ཚོགས་པདྨའི་ལྟེ་བར་བཞུགས། །ཞེས་ཡོད་པ། དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་«༼༩༽༼༢༤༽»དབང་བླང་བའི་ཆོ་ག་འགོར་ཚིག་དེ་ཉིད་ཡོད་པ་ཆུ་སྤྲེལ་ལོར་ཤིང་ཀུན་དུ་མཛད་པ། དཔལ་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པ་སྒྲུབ་པའི་ཐབས་«༼༩༽༼༢༤༽»ཀྱི་སྙིང་པོ་ཞེས་བྱ་བའི་འགོར་ཚིག་དེ་ཉིད་ཡོད་པ་རྒྱལ་པོའི་ཕོ་བྲང་ཁའི་ཕིང་ཧུར་སྦྱར་བ། དཔལ་འཁོར་ལོ་བདེ་མཆོག་གི་མཆོད་པའི་ཆོ་ག་ཀུན་ཏུ་«༼༩༽༼༢༤༽»བཟང་པོའི་མཆོད་སྤྲིན་ཞེས་བྱ་བ་འགོར་ཚིག་དེ་ཉིད་ཡོད་པ། དེའི་སྦྱིན་སྲེག་གི་སྡོམ་ཚིགས་«༼༩༽༼༢༤༽»བཅད་མ་འགོར། ན་མཿཤྲཱི་ཙཀྲ་སམྦ་ར། ཉོན་མོངས་བུད་ཤིང་ཀུན་བསྲེགས་ཤིང༌། །ཞེས་ཡོད་པ། དེའི་སྦྱིན་སྲེག་གི་ཆོ་ག་«༼༩༽༼༢༤༽»རྒྱས་པ་འགོར་དཔལ་འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ཆོ་ག་ཞེས་ཡོད་པ། དཔལ་འཁོར་ལོ་བདེ་མཆོག་གི་ལུས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ཉུང་ཞིང་གསལ་«༼༩༽༼༢༤༽»བ་འགོར་ཚིག་དེ་ཉིད་ཡོད་པ་སྟོན་པ་ཤེས་རབ་ཀྱི་ངོར་མཛད་པ། དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་པའི་ཐབས་རིམ་པ་གསལ་«༼༩༽༼༢༤༽»བ་འགོར་ཚིག་དེ་ཉིད་ཡོད་པ་ལྕགས་ལུག་ལོར་ཤིང་ཀུན་དུ་སྦྱར་བ། དེའི་སྒྲུབ་ཐབས་བསྡུས་པ་«༼༩༽༼༢༤༽»འགོར་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་འཁོར་ལོ་སྒྲུབ་པའི་ཐབས་ཞེས་ཡོད་པ་ཤིང་ཀུན་དུ་སྦྱར་བ། གསན་ཡིག་དབང་གི་རྒྱལ་པོར་ངག་འདོན་གསུངས་པ་འདི་ཡིན།བདེ་མཆོག་གི་རྒྱུན་བཤགས་«༼༩༽»དཔལ་ནཱ་རོ་པ་ལས་བརྒྱུད་དེ་འོངས་པ་འགོར། བླ་མ་དང་བདེ་མཆོག་ལ་ཕྱག་འཚལ་རྒྱ་སྐད་དུ་ཡོད་པ། དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་བསྟོད་པའི་«༼༩༽༼༢༤༽»རབ་ཏུ་བྱེད་པ་འགོར་ཚིག་དེ་ཉིད་ཡོད་པ་ཅང་ཏོའི་ཕོ་བྲང་དུ་སྦྱར་བ། སྒོ་མཚམས་མ་«༼༩༽༼༢༤༽»བརྒྱད་ཀྱི་བསྟོད་བསྐུལ་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཧཱུྃ་ང་ནི་སྐུ་གསུམ་མཉམ་སྦྱོར་ཞིང༌། །ཞེས་ཡོད་པ། དྲིལ་བུ་པའི་དབང་གི་བྱ་བ་བསྡུས་«༼༩༽༼༢༤༽»པ་ཚིགས་བཅད་མ་འགོར། སྐུ་གསུམ་ཡེ་ཤེས་ལྔ་ཡི་དངོས། །ཞེས་ཡོད་པ། ལུས་དཀྱིལ་གྱི་བདག་«༼༩༽༼༢༤༽»འཇུག་འགོར་དཔལ་འཁོར་ལོ་བདེ་མཆོག་གི་ལུས་ཀྱི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ཞེས་ཡོད་པ་ཤིང་ཀུན་དུ་སྦྱར