དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་གཉིས་པའི་ནང༌།

   གཉིས་པ་འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་གསུང་རབ་རྣམས་ཀྱི་བརྒྱུད་པ་ནི། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ནས། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་བ་འཛིན་པ། ཆོས་རྗེ་བྱང་ཆུབ་སེངྒེ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། པཎ་ཆེན་ནམ་མཁའ་དཔལ་བཟང༌། བྱམས་པ་ཀུན་དགའ་བཀྲ་ཤིས། རྗེ་བཙུན་ནམ་མཁའ་སངས་རྒྱས། ཐམས་ཅད་མཁྱེན་པ་དཔལ་མཆོག་རྒྱལ་མཚན། ཆོས་རྗེ་རིན་པོ་ཆེ་དོན་གྲུབ་རྒྱལ་མཚན། མཁས་བཙུན་གྲུབ་པ་ཁམས་སྟོན་ནམ་མཁའ་དཔལ་བཟང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་དཀོན་མཆོག་ལྷུན་གྲུབ་ནས། ཤར་ཁང་བ་ཤེས་རབ་རྒྱལ་མཚན། ནམ་མཁའ་དཔལ་བཟང་མན་འདྲའོ། །ཡང་བཀའ་འབུམ་གྱི་བརྒྱུད་པ་ལུགས་གཅིག་ནི། འཕགས་པ་རིན་པོ་ཆེ། དགའ་ལྡན་པ་བཀྲ་ཤིས་དཔལ།དགའ་ལྡན་པ་ཀུན་བསོད། བླ་མ་དཔལ་ལྡན་སེངྒེ། བླ་མ་དོན་ཡོད་རྒྱལ་མཚན་མན་འདྲའོ། །ཡང་ན་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེངྒེ། དཀོན་མཆོག་ལྷུན་གྲུབ་མན་འདྲའོ།།    །།ཀུན་མཁྱེན་གཡག་པ་དང་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་འཇམ་མགོན་ས་སྐྱ་པཎྜི་ཏའི་བསྟོད་པ་དང་རྗེས་སུ་འབྲེལ་བའི་བླ་མའི་རྣལ་འབྱོར་བྱིན་རླབས་ཀྱི་ཚུལ་དུ་ནོས་ཤིང༌། བསྟོད་པ་ཆོས་རྒྱལ་མ། བླ་མའི་རྣལ་འབྱོར་གྱི་ཡི་གེ་གཡག་ཕྲུག་མི་ཕམ་སངས་རྒྱས་དཔལ་གྱིས་མཛད་པ། བྱིན་རླབས་ཀྱི་ཡི་གེ་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ། ས་སྐྱ་ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་འཇམ་དབྱངས་བླ་སྒྲུབ་ཚིགས་བཅད་མཆན་བུ་མ་རྣམས་ཀྱི་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། འཇམ་དབྱངས་ས་སྐྱ་པཎ་ཆེན།ཀུན་མཁྱེན་གཡག་མི་ཕམ་ཆོས་ཀྱི་བླ་མ། རོང་སྟོན་ཤེས་བྱ་ཀུན་རིག ཀུན་མཁྱེན་སངས་རྒྱས་འཕེལ། ཀུན་དགའ་ཆོས་བཟང༌། འཇམ་དབྱངས་ཆོས་རྗེ།རབ་འབྱམས་ནོར་བུ་ཕུན་ཚོགས། པཎ་ཆེན་ལྷ་དབང་བློ་གྲོས། གནས་རབ་འབྱམས་པ་བྱམས་པ་ཕུན་ཚོགས། ནགས་དགོན་པ་སངས་རྒྱས་རྒྱ་མཚོ།ནགས་དགོན་པ་སྦྱིན་པ་གྲགས་པ། ས་སྐྱ་པ་སྔགས་འཆང་ཐམས་ཅད་མཁྱེན་པ་ཀུན་དགའ་བསོད་ནམས། འཇམ་དབྱངས་བསོད་ནམས་དབང་ཕྱུག དེ་སྲས་སྔགས་འཆང་བླ་མ་ངག་དབང་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཚུངས་མེད་ཀུན་དགའ་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། རྡོ་རྗེ་འཆང་བསྟན་འཛིན་ལྷུན་གྲུབ། ཀུན་མཁྱེན་ཨེ་ཝཾ་པ་དཔལ་ལྡན་ཆོས་སྐྱོང༌།དེས་བདག་ལའོ། །ཡང་ན་རོང་སྟོན་ནས། དགེ་བ་རྒྱལ་མཚན། འབྲས་མོ་བ་བསོད་ནམས་རྒྱ་མཚོ། མདོ་ཁམས་པ་ཡོན་ཏན་རྒྱ་མཚོ། དྲིན་ཆེན་ཚེ་དབང་བཀྲ་ཤིས། རྗེ་ཚར་ཆེན། མཁྱེན་བརྩེ། དབང་ཕྱུག་རབ་བརྟན། ངག་དབང་ཆོས་གྲགས། སྔགས་འཆང་ཀུན་དགའ་བསོད་ནམས་མན་འདྲ། ཡང་ན་ངག་དབང་ཆོས་གྲགས། ངག་དབང་རྣམ་རྒྱལ། ངག་དབང་ཀུན་དགའ་བཀྲ་ཤིས་སོ། །ཡང་ཤེའུ་རིས་བློ་གྲོས་རྒྱལ་མཚན་ནས། ནགས་དགོན་པ་སྦྱིན་པ་གྲགས་པ་ལས་བརྒྱུད་པ་ཡང་མཐོང་ངོ༌། །རིང་བརྒྱུད་ནི་ས་སྐྱ་པཎྜི་ཏ། བླ་མཆོད་གོང་མ་ཏོག ཏི་ཤྲཱི་གྲགས་པ་འོད་ཟེར། སྲུ་ལུང་ཀུན་དགའ་སྨོན་ལམ། བྱང་པ་དཀོན་མཆོག་གྲགས་པ། ཀུན་མཁྱེན་གཡག་པ་མན་འདྲའོ།།    །།རྒྱལ་བའི་སྲས་པོ་འཇིག་རྟེན་དབང་ཕྱུག་ཐོགས་མེད་བཟང་པོ་དཔལ་བའི་བཀའ་འབུམ་གྱི་སྐོར་ལ། བཤེས་གཉེན་ཐར་པ་དཔལ་གྱིས་བསྐུལ་བའི་དོན་དུ་མཛད་པའི་འཇམ་དབྱངས་འཁོན་སྟོན་ཐུགས་རྗེ་རིན་ཆེན་གྱི་བསྟོད་པ་སྔོན་སྦྱངས་མ། བྱང་སེམས་རིན་ཆེན་མགོན་གྱི་བསྟོད་པ་རིན་པོ་ཆེའི་ཅོད་པཎ་ནམ་སྤྱི་གཙུག་ཉི་ཟླ་མ། ཡང་དེའི་བསྟོད་པ་དད་པ་སྐྱེད་བྱེད་མཁྱེན་རབ་མ། མཁན་ཆེན་བྱང་ཆུབ་རྩེ་མོས་བསྐུལ་བ་ལྟར་མཛད་པའི་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་གསོལ་འདེབས་སྐུ་ཚེ་དཔག་མེད་མ། བཤེས་གཉེན་འཇམ་དབྱངས་དཀར་པོས་བསྐུལ་བའི་ངོར་མཛད་པའི་ཆོས་རྗེ་བུ་སྟོན་རིན་པོ་ཆེ་ཐམས་ཅད་མཁྱེན་པའི་གསོལ་འདེབས་ཚོགས་གཉིས་མ། བཤེས་གཉེན་མི་ཉག་བློ་ལྡན་དཔལ་དང་སློབ་དཔོན་དཔལ་ལྡན་ཡེ་ཤེས་གཉིས་ཀྱིས་བསྐུལ་ངོར་མཛད་པའི་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གསོལ་འདེབས་ལེགས་རྒྱུ་དགེ་ཚོགས་མ། བྱ་བྲལ་བ་དཔལ་རིན་གྱིས་བསྐུལ་བའི་ངོར་མཛད་པའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་བརྒྱུད་འདེབས་གནས་སྤྱི་གཙུག་མ། དམར་ཁྲིད་བརྒྱུད་པའི་བླ་མ་ལ་ཕྱག་འཚལ་བ་ཤེས་བྱ་མ་ལུས་མ། བཤེས་གཉེན་ཤེས་རབ་བཟང་པོས་བསྐུལ་བའི་ངོར་མཛད་པའི་ཐེག་པ་ཆེན་པོ་བློ་སྦྱོང་གི་བརྒྱུད་འདེབས་ཚོགས་གཉིས་རབ་རྫོགས་མ། རྟེན་འབྲེལ་སྙིང་པོའི་བརྒྱུད་པའི་གསོལ་འདེབས་ཐེག་བདེ་མ། བཅུ་གཅིག་ཞལ་གྱི་སྨྱུང་གནས་བརྒྱུད་པ་ལ་ཕྱག་འཚལ་བ་འགྲོ་ཀུན་མ། དོན་ཡོད་ཞགས་པ་ལྷ་ལྔ་བརྒྱུད་པ་དང་བཅས་པ་ལ་བསྟོད་པ་འགྲོ་བའི་སྐྱབས་གཅིག་མ། སེམས་ཙམ་ལུགས་ཀྱི་བྱང་སེམས་སྡོམ་པའི་བརྒྱུད་འདེབས་མཁྱེན་བརྩེ་མ། བླ་མ་སེ་སྟོན་གྱིས་བསྐུལ་བའི་ངོར་མཛད་པའི་དབུ་མ་ལུགས་ཀྱི་སྨོན་འཇུག་སེམས་བསྐྱེད་ཀྱི་བརྒྱུད་འདེབས་ཤེས་བྱ་མ་ལུས་མ། བྱམས་ཆོས་པ་བྱང་ཆུབ་རྒྱལ་མཚན་གྱི་ངོར་མཛད་པའི་བླ་ཆེན་ལུགས་ཀྱི་བསྙེན་རྫོགས་སྡོམ་པའི་བརྒྱུད་འདེབས་ཐམས་ཅད་མཁྱེན་པ་མ། བཤེས་གཉེན་ཤཱཀྱ་ཡེ་ཤེས་ཀྱི་ངོར་མཛད་པའི་སུམ་པ་ལོ་ཙཱའི་སྙན་བརྒྱུད་ཀྱི་བརྒྱུད་འདེབས་ཟག་མེད་མ། སྐྱིད་སྡུག་ལམ་ཁྱེར་གྱི་བརྒྱུད་འདེབས་རིག་པའི་གནས་ལྔ་མ། བླ་མ་སེ་སྟོན་གྱིས་བསྐུལ་བའི་ངོར་མཛད་པའི་སྙིང་པོ་དོན་གསུམ་གྱི་བརྒྱུད་འདེབས་རབ་མཛེས་མ། ཕྱོགས་བཅུའི་སངས་རྒྱས་ལ་བསྟོད་པ་རྒྱལ་བ་མཉེས་བྱེད་ཤར་ཕྱོགས་མ། མཁན་ཆེན་བཀའ་བཞི་པ་གྲགས་པ་གཞོན་ནུས་མཛད་པའི་ཆོག་ཁྲིགས་ལྟར་སྨན་བླ་བདེ་གཤེགས་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་བསྟོད་པ་རྒྱལ་བ་མཉེས་པར་བྱེད་པའི་མཆོད་པ་བླ་མེད་གསེར་མདོག་མ། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོའི་གླེང་གཞི་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་གི་བསྟོད་པ་མཁྱེན་རབ་མ། སྨན་བླ་དེ་བཞིན་གཤེགས་པ་བདུན་གྱི་འཁོར་གྱི་ལྷ་ཚོགས་ལ་ཕྱག་འཚལ་བ་བཅོམ་ལྡན་མ། ཇོ་བོ་སྐོར་བ་རྣམས་ཀྱི་དོན་དུ་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དང་པོ་བྱང་ཆུབ་མ། བཤེས་གཉེན་དཔལ་ལྡན་ཡེ་ཤེས་ཀྱི་ངོར་མཛད་པའི་འཇམ་དཔལ་དབྱངས་ཀྱི་བསྟོད་པ་དུས་གསུམ་རྒྱལ་བ་མ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྟོད་པ་ཚིག་རྒྱན་མེ་ཏོག་གི་ཕྲེང་བ་མཚན་དཔེ་ཆ་ཤས་མ། ཡང་དེ་ཉིད་ལ་བསྟོད་པ་ཤླཽ་ཀ་ཉི་ཤུ་རྩ་ལྔ་པ། བཅོམ་ལྡན་འདས་བྱམས་པ་མགོན་པོ་ལ་བསྟོད་ཅིང་གསོལ་བ་གདབ་པ་སྟོབས་བཅུ་མ། བཅོམ་ལྡན་འདས་མ་སྒྲོལ་མ་ལ་བསྟོད་པ་མཁྱེན་བརྩེ་མ། རང་གཞན་ལ་ཕན་པའི་དོན་དུ་མཛད་པའི་རྒྱལ་སྲས་ལག་ལེན་མ། གཉེན་པོ་བསྟེན་པའི་ཚིགས་སུ་བཅད་པ་ཚུལ་བཞིན་ཡིད་བྱེད་མ། སྡིག་སྤོང་དགེ་སྒྲུབ་ལ་བསྐུལ་བ་དགེ་བ་དགེ་བཤེས་མ། ཆོས་ལ་བསྐུལ་བའི་གཏམ་རིན་པོ་ཆེའི་རྒྱན་གསེར་གྱི་མཆོད་སྡོང་མ། རང་གི་སེམས་ལ་གྲོས་འདེབས་པ་གང་ཞིག་སྐྱོན་བྲལ་མ། རང་ལ་གྲོས་འདེབས་པའི་གཏམ་ཨང་དྲུག་མ། སློབ་མ་རྣམས་ལ་སྙིང་གཏམ་དུ་གསུངས་པ་དཔག་ཡས་མཁྱེན་བརྩེ་མ། རང་ལ་བསྐུལ་བ་མཁྱེན་བརྩེ་ནུས་པ་མ། རང་ལ་བསྐུལ་བ་སྔར་སྤྱད་བདེ་སྡུག་མ། རང་གི་སེམས་ལ་འདྲི་བར་བསྐུལ་བ་ཉོན་མོངས་དུག་ལྔ་མ། སྒོ་ཡིག་དང་པོ་བདག་ལ་ཕྲད་འདོད་མ། སྒོ་ཡིག་གཉིས་པ་བདག་ནི་སྔོན་ལས་མ། སྨོན་འཇུག་གི་སེམས་བསྐྱེད་པའི་ཆོ་ག་ཇོ་བོ་ཆེན་པོའི་གཞུང་ལས་ཇི་ལྟར་བྱུང་བ་བཞིན་མཛད་པ། ཇོ་བོ་ཆེན་པོས་མཛད་པའི་རྗེས་སུ་འབྲངས་ཏེ་བདག་ཉིད་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་གའམ་སེམས་བསྐྱེད་དང་སྡོམ་པ་རང་གིས་བླང་བའི་ཆོ་ག དགེ་བའི་བཤེས་གཉེན་འཇམ་དཔལ་རྡོ་རྗེ་སྙིང་པོས་བསྐུལ་བའི་ངོར་མཛད་པའི་སློབ་དཔོན་ཆེན་པོ་ཞི་བ་ལྷ་ལུགས་ཀྱི་སྨོན་འཇུག་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཆོ་ག སྨྱུང་བར་གནས་པའི་ཆོ་ག་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཆེན། ལས་དང་པོ་པ་འགའ་ཞིག་གི་དོན་དུ་གསུངས་པའི་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་བསྡུས་པ། རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་བསྐུལ་བའི་ངོར་མཛད་པའི་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག རྟེན་འབྲེལ་སྙིང་པོའི་ཁྲིད་དམིགས་པ་ཟུར་འདེབས་གསུམ་དང་བཅས་པ། དགེ་བའི་བཤེས་གཉེན་ཀུན་ལེགས་པའི་ངོར་མཛད་པའི་སྐྱིད་སྡུག་ལམ་ཁྱེར་གྱི་ཁྲིད། ངན་སོང་སྦྱོང་བའི་མངོན་རྟོགས་ཤིན་ཏུ་བསྡུས་པ། བྱ་བྲལ་བ་དཔལ་འབྱོར་བཟང་པོས་བསྐུལ་བའི་ངོར་མཛད་པའི་འོད་དཔག་མེད་ཀྱི་བླ་མའི་རྣལ་འབྱོར། བྱ་བྲལ་བ་དཔལ་འབྱོར་བཟང་པོའི་ངོར་གནང་བའི་ཐུགས་རྗེ་ཆེན་པོའི་གཏོར་མ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པའི་གང་ཟག་རྣམས་ཀྱི་ཆོས་སྤྱོད་ཀྱི་རིམ་པ་ལ་སྐྱབས་འགྲོ། ཟས་ཀྱི་སྒོ་ནས་ཚོགས་གསོག་པ། ཡན་ལག་བདུན་པ། གཏོར་མ་བརྒྱ་རྩ། ཡི་དྭགས་ཀྱི་ཆུ་སྦྱིན། དབྱུ་གུ་དྲུག་ཅུ་རྩ་བཞི། ཁྲུལ་གཏོར་ཛམ་ལྷའི་ཆུ་སྦྱིན། དཀར་ཆ་བཞི། སཱཙྪ་གདབ་པའི་རིམ་པ། བླ་མ་ལ་གསོལ་བ་གདབ་པ། ཡང་དག་པའི་དོན་སྤྲོས་བྲལ་བསྒོམ་པ། རྒྱལ་མཚན་དཔལ་གྱིས་བསྐུལ་བའི་ངོར་མཛད་པའི་བྱང་སེམས་རིན་ཆེན་མགོན་གྱི་ནང་རྟེན་དཀར་ཆག བསོད་ནམས་འོད་ཟེར་གྱི་དོན་དུ་མཛད་པའི་ལམ་རིམ་རྒྱས་པ་ཆོས་ཚུལ་བཞིན་དུ་ཉམས་སུ་ལེན་པའི་མན་ངག ཕ་ཇོ་གཡུང་དྲུང་དཔལ་གྱི་དོན་དུ་མཛད་པའི་ལམ་རིམ་བསྡུས་པ་ཡང་དག་སྒྲུབ་པ། ཡང་དེའི་དོན་དུ་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་གསུངས་པའི་ཡན་ལག་བདུན་པ། ལ་ཤིང་མཁན་པོ་ཤེས་རབ་གྲུབ་ཀྱིས་བསྐུལ་བའི་ངོར་མཛད་པའི་ཞལ་གདམས་ཚུལ་གནས་མ། བཤེས་གཉེན་རབ་རྩེ་ནམ་མཁའ་གྲུབ་ལ་གདམས་པའི་བློ་སྦྱོང་ཕར་ཕྱིན་དྲུག་ལྡན་མ། ཡང་དེ་ལ་གསུངས་པའི་ཞལ་གདམས་ཐུགས་རྗེ་ཆེན་པོ་མ། སྟག་ལུང་པ་ཤཱཀྱ་དཔལ་བཟང་པོ་ལ་གསུངས་པའི་ཞལ་གདམས་ཤཱཀྱ་བསྟན་འཛིན་མ། ཡང་དེ་ལ་གསུངས་པའི་ཞལ་གདམས་ཆོས་བརྒྱད་ལམ་དུ་སློང་བ། ཡང་དེ་ལ་གདམས་པའི་སྦྱོར་དངོས་རྗེས་གསུམ་ཚང་བའི་བློ་སྦྱོང་དལ་འབྱོར་རྙེད་དཀའ་མ། སྟག་ལུང་ཀ་དྲུག་པ་ལ་གསུངས་པའི་ཞལ་གདམས་རྒྱལ་བ་རྒྱ་མཚོ་མ། སི་ཏུ་ཆེན་པོ་ལ་ནག་ཅན་ཞིག་སྐྱོབ་པའི་ཕྱིར་དུ་ཕུལ་བའི་ཕྲིན་ཡིག་མཆོད་གནོད་མ། བླ་མ་རྫོགས་ཆེན་པ་ཆོས་ཉིད་རྒྱལ་མཚན་གྱི་དྲིས་ལན་དཀོན་མཆོག་མ། བཤེས་གཉེན་དཔལ་ལྡན་ཡེ་ཤེས་ཀྱིས་བསྐུལ་བའི་ངོར་མཛད་པའི་གནོད་བྱེད་ལ་ཕན་གདགས་པའི་དམ་བཅའ་དང་སྨོན་ལམ་སྔོན་བཅོམ་མ། ལྷག་བསམ་ཟླ་བ་ཆེས་པས་བསྐུལ་ནས་དམ་ཆོས་ཚུལ་བཞིན་སྒྲུབ་པའི་ཐབས་ཡོན་ཏན་འོད་ཟེར་མ། བསོད་ནམས་དཔལ་གྱིས་བསྐུལ་བའི་ངོར་མཛད་པའི་ལྟ་སྒོམ་སྤྱོད་འབྲས་གཞི་ལམ་འབྲས་བུའི་ངོས་འཛིན་ཐུགས་རྗེ་ཆེན་པོ་མ། དྲུང་ནས་པའི་དྲིས་ལན་བསམ་མི་ཁྱབ། རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་པའི་སྨོན་ལམ་བདག་གམ་བདག་བཤེས་མ། རིགས་དང་བསོད་ནམས་ཐུགས་དགོངས་ཕུན་སུམ་ཚོགས་པ་དང་ལྡན་པ་བྱམས་ཆེན་པར་ཕུལ་བའི་ཞུ་ཕྲིན། ཆེན་པོ་བསོད་ནམས་བཟང་པོའི་ཐུགས་དམ་བསྐུལ་བ་སྔོན་ཆད་བསོད་ནམས་མ། བྱང་པ་དཔོན་ཤཱཀྱ་བཟང་པོ་ཞབས་བསྙུན་པའི་དུས་གདམས་པ། སྟག་ལུང་སངས་རྒྱས་དཔལ་ལ་དམ་བཅའ་བརྟན་པའི་དོན་དུ་གདམས་པ་གནོད་བྱེད་མ། སློབ་དཔོན་ནམ་མཁའ་རིན་ཆེན་དཔལ་བཟང་པོ་ལ་གདམས་པ་བདེ་ལམ་མ། དེས་བསྐུལ་བའི་ཕར་ཕྱིན་དྲུག་གི་ངོས་འཛིན་ཡོན་ཏན་དཀྱིལ་འཁོར་མ། རོང་པོ་ཆོས་བློའི་དོན་དུ་མཛད་པའི་དཀོན་མཆོག་གི་ངོས་འཛིན་སྒྲིབ་གཉིས་མ། བོན་པོ་ཁྱི་ཐུལ་གྱི་སེམས་ལ་ཕན་པའི་གདམས་པ། མཁན་པོ་ལོ་ཙཱ་བ་བྱང་ཆུབ་རྩེ་མོའི་དྲིས་ལན་རྗེ་མཉམ་མེད་མ། ས་སྐྱར་དགེ་བཤེས་ཤིག་གིས་དྲིས་ལན་ནད་ལ་སོགས་པ་ལམ་དུ་འཁྱེར་ཚུལ་བདག་ཞེན་མ། དགེ་བཤེས་ཤཱཀྱ་བསོད་ནམས་ལ་གདམས་པ་ཤཱཀ་སེང་མ། སློབ་དཔོན་ནམ་མཁའ་དཔལ་གྱི་ཕྲིན་ལན། དེ་ལ་གདམས་པ་དམ་ཆོས་མཐར་ཐུག་རིན་ཆེན་ཕྲེང་བ་ཕྲིན་ལས་བཟང་པོ་མ། གནས་རྙིང་པ་རྒྱལ་དབང་ལ་གདམས་པ་བློ་དཀོན་མཆོག་མ། སློབ་དཔོན་ཆེན་པོ་གྲགས་པ་རིན་ཆེན་ལ་གདམས་པ་བསླབ་གསུམ་མ། སློབ་དཔོན་ལྡོང་སྟོན་གྱིས་བསྐུལ་བ་ལ་བརྟེན་ནས་གདམས་པ་ཕན་བདེ་མ། སློབ་དཔོན་ཆོས་བློ་དབོན་པོ་ཀུན་དགའ་རྒྱལ་མཚན