དེ་ཡང་ཟླུམ་གཟུགས་གོ་ལའི་ཏོག་ལྟར་འཕགས་པའི་མཐོ་སྒང་གངས་ལྗོངས་ཀྱི་གདོང་དམར་བོད་མི་རིགས་དང་སྐད་ཡིག་ལ་དུང་བ་ཟབ་ཅིང་རྣམ་དཔྱོད་དང་བློ་གྲོས་ཡངས་པའི་རྒྱ་ཆེ་བའི་བོད་ཡིག་ཀློག་པ་པོ་རྣམ་པར་ཞུ་གསོལ། རང་རེད་ས་འཛིན་དཀར་པོའི་རྗེས་སུ་སློབ་པ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་མཐོ་རིམ་རིག་གནས་རབ་འབྱམས་པ་སློབ་མཐར་སོན་པའི་རྩོམ་པ་པོ་ངག་དབང་མཁས་གྲུབ། སྨྱུག་མིང་གསེར་སྨྱུག་ལགས་ཀྱིས་སློབ་ལ་གཉེར་ཞོར་གུང་སེང་ཇ་ཐུན་ཚུན་དུས་ཚོད་ལ་བསྲི་ཚགས་གྲོན་ཆུང་དང་ཁ་གསབ་སྣོན་མ་བཏགས་ཏེ་དགའ་སྐྱོ་ཆགས་སྡང་དང་ཡི་རངས་འཁང་ར། གཟེངས་སེམས་ཞུམ་སྙིང་གི་ཚོར་བའི་རི་མོར་བཏབ་པ་རྣམས་ལེགས་བཏུས་བགྱིས་པའི་<<སྙན་རྩོམ་ཚོར་བའི་སྒྱུ་འཕྲུལ།>> ཞེས་པ་དང་། རྩོམ་རིག་ཆེད་སྦྱོང་སློབ་མའི་ཞིབ་འཇུག་ལས་རིམ་ཐོག་ཏུ་རྩོམ་རིག་དང་། བརྡ་སྤྲོད། བོད་ཀྱི་རྒྱལ་རབས་བཅས་ཀྱི་གལ་གནད་དང་དགོས་མཁོ་ཆེ་བའི་གནད་དོན་ཁག་ཅིག་ལ་དཔྱད་པ་བགྱིས་པའི་<<དཔྱད་རྩོམ་རིག་པའི་སྒྱུ་འཕྲུལ།>> ཞེས་པའི་མཐོ་རིམ་རིག་གནས་རབ་འབྱམས་པའི་མཐར་ཕྱིན་ཆེད་དེབ་གཉིས་ས་རཱ་བོད་ཀྱི་མཐོ་རིིམ་སློབ་གཉེར་ཁང་དབུ་མཉེས་ནས་མི་ལོ་༢༢ འཁོར་བའི་དུས་ཆེན་དང་སྟབས་བསྟུན་ནས་མཐོ་རིམ་རིག་གནས་སྐབས་བཅུ་དགུ་པའི་མཐར་ཕྱིན་མཛད་སྒོའི་སྐབས་སུ་སྐུ་མགྲོན་གཙོ་བོ་རིག་སློབ་མ་ལག་གཉིས་ཀྱི་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་མཆོག་གིས་དབུ་འབྱེད་གནང་འདུག་པས་དམིགས་བཀར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། འབྱུར་འགྱུར་ལས་དོན་བྱ་བཞག་འབད་མེད་ལྷུན་འགྲུབ་ཡོང་བའི་སྨོན་ལམ་དང་། མི་རིང་བར་འགྲེམས་སྤེལ་བྱ་རྒྱུ་རེད་འདུག་པས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་རྒྱབ་སྐྱོར་དང་ཐུགས་ཁུར་ཅི་ཆེར་གནང་རོགས།
About གདོང་མཁན།
1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
Leave a Reply