ཧཱུྃ་གཏུམ་ཆེན་ནག་པོ་ལྕམ་དྲལ་དང༌། །ཨེ་ཀ་ཛ་ཊི་ལ་སོགས་པ། །བཀའ་སྡོད་འཁོར་དང་བཅས་པ་ལ། །ཁྱད་པར་དམ་རྫས་འབུལ་བ་ནི། །མཆོད་སྤྲིན་རྒྱ་མཚོ་དཔག་མེད་དང་། །མཱཾ་སའི་རྒྱན་ཅན་གཏོར་མ་དང་། །ཕྱག་མཚན་རྒྱན་ཅན་དམ་པ་དང་། །ཕྱི་ནང་གསང་བའི་རྟེན་རྣམས་ཀྱིས། །ལྕམ་དྲལ་མཁའ་འགྲོའི་ཐུགས་དམ་བསྐང༌། །ཞལ་བཞི་འཁོར་བཅས་ཐུགས་དམ་བསྐང་། །པུ་ཏྲ་ཕོ་མོའི་ཐུགས་དམ་བསྐང་། །བྲན་གཡོག་འཁོར་བཅས་ཐུགས་དམ་བསྐང་། །བར་ཆད་ཀུན་སེལ་མཐུན་རྐྱེན་སྒྲུབས། །དམར་ཆེན་རཀྟ་རྒྱ་མཚོར་འཁྱིལ། །ཤ་རུས་བཟའ་བ་རི་ལྟར་སྤུངས། །མཛེས་པའི་རྒྱན་གྱིས་སྤྲིན་ལྟར་གཏིབས། །དམ་ཚིག་ཅན་འདུས་གནས་མཆོག་འདིར། །ལྕམ་དྲལ་མཁའ་འགྲོའི་ཐུགས་དམ་བསྐང་། །ཞལ་བཞི་འཁོར་བཅས་ཐུགས་དམ་བསྐང་། །པུ་ཏྲ་ཕོ་མོའི་ཐུགས་དམ་བསྐང་། །བྲན་གཡོག་འཁོར་བཅས་ཐུགས་དམ་བསྐང་། །བར་ཆད་ཀུན་སེལ་མཐུན་རྐྱེན་སྒྲུབས། །རུས་པའི་རྒྱན་དྲུག་སྦྲུལ་རྒྱན་དང༌། །ཁྲག་ཞག་ཐིག་ལེ་ཟོ་རིས་དང་། །སྟག་ཤམ་དར་གྱི་ལྷབ་ལྷུབ་དང་། །དཔལ་གྱི་ཆས་བརྒྱད་ལ་སོགས་པའི། །ལྕམ་དྲལ་མཁའ་འགྲོའི་ཐུགས་དམ་བསྐང་། །ཞལ་བཞི་འཁོར་བཅས་ཐུགས་དམ་བསྐང་། །པུ་ཏྲ་ཕོ་མོའི་ཐུགས་དམ་བསྐང་། །བྲན་གཡོག་འཁོར་བཅས་ཐུགས་དམ་བསྐང་། །བར་ཆད་ཀུན་སེལ་མཐུན་རྐྱེན་སྒྲུབས། །དམིགས་མེད་ཐུགས་རྗེའི་འགྲོ་དོན་དུ། །གདུག་པའི་གཟུགས་སུ་སྐུར་སྤྲུལ་ནས། །སྟོང་དང་སྙིང་རྗེའི་རང་བཞིན་དུ། །ངེས་པར་རྟོགས་པའི་ཤེས་རབ་ཀྱིས། །ལྕམ་དྲལ་མཁའ་འགྲོའི་ཐུགས་དམ་བསྐང་། །ཞལ་བཞི་འཁོར་བཅས་ཐུགས་དམ་བསྐང་། །པུ་ཏྲ་ཕོ་མོའི་ཐུགས་དམ་བསྐང་། །བྲན་གཡོག་འཁོར་བཅས་ཐུགས་དམ་བསྐང་། །བར་ཆད་ཀུན་སེལ་མཐུན་རྐྱེནསྒྲུབས། །ཞེས་པ་ས་ཆེན་གྱིས་མཛད་པ་མངྒལཾ།། །།
About གདོང་མཁན།
1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
Leave a Reply