༄༅། །དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོའི་གསལ་བསྒྲགས་འཕར་མ།
དགོངས་མངའ་བཞིན་ལོ་ལྟར་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་གནས་ཆེན་ཁག་གང་རུང་ལ་འཚོགས་མུས་ཡིན་ཡང་། འདི་ལོར་ནད་ཡམས་ཀྱི་རྐྱེན་པས་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་དྲྭ་ལམ་ཐད་ བརྒྱུད་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༨ དང་བོད་ཟླ་ ༡༡ཚེས་ ༡༤ ཉིན་ཆོས་རྗེ་ས་པཎ་གྱི་དུས་ཆེན་ནས་བཟུང་ཉིན་གྲངས་ལྔའི་རིང་ཚོགས་རྒྱུའི་གསལ་བསྒྲགས་སྔོན་སོང་བཞིན། ཚོགས་མགོན་དུ་འཛམ་གླིང་བསྟན་འགྲོའི་དཔལ་མགོན་ྋསྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་།ྋསྐྱབས་མགོན་༧གོང་མ་ཁྲི་འཛིན་རྣམ་གཉིས་ཀྱི་དབུས་ས་ངོར་ཚར་རྫོང་གི་བླ་ཆེན་རྣམ་པ་དབུ་བཞུགས་ཐོག ཆོས་སྡེ་ཁག་བཞི་བཅུ་ཞེ་གཉིས་ཀྱི་དགེ་འདུན་པ་སུམ་སྟོང་ལྷག་ལྷན་འཛོམས་ཀྱིས་ཚོགས་གཏན་འཁེལ་ཡོད།
དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོའི་གསལ་བསྒྲགས་འཕར་མ།
དགོངས་མངའ་བཞིན་ལོ་ལྟར་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་གནས་ཆེན་ཁག་གང་རུང་ལ་འཚོགས་མུས་ཡིན་ཡང་། འདི་ལོར་ནད་
ཡམས་ཀྱི་རྐྱེན་པས་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་དྲྭ་ལམ་ཐད་ བརྒྱུད་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༨ དང་བོད་ཟླ་ ༡༡
ཚེས་ ༡༤ ཉིན་ཆོས་རྗེ་ས་པཎ་གྱི་དུས་ཆེན་ནས་བཟུང་ཉིན་གྲངས་ལྔའི་རིང་ཚོགས་རྒྱུའི་གསལ་བསྒྲགས་སྔོན་སོང་བཞིན། ཚོགས་མགོན་དུ་འཛམ་གླིང་
བསྟན་འགྲོའི་དཔལ་མགོན་ྋསྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་།ྋསྐྱབས་མགོན་༧གོང་མ་ཁྲི་འཛིན་རྣམ་གཉིས་ཀྱི་དབུས་ས་ངོར་
ཚར་རྫོང་གི་བླ་ཆེན་རྣམ་པ་དབུ་བཞུགས་ཐོག ཆོས་སྡེ་ཁག་བཞི་བཅུ་ཞེ་གཉིས་ཀྱི་དགེ་འདུན་པ་སུམ་སྟོང་ལྷག་ལྷན་འཛོམས་ཀྱིས་ཚོགས་གཏན་འཁེལ་
ཡོད།
སྨོན་ལམ་གྱི་མཛད་རིམ་སྙིང་བསྡུས།
ཕྱི་ལོ་༢༠༢༠ ཟླ་བ་༡༠ ཚེས་༢༥ ནས་ཉིན་ལྔའི་རིང་། སྔ་དྲོ་ཕྱག་ཚོད་༨:༠༠ ནས་སྔ་དྲོ་ཕྱག་ཚོད་༩:༠༠བར་
བླ་ཆེན་རྣམ་པའི་སྐུ་ཚེའི་ཞབས་བརྟན་དང་རྒྱལ་སྤྱིའི་ནད་ཡམས་ཞི་ཆེད་ལོ་གྱོན་མའི་གཟུངས་སྔགས་དང་སྒྲོལ་ཆོག་གསུང་གནང་རྒྱུ།
ཕྱི་ལོ་༢༠༢༠ ཟླ་བ་༡༢ ཚེས་༢༨ ནས་ཉིན་ལྔའི་རིང་། སྔ་དྲོ་ཕྱག་ཚོད་༩:༠༠ ནས་ཕྱག་ཚོད་༡༡:༣༠ བར། ཕྱི་དྲོ་ཕྱག་ཚོད་༢:༠༠ ནས་ཕྱག་ཚོད་ ༤:༠༠ བར།
དྲྭ་ལམ་ཐད་གཏོང་བརྒྱུད་དཔལ་ས་སྐྱའི་སྨོན་ལམ་དངོས་གཞི་དབུ་འཛུགས་ཀྱིས་ཉིན་ལྟར་སྨོན་ལམ་གསུང་རྒྱུ།
ཕྱི་ལོ་༢༠༢༠ ཟླ་བ་ ༡༢ ཚེས་ ༢༨ ཉིན། ཕྱི་དྲོ་ ༧:༠༠ ནས་ ༧:༣༠ བར།
ྋསྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བཟང་སྤྱོད་སྨོན་ལམ་གསུང་སྐབས་ཀུན་སློང་ཇི་ལྟར་དགོས་མིན་དང་། སྨོན་ལམ་གྱི་ཕན་ཡོན་སྐོར་བོད་
དབྱིན་སྐད་གཉིས་སུ་གསུང་ཆོས་ཐད་གཏོང་གནང་རྒྱུ།
ཕྱི་ལོ་༢༠༢༡ ཟླ་བ་༡ ཚེས་ ༡ ཉིན། སྔ་དྲོ་ཕྱག་ཚོད་༧:༠༠ ཐོག
ྋསྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཆོས་ཀྱི་འཁོར་ལོ་ཡང་ཡང་བསྐོར་ཕྱིར། ྋསྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེས་དབུ་སྐྱོང་གནང་སྟེ་འདུས་ཚོགས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
ཕྱི་ལོ་༢༠༡༧ ཟླ་བ་༡ ཚེས་༡ ཉིན། ཕྱི་དྲོ་ཕྱག་ཚོད་༤:༠༠ ཐོག
ལ་སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ནས་སྦྱིན་བདག་རྣམ་པ་གཙོས་འབྲེལ་ཐོག་རྣམས་ཀྱི་ཆེད་དུ་ཐདགཏོང་ བསྔོ་སྨོན་གསུང་རྒྱུ།
ཕྱི་ལོ་༢༠༢༡ ཟླ་བ་༡ ཚེས་༢ ཉིན། སྔ་དྲོ་ཕྱག་ཚོད་༩:༠༠ ཐོག
ྋསྐྱབས་མགོན་༸གོང་མ་ཁྲི་ཆེན་མཆོག་དང་། ༧ ཁྲི་འཛིན་རྣམ་གཉིས་ཀྱི་དབུས་བླ་ཆེན་རྣམ་པ་དབུ་བཞུགས་ཐོག ཕྱི་རྒྱལ་ཁག་གི་སློབ་བརྒྱུད་རྣམས་ཀྱི་ཆེད་དྲྭ་ལམ་ཐད་གཏོང་བརྒྱུད་བཟང་སྤྱོད་སྨོན་ལམ་བོད་སྐད་ཐོག་མཉམ་དུ་གསུང་རྒྱུ་བཅས་རེད་འདུག
Leave a Reply