ཁམས་པ་རབ་དབྱངས། ཡུལ་ཤུལ།
ཚིག་གི་མགྲིན་དབྱངས་ཁྱེར་བའི་ བརྡ་ཐབས་ལ། །
ཚོར་འདུ་ངག་རིག་འདྲེན་པའི་མཚོ་ བྱུང་མ། །
རྗེས་ཆགས་དད་པའི་མཆོད་སྤྲིན་རི ང་མོ་འདིས། །
ཟག་མེད་དབྱངས་ཀྱི་སྙན་དབྱངས་སྲུ ང་གྱུར་ཅིག །
ཤེས་བྱའི་པད་ཚལ་རྒྱས་པའི་དཀྱིལ་ འཁོར་ལ། །
སྲིད་གཞི་ངག་གི་ལང་ཚོ་འགུག་པའི་ ལྷ། །
རིག་བྱེད་ངག་གི་དིང་གླིང་ཁེར་ འབུད་ལ། །
ཀུན་རྟོག་སྣང་བའི་འཆར་ཡན་གླུ་རུ ་སྩོལ། །
ངག་རིག་དྲི་གཞོན་གསར་བའི་ཡང་སྟེ ང་ན། །
བརྩེ་ཆེན་མེ་ཏོག་རྟེན་འབྱུང་ཚོ གས་སུ་གྲུབ། །
རྨད་བྱུང་ཚིག་གི་བར་བྱེད་དཀྲོལ་ བའི་ཚེ། །
ཚངས་སྲས་བུ་མོ་མགྲིན་པའི་སྙིང་ གར་ཏིག །
ཟབ་ཡངས་ངག་གི་རིག་བྱེད་གདངས་ཆ་ འདི། །
ཟབ་རྒྱས་སྙན་པའི་སྒྲ་ལ་ཉེར་དྲ ངས་ནས། །
ཟབ་གནད་གླུ་རུ་གྱེར་བའི་ཆོ་ག་ འདིའི། །
མི་ཕྱེད་དད་པའི་མཆོད་ཡོན་ཁྱེད་ ལ་སྤྲིངས། །
གང་གི་བརྩེ་བའི་སྙན་པའི་མགུལ་རྒྱ ན་འདི། །
རྣམ་དག་ལས་ཀྱི་མེ་ལོང་ཡངས་པའི་ ངོགས། །
ཡིད་འོང་པད་དཀར་འཛུམ་པའི་གདན་ཁྲི ་ལ། །
མཐོང་གྲོལ་ངག་གི་མཚན་མར་གྲོལ་གྱུ ར་ཅིག །
མཁྱེན་དཔྱོད་ཟླ་བ་གཞོན་ནུའི་ མཁའ་དབྱིངས་ལ། །
དགེ་ལེགས་སྣང་བའི་རོལ་རྩེད་ཅི་ དགར་འཇོ། །
ཚོགས་གཉིས་ལས་སྐལ་འཇོ་བའི་གྲུ་ གཟིངས་སུ། །
དབྱངས་ཀྱི་ལྷོད་ཆ་ཕྲེང་བའི་མགུ ལ་དུ་དཔྱངས། །
ཐུགས་རྗེའི་ཟེགས་མ་འཐོར་བའི་རང་ གཟུགས་ལ། །
བྱིན་རླབས་བྱེ་བའི་མདངས་བརྒྱ་གྲོ ལ་བའི་ལྷ། །
ཚིག་སྦྱོར་ཆུ་གཏེར་འདྲ་བའི་རླ བས་མཚོ་ལ། །
འདུ་བྲལ་རྣམ་རྟོག་ཡིག་རིས་ངོས་ སུ་འཁྱུག །
བརྩེ་ཆེན་འོད་སྣང་སྦྱིན་པའི་སྣ ང་མཐའ་ལ། །
ཤེས་བྱའི་པད་ཚལ་རྒྱས་པའི་ཁང་ བཟང་དུ། །
ཞི་བའི་ཏིང་འཛིན་ཐོབ་པའི་རྣམ་ འབྱོར་མ། །
དམ་ཚིག་ལས་ཀྱི་མདུད་པ་མི་འབྲལ་ ཤོག །
སྣང་བའི་སྒྱུ་མ་རྟོག་ཚོགས་ངག་ལ་ དྲངས། །
རྗེས་ཆཊ་བརྩེ་དགའ་ཡིད་ཀྱི་འཁྲི ས་སུ་ལྡང་། །
དབྱངས་རྟ་ལྷོད་པོ་ཞི་བའི་ཚིག་ལ་ གྲོལ། །
ངག་རིག་དབྱངས་ཅན་ལྷ་མོའི་ཚུར་དུ ་བྱོན། །
རྟོག་འགྱུ་གྱ་གྱུ་ཚོར་བའི་ཤུགས་ ལ་ལེན། །
དེ་བཞིན་ཉིད་ཀྱི་རྒྱུད་སྐུད་བསྣུ ན་པའི་ཚེ། །
གཉིས་འཛིན་སྣང་བ་མེ་ལོང་ངོས་སུ་ འཆར། །
སྤྲོས་འཛིན་ལྷ་མོ་ཞི་བའི་དབྱངས་ ལ་གཟིམས། །
ཚིག་གི་ཟློས་གར་ཅི་དགར་བཞད་པ་ན། །
སྙན་ཚིག་ནཊ་ཀྱི་ཚལ་ཆེན་གཡོ་བར་ བྱེད། །
རྟོགས་སྣང་ལས་ཀྱི་འགྱུ་བ་རེས་མོ ་འདི། །
ངག་ལ་འཐོར་བའི་ཆོ་འཕྲུལ་འདི་དག་ ཡིན། །
ཚོཊ་དྲུག་ཟེགས་མ་ཡིད་ཀྱི་གོས་སུ ་ཀླུབས། །
སེམས་སུ་འཆར་བའི་རྡུལ་ཕྲན་ཆ་ཤས་ དེའི། །
བརྩེ་དགའི་ལྷ་མོའི་རང་འོད་རྣམ་ པར་གསལ། །
དབྱངས་ཀྱི་བརྡ་གླུ་འཁྲོལ་བའི་ ཚངས་སྤྱོད་མ། །
ཚིག་གི་རབ་བྱེད་བཏགས་པའི་རྗེས་ ཤུལ་ནས། །
རབ་མཛེས་པདྨའི་སྐྱེད་ཚལ་ཡངས་པ་ ནས། །
ཏིང་འཛིན་སྣང་བ་ཞི་བའི་རླབས་ཀྱི ་བསྒུལ། །
ཚིག་གི་དྲིལ་ཆུང་རོལ་མོའི་དབྱ ངས་ལ་སོམ། །
བལྟ་བས་མི་ངོམ་མཛེས་པའི་ཚུལ་དུ་ རྒྱུ། །
ཚེམས་ཀྱི་ཕྲེང་བ་རྒོད་པའི་ཡིད་ འཕྲོགས་མ། །
མི་ཕྱེད་དད་པའི་མེ་ལོང་གཙང་མའི་ ངོས། །
མ་བྲིས་ཡིད་ལ་གསལ་བའི་ཡིད་འོང་ མ། །
མ་རྣམས་འགྲོ་བའི་ཡུལ་དུ་འགྱིང་ བ་ནས། །
མ་མ་དབྱངས་ཅན་དགྱེས་པའི་ངག་འདི་ སྩོལ། །
མགྲིན་པའི་རྩེ་འཇོ་བསྲིངས་བའི་ གར་ལ་རོལ། །
ཚོར་འདུ་སྤྲིན་གྱི་འདུ་ལོང་རབ་ ཏུ་འཁྲིགས། །
བརྩེ་ཆེན་ལྷ་མོའི་རང་སྣང་ཞི་བར་ མཇལ། །
མཁྱེན་དང་བརྩེ་བའི་འཛུམ་པའི་རེ ས་ངོགས་སུ། །
རྣམ་རྟོག་འཁྲི་ཤིང་གསར་བའི་ཡངས་ ཡང་སྟེང་ལ། །
བརྩེ་བའི་སྤྱན་ཟུང་དལ་ཞིང་གཡོ་ བར་བྱེད། །
ངག་རིག་དབྱངས་ཀྱི་དྲི་གཞོན་འཐོ ར་བར་བྱེད། །
སྙན་ངག་སྲོག་གི་རྣམ་རྟོག་ཞུགས་ པར་ཤོག །
སྣང་བའི་སྒྱུ་མ་རྟོག་ཚོགས་ངག་ལ་ དྲངས། །
རྗེས་ཆཊ་བརྩེ་དགའ་ཡིད་ཀྱི་འཁྲི ས་སུ་ལྡང་། །
དབྱངས་རྟ་ལྷོད་པོ་ཞི་བའི་ཚིག་ལ་ གྲོལ། །
ངག་རིག་དབྱངས་ཅན་ལྷ་མོའི་ཚུལ་དུ ་བྱོན། །
རྟོག་འགྱུ་གྱ་གྱུ་ཚོར་བའི་ཤུགས་ ལ་ལེན། །
དེ་བཞིན་ཉིད་ཀྱི་རྒྱུད་སྐུད་ཁྱེ ད་ལ་བཀྲོལ། །
གཉིས་འཛིན་སྣང་བ་མེ་ལོང་ངོས་སུ་ འཆར། །
སྤྲོས་འཛིན་ལྷ་མོ་ཞི་བའི་དབྱངས་ ལ་གཟིམས། །
ཚིག་གི་ཟློས་གར་ཅི་དགར་བཞད་པ་ན། །
སྙན་ཚིག་ནཊ་ཀྱི་ཚལ་ཆེན་གཡོ་བར་ བྱེད། །
རྟོགས་སྣང་ལས་ཀྱི་འགྱུ་བ་རེས་མོ ་འདི། །
ངག་ལ་འཐོར་བའི་ཆོ་འཕྲུལ་འདི་དག་ ཡིན། །
ཚོཊ་དྲུག་ཟེགས་མ་ཡིད་ཀྱི་གོས་སུ ་ཀླུབས། །
སེམས་སུ་འཆར་བའི་ཨེ་མ་ཚངས་སྲས་ མ། །
བརྩེ་དགའི་ལྷ་མོའི་རང་འོད་རྣམ་ པར་གསལ། །
མཛེས་པའི་ཚེམ་ཕྲེང་ཨུཏྤལ་དྲི་ བསུང་ཁྲིར། །
དབྱངས་ཀྱི་སྲིད་གཞི་འགུལ་བའི་རི ག་བྱེད་མ། །
རྟོག་ཚོགས་སྣང་བ་སྒྱུ་མའི་སྤྲི ན་ཕུང་གཡོ། །
ཟག་མེད་དབྱངས་ཀྱི་གླུ་སྒྲ་སྲུང་ གྱུར་ཅིག །
རབ་མཛེས་དུང་གི་ཟླ་བས་འཁྱུད་པ་ ཅན། །
དམིཊ་མེད་འཕྲུལ་བའི་སྒྱུ་མའི་རྩེ ་འཇོ་ལ། །
དབྱངས་ལྡན་སྙན་ངག་སྨྲ་ལ་ཐོགས་པ