_འཕྱན་བྷང་ལགས་ལ་མྱ་ངན་ཞུ་ཚུལ་གཞན་ཞིག
མགར་ཐང་དཀར་གྱིས་བརྩམས།
དེ་རིང
ཁྱེད་སྟོན་གྱི་སྡོང་ལོ་བཞིན
དལ་གྱིས་ས་རུ་ལྷུང་སོང
གཉོར་མ་ཚར་བའི་རྨི་ལམ་བསྐྱུར་ཏེ
འཇིག་རྟེན་གྱི་ཟང་ཟིང་དང་བྲལ་སོང
འཆི་བདག་གི་མིང་ཐོ་ལས
ཁྱེད་རང་ལྷང་ལ་བུད
རིགས་བཞིའི་ཞགས་པ་ཡང
གོར་སེ་ཁྱེད་ལ་བསྐོན
ཇི་འདྲའི་ཕང་ཨང
འཕྱན་བྷང་ལགས
བདེ་བར་གཟིམས
ཁྱེད་བཞུད་ཤུལ་ན་དབྱངས་གསལ་སོ་བཞི
སྙན་ངག་པའི་ནང་སེམས་ལ་འཛུལ་ཏེ
སྐྱོ་གདུང་གི་སྙན་ངག་གྲུབ་པར་བྱེད
གྲོགས་པོ་ལགས
མི་རབས་འདིར
ཁྱེད་ཀྱིས་སྨྱུག་ཁ་ངལ་གསོ་རུ་ཆུགས་དང
བྲིས་འཕྲོར་ལུས་པའི་ལོ་ཟླ་དེ་ང་ཚོས་སྐྱོང
དུར་ཁྲོད་ན་གཡེང་བའི་ཐ་སྙན་གྱི་མགོ་རྐང་ང་ཚོས་སྒྲིག
༢༠༢༡ལོའི་བོད་ཟླ༧པའི་ཚེས༡༣ཉིན།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།