
༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་དབུས་དཔལ་ས་སྐྱའི་སྨོན་ལམ་ཐེབས་རྩ་ཁང་ནས་ཕྱག་མོ་ཞུས་འབྲས་སུ། བསྟན་པའི་སྤྱི་རིམ་དུ་སྒྲོལ་མ་འབུམ་ཐེར་དང་མགོན་པོའི་བསྐང་བ་གཏུམ་ཆེན་མ་འབུམ་ཐེར་བབས་པ་དབུས་དཔལ་ས་སྐྱའི་སྨོན་ལམ་ཐེབས་རྩ་ཁང་ནས་ཆོས་སྡེ་ཁག་སོ་སོས་ཞབས་རིམ་བསྒྲུབ་དགོས་པའི་འབོད་སྐུལ་ཞུས་དོན་བཞིན། དཔལ་ས་ངོར་ཚར་རྫོང་བཅས་ཀྱི་གྲྭ་ཚང་ཁག་དང་། འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭར་དེ་རིང་སྤྱི་ཟླ་ ༡༡ ཚེས་ ༧ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན། ༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཀྱིས་བཤད་གྲྭར་བཞུགས་པའི་དགེ་སློབ་འདུས་མང་ནས་སྒྲོལ་མ་གསོག་སྒྲུབ་གནང་འདུག

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།