་བ། དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔ་པའི་མན་«༼༩༽»ངག་འགོར་ཚིག་དེ་ཉིད་ཡོད་པ་དུར་གར་དུར་མིས་ཀྱི་ངོར་དཔལ་ས་སྐྱར་མཛད་པ། དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་«༼༩༽༼༢༤༽»འཁོར་གྱི་སྒྲུབ་པའི་ཐབས་འགོར་ཚིག་དེ་ཉིད་ཡོད་པ་རྒྱལ་བུ་ཇི་བིག་དེ་མུར་གྱི་ངོར་མཛད་པ། དཔལ་འཁོར་ལོ་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་«༼༩༽༼༢༤༽»ཐབས་འགོར་ཚིག་དེ་ཉིད་ཡོད་པ་ཡུ་གུར་གྱི་བནྡེ་སཾགྷ་མི་ཏྲའི་ངོར་མཛད་པ། ཡང་དེའི་སྒྲུབ་«༼༩༽༼༢༤༽»ཐབས་ཇོ་སྲས་ཕག་མཆུའི་དོན་དུ་མཛད་པ་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་བདེ་མཆོག་ལྷན་ཅིག་སྐྱེས་པ་ཞེས་ཡོད་པ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་བཀྲ་ཤིས་ཀྱི་ཚིགས་སུ་«༼༩༽༼༢༤༽»བཅད་པ་འགོར་ཚིག་དེ་ཉིད་ཡོད་པ། འདི་ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པ་ལ་ཚིག་རྐང་མ་མཉམ་པ་ལ་སོགས་པ་རྣམས་ཀྱི་ཞུས་དག་དང་ཁ་སྐོང་མཛད་པ་ཡིན། ཡང་ཇིམ་གྱིན་ལ་གནང་བའི་ཤིས་བརྗོད་ཧེ་རུ་ཀ་དཔལ་མ་དང༌། གོ་གོ་ཅན་ལ་«༼༩༽༼༢༤༽»གནང་བའི་བཀྲ་ཤིས་དཔལ་མཆོག་བདེ་ཆེན་མ། རྭ་ལུགས་ཕག་མོ་ལྷ་སོ་བདུན་«༼༩༽༼༢༤༽»མའི་མངོན་རྟོགས་འགོར་རྗེ་བཙུན་མ་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ཞེས་ཡོད་པ། ཕག་མོ་མངོན་འབྱུང་གི་རྒྱུད་ཀྱི་རྗེས་སུ་འབྲང་བ་སློབ་དཔོན་ཤྲཱི་ཨུ་མ་པ་ཏི་ཏས་མཛད་པའི་ལག་ཏུ་བླང་བའི་རིམ་པ། ནཱ་རོ་མཁའ་སྤྱོད་ཀྱི་མངོན་རྟོགས་«༼༩༽༼༢༤༽»འགོར་དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་ཡོད་པ་ས་སྦྲུལ་ཤང་ཏོར་མཛད་པ། ཡང་དེའི་སྒྲུབ་«༼༩༽༼༢༤༽»ཐབས་འགོར་རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་མ་བསྒོམ་པར་འདོད་པས་ཞེས་ཡོད་པ་མེ་བྱི་ལོར་མཛད་པ། དེའི་ཚོགས་«༼༩༽༼༢༤༽»འཁོར་འགོར་དཔལ་རྡོ་རྗེ་རྣལ་འབྱོར་མའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་ཡོད་པ་དང༌། དེའི་སྦྱིན་སྲེག་«༼༩༽༼༢༤༽»འགོར་དཔལ་རྡོ་རྗེ་རྣལ་འབྱོར་མའི་སྦྱིན་སྲེག་གི་ཆོ་ག་ཞེས་ཡོད་པ་གཉིས་ཀ་གོ་གོ་ཅན་གྱི་དོན་དུ་མཛད་པ། དཔལ་རྡོ་རྗེ་རྣལ་འབྱོར་མའི་སིནྡྷཱུ་རའི་དཀྱིལ་«༼༩༽༼༢༤༽»འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་འགོར་ཚིག་དེ་ཉིད་ཡོད་པ་ལྕགས་རྟའི་ལོར་ཤང་ཏོར་མཛད་པ།རྡོ་རྗེ་མཁའ་«༼༩༽༼༢༤༽»འགྲོའི་སྡིག་སྦྱོང་གི་ཆོ་ག་འགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཟ་བྱེད་རྡོ་རྗེ་མཁའ་འགྲོ་མའི་སྒོ་ནས་ཞེས་ཡོད་པ། དཔལ་སྒྱུ་མ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་«༼༩༽༼༢༤༽»དབང་རྣམ་པར་རོལ་པ་འགོར་ཚིག་དེ་ཉིད་ཡོད་པ་དང༌། དཔལ་སྒྱུ་མ་ཆེན་མོའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་«༼༩༽༼༢༤༽»སྒྱུ་འཕྲུལ་རྣམ་པ་རོལ་པ་འགོར་ཚིག་དེ་ཉིད་ཡོད་པ་གཉིས་ཀ་ཤིང་གླང་ལོར་དཔལ་ས་སྐྱར་སྦྱར་བ། ཡང་དེའི་སྒྲུབ་ཐབས་བསྡུས་«༼༩༽༼༢༤༽»པ་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །མ་ཧཱ་མཱ་ཡཱ་བསྒོམ་པར་འདོད་པས་ཞེས་ཡོད་པ་བྱ་ལོ་ཟླ་བ་གཉིས་པའི་ཡར་ཚེས་གསུམ་ལ་སྦྱར་བ། དཔལ་སྒྱུ་མ་ཆེན་མོའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་«༼༩༽༼༢༤༽»འགོར་ཚིག་དེ་ཉིད་ཡོད་པ་རྒྱལ་བུ་ཧོ་ཀོའི་དོན་དུ་མཛད་པ། སྒྲོལ་མ་ལྷ་བཅུ་བདུན་མའི་སྒྲུབ་«༼༩༽༼༢༤༽»ཐབས་འགོར་རྗེ་བཙུན་མ་སྒྲོལ་མའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ཞེས་ཡོད་པ་ཤིང་ཀུན་དུ་སྦྱར་བ། ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་ལྷ་མོའི་སྒྲུབ་«༼༩༽༼༢༤༽»ཐབས་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཉི་ཤུ་རྩ་གཅིག་པའི་ལྷ་མོ་བསྒོམ་པར་འདོད་པས་ཞེས་ཡོད་པ་རྒྱལ་བུ་གཡུང་དྲུང་ཏའི་དོན་དུ་མཛད་པ། གུར་གྱི་རྡོ་རྗེ་སྒྲོལ་མའི་སྒྲུབ་«༼༩༽༼༢༤༽»ཐབས་འགོར་ཚིག་དེ་ཉིད་ཡོད་པ་ཐང་ངོ་ཏའི་དོན་དུ་མཛད་པ། བཅོམ་ལྡན་འདས་མ་སྒྲོལ་མའི་ལུས་ཀྱི་དཀྱིལ་«༼༩༽༼༢༤༽»འཁོར་བསྒོམ་པའི་རིམ་པ་འགོར་ཚིག་དེ་ཉིད་ཡོད་པ་ཉི་སྦས་ལས་བརྒྱུད་པ། སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པའི་འཇིགས་པ་བརྒྱད་སྐྱོབ་ཀྱི་སྒྲོལ་མའི་སྒྲུབ་«༼༩༽༼༢༤༽»ཐབས་འགོར་མིང་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་བྱས་པ། འདི་འཕགས་པས་མཛད་པ་མིན་ཡང་ཁ་ཆེའི་པཎྜི་ཏ་ཏ་ཐཱ་ག་ཏ་བྷ་དྲ་དང་འཕགས་པས་རྒྱའི་ཡུལ་ཅང་ཏོ་མཁར་དུ་བསྒྱུར་བ་ཡིན། གནས་ཀྱི་དབང་ཕྱུག་མའི་སྒྲོལ་མའི་སྒྲུབ་«༼༩༽༼༢༤༽»ཐབས་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྲིད་གསུམ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་མ། །ཞེས་ཡོད་པ་འདམ་གྱི་ཆར་སྦྱར་བ། གསན་ཡིག་དབང་གི་རྒྱལ་པོར་ཨཽ་ཌྱཱན་གྱི་སྒྲོལ་མའི་སྒྲུབ་ཐབས་གསུངས་པའང་དེ་ཉིད་ཡིན་ནོ། །འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྗེས་སུ་འབྲང་«༼༩༽༼༢༤༽»བའི་སྒྲོལ་མའི་སྒྲུབ་ཐབས་འགོར་ཚིག་དེ་ཉིད་ཡོད་པ་གྲགས་པ་བཟང་པོའི་ངོར་ཤིང་ཀུན་དུ་སྦྱར་བ། ཕྱག་དྲུག་སྒྲོལ་མའི་སྒྲུབ་«༼༩༽༼༢༤༽»ཐབས་འགོར་ཚིག་དེ་ཉིད་ཡོད་པ་ས་སྐྱར་སྦྱར་བ། འདི་སྒྱུ་འཕྲུལ་དྲྭ་བའི་རྗེས་སུ་འབྲང་བ་ཡིན། སྒྲོལ་མ་ལྷ་བཅུ་«༼༩༽༼༢༤༽»བདུན་མའི་དབང་ཆོག་འགོར་རྗེ་བཙུན་མ་སྒྲོལ་མའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཞེས་ཡོད་པ་དབོན་མོ་གོ་གོ་ཅན་གྱི་ངོར་དཔལ་ས་སྐྱར་སྦྱར་བ། མདོར་བྱས་ཀྱི་ས་བཅད་«༼༩༽»འགོར་འདི་ལ་གཉིས་ཏེ་ཞེས་དང་ཉེ་བར་བསྡུ་བའོའི་མཐའ་ཅན། གསང་«༼༩༽༼༢༤༽»འདུས་མི་བསྐྱོད་པའི་དབང་ཆོག་«་་་་་འདི་ཀླུ་བྱང་དང་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱི་དཀྱིལ་ཆོག་དང་ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་ཡིན། »འགོར་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་དབང་རབ་ཏུ་གསལ་བ་ཞེས་ཡོད་པ་ཆུ་ཁྱིའི་ལོར་རྒྱལ་པོའི་ཕོ་བྲང་ཁའི་ཕིང་ཧུར་མཛད་པ། སངས་རྒྱས་ཡེ་ཤེས་ཞབས་ཀྱི་རྣམ་ཐར་«༼༩༽༼༢༤༽»དང་བརྒྱུད་པའི་རིམ་པ་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྔོན་བྱུང་བ་རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་ཞེས་ཡོད་པ་གོ་པེ་ལའི་ཕོ་བྲང་དུ་བྲིས་པ། དཔལ་གསང་བ་འདུས་པ་ལྷ་«༼༩༽༼༢༤༽»བཅུ་དགུའི་སྒྲུབ་ཐབས་འགོར་ཚིག་དེ་ཉིད་ཡོད་པ་མེ་རྟ་ལོར་རྒྱལ་བུ་བྱང་ཆུབ་སེམས་དཔའི་ཕོ་བྲང་དུ་མཛད་པ།དཔལ་གཤིན་རྗེ་གཤེད་དགྲ་ནག་པོའི་སྒྲུབ་པའི་ཐབས་«༼༩༽༼༢༤༽»བསྡུས་པ་འགོར་ཚིག་དེ་ཉིད་ཡོད་པ་ལྕགས་མོ་བྱ་ལོར་རྒྱལ་པོའི་ཕོ་བྲང་དུ་མཛད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་མངོན་པར་«༼༩༽༼༢༤༽»རྟོགས་པ་འགོར་ཚིག་དེ་ཉིད་ཡོད་པ་ས་ཕོ་འབྲུག་གི་ལོར་སྦ་ཝང་གི་གཙུག་ལག་ཁང་དུ་སྦྱར་བ། འཇིགས་བྱེད་ཕྱག་དྲུག་པའི་མངོན་རྟོགས་འགོར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་མངོན་པར་རྟོགས་པ་ཞེས་ཡོད་པ་ཚོགས་འཁོར་དང་བཅས་པ་«༼༩༽༼༢༤༽»ཕག་ལོའི་ཟླ་བ་དགུ་པའི་ཉེར་དགུ་ལ་སྦྱར་བ། ཡང་དཔལ་རྡོ་རྗེ་འཇིགས་བྱེད་ཕྱག་དྲུག་པའི་སྒྲུབ་«༼༩༽༼༢༤༽»ཐབས་འགོར་ཚིག་དེ་ཉིད་ཡོད་པ་ཨ་རོག་ཆེའི་དོན་དུ་མཛད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་པའི་ཐབས་འགོར་ཚིག་དེ་ཉིད་དང་འབུམ་ཕྲག་ཉི་ཤུས་བསྙེན་པ་བྱའི་མཐའ་ཅན། ཕྱག་གཉིས་པའི་སྒྲུབ་«༼༩༽༼༢༤༽»ཐབས་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཡ་མཱནྟ་ཀ་བསྒོམ་པར་འདོད་པས་ཞེས་ཡོད་པ་ས་ཕོའི་འབྲུག་གི་ལོར་རྒྱལ་བུ་བྱང་ཆུབ་སེམས་དཔའི་དོན་དུ་མཛད་པ། འཇིགས་བྱེད་ཀྱི་བདག་«༼༩༽༼༢༤༽»འཇུག་འགོར་དཔལ་ཆེན་པོའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་པའི་ཆོ་ག་ཞེས་ཡོད་པ་ཆུ་མོ་བྱའི་ལོར་ཤིང་ཀུན་ཏུ་མཛད་པ། དེའི་སྦྱིན་སྲེག་«༼༩༽༼༢༤༽»འགོར་དཔལ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་ཞེས་ཡོད་པ་ཤིང་ཁྱིའི་ལོར་ཧུན་ཆང་ཧཱུའི་ཕོ་བྲང་དུ་སྦྱར་བ། ཞེ་དགུ་མའི་སྒྲུབ་«༼༩༽༼༢༤༽»ཐབས་འགོར་འཇམ་དཔལ་ཞི་ཁྲོ་རྣམ་པར་རོལ་པའི་སྒྲུབ་ཐབས་ཞེས་ཡོད་པ་ཤིང་མོ་ཕག་གི་ལོར་མདོ་ཁམས་ཙོམ་མདོ་གནས་གསར་དུ་སྦྱར་བ། རབ་«༼༩༽༼༢༤༽»གནས་སཾ་གྷ་མི་ཏྲའི་དོན་དུ་མཛད་པ་འགོར།སངས་རྒྱས་ཐམས་ཅད་གཅིག་བསྡུས་པའི། །ཞེས་ཡོད་པ། དཔལ་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་སྒྲུབ་«༼༩༽༼༢༤༽»པའི་ཐབས་འགོར་ཚིག་དེ་ཉིད་ཡོད་པ་ལྷ་བཅུ་གསུམ་མ་ལྕགས་མོ་ལུག་གི་ལོར་རྒྱལ་བུ་མངྒ་ལའི་ངོར་ཅང་ཏོའི་མཁར་དུ་སྦྱར་བ། དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་«༼༩༽༼༢༤༽»ཐབས་འགོར་ཚིག་དེ་ཉིད་ཡོད་པ་ཆུ་མོ་བྱའི་ལོར་ཤིང་ཀུན་མཁར་དུ་སྦྱར་བ། དཔལ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་འཇིགས་པ་མེད་པ་རྣམ་པར་རོལ་པ་འགོར་ཚིག་དེ་ཉིད་ཡོད་ཅིང་ཚོགས་འཁོར་དང་བཅས་ས་མོ་སྦྲུལ་གྱི་ལོར་ཅང་ཏོའི་ཕོ་བྲང་གསར་པའི་དག་བྱེད་ཁྲུས་ཁང་དུ་མཛད་པ། དཔལ་གཤིན་རྗེ་གཤེད་དམར་པོ་ལྷན་སྐྱེས་ཀྱི་སྒྲུབ་«༼༩༽༼༢༤༽»ཐབས་འགོར་ཚིག་དེ་ཉིད་ཡོད་པ་ཆུ་ཕོ་སྤྲེའུའི་ལོར་ཤིང་ཀུན་གྱི་སའི་ཆར་སྦྱར་བ། ཡང་ལྷན་སྐྱེས་སྒྲུབ་ཐབས་ས་ཕོ་སྦྲུལ་གྱི་ལོར་ཅང་ཏོར་སྦྱར་བ། རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་ལྟུང་བའི་རྣམ་པར་«༼༩༽༼༢༤༽»བཤད་པ་དམ་ཚིག་རབ་ཏུ་གསལ་བ་འགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ་ཉི་མ་འབུམ་གྱི་དོན་དུ་ས་ཕོ་སྤྲེའུ་ལོར་གཡར་མོ་ཐང་སའི་ཆ་ཤིང་ཀུན་དུ་སྦྱར། བླ་མ་ལྔ་«