་ལ་གདམས་པ་ཤེས་བྱ་མ་ལུས་མ། དེ་ལ་གདམས་པ་ཆོས་ཀྱི་བློ་གྲོས་མ། ཡང་དེ་ཉིད་ཆོས་ལ་བསྐུལ་ཕྱིར་ཐོགས་མེད་ཅེས་བྱས་སྦྱར་བ། མཁན་ཆེན་གྲོ་ས་བ་ལ་ཕུལ་བའི་ཞུ་ཕྲིན་ཡང་དག་མ། སློབ་དཔོན་ཆོས་མཆོག་ལ་ཕུལ་བའི་ཞུ་ཕྲིན། དེ་ཉིད་ཤིག་ནད་ཀྱིས་བསྙུན་དུས་སུ་ཕུལ་བའི་ཞུ་ཕྲིན། བླ་མ་སྤོ་ཏོག་པའི་དོན་དུ་གདམས་པ་དལ་འབྱོར་རིན་ཆེན་མ། སྦུད་སྐྲའི་རྟོགས་ལྡན་བསོད་ནམས་རིན་ཆེན་གྱི་དམ་བཅའ་བཞི་པོ་བརྟན་པའི་དོན་དུ་མཛད་པ་དངོས་གྲུབ་རྩ་བ་མ། འོད་ཟེར་བཟང་པོ་ལ་གདམས་པ་ཉེས་པའི་འབྱུང་གནས་མ། ཡང་མགོན་གདན་ས་པ་བླ་མ་རི་པ་གཞོན་ནུ་རྒྱལ་མཚན་གྱི་ཐུགས་དམ་གསལ་འདེབས་དལ་འབྱོར་རིན་ཆེན་མ། རྩིབས་རི་བ་སློབ་དཔོན་གཞོན་ནུ་བྱང་ཆུབ་ཀྱི་དམ་བཅའ་བརྟན་པའི་དོན་དུ་མཛད་པ་གཞན་ཕན་མ། སྒོམ་ཆེན་པ་བསོད་ནམས་རྒྱལ་མཚན་ལ་གདམས་པ་ཆོས་ཀུན་མ། ཁམས་པ་བློ་གྲོས་དཔལ་ལ་གདམས་པ་དལ་འབྱོར་མི་ལུས་མ། མི་ཉག་རྒྱལ་མཚན་འབུམ་གྱི་དོན་དུ་གདམས་པ་དལ་འབྱོར་རྙེད་དཀའ་མ། མི་ཉག་བླ་མ་རབ་སྟོན་འཇམ་དབྱངས་གྲགས་པ་ལ་གདམས་པ་སྙིགས་དུས་མ། རིན་པོ་ཆེ་སྐྱོབ་པ་དཔལ་ལ་གདམས་པ་སེམས་རྟོག་མེད་མ། རྒྱལ་སྲས་ལག་ལེན་གྱི་ཕ་ཡུལ་སྤོང་བའི་སྐབས་སུ་བླང་དོར་བྱེད་པ་དང་བརྗེད་པའི་གཏི་མུག་མུན་ནག་ཅན་གཉིས་པོ་གང་ཡིན་ལ་འགའ་ཞིག་མ་འཆམ་པར་རྒྱལ་བཙུགས་པ་ཡིན་ཟེར་ནས་དྲིས་བའི་ལན། ནམ་མཁའ་བཟང་པོས་དྲིས་པའི་ལན་དཀོན་མཆོག་མ། དགེ་སློང་ཆོས་དབང་རིན་ཆེན་གྲོགས་མཆེད་གཉིས་ཀྱི་ཕྲིན་ལན། བཤད་གསར་བ་རྣམས་ཀྱི་དོན་དུ་མཛད་པའི་ཚོགས་ཀྱི་མོལ་གཏམ། མ་ཎི་བ་ཟླ་བཟང་གི་དྲང་པོའི་གཏམ། བྱ་བྲལ་བ་རིན་ཆེན་དཔལ་གྱིས་བསྐུལ་བའི་ངོར་མཛད་པའི་བསྔོ་བ་ཡོན་བཤད། དཔོན་རིན་ཆེན་བཟང་པོའི་དོན་དུ་མཛད་པའི་སྨོན་ལམ་བདག་གི་སྐྱེ་ཞིང་མ། ཁམས་པ་མ་ཎི་པས་བསྐུལ་བའི་ངོར་མཛད་པའི་སྨོན་ལམ་བདག་ནི་བྱང་ཆུབ་མ། དཔོན་རིན་གྱི་ཡུམ་བར་མ་གསེར་ལས་བཞེངས་པའི་རབ་གནས་ཀྱི་དོན་དུ་མཛད་པའི་བཀྲ་ཤིས་ཐུགས་དབང་མ། བཤེས་གཉེན་རྒྱལ་མཚན་དར་རས་རྐྱང་བའི་ཁ་ཆེམས་དྲིས་ལན་གཏུམ་མོ་འབར་བ་མ་རྣམས་ཀྱི་ལུང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཇིག་རྟེན་དབང་ཕྱུག་ཐོགས་མེད་བཟང་པོ་དཔལ། །རྣལ་འབྱོར་དབང་ཕྱུག་ལོ་ཆེན་བྱང་ཆུབ་རྩེ། །གྲུབ་པའི་དབང་ཕྱུག་དཔལ་ལྡན་བུདྡྷ་ཤྲཱི། །མཁྱེན་རབ་དབང་ཕྱུག་ངོར་ཆེན་ཀུན་དགའི་མཚན། །ཐུགས་རྗེའི་དབང་ཕྱུག་མུས་ཆེན་དཀོན་རྒྱལ་ཞབས། །ཕྲིན་ལས་དབང་ཕྱུག་སངས་རྒྱས་རིན་ཆེན་དཔལ། །མཁས་པའི་དབང་ཕྱུག་དཀོན་མཆོག་ལྷུན་གྲུབ་ཞབས། །བཙུན་པའི་དབང་ཕྱུག་བྲང་ཏི་ནམ་མཁའ་དཔལ། །བཟང་པོའི་དབང་ཕྱུག་ཆོས་རྗེ་དཔལ་གྲུབ་པ། །རྒྱལ་ཀུན་དབང་ཕྱུག་འདྲེན་པ་དཔལ་མཆོག་ལས། །མཁྱེན་«་་་་་མཁན་ཆེན་བཀྲ་ཤིས་ལྷུན་པའི་གསན་ཡིག་ཏུ་བྱུང༌། »རབ་དབང་ཕྱུག་སངས་རྒྱས་ཕུན་ཚོགས་ཞབས། །གྲུབ་པའི་དབང་ཕྱུག་ཀུན་སྤངས་ཀུ་ས་ལི། །ལུང་རྟོགས་དབང་ཕྱུག་བཀྲ་ཤིས་ལྷུན་གྱིས་གྲུབ། །སྙོམ་ལས་དབང་ཕྱུག་ཚུལ་ཁྲིམས་རིན་ཆེན་ལ། །ཡང་ན་དབང་ཕྱུག་བརྒྱད་ལྡན་དཔལ་མཆོག་ཞབས། །བཙུན་པའི་དབང་ཕྱུག་བསོད་ནམས་རྒྱལ་མཚན་ལས། །ཐུགས་རྗེའི་དབང་ཕྱུག་བཀྲ་ཤིས་ལྷུན་གྲུབ་ཀྱིས། །ལེ་ལོའི་དབང་ཕྱུག་ཚུལ་རིན་བདག་ལའོ། །ཡང་ན་རྗེ་བཙུན་སངས་རྒྱས་རིན་ཆེན་ནས། །རྒྱལ་བ་ལྷ་ཡི་མཆོག་གྱུར་སེང་གེའི་མཚན། །ཀུན་མཁྱེན་དཀོན་མཆོག་ལྷུན་གྲུབ་མན་འདྲའོ།།    །།སྒྲོན་མའི་བསྐལ་པའི་རྣམ་པར་འདྲེན་པ་བཅོམ་ལྡན་འདས་ཤཱཀྱ་སེང་གེའི་ལུང་རྟོགས་ཀྱི་རྒྱལ་སྲིད་ཆེན་པོ་སྐྱོང་བའི་རྒྱལ་ཚབ་དམ་པ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ཚད་མེད་པའི་བདག་ཉིད་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་པའི་གསུང་རབ་རིན་པོ་ཆེའི་གླེགས་བམ་བཞིའི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། རྩ་བའི་བླ་མ་དམ་པ་རྣམས་ལ་བསྟོད་པ། ཤར་ཆེན་ལ་བསྟོད་པ་ལྔ། གྲུབ་ཆེན་བུདྡྷ་ཤྲཱི། ས་བཟང་འཕགས་པ། མཁན་ཆེན་བཀྲ་ཤིས་རིན་ཆེན། ལོ་ཆེན་རིན་ཆེན་བཟང་པོ། རྗེ་ས་སྐྱ་པ་ཆེན་པོ་རྣམས་ལ་བསྟོད་པ་རེ། སྡོམ་གསུམ་བླ་མ་བརྒྱུད་པ་ལ་ཕྱག་འཚལ་བ། ལམ་ཟབ་བརྒྱུད་པའི་གསོལ་འདེབས། ལམ་འབྲས་ཕྱག་མཆོད་ཀྱི་ཁ་སྐོང༌། ལམ་འབྲས། བསམ་མི་ཁྱབ། ལྷན་ཅིག་སྐྱེས་གྲུབ། མཆོད་རྟེན་དྲུང་ཐོབ། ཡི་གེ་མེད་པ། པདྨ་པའི་ལམ།གཏུམ་མོ་ལམ་རྫོགས། ཡོན་པོ་བསྲང་པ། ཨིནྡྲ་བྷཱུ་ཏིའི་ལམ་སྟེ་ལམ་སྐོར་དགུའི་བརྒྱུད་པའི་གསོལ་འདེབས། བདེ་མཆོག་རིམ་ལྔ། རྩ་དབུ་མའི་རིང་བརྒྱུད།རྩ་དབུ་མའི་ཉེ་བརྒྱུད། བདེ་མཆོག་དཀར་པོ། མ་ཧཱ་མཱ་ཡཱ། སྤྲོས་མེད། གསང་འདུས་རིམ་ལྔ་འགོས་ལུགས། རྭ་རྩེ་སེམས་འཛིན། ཤིན་ཏུ་སྤྲོས་མེད། སྤྱོད་འཇུག ཞེན་པ་བཞི་བྲལ་རྣམས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས། འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་ཆོག རྡོ་རྗེ་རྣལ་འབྱོར་མ། ཤེས་ཕྱིན་དཀར་མོ།འདོད་རྒྱལ། ཚོགས་བདག འཆི་བདག་འཇོམས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས། གཙུག་ཏོར་རྣམ་རྒྱལ་ལྷ་དགུ། ནོར་རྒྱུན་མ་ལྷ་བཅུ་དགུའི་བསྟོད་པ་སྨོན་ལམ་དང་བཅས་པ། ས་སྐྱ་པའི་བཀའ་སྲུང་རྣམས་ཏེ་དེ་རྣམས་ལ་བསྟོད་པ་ལེ་ཚན་རེ། ཡན་ལག་བདུན་པའི་ཆོ་ག ས་སྐྱ་པཎྜི་ཏའི་རྣམ་ཐར་གསུང་སྒྲོས་མ།གྲུབ་ཆེན་བུདྡྷ་ཤྲཱིའི་རྣམ་ཐར། ས་བཟང་འཕགས་པའི་རྣམ་ཐར། རྗེ་ཉིད་ཀྱི་གསན་ཡིག་རྒྱ་མཚོ། ལམ་འབྲས་ཆོས་འབྱུང་རྩོམ་འཕྲོ། བཤད་ཐབས་གསང་བའི་སྒོ་འབྱེད། ཞུས་ལན་གསལ་བའི་ས་བཅད། དབང་བཞིའི་རྟོགས་བསྐྱེད། མངོན་རྟོགས་ཚུལ་བཞིའི་སྡོམ་ཚིག ཕྱི་ནང་གི་བསྐྱེད་རིམ་དབང་དང་བཅས་པའི་སྡོམ་ཚིག ནང་གི་བླ་མའི་རྣལ་འབྱོར། བིར་སྲུང་བར་ཆད་ཀུན་སེལ། སྐུའི་རྣམ་འགྱུར་དྲུག་གི་ཟིན་བྲིས། བིར་སྲུང་ཐུན་མོང་མ་ཡིན་པའི་བྱིན་རླབས་བྱ་ཚུལ། དེའི་ཉམས་ལེན། དེ་དང་ལམ་འབྲས་མཚན་མཚོན་སྦྱར་བ། བིར་སྲུང་གསར་མ། ལུས་དཀྱིལ། རྩོད་སྤོང་ཆེ་ཆུང༌། རྒྱུད་གསུམ་གནོད་འཇོམས་རྩ་འགྲེལ། ཟུང་འཇུག་རྡོ་རྗེ་འཆང་གི་ས་མཚམས་རྣམ་པར་བཤད་པ། ཀྱེ་རྡོ་རྗེའི་རྒྱུད་ཀྱི་བྱུང་ཚུལ་དང་བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་རྒྱ་མཚོ། བརྟག་གཉིས་ཀྱི་འགྱུར་ཆད་བསབས་པ་ཤླཽ་ཀ་གཉིས། བརྟག་གཉིས་ཀྱི་འགྲེལ་པའི་དཀར་ཆག