༼༩༽༼༢༤༽»བཅུ་པའི་བསྡུས་དོན་འགོར། ན་མོ་མཉྫུ་གྷོ་ཥཱ་ཡ། གང་གི་བསྐལ་པ་དུ་མར་རྙེད་དཀའ་བའི། །ཞེས་ཡོད་པ་མེ་འབྲུག་ལོར་ཧུ་ཆུར་མཛད་པ། སྦྱོང་རྒྱུད་ནས་གསུངས་པའི་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔག་ཡས་བསོད་ནམས་ཡེ་ཤེས་ཚོགས་ལས་ཉེར་བསྒྲུབས་པས། །ཞེས་ཡོད་པ་ས་མོ་ལུག་གི་ལོར་རྒྱལ་བུ་བྱང་ཆུབ་སེམས་དཔའི་ཕོ་བྲང་དུ་སྦྱར་བ།མགོན་པོ་ཚེ་དཔག་ཏུ་མེད་པའི་སྒྲུབ་པའི་ཐབས་«༼༩༽༼༢༤༽»འགོར་ཚིག་དེ་ཉིད་དང༌། བསོད་ནམས་གསེར་གྱི་ས་གཞི་ཞེས་ཡོད་པ་ཆུ་མོ་གླང་གི་ལོར་ཙོམ་མདོར་མཛད་པ། ཚེ་དཔག་མེད་ཀྱི་བསྟོད་པ་«༼༩༽༼༢༤༽»པདྨོའི་ཕྲེང་བ་འགོར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་ཡོད་པ་ཇིམ་གྱིན་གྱི་དོན་དུ་མཛད་པ། འོད་དཔག་མེད་ཀྱི་བསྒོམ་«༼༩༽༼༢༤༽»ཐབས་འགོར། བླ་མ་དང་འཇམ་པའི་དབྱངས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སངས་རྒྱས་འོད་དཔག་ཏུ་མེད་པའི་སྒོ་ནས་ཞེས་ཡོད་པ་སློབ་མ་དོ་ད་ཞེས་པའི་དོན་དུ་སྦྱར་བ། མི་«༼༩༽༼༢༤༽»འཁྲུགས་པའི་སྦྱིན་སྲེག་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཚུངས་མེད་བླ་མ་ཆོས་རྗེ་རིན་པོ་ཆེ་དང་ཞེས་ཡོད་པ་ཡེ་ཤེས་བཟང་པོའི་ངོར་མེ་སྦྲུལ་ལོར་སྦྱར་བ། ཕྱག་ན་རྡོ་རྗེའི་སྒྲུབ་«༼༩༽༼༢༤༽»ཐབས་འགོར། བླ་མ་དང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ཕྱག་ན་རྡོ་རྗེ་བསྒོམ་པར་འདོད་པས་ཞེས་ཡོད་པ། རྣམ་འཇོམས་ཀྱི་སྒྲུབ་«༼༩༽༼༢༤༽»ཐབས་བྱབ་བསྲུང་སྦྱིན་སྲེག་དང་བཅས་པ་འགོར་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་ཞེས་ཡོད་པ་རྒྱལ་མཚན་དཔལ་གྱི་ངོར་ཆུ་ཕོ་ཁྱི་ལོར་སྦྱར་བ། འཇམ་དཔལ་གྱི་སྒྲུབ་«༼༩༽༼༢༤༽»ཐབས་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་བསྒོམ་པར་ཞེས་ཡོད་པ་མེ་འབྲུག་གི་ལོར་རྒྱལ་བུ་ལུ་གའི་ངོར་མཛད་པ། འཇམ་དཔལ་«༼༩༽༼༢༤༽»དཔའ་བོ་གྲུབ་པའི་སྒྲུབ་ཐབས་འགོར་ཚིག་དེ་ཉིད་ཡོད་པ་ཤིང་སྟག་ལོར་མདོ་ཁམས་སྒང་དུ་སྦྱར་བ། ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་«༼༩༽༼༢༤༽»འཇུག་ཏུ་ཉམས་སུ་ལེན་ཚུལ་འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྟན་བདེ་བ་ལ་ཞེས་ཡོད་པ་མེ་སྟོན་ཙ་གེ་ཇུ་ཕུར་གྱི་ངོར་མེ་བྱི་ལོར་སྐྱ་ཀ་མདོར་སྦྱར་བ། ཐུགས་རྗེ་ཆེན་པོའི་«༼༩༽༼༢༤༽»སྒྲུབ་ཐབས་འགོར། བླ་མ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་བསྒོམ་པར་འདོད་པས་ཞེས་ཡོད་པ་རྒྱ་ཡུལ་དུ་སྦྱར་བ། ཐུགས་རྗེ་ཆེན་པོའི་སྒྲུབ་«༼༩༽༼༢༤༽»ཐབས་རྡོ་རྗེ་ཁྱེའུ་འདྲེན་གྱི་དོན་དུ་སྦྱར་བ། སེངྒེ་སྒྲའི་སྒྲུབ་«༼༩༽༼༢༤༽»ཐབས་མེ་ཕོ་བྱི་བའི་ལོར་སྒང་རར་སྦྱར་བ། རྟ་མགྲིན་ཁྱུང་གཤོག་ཅན་གྱི་སྒྲུབ་«༼༩༽༼༢༤༽»ཐབས་ཤིང་ཕག་གི་ལོར་ཏྲེའི་ས་ཆར་བཀོད་པ། བྱམས་པའི་ཆོས་སྐོར་ཡན་ལག་«༼༩༽༼༢༤༽»དང་བཅས་པ་འགོར། རྗེ་བཙུན་བླ་མ་དམ་པ་དང་འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །ཞེས་ཆོས་སྐོར་ཡན་ལག་དང་བཅས་རྫོགས་བྱང་གི་མཐའ་ཅན། མི་གཡོ་བ་སྔོན་པོའི་སྒྲུབ་«༼༩༽༼༢༤༽»ཐབས་འགོར། བླ་མ་དང་རྗེ་བཙུན་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །རྗེ་བཙུན་མི་གཡོ་བ་ཞེས་ཡོད་པ་ས་སྐྱ་པའི་གསུང་བཞིན་སྦྱར་བ། འཕགས་པ་མི་གཡོ་བ་ཕྱག་བཞི་པའི་སྒྲུབ་«༼༩༽༼༢༤༽»ཐབས་འགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་ཅིང་སྒྲུབ་ཐབས་རྫོགས་བྱང་གི་མཐའ་ཅན། དེའི་བསྟོད་པ་«༼༩༽༼༢༤༽»འགོར། གང་གི་དྲིན་གྱིས་བདེ་འགྲོའི་འབྱོར་པ་དང༌། །ཞེས་ཡོད་པ་ཡོན་ཏན་འབུམ་གྱི་དོན་དུ་མེ་འབྲུག་ཟླ་ཚེས་ལ་སྦྱར་བ། རྗེ་བཙུན་མ་རྣམ་པར་རྒྱལ་མའི་སྒྲུབ་«༼༩༽༼༢༤༽»ཐབས་སྟོང་མཆོད་དང་བཅས་པ་འགོར་རྗེ་བཙུན་མ་རྣམ་པར་རྒྱལ་མའི་སྒྲུབ་ཐབས་བཅོམ་ལྡན་འདས་མ་ཞེས་ཡོད་པ། གདུགས་དཀར་བསྒོམ་ཐབས་གཟུངས་«༼༩༽༼༢༤༽»བཀླག་ཐབས་དང་བཅས་པ་འགོར། བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་གཙུག་ཏོར་གདུགས་དཀར་མོ་ཅན་བསྒོམ་པར་འདོད་པས་ཞེས་ཡོད་པ་ཤིང་ཕག་གི་ལོར་ཏྲེའི་ས་ཆར་བསྡེབས་པ། རི་ཁྲོད་ལོ་མ་ཅན་སྒྲུབ་«༼༩༽༼༢༤༽»ཐབས་གཟུངས་ཆོག་དང་བཅས་པ་འགོར་རྗེ་བཙུན་མ་རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་པའི་ཐབས་ཞེས་ཡོད་པ་བ་རི་བ་ལས་བརྒྱུད་པ།རི་ཁྲོད་མའི་སྒྲུབ་«༼༩༽༼༢༤༽»ཐབས་ཆོས་རྗེ་ས་སྐྱ་པའི་མན་ངག་ཡི་གེར་བཀོད་པའོའི་མཐའ་ཅན། དེའི་བསྟོད་པ་«༼༩༽༼༢༤༽»འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཞེས་ཡོད་པ་ཆུ་མིག་དཔལ་གྱི་བདེ་ཆེན་དུ་མཛད་པ། ཙུནྡའི་སྒྲུབ་ཐབས་«༼༩༽༼༢༤༽»རྒྱུད་ལས་བྱུང་བའི་རིམ་པ་འགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ་ས་ཕོ་རྟའི་ལོར་མཛད་པ། སྲུང་བ་ལྔའི་དབང་ཆོག་གི་སྐོར་གཏོར་མ། བྱུར་བསལ། དུག་དབྱུང༌། དབང་ཆོག་གི་སྡོམ། དབང་བསྐུར་བ་དངོས་ཏེ་དེ་རྣམས་རྒྱས་པ་ཞིག་འོག་ཏུ་བཞུགས་ཀྱང༌། འདི་ཉིད་ཀྱི་སྔགས་རྣམས་ལ་འདྲ་མིན་མང་པོ་བྱུང་བ་ཕྱི་མོ་མང་པོ་ལ་གཏུགས་ནས་ཞུས་དག་ནན་ཆེར་བྱས་ཚེ་འདི་ལྟར་བྱུང་ལ། འོག་མ་ནི་བཀའ་དང་བསྟུན་པའི་ཞུས་དག་བགྱིས་པ་ཡིན་པས་ལུང་བརྒྱུད་གོང་མ་འདི་ཐོས་པས་འཐུས་སོ། །ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བའི་མདོའི་རྗེས་སུ་འབྲང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མེ་ཕོ་བྱི་བའི་ལོར་དཔལ་ས་སྐྱར་སྦྱར་ནས་རྒྱལ་བུ་ཨ་རོག་ཆེ་ལ་ཕུལ་བ། འཕགས་མ་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས་ཚིགས་བཅད་མ་འགོར་མིང་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། མྱ་ངན་མེད་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་བསྟོད་པ་དང་«༼༩༽༼༢༤༽»བཅས་པའི་འགོར་ལྷ་མོ་འོད་ཟེར་ཅན་སྒྲུབ་པའི་ཐབས། རྗེ་བཙུན་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕྲིན་ལས་འོད་ཀྱིས་ཞེས་ཡོད་པ་ཆུ་མིག་དཔལ་གྱི་བདེ་ཆེན་དུ་སྦྱར་བ། ཡང་དེའི་སྒྲུབ་«༼༩༽༼༢༤༽»ཐབས་བསྟོད་པ་བཅས་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འཕགས་མ་འོད་ཟེར་ཅན་སྒྲུབ་པར་འདོད་པས་ཞེས་ཡོད་པ་སྐད་གཉིས་སྨྲ་བ་དུ་ལག་གི་ངོར་མཛད་པ། ལྷ་མོ་འོད་ཟེར་«༼༩༽༼༢༤༽»ཅན་གྱི་སྦྱིན་སྲེག་གི་ཆོ་ག་འགོར་ཚིག་དེ་ཉིད་ཡོད་ཅིང༌། འདི་དང་གོང་གི་སྒྲུབ་ཐབས་གཉིས་ལོ་ཙཱ་བ་སཾ་གྷའི་དོན་དུ་ཆུ་མིག་དཔལ་གྱི་བདེ་ཆེན་དུ་མཛད་པ། དེའི་བསྟོད་པ་«༼༩༽༼༢༤༽»རྒྱས་པ་འགོར་བཅོམ་ལྡན་འདས་འོད་ཟེར་ཅན་མའི་བསྟོད་པ་ཞེས་ཡོད་པ་ལྕགས་ཕོ་རྟ་ལོར་མཛད་པ། སྤྱན་མའི་སྒྲུབ་པའི་ཐབས་«༼༩༽༼༢༤༽»འགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ་ས་རྟ་ལོར་མཛད་པ། གཟའ་ཡུམ་གྱི་སྒྲུབ་«༼༩༽༼༢༤༽»ཐབས་འགོར་རྗེ་བཙུན་མ་གཟའ་ཐམས་ཅད་ཀྱི་ཡུམ་བསྒོམ་པར་འདོད་པས་ཞེས་ཡོད་པ་མེ་བྱི་ལོར་ཐང་སྐྱར་སྦྱར་བ། འདོད་པའི་ལྷ་རྣམས་«༼༩༽༼༢༤༽»ལ་བསྟོད་པ་འགོར། རྒྱལ་བ་ཀུན་གྱི་ཐུགས་ལས་སྐྱེས་པའི་སྲས། །ཞེས་ཡོད་པ། རིག་མ་བཅུ་དྲུག་གི་མཆོད་པའི་ཚིག་ཚན་«༼༩༽༼༢༤༽»པ་གཉིས་ཀྱི་འགོར། ན་མོ་གུ་རུ་བཛྲ་དྷ་རཱ་ཡ། རྡོ་རྗེ་ལྷ་མོ་པི་ཝང་མ། །ཞེས་ཡོད་པ་དང༌། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*