ཀྱེ་རྡོར་ཌོམྦི་ལུགས་ཀྱི་སྒྲུབ་ཐབས། ཕྲིན་ཡིག་དབང་པོ་རྡོ་རྗེ།གཞལ་ཡས་ཁང་གི་ཚད་རྣམ་པར་གཞག་པ། འཕར་མ་གཉིས་ཀྱི་དོན་བཤད་པ། དཔལ་ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་རྒྱ་ཆེར་བཤད་པ་བསྐྱེད་རིམ་གནད་ཀྱི་ཟླ་ཟེར། གཏོར་ཆོག་གི་འགྲེལ་པ། མཚོ་སྐྱེས་ལུགས་དང་ཌོམྦི་ལུགས་ཀྱི་སྒྲུབ་ཐབས་དང་དཀྱིལ་ཆོག་གི་ཐོ་ཡིག སྒྲུབ་ཐབས་མཚོ་སྐྱེས་ཀྱི་བསྡུས་དོན།བསྟོད་པ་ཉི་ཤུ་པའི་འགྲེལ་པ། མཚོ་སྐྱེས་ལུགས་ཀྱི་མཎྜལ་མཆོད་ཆོག འདོད་རྒྱལ་གྱི་སྒྲུབ་ཐབས། ཤེས་ཕྱིན་དཀར་མོའི་སྒྲུབ་ཐབས། གུར་རིགས་བསྡུས་ཀྱི་སྦྱིན་སྲེག གར་གྱི་ཤན་འབྱེད། སངས་རྒྱས་ཀྱི་གར། ཕྱོགས་བཞི་གཏོར་མའི་གཏང་ཐབས། ཆོས་སྐྱོང་གི་མན་ངག་རྣམས་ཀྱི་དཀར་ཆག མགོན་རྐྱང་གི་སྒྲུབ་ཐབས་རྒྱུད་འགྲེལ་ལས་ཕྱུང་བ། ལྷ་བརྒྱད་ཀྱི་རྗེས་གནང༌། གཏོར་ཆོག་དགྲ་ལས་རྣམ་རྒྱལ། གཏོར་སྒྲུབ་ཀྱི་མན་ངག་གཡུལ་ལས་རྣམ་རྒྱལ། བཀའ་སྲུང་རྣམས་ཀྱི་ཐུགས་དམ་བསྐང་བའི་ཆོ་ག ཀྱེ་རྡོ་རྗེ་ལྷ་བཅུ་བདུན་མའི་སྒྲུབ་ཐབས། སམྤུ་ཊ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་ཐབས། ཡང་དག་སྦྱོར་བའི་རྒྱུད་ལས་འབྱུང་བའི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག རྡོ་རྗེ་དབྱིངས་ཀྱི་མཆོད་པའི་ཆོ་ག དཀྱིལ་འཁོར་གྱི་ཆོ་ག སྦྱིན་སྲེག བཀྲ་ཤིས་དགེ་ལེགས་ཉི་མ་རྣམས་དང༌། ཚོགས་ཀྱི་འཁོར་ལོ་གསང་བ་ཀུན་རྒྱན། ཡང་ཚོགས་ཀྱི་འཁོར་ལོ་ཀུན་བཟང་རྣམ་རོལ། བདེ་མཆོག་བླ་མ་མཆོད་པའི་ཆོ་ག་བསོད་ནམས་རབ་རྒྱས། བདེ་མཆོག་འཁོར་ལོའི་ཕོ་བྲང་གི་རྣམ་གཞག ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས། མཁའ་སྤྱོད་ཀྱི་མན་ངག་ཟབ་མོ། བདེ་མཆོག་དཀར་པོའི་སྒྲུབ་ཐབས་བྱིན་རླབས་ཆོ་ག་དང་བཅས་པ། རྡོ་རྗེ་ལྷ་མོའི་ཚེ་སྒྲུབ། ལྭ་ཝ་པའི་ལུགས་ཀྱི་བདེ་མཆོག་སྦྱངས་པའི་ཡོན་ཏན་ལྷ་བཅུ་གསུམ་པའི་ཆོ་ག་ལ་དགོས་པའི་ཟིན་བྲིས། རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་དང༌། ནག་པོ་པའི་སྒྲུབ་ཐབས་མི་འདྲ་བའི་ཁྱད་པར། ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒྲུབ་ཐབས་དངོས་གྲུབ་རིན་པོ་ཆེའི་མཛོད། གཙོ་བོ་ཡབ་ཡུམ་གྱི་སྒྲུབ་ཐབས། དེའི་སྔགས་ཕྲེང་གསང་སྔགས་རིན་པོ་ཆེའི་མཛོད་མཚན་མ། དེའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་སྙེ་མ། མཆོད་ཕྲེང་བསོད་ནམ་རིན་པོ་ཆེའི་མཛོད། གསང་བ་འདུས་པ་མི་བསྐྱོད་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ། དེའི་གཏོར་ཆོག མཆོད་ཕྲེང༌། རྡོ་རྗེ་སེམས་དཔའི་མཆོད་ཆོག དཀྱིལ་འཁོར་གྱི་ཆོ་ག སྦྱིན་སྲེག རབ་གནས།བཀྲ་ཤིས་དགེ་ལེགས་རྒྱ་མཚོ། གསང་འདུས་ཀྱི་བསྐྱེད་རིམ་ཤིན་ཏུ་རྣལ་འབྱོར་གྱི་ཁྱད་པར། གསང་འདུས་རིམ་ལྔའི་ཁྲིད་ཡིག་ཟུང་འཇུག་གསལ་བ། རྡོ་རྗེ་ཕྲེང་བར་གསུངས་པའི་ས་ཆོག དགྲ་ནག་གི་རྒྱུད་ནས་གསུངས་པའི་ཆར་འབེབས། འཇིགས་བྱེད་ཀྱི་གཏོར་ཆོག འཇིགས་བྱེད་ཀྱི་རྫོགས་རིམ། གཤེད་དམར་ལྷ་ལྔའི་སྒྲུབ་ཐབས། དེའི་དག་པ། སྒྲུབ་ཐབས་ཀྱི་ལུང་སྦྱོར། དཀྱིལ་ཆོག སྤྲོས་མེད་མཛེས་རྒྱན། ཀུན་རིག་གི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒྲུབ་ཐབས་སྒྲིབ་པ་རྣམ་སེལ། ཀུན་རིག་གི་ཆོ་ག་གཞན་ཕན་མཐའ་ཡས། དེ་ལ་ཉེ་བར་མཁོ་བའི་ཆོ་ག ཆ་གསུམ་གཏོར་མ། དཀྱིལ་འཁོར་སྒོ་སྦྲགས་ཀྱི་བཤད་པ། སྤྱོད་རྒྱུད་སྤྱིའི་རྣམ་གཞག བྱ་རྒྱུད་སྤྱིའི་རྣམ་གཞག མི་འཁྲུགས་པའི་སྒོ་ནས་གཤིན་པོ་རྗེས་སུ་གཟུང་བའི་ཆོ་ག འཕགས་པ་འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག དྲི་མེད་ལྷ་ཉི་ཤུ་རྩ་ལྔའི་སྒྲུབ་ཐབས། ཨ་ར་པ་ཙ་ནའི་རྗེས་གནང༌། འོད་དཔག་མེད་ཀྱི་ཚེ་སྒྲུབ། སེངྒེ་སྒྲ། སྣ་ཚོགས་ཡུམ། རྨ་བྱ་ཆེན་མོ། སོ་སོར་འབྲང་མ། འབྱུང་པོ་འདུལ་བྱེད། རྟ་མགྲིན་རྣམས་ཀྱི་སྒྲུབ་ཐབས། བདེ་གཤེགས་བརྒྱད་ཀྱི་མཆོད་པའི་ཆོག་སྒྲིག སེམས་བསྐྱེད་རང་གིས་བླང་བའི་ཆོ་ག་དབུ་མ་ལུགས། གསོ་སྦྱོང་རང་གིས་བླང་བའི་ཆོ་ག མཆོད་སྦྱིན་ཆེན་པོའི་ཟིན་བྲིས། གཏོར་ཆེན་གྱི་དབང་གཟུགས། གསེར་སྐུ་རྡོ་རྗེ་འཆང་བཞེངས་ཚུལ། གནོད་སྦྱིན་འཁོར་ལོའི་སྔགས་ལ་ཞུས་དག་མཛད་པ། དགེ་ཚུལ་གྱི་རགས་སྡོམ་བཅུའི་བསླབ་བྱ། བཀའ་འགྱུར་རོ་ཅོག་གི་དཀར་ཆག བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་མདོར་བསྡུས་གཅིག རྡོ་རྗེ་ཐེག་པའི་བསྟན་འགྱུར་གྱི་དཀར་ཆག མཚན་ཉིད་བསྟན་འགྱུར་གྱི་དཀར་ཆག རྗེ་བཙུན་གོང་མ་གསུམ་གྱི་བཀའ་འབུམ་གྱི་དཀར་ཆག སློབ་མ་རྣམས་ལ་སྤྲིང་བའི་ཡི་གེ ས་བཟང་པ་བསོད་ནམས་དཔལ། ལོ་ཙཱ་བ་རྡོ་རྗེ་དཔལ། དགེ་འདུན་མགོན། ཨ་མོ་གྷ། བླ་ཆེན་ཆོས་རིན་པ། གླིང་འོད་ཟེར་རྒྱལ་མཚན། བླ་མ་བསམ་གྲུབ་རྒྱལ་མཚན། སློབ་དཔོན་བསམ་བཟང༌། དབུ་མ་པ་ཤེས་རབ་རྒྱ་མཚོ། མདོ་སྟོད་པ་བཤེས་གཉེན་དགེ་བཟང་རྣམས་ཀྱིས་དྲིས་ལན་རེ། སྡེ་སྣོད་འཛིན་པ་རཏྣ་ཤྲཱི་ལ་གདམས་པ། གསང་སྔགས་པ་ཀུན་དགའ་གཞོན་ནུ་ལ་གདམས་པ། བླ་མ་སངས་རྒྱས་རྒྱལ་མཚན་ལ་གདམས་པ་དང་བསྔགས་པ་གཉིས། བྱང་ཆུབ་སེམས་དཔའ་བསོད་ནམས་རིན་ཆེན་ལ་གདམས་པ་ཤླཽ་ཀ་གཅིག རྒྱ་རོང་པ་བཀྲ་ཤིས་དཔལ་ལ་གདམས་པ། སྒྲུབ་པ་པོ་བློ་བཟང་ལ་གདམས་པ། ཉག་རེ་སངས་གྲགས་ལ་གདམས་པ། པཎྜི་ཏ་ནགས་ཀྱི་རིན་ཆེན་ལ་སྤྲིངས་པ། བལ་ཡུལ་ཡེ་རང་གི་པཎྜི་ཏ་ཤྲཱི་མ་ནོ་བོ་དྷི་ཡབ་སྲས་ལ་སྤྲིངས་པ། དཔོན་པོ་རྒྱལ་མཚན་དཔལ་ཡབ་ཡུམ་སྲས་བཅས་ལ་གདམས་པ། ཡ་ཚེ་རྒྱལ་པོ་ཧསྟི་རཱ་ཛ་ཡབ་ཡུམ་སྲས་བཅས་ལ་གདམས་པ། དེའི་བློན་པོ་ལ་གདམས་པ་ཤླཽ་ཀ་གཅིག ཨ་ཡ་དབང་ཕྱུག་བཀྲ་ཤིས་ལ་གདམས་པ། དཔོན་རྒན་ཐར་པ་ཡེ་ཤེས་ལ་གདམས་པ། སློབ་དཔོན་བཟོད་ཆེན་ལ་གདམས་པ། ཕྱི་ནང་གི་ཡས་གཏམ། ཐེག་པ་ཆེན་པོའི་སྨོན་ལམ། གསེར་འོད་དམ་པ་ལས་བཏུས་པའི་སྨོན་ལམ། དེར་མ་ཐུས་པ་ཆོས་རྗེ་ཤར་པའི་རྣམ་ཐར། «འདི་མན་གསན་ཡིག་དབང་གི་རྒྱལ་པོར་མ་བཞུགས་པས་ལུང་རྒྱུན་ཡོད་མེད་བརྟག་་་་་»མངོན་བྱང་གི་བཤད་པ། བདེ་མཆོག་དྲིལ་བུ་པའི་རྣམ་བཤད། རྣལ་འབྱོར་རྒྱུད་ཀྱི་སྤྱི་རྣམ་རྩོམ་འཕྲོ། ཀྱེ་རྡོ་རྗེའི་མངོན་རྟོགས་བསྡུས་པ། བཀའ་ཤོག་ཐོར་བུ་བ་ཁ་ཡར་རྣམས་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། རྒྱལ་བ་ལྷ་མཆོག་སེངྒེ། རྡོ་རྗེ་འཆང་སངས་རྒྱས་སེངྒེ། བྲང་ཏི་ནམ་མཁའ་དཔལ་བཟང༌། མུན་ཆེན་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ། འཇམ་དབྱངས་ནམ་མཁའ་སངས་རྒྱས། མཚུངས་མེད་བསོད་ནམས་རྒྱ་མཚོ། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། བསྟན་པའི་སྒྲོན་མེ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། ཀུན་མཁྱེན་དཔལ་ལྡན་ཆོས་སྐྱོང༌། དེ་དབོན་མཚུངས་མེད་རིན་ཆེན་མཆོག་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ།།    །།ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་འདྲེན་བྱེད་རྣམ་པར་«་་་་་འདི་དེ་སྔོན་མ་ཐོབ་ཀྱང་ཐོབ་འགྱུར་གྱི་དབང་གི་བྲིས། »ཡངས་པ་མུས་ཆེན་འཁོར་ལོ་སྡོམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་བཀའ་འབུམ་གྱི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། བཀའ་འབུམ་གྱི་དཀར་ཆག་རྒྱལ་ཚབ་ཀུན་དགའ་དབང་ཕྱུག་གིས་མཛད་པ། རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་«༼བ༽»ལ་བསྟོད་པ་སྡེ་སྣོད་མ། ཡང་དེ་ལ་བསྟོད་པ་«༼ར༽»གཉིས། སྡོམ་གསུམ་བརྒྱུད་པའི་གསོལ་འདེབས་ཀྱི་ཁ་སྐོང་སྔ་ཕྱི་གཉིས། གསུང་ངག་བརྒྱུད་འདེབས་སོགས་ཚན་པ་ལྔའི་ཁ་སྐོང༌། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་ལ་བསྟོད་པ་གཉིས། དཀོན་མཆོག་གསུམ་ལ་བསྟོད་པ། བསྟན་སྲུང་རྣམས་ལ་བསྟོད་པ། མཁན་པོ་བོ་དྷི་སཏྭ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ཇོ་བོ་དཱི་པཾ་ཀ་ར་གསུམ་ལ་བསྟོད་པ་རེ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་«»«»ཀྱི་རྣམ་ཐར། ངོར་ཆེན་རྡོ་རྗེ་འཆང་ཀུན་«»«»དགའ་བཟང་པོའི་རྣམ་ཐར་ཁ་སྐོང་དང་བཅས་པ། གསན་ཡིག་མཐོང་བ་དད་«་་་་་འདི་ངོར་པའི་གསན་ཡིག་རྣམས་སུ་མ་བྱུང༌། »འཇུག སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོའི་གསན་ཐོ། འདུལ་བའི་བརྒྱུད་ཡིག དཔལ་ཀྱེ་རྡོ་རྗེའི་མངོན་རྟོགས་«»«»ཡན་ལག་དྲུག་པ། འབྱུང་པོ་ཐམས་ཅད་«»«»པའི་གཏོར་མའི་ཆོ་ག་བར་ཆད་ཀུན་སེལ།ལུས་དཀྱིལ་གྱི་ཉམས་ལེན་«»«»ལམ་དུས་ཀྱི་དབང་དང་བཅས་པ། དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་དབང་ཆུ་«»«»གསལ་བའི་མེ་ལོང༌། ཀྱེ་རྡོ་རྗེའི་སྟ་གོན་གྱི་སྐབས་«»«»ཀྱི་སྭ་ཤིང་སོགས་ཀྱི་དགོས་པ་ཉུང་ངུ༌། ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་གི་ཆུ་བོ་ཆེན་«»«»མོའི་ས་ཆོག་གི་སྐབས་ཀྱི་ལྷན་ཐབས། ལམ་འབྲས་བུ་དང་བཅས་པའི་གནད་ཀྱི་གསུང་སྒྲོས་ཟིན་བྲིས། གསུང་ངག་རིན་པོ་ཆེའི་དམིགས་རིམ་གྱི་ཡི་གེ བདེ་མཆོག་ནག་པོ་པའི་དཀྱིལ་འཁོར་གྱི་ཆོ་གའི་ལྷན་ཐབས། དཔལ་འཁོར་ལོ་བདེ་མཆོག་གི་བསྐྱེད་རིམ་ཉམས་སུ་ལེན་པའི་གནད་ཟབ་མོ། རྣལ་འབྱོར་གསང་མཐའི་བཤད་སྲོལ་ལས་དྲིལ་བུ་པའི་ཞབས་ཀྱི་དགོངས་པའི་ལུས་དཀྱིལ་བཤད་པའི་ཟིན་བྲིས། ལོ་ནག་དྲིལ་གསུམ་གང་«་་་་་འདི་རྨོར་གྱི་གསན་ཡིག་ན་མ་བྱུང༌། »ཟག་གཅིག་གིས་ཉམས་སུ་ལེན་ཚུལ། དྲིལ་བུ་པའི་དབང་གི་ཆུ་བོའི་སྐབས་ཀྱི་བུམ་བསྐྱེད་གསལ་བར་བྱ་བའི་ལྷན་ཐབས། ནག་པོ་དཀྱིལ་ཆོག་ལ་དགོས་པའི་ལྷན་ཐབས། བདེ་གཤེགས་ས་གཟུང་གི་ལག་«་་་་་འདི་རྨོར་པའི་གསན་ཡིག་ན་མ་བྱུང༌། »ལེན། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་གའི་གསལ་བྱེད་ཁ་སྐོང༌། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་གྱི་བཤད་པ། ཟིན་བྲིས་འདིའི་ནང་དུ་འཇིགས་བྱེད་ལ་དངོས་ཡུམ་མེད་པའི་སྒྲུབ་བྱེད་མང་དུ་སྣང་ངོ༌། །ཐུགས་རྗེ་ཆེན་པོ་གཙོ་འཁོར་གྱི་སྒྲུབ་ཐབས། བཅོམ་ལྡན་འདས་ཀུན་རིག་གི་ཆོ་ག་གཞན་ལ་ཕན་པའི་འོད་ཟེར་གྱི་དགོངས་པའི་ལག་ལེན་འདིའི་ནང་དུ་སྔགས་སྤེལ་ཚིག་ཅན་ཞེས་པ་ཚེ་འདས་སམ་ཆཻ་མོ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ་ཞེས་བརྗོད་པར་བཤད་དེ། ཇོ་བོ་ཆེན་པོའི་ཕྱག་ན་ཤོག་དྲིལ་ཞིག་འདུག་པ་བསྟན་པར་ཞུས་པའི་ནང་དུ་གཙུག་ཏོར་དྲི་མེད། མི་འཁྲུགས་པ། ཀུན་རིག་གི་རྩ་སྔགས་རྣམས་འདུག་པར་བིཀྵུ་དཱི་པཾ་ཀ་ར་སརྦ་ཀརྨ་ཨ་ཝ་ར་ཎ་ཞེས་སོགས་སྣང་ཞེས་ཁུངས་འདྲེན་པར་མཛད་སྣང་ངོ༌། །ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པའི་བསྙེན་པ་དང་ཚེ་སྒྲུབ་ཀྱི་མན་ངག་ཟབ་མོ། སཱཙྪའི་རབ་གནས་བསྡུས་པ། མཁན་པོ་བོདྡྷི་ས་ཏྭའི་དགོངས་དོན་གསལ་བྱེད་གཙུག་ཏོར་དྲི་མེད་ཀྱི་ཆོ་གའི་ལག་ལེན་གྱི་རིམ་པ། གཅོད་སྐོར་གསུམ་གྱི་ཉམས་«་་་་་འདི་ངོར་པའི་གསན་ཡིག་རྣམས་ན་མ་བྱུང༌། »ལེན། སྐྱབས་འགྲོ་ཡན་ལག་བརྒྱད་པ། སྨོན་ལམ་ལྔ་པ། རྣལ་འབྱོར་བླ་མེད་ནས་གསུངས་པའི་བསྐྱེད་པའི་རིམ་པའི་གྲུབ་མཐའི་ཤན་འབྱེད། དེ་ལས་འཕྲོས་«་་་་་རྨོར་པའི་གསན་ཡིག་ན་མ་བྱུང༌། »པའི་རྣོ་ཆ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་བྱེད་ཚུལ། ཐེག་པ་ཆེན་པོ་བློ་སྦྱོང་གི་སྔོན་འགྲོའི་རིམ་པ།«་་་་་འདི་གཉིས་ངོར་པའི་གསན་ཡིག་རྣམས་སུ་མ་བྱུང༌།་་་་་»དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱང་པའི་གདམས་ངག གདམས་པ་ཕྲན་བུའི་སྐོར་ལ། རྗེ་རང་ལ་བསྐུལ་བའི་གདམས་པ། གསོ་སྦྱོང་རང་གི་བླང་བའི་ཆོ་ག གྲོ་ས་མཁན་པོ་ཤེས་རབ་བཟང་པོའི་དྲིས་ལན།«་་་་་ངོར་པའི་གསན་ཡིག་རྣམས་སུ་འདི་གཉིས་མ་བྱུང༌།་་་་་»བདག་ཆེན་རྒྱ་གར་བའི་དྲིས་ལན། དགོན་པ་བདེ་བ་ཅན་པ་ལ་སྤྲིང་པའི་ཡི་གེདགེ་བཤེས་ནམ་མཁའ་དཔལ་བཟང་ལ་གདམས་པ། ཡང་དགེ་བཤེས་ནམ་མཁའ་དཔལ་བཟང་ལ་གདམས་པ་སྙིང་གཏམ་རིན་ཆེན་མ། བླ་མ་ནམ་མཁའ་དཔལ་བཟང་ལ་གདམས་པ་གཉིས། བླ་མ་བློ་རིན་ལ་གདམས་པ། བླ་མ་ཆོས་རིན་ལ་སྤྲིངས་པ། པ་ནམ་ནང་སོ་ཀུན་དགའ་ཆོས་སྐྱོང་ལ་གདམས་པ། སློབ་དཔོན་ཆོས་ཀྱི་རྒྱལ་མཚན་གྱི་སྙན་དུ་ཕུལ་བ། དགེ་བའི་བཤེས་གཉེན་ཆེན་པོ་རབ་འབྱམས་སངས་རྒྱས་འཕེལ་ལ་བསྟོད་པ། བསྔོ་བའི་«་་་་་ངོར་པའི་གསན་ཡིག་རྣམས་སུ་འདི་མ་བྱུང༌། »གཏམ་རྣམས་ཏེ་གསུམ་འབུམ་རྟགས་སོ་སོར་མ་ཕྱེས་པ་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་མུས་ཆེན་འཁོར་ལོ་སྡོམ་པ་དཀོན་མཆོག་རྒྱལ་མཚན། མུས་ཆེན་སངས་རྒྱས་རིན་ཆེན། ས་ལོ་འཇམ་དཔལ་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། དེ་དབོན་དཀོན་མཆོག་དཔལ་ལྡན། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། དེ་དབོན་ཤར་ཆེན་ཤེས་རབ་འབྱུང་གནས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན།དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བཀྲ་ཤིས། ཆོས་ཀྱི་སྣང་བྱེད་ངག་དབང་ཀུན་དགའ་ལྷུན་གྲུབ།མཁས་བཙུན་བསོད་ནམས་དབང་ཕྱུག་དེས་བདག་ཚུལ་རིན་ལའོ། །ཡང་ན་མུས་ཆེན་ནས། དཀོན་མཆོག་བློ་གྲོས། སངས་རྒྱས་རིན་ཆེན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། མུས་ཆེན་དཀོན་མཆོག་རྒྱ་མཚོ། །མུས་ཆེན་སངས་རྒྱས་རྒྱལ་མཚན། སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས། སྔགས་འཆང་ངག་དབང་ཀུན་དགའ་བཀྲ་ཤིས་མན་གོང་བཞིན་ནོ། །ཡང་ན་མཁན་ཆེན་ལྷུན་གྲུབ་དཔལ་ལྡན་མན་གོང་བཞིན་ལས། དེ་ནས་མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། ཀུན་མཁྱེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །གཡུང་དྲུང་གི་རྟགས་ཅན་རྣམས་ཀྱི་བརྒྱུད་པ་ནི། མུས་ཆེན་ནས། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། ཀུན་མཁྱེན་ཤཱཀྱ་དོན་གྲུབ། དེ་དབོན་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་པ་མན་འདྲའོ། །ཡང་ན་དཀོན་མཆོག་ལྷུན་གྲུབ་ཡན་གོང་ལྟར་ལས། དེ་ནས་སངས་རྒྱས་སེངྒེ། ཐར་རྩེ་ནམ་མཁའ་དཔལ་བཟང༌། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲའོ། །རའི་རྟགས་ཅན་གྱི་བརྒྱུད་པ་ནི། ས་ལོ་འཇམ་དཔལ་རྡོ་རྗེ་ནས། སྔགས་འཆང་ངག་གི་དབང་པོ། གྲུབ་མཆོག་བསོད་ནམས་དབང་པོ།གླིང་སྟོད་པ་དཀོན་མཆོག་དཔལ་འབྱོར། ངག་དབང་ཀུན་དགའ་ལྷུན་གྲུབ་མན་འདྲའོ།།    །།ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་བསོད་ནམས་སེངྒེའི་ཟབ་མོ་སྔགས་ཀྱི་ཕྱོགས་གཙོ་བོར་གྱུར་པའི་གསུང་རབ་ཀྱི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། བླ་མ་རིན་འབྱུང་ལ་གསོལ་བ་འདེབས་པ་«༼མཻ༽»བསོད་ནམས་རབ་རྒྱས། ངོར་ཆེན་རྡོ་རྗེ་འཆང་ལ་བསྟོད་པ་«༼མཻ༽»བསྟོད་དབྱངས་རྒྱ་མཚོ་རྣམ་པར་རོལ་པ། ཡང་དེ་ལ་བསྟོད་པ་ལྷ་བཅས་མ། རྗེ་མུས་པ་ལ་བསྟོད་པ་རྣམ་ཐར་«༼མཻ༽»དང་མཐུན་པ་ངོ་མཚར་ཆུ་རྒྱུན། ཡང་དེའི་ཁ་སྐོང་གང་ལ་ཡོན་ཏན་མ། ཡང་དེ་ལ་བསྟོད་པ་རིན་ཆེན་དཀོན་མཆོག་མ། བློ་གྲོས་དབང་ཕྱུག་ལ་བསྟོད་པ་ཟབ་ཡངས་བློ་གྲོས་མ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག་ལ་བསྟོད་པ་དཔལ་ལྡན་ཀུན་དགའ་མ། གུང་རུ་ཤེས་རབ་བཟང་པོ་ལ་བསྟོད་པ་«༼མཻ༽»རྒྱ་ཆེན་ཤེས་བྱ་མའམ་ཕྲིན་ལས་ཆར་འབེབས་མ། ཀུན་མཁྱེན་སངས་རྒྱས་འཕེལ་ལ་བསྟོད་པ་ཀཱ་ལི་ལ་སྤེལ་བ། ཡང་དེ་ལ་བསྟོད་པ་དཔལ་ལྡན་ལྷ་དབང་མ། ཆོས་རྗེ་གུང་རུ་ལ་«༼མཻ༽»བསྟོད་པ་ཤེས་བྱ་མ། འཕགས་པས་མཛད་པའི་ཀྱེ་རྡོ་རྗེའི་འགྲེལ་«༼མཻ༽»པ་ལུགས་ཀྱི་བརྒྱུད་འདེབས་ཁ་སྐོང༌། ས་པཎ་གྱིས་མཛད་པའི་བདེ་མཆོག་བརྒྱུད་འདེབས་ཁ་སྐོང༌། ཤེར་ཕྱིན་བརྒྱུད་འདེབས་འགྲོ་བླ་མ། ཚད་མའི་བརྒྱུད་འདེབས་མཐའ་དག་མ། བྱམས་མགོན་ལ་བསྟོད་པ་ཐེག་མཆོག་གནད་ཀྱི་སྒོ་བྱེད། སྒྲོལ་མ་ལ་བསྟོད་པ་དངོས་གྲུབ་རྒྱ་མཚོ་མ། གུར་མགོན་ལྷ་བརྒྱད་ལ་བསྟོད་པ་རྣམ་པར་རྒྱལ་བའི་རྔ་ཆེན། རྣལ་འབྱོར་ཆེན་པོའི་སྡོམ་པའི་གནད་བྱེ་བྲག་ཏུ་བཤད་པ་ཟབ་མོ་བདུད་རྩིའི་ཉིང་ཁུ་འཆི་བ་མེད་པའི་གོ་འཕང་སྦྱིན་པ། ཟབ་དོན་བདུད་རྩིའི་ཉིང་ཁུའི་རྣམ་བཤད་བདུད་རྩི་སྤེལ་བ། ཕར་ཕྱིན་གྱི་མཆོད་ཡར། རྣམ་འགྲེལ་གྱི་མཆོད་ཡར། བརྡ་འགྲོལ་ངེས་པའི་དཔལ་གཏེར། རྗེ་མུས་པའི་རྣམ་ཐར་རྒྱས་པ་«༼མཻ༽»ངོ་མཚར་རྒྱ་མཚོ། དེའི་ཁ་«༼མཻ༽»སྐོང་དང་བཅས་པ། ལམ་འབྲས་བརྒྱུད་པའི་བྲིས་ཐང་གི་དཀར་ཆག གཞལ་ཡས་ཁང་གི་ཆག་ཚད་སྒོ་སྦྲགས་སོགས་ཀྱི་བཤད་པ་ལེ་ཚན་གཉིས། གུར་རིགས་«༼མཻ༽»བསྡུས་ཀྱི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ། དཀྱིལ་ཆོག་བདེ་ཆེན་རྒྱ་མཚོ། སྒྲུབ་ཐབས་མཚོ་སྐྱེས་ཀྱི་དྲྭ་མིག བདེ་མཆོག་ཆོས་འབྱུང་«༼མཻ༽» སྒྲུབ་ཐབས་«༼མཻ༽»མངལ་སྒོང་སྦྱོང་བྱེད། ནག་པོ་རིམ་བཞིའི་གསུང་སྒྲོས་མའི་ཁྲིད་ཡིག རྣལ་འབྱོར་མའི་སྒྲུབ་«༼མཻ༽»ཐབས། སྦྱིན་«༼མཻ༽»སྲེག ཚེས་བཅུའི་«༼མཻ༽»མཆོད་པ། མར་མེའི་སྦྱིན་«༼མཻ༽»སྲེག བདེ་མཆོག་ལཱུ་ཧི་པའི་རྣམ་བཤད་འདོད་དགུ་སྦྱིན་པའི་དཔག་བསམ་ལྗོན་པ། གསང་འདུས་འཇམ་རྡོར་གྱི་སྒྲུབ་ཐབས་ཀུན་ཏུ་བཟང་པོའི་ཉི་འོད། དེའི་དཀྱིལ་ཆོག་ཡེ་ཤེས་རྣམ་རོལ། དེའི་ཕྱི་རོལ་ཚོགས་བསགས་ཀྱི་ཆོ་ག གཏོར་ཆོག་ཕྲིན་ལས་རྣམ་རོལ། འཇིག་རྟེན་དབང་ཕྱུག་གི་ཁྱད་པར་སྒྲུབ་ཐབས་ཀུན་ཏུ་བཟང་པོའི་ཉི་འོད་ཀྱི་འགྲེལ་པ་ལམ་བཟང་གསལ་བའི་སྣང་བ། གསང་འདུས་རིམ་ལྔའི་ཁྲིད་ཡིག་ཟུང་འཇུག་གསལ་བའི་སྒྲོན་མེ། རྡོ་རྗེ་ཐེག་པ་ལ་ལོག་སྨྲ་ཚར་གཅོད་པ་རིག་པའི་མཚོན་ཆ།སྤྲོས་མེད་རྒྱུན་གྱི་རྣལ་འབྱོར། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་དཀྱིལ། མངོན་པར་བྱང་ཆུབ་པའི་ཚུལ་ལ་གྲངས་ངེས་ཕྱེ་བ། ངན་སོང་སྦྱོང་རྒྱུད་ཀྱི་ཊཱི་ཀ་«༼ཝ༽»གཞན་ཕན་ཀུན་ཁྱབ། ཀུན་རིག་རྩོད་སྤོང་«༼ཝ༽»གཞན་ཕན་གནོད་འཇོམས། ཀུན་རིག་གི་ཞི་བའི་སྦྱིན་སྲེག«༼ཝ༽» འཇིག་རྟེན་དབང་ཕྱུག་གི་གཞུང་བཞི་ཉམས་སུ་ལེན་ཚུལ། སྡོམ་གསུམ་«༼ས༽»རབ་དབྱེའི་བསྡུས་དོན། སྡོམ་པ་«༼ས༽»གསུམ་གྱི་རབ་ཏུ་དབྱེ་བའི་རྣམ་བཤད་གསུང་རབ་དགོངས་གསལ། སྡོམ་གསུམ་གྱི་རབ་«༼ས༽»ཏུ་དབྱེ་བའི་སྤྱི་དོན་ལེགས་བཤད་འོད་སྟོང་འཕྲོ་བ། སྡོམ་པ་གསུམ་གྱི་རབ་«༼ས༽»ཏུ་དབྱེ་བའི་དྲིས་ལན་སྡོམ་གསུམ་འཁྲུལ་སྤོང༌། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་«༼ས༽»ཁ་སྐོང་ལེགས་བཤད་འོད་ཀྱི་སྣང་བ། དེའི་བསྡུས་«༼ས༽»དོན། ཉི་ཟླ་སེངྒེའི་དྲིས་ལན། མདོ་ཁམས་པ་དབང་ཕྱུག་རྒྱལ་མཚན་གྱི་དྲིས་ལན། སྔགས་འཆང་རཏྣ་ཤྲཱིའི་དྲིས་ལན། ག་ཟི་རིན་ཆེན་དཔལ་གྱི་དྲིས་ལན། མུས་སྲད་པ་རྡོ་རྗེ་རྒྱལ་མཚན་གྱི་དྲིས་ལན། ལྡན་མ་ཤེས་རབ་སེངྒེའི་དྲིས་ལན། སྒྲུབ་པ་བ་ཚུལ་ཁྲིམས་བཟང་པོའི་དྲིས་ལན། དྲིས་ལན་«༼ས༽»པདྨོ་བཞད་པ། བཀའ་བཅུ་པ་རིན་ཆེན་བྱང་ཆུབ་ཀྱི་དྲིས་ལན། བློ་སྦྱོང་ཞེན་པ་བཞི་བྲལ། མདོ་ཁམས་ལ་འབུལ་སྡུད་གནང་བའི་བཀའ་ཤོག གྱད་གཉེར་དགེར་གསུམ་ལ་བསྐུར་བ། ས་སྐྱ་པ་ཆེན་པོའི་ནང་རྟེན་དཀར་ཆག ཀརྨ་མི་ཕམ་མགོན་པོའི་བསྟོད་པ། སློབ་དཔོན་ཀུན་དགའ་འབུམ་གྱི་བསྟོད་པ། སློབ་དཔོན་སྦྱིན་བཟང་ལ་བསྟོད་པ། གླིང་སྨད་ཤེས་རབ་དཔལ་ལྡན་ལ་བསྟོད་པ། བདག་ཆེན་རྡོ་རྗེ་འཆང་གི་བསྟོད་པ། པཎྜི་ཏ་གྲགས་པ་རྡོ་རྗེའི་བསྟོད་པ། རྗེ་རིན་པོ་ཆེ་སྐུ་སྐྱེ་བའི་བསྟོད་པ། བདེ་ཆེན་མཁན་པོའི་བསྟོད་པ། ཆུ་འདུས་མཁས་བཙུན་པའི་བསྟོད་པ། སོག་པོ་བཀའ་བཅུ་པ་ལ་བསྟོད་པ། དྲུང་ཆེན་ཀུན་སྤངས་པ་ལ་གདམས་པ། གོ་བོ་སངས་རྒྱས་རྒྱལ་མཚན་ལ་གདམས་པ། རྟགས་འཇུག་གི་ཊཱི་ཀ སྨོན་ལམ་བཅུ་པ། སྨོན་ལམ་བདུན་ཅུ་པ། བསྔོ་བ་མདོར་བསྡུས་པ། དཔོན་དྲུང་གཡུང་པ་ལ་གནང་བའི་བཀའ་ཤོག གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཆོས་འབྱུང་གསུང་ངག་བསྟན་པ་«༼མཻ༽»རྒྱས་པའི་ཉི་འོད་ཀྱི་ཁ་སྐོང་དང་བཅས་པ།སྣང་བ་«༼མཻ༽»གསུམ་གྱི་སྐབས་སུ་ཉེ་བར་མཁོ་བའི་གསལ་བྱེད། དཔལ་ཀྱེ་རྡོ་རྗེའི་«༼མཻ༽»ལུས་ཀྱི་དཀྱིལ་འཁོར་གྱི་རྣམ་བཤད་བདེ་ཆེན་བཅུད་ཀྱི་སྙིང་པོ། གཞུང་ཇི་ལྟ་བ་བཞིན་བཀྲི་བའི་ལམ་སྤྱིའི་རྣམ་གཞག ལམ་དུས་«༼མཻ༽»ཀྱི་དབང་བསྐུར་ཚུལ། ལམ་དུས་ཀྱི་དབང་«༼མཻ༽»ཆོག་གསོ་བྱེད་ཚུལ།བི་སྲུང་ཐུན་མོང་«༼མཻ༽»མ་ཡིན་པའི་བྱིན་རླབས་བྱེད་ཚུལ། རྣམ་འཇོམས་བིར་ལུགས་«༼མཻ༽»ཀྱི་བྱིན་རླབས་བྱེད་ཚུལ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གཞུང་བཤད་ཨ་སེང་མའི་རྣམ་བཤད། བདག་མེད་མའི་སྒྲུབ་དཀྱིལ་གྱི་ཐོ་ཡིག ཀྱེ་རྡོ་རྗེའི་རྣལ་འབྱོར་ལ་«༼མཻ༽»བརྟེན་པའི་རབ་གནས་དགེ་ལེགས་རྒྱ་མཚོ། དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་མངོན་རྟོགས་མན་ངག་སྣང་བ། ཀྱེ་རྡོ་རྗེའི་མཆོད་གཏོར་གྱི་རྣལ་འབྱོར། ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་བསྐྱེད་རིམ་གྱི་བཤད་«༼མཻ༽»པ་མན་ངག་གི་གསལ་བྱེད། དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་རྒྱ་ཆེར་བཤད་པ་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་ལ་རྩོད་པ་«༼ཝ༽»སྤོང་བ་གནད་ཀྱི་གསལ་བྱེད། བརྡ་འགྲོལ་ངེས་པའི་དཔལ་སྟེར། དབང་ཆུ་ཆེན་མོའི་ས་ཆོག་གི་གསལ་བྱེད་དང༌། རྒྱུད་ཀྱི་ཚིག་དོན་ལ་«༼མཻ༽»དོགས་གཅོད། སམྤུ་ཊའི་བསྡུས་དོན་ཚིགས་བཅད་མ། དཔལ་ཀྱེ་རྡོ་རྗེའི་དབང་གི་ཆུ་བོ་ཆེན་པོའི་རྣམ་པར་«༼མཻ༽»བཤད་པ་བདེ་ཆེན་རྒྱ་མཚོ། ལམ་འབྲས་བླ་མ་བརྒྱུད་པ་ལ་གསོལ་བ་གདབ་པའི་རིམ་པ། ཨ་སེང་རྡོ་རྗེ་བརྟན་པས་སྐུ་བརྙེན་ཕུལ་བའི་མཚོན་བྱེད། ཐུབ་བསྟན་ན་བཞུགས་པའི་གསུང་ངག་བརྒྱུད་པའི་བྲིས་སྐུའི་ངོས་ནས་བཤུས་པའི་གསུང་ངག་བརྒྱུད་པའི་གསོལ་འདེབས། རྣམ་འཇོམས་བིར་ལུགས་«༼མཻ༽»ཀྱི་བྱིན་རླབས། རྗེ་ས་སྐྱ་པ་ཆེན་པོའི་བྲིས་སྐུའི་ནང་རྟེན་གྱི་དཀར་ཆག རྟེན་རྙིང་པ་ལ་བྱ་«༼ཝ༽»བའི་ཨརྒྷའི་ཆོ་ག ཀྱེ་རྡོ་རྗེའི་རྒྱུད་དང་མཐུན་པའི་སྨོན་ལམ། གསུང་ངག་རིན་པོ་ཆེའི་དམིགས་རིམ་དང་མཐུན་པའི་སྨོན་ལམ་ཕུན་«༼ཝ༽»ཚོགས་དགེ་ལེགས་མ། བདེ་བ་ཅན་གྱི་སྨོན་ལམ་«༼མཻ༽»མི་མཇེད་མ་སྟེ་ཆོས་ཚན་དེ་རྣམས་ཀྱི་ལུང་ཐོབ་པ་ལས་མཻའི་རྟགས་ཅན་མ་གཏོགས་པའི་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཀུན་མཁྱེན་ཆོས་ཀྱི་སྤྱན་ལྡན་བསོད་ནམས་སེངྒེ། འདྲེན་མཆོག་དཀོན་མཆོག་འཕེལ་བ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང༌། བརྩེ་ཆེན་སྨྲ་བའི་ཉི་མ་ཀུན་དགའ་བསོད་ནམས།མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས། མུས་པ་གྲུབ་པའི་དབང་ཕྱུག་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་བཟང་པོ་རྒྱལ་མཚན། རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ། མཁས་གྲུབ་སངས་རྒྱས་རྒྱ་མཚོ། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། ཚུལ་ཁྲིམས་རིན་ཆེན་ལའོ། །སའི་རྟགས་ཅན་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། སྤྲོ་ལུང་པ། དཀོན་མཆོག་གྲགས། གཡག་པ་སངས་རྒྱས་དཔལ། ངོར་ཆེན་རྡོ་རྗེ་འཆང༌། མཁས་པ་གཞོན་ནུ་སེངྒེ། མུན་ཆེན་དཀོན་མཆོག་རྒྱལ་མཚན། གུང་རུ་ཤེས་རབ་བཟང་པོ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་བསོད་ནམས་སེངྒེ། རྗེ་རཏྣ་ཝརྡྷ། སངས་རྒྱས་སེངྒེ། རི་ཁྲོད་པ་ཀུན་དགའ་མཆོག་ལྡན། ཐར་རྩེ་ནམ་མཁའ་དཔལ་བཟང༌། བརྩེ་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། མུས་ཆེན་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་བཟང་པོ་རྒྱལ་མཚན་མན་འདྲ། ཝའི་རྟགས་ཅན་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། ངག་དབང་ཆོས་གྲགས་ཡན་གོང་ལྟར་ལས། དེ་ནས་གྲུབ་མཆོག་ངག་དབང་རྣམ་རྒྱལ། མུས་ཆེན་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་བྷ་དྲ་དྷྭ་ཛ་མན་འདྲ། རྩེའི་རྟགས་ཅན་གྱི་ལུང་གི་བརྒྱུད་པ་ནི། ཀུན་དགའ་བསོད་ནམས་ལྷུན་གྲུབ་ནས། མཁན་ཆེན་ངག་དབང་བརྟན་པའི་རྡོ་རྗེ། འཁོན་བསོད་ནམས་བསྟན་འཛིན་བཟང་པོ། མཁན་ཆེན་བཟང་པོ་རྒྱལ་མཚན་མན་འདྲ། མཾ་གཡུང་དྲུང་ཅན་གྱི་རྟགས་ཅན་གྱི་ལུང་གི་བརྒྱུད་པ་ནི། མུས་ཆེན་བཀྲ་ཤིས་ལྷུན་གྲུབ་ཡན་གོང་ཡོངས་རྫོགས་ལྟར་ལས། དེ་ནས་མཁན་ཆེན་བཟང་པོ་རྒྱལ་མཚན། གཉིས་ཀ་ལས་ངག་དབང་ཀུན་དགའ་ལྷུན་གྲུབ། གྲུབ་དབང་སངས་རྒྱས་རྒྱ་མཚོ་མན་འདྲ། མཻའི་རྟགས་ཅན་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། ཐར་རྩེ་པ་ཡན་གོང་ལྟར་ལས། དེ་ལས་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ་དང༌། ངག་དབང་མཆོག་ལེགས་རྡོ་རྗེ་གཉིས་ཀྱིས་གསན། གཉིས་ཀ་ལས་མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། གྲུབ་དབང་སངས་རྒྱས་རྒྱ་མཚོ། གནས་གསར་བ་ངག་དབང་ཀུན་དགའ་ལེགས་འབྱུང༌། ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་དཀོན་མཆོག་ལྷུན་གྲུབ་ཡན་གོང་ལྟར་ལས། དེ་ནས་དཀོན་མཆོག་རྒྱ་མཚོ། ཤེའུ་ལོ་ཙཱ་བ། མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲའོ།།    །།དུས་གསུམ་རྒྱལ་བའི་གདུང་འཚོབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མུས་པ་སངས་རྒྱས་རིན་ཆེན་གྱི་གསུང་འབུམ་ཡོངས་རྫོགས་ཀྱི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། ཐོག་མར་རྣམ་རྒྱལ་བླ་མ་བརྒྱུད་པའི་གསོལ་འདེབས། མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱི་བསྟོད་པ་ཤླཽ་ཀ་གཉིས། ཀུན་མཁྱེན་བསོད་ནམས་སེངྒེའི་བསྟོད་པ་ཤླཽ་ཀ་གཉིས། གྲུབ་ཆེན་དཀོན་མཆོག་བློ་གྲོས་ལ་བསྟོད་པ་ཤླཽ་ཀ་གསུམ། ཤེས་རབ་བློ་གྲོས་ལ་བསྟོད་པ་ཤླཽ་ཀ་གཅིག རི་ཁྲོད་པ་ཀུན་དགའ་མཆོག་ལྡན་ལ་བསྟོད་པ་ཤླཽ་ཀ་གཅིག བྱམས་པ་ཆོས་ལེགས་ལ་བསྟོད་པ་ཤླཽ་ཀ་གཅིག ངོར་ཆེན་ལྷ་མཆོག་སེངྒེ་དང་མུས་ཆེན་ནམ་མཁའ་དཔལ་བཟང་གཉིས་ལ་བསྟོད་པ་ཤླཽ་ཀ་རེ་རེ། ཀུན་མཁྱེན་བསོད་ནམས་སེངྒེའི་རྣམ་ཐར། གྲུབ་ཆེན་དཀོན་མཆོག་བློ་གྲོས་པའི་རྣམ་ཐར་བསྟོད་པ་དང་དེའི་འགྲེལ་པ་གཉིས་ཀའི་འགོར་མཁྱེན་པའི་ཡེ་ཤེས་ཞེས་ཡོད་པ། རྗེ་རིན་པོ་ཆེ་དཀོན་མཆོག་འཕེལ་བའི་རྣམ་ཐར་ཡོན་ཏན་མཐའ་ཡས། ལམ་ཟབ་བསྡུས་པའི་«་་་་་འདི་དཔེ་མ་འབྱོར་ནས་ལུང་མ་ཐོབ། »ཉམས་ལེན། ལམ་འབྲས་ཁྲིད་ཡིག་དངོས་གྲུབ་འབྱུང་བའི་གཏེར། དེའི་ཁ་སྐོང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལམ་ཕྱག་རྒྱའི་རྣལ་འབྱོར་ཞེས་སོགས་ཡོད་པ་བཅས། རྩ་བའི་ལྟུང་བ་འཁྲུལ་པ་སྤོང་བའི་གནད་ཀྱི་གསལ་བྱེད། རྡོ་རྗེའི་ཚིག་རྐང་གི་རྣམ་པར་བཤད་པའི་ཟིན་བྲིས།དཔལ་ཀྱེ་རྡོ་རྗེའི་རྣམ་བཤད་སྙིང་པོ་དོན་གསལ། བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ཀྱི་བཤད་པའི་ཟིན་བྲིས། བདུད་རྩི་རིལ་བུ་བསྒྲུབ་པའི་ཕྱག་ལེན། རྣལ་འབྱོར་དབང་ཕྱུག་ལཱུ་ཧི་པས་མཛད་པའི་དཔལ་མངོན་པར་རྟོགས་པའི་གསལ་བྱེད་འགོར། ཚད་མེད་བཞི་ཡི་ངོ་བོ་ཞལ་བཞིས་ལེགས་པར་མཛེས་བྱས་ཤིང་ཞེས་ཡོད་པ། འཁོར་ལོ་བདེ་མཆོག་ནག་པོ་པའི་སྒྲུབ་ཐབས་མ་ནོར་གསལ་བའི་སྒྲོན་མེ། བདེ་མཆོག་ལཱུ་ཧི་པའི་སྒྲུབ་མཆོད་ཀྱི་ངག་འདོན་ཟུར་འདེབས། བདེ་མཆོག་དཀར་པོའི་ཚེ་སྒྲུབ། དཔལ་གསང་བ་འདུས་པ་འཕགས་ལུགས་ཀྱི་ཕྱག་ལེན། འཇམ་པའི་རྡོ་རྗེའི་སྒྲུབ་དཀྱིལ་གྱི་ལྷན་ཐབས་དང་དེའི་བཀྲ་ཤིས་འགོར། རྗེ་བཙུན་འཇམ་རྡོར་མི་བསྐྱོད་ཅོད་པཎ་ཅན་ཞེས་ཡོད་པ་དང་ཤླཽ་ཀ་གསུམ། སྦྱོང་རྒྱུད་དཀྱིལ་འཁོར་ཕྱི་མ་བཅུ་གཅིག་གི་བདག་མདུན་བསྒྲུབ་ཚུལ།སྦྱོང་རྒྱུད་ནས་གསུངས་པའི་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་བསྐུར་བའི་ཕྱག་ལེན། དེའི་སྟ་གོན་གྱི་ཟུར་འདེབས། དཔལ་འཆི་བདག་འཇོམས་པའི་རས་བྲིས་ལ་བརྟེན་པའི་དཀྱིལ་འཁོར་གྱི་ཆོ་ག་ཕྲིན་ལས་ཀུན་ཁྱབ། ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་ཆོ་ག་རིན་པོ་ཆེའི་ཕྲེང་བ།རོང་སྟོན་ཆེན་པོ་ནས་བརྒྱུད་པའི་ཚེ་སྒྲུབ་ཁྱད་པར་ཅན་འགོར་ཕྱག་འཚལ་གྱི་ཚིག་དང༌། འདིར་ཚེ་སྒྲུབ་བྱེད་པར་འདོད་པས་ཞེས་དང༌། དཀར་གསུམ་ལ་བརྟེན་ཏེ་བསྒྲུབ་པར་བྱས་ན་ཚེ་དང་བསོད་ནམས་དཔག་ཏུ་མེད་པ་འཕེལ་བར་འགྱུར་རོའི་མཐའ་ཅན། ཚེ་དཔག་མེད་གྲུབ་རྒྱལ་མའི་དབང་ཆོག་འགོར་ཚེ་སྒྲུབ་ཁྱད་པར་འདིའི་ལོ་རྒྱུས་ནི་ཞེས་ཡོད་པ། སྒྲོལ་མ་དཀར་མོའི་མངོན་རྟོགས་དང༌། དེའི་རྗེས་གནང་བྱ་ཚུལ་གཉིས་ཀ་ལ་ཀུན་མཁྱེན་བསོད་ནམས་སེངྒེའི་གསུང་ལ་ཟིན་བྲིས་སུ་བྲིས་པའི་མཐའ་ཅན། འཕགས་པ་དོན་ཡོད་ཞགས་པའི་མངོན་རྟོགས་དང་དེའི་བསྙེན་སྒྲུབ་བྱེད་ཚུལ་དང་བཅས་པ། འཇམ་དབྱངས་དམར་སེར་གྱི་རྗེས་«་་་་་མངོན་རྟོགས་ས་པཎ་དེ་ཡིན། »གནང་བྱ་ཚུལ། ཕྱག་རྡོར་ཨུ་ཙཱརྻའི་རྗེས་གནང་བྱེད་ཚུལ་རྗེས་སྤྱི་དང་འདྲའོ་ཟབ་ཟབ་ཀྱི་མཐའ་ཅན།འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་བྱ་ཚུལ། མགོན་པོ་ལྕམ་དྲལ་གྱི་རྗེས་གནང་བྱ་ཚུལ་འགོར་བླ་མ་ཡི་དམ་ཆོས་སྐྱོང་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་སོགས་དང་བསྲུང་བ་དང་བཀྲ་ཤིས་བྱའོའི་མཐའ་ཅན། དཔལ་ནག་པོ་ཆེན་པོའི་མན་ངག་རྩ་གསུམ་ལ་བརྟེན་པ་བསྙེན་སྒྲུབ་ལས་གསུམ་འཇམ་པར་བསྒྲུབ་པ། མགོན་པོ་འཁོར་བཅས་ཀྱི་བསྙེན་སྒྲུབ་ལས་གསུམ་རྩུབ་པར་བསྒྲུབ་པ། མགོན་པོ་འཁོར་རྐྱང་གི་རྗེས་གནང་བྱ་ཚུལ་བསྲུང་བ་རྣམས་བྱའོའི་མཐའ་ཅན། གཏོར་མ་ལ་བརྟེན་ནས་དགྲ་བསད་པ་ཏིལ་འབྲུ་ཙམ་ཡང་མེད་པར་བྱས་པར་བསམ་མོའི་མཐའ་ཅན། མགོན་པོའི་གཟི་བརྗིད་བསྐྱེད་པ་བཙན་པོའི་མཁར་དུ་འཇུག་པ་ཐོད་པ་ཁ་སྤྲོད་ཀྱི་མན་ངག་གོའི་མཐའ་ཅན། རྨི་ལམ་ངན་པ་དང་མཚན་མ་ངན་པ་ཟློག་པར་བྱེད་པ་དུས་ཐོ་རངས་ཀྱི་དུས་སུ་བྱའོའི་མཐའ་ཅན། བྲག་རྫོང་«་་་་་འཁོན་ནག་ཟས་སུ་ཟ་བའི་མན་ངག »མའི་ཞལ་ཤེས་ཟབ་མོ་འདི་ནི་ཟབ་པས་ཏེ་སྲོད་ཐུན་གྱི་མཇུག་ཏུ་མ་ཆག་པར་བསྒོམ་མོའི་མཐའ་ཅན། དུར་ཁྲོད་བདག་པོའི་རྗེས་གནང་བྱེད་ཚུལ་གཏོར་ཆོག་ལམ་སྲུང་དང་བཅས་པ། དཔལ་ལྡན་དུད་སོལ་ལྷ་མོའི་རྗེས་གནང་གཏོར་ཆོག་དང་བཅས་པ། དུད་སོལ་ལྷ་མོའི་ཐུགས་དམ་བསྐང་བའི་ཆོ་ག གནོད་སྦྱིན་ཕོ་མོའི་སྒྲུབ་ཡིག རྗེ་བཙུན་བླ་མ་དམ་པ་རྣམས་ཀྱི་དྲུང་དུ་དམ་པའི་ཆོས་ཐོས་པའི་ཐོ་ཡིག་ཉིན་ཞག་«་་་་་འདི་མ་བྱུང༌། »ཕྲུགས་རེའི་ཉམས་ལེན་གྱི་ཐོ། གཅོད་ཁྲིད་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་ལེ་ཚན་གཉིས་ཀྱི་དང་པོ་ལ། རྨི་ལམ་སྒྱུ་མ་ལྟ་བུར་སྤྱོད་ལམ་བྱའོའི་མཐའ་ཅན་དང༌། གཉིས་པའི་འགོར་སྐྱབས་འགྲོ་ཡན་ལག་བརྒྱད་པ་ནི་ཞེས་དང༌། བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག་དང་བརྒྱུད་རིམ་གྱི་མཐའ་ཅན། གཅོད་སྐོར་གསུམ་གྱི་ཁྲིད་ཆུང་གཅོད་སྐོར་གསུམ་གྱི་ཉམས་སུ་ལེན་ཚུལ་མདོར་བསྡུས་ཏེ་བྲིས་སོའི་མཐའ་ཅན། གླིང་ཁ་བདེ་བ་ཅན་ན་བཞུགས་པའི་དགེ་འདུན་རྣམས་ཀྱིས་ཀུན་སྤྱོད་མཛད་དགོས་ཚུལ་གྱི་བཅའ་ཡིག མདོ་ཁམས་ཀྱི་འབུལ་སྡུད་ཡི་གེ དགེ་བསྙེན་གྱི་སྡོམ་པ་འབོགས་པའི་ཆོ་ག་དང་བཅས་པ་དེ་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། མུས་ཆེན་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེངྒེ། རྡོ་རྗེ་འཆང་སངས་རྒྱས་སེངྒེ། པཎ་ཆེན་ནམ་མཁའ་དཔལ་བཟང་ནས་བླ་མ་གཉིས་ཙམ་བཙལ། དེ་ནས་མུས་ཆེན་ཀུན་དགའ་རྒྱ་མཚོ།«་་་་་འདི་ཡོད་པ་རྒྱུས་ལྡན་གྱི་གསུང་ལས་ཐོས་སོ།།»ཁམས་སྟོན་བསྟན་འཛིན་ལྷུན་གྲུབ། བླ་ཆེན་ཀུན་དགའ་ཚེ་བརྟན། མཁས་བཙུན་ནམ་མཁའ་དཔལ་བཟང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་ལྷུན་གྲུབ་སྟེང་གི་ཕན་བདེ་གླིང་བླ་བྲང་དུ་སྩལ་ཏོ།། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

About སྟག་ལྗོངས་འཆི་མེད། 98 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

Be the first to comment

Leave a Reply

Your email address will not be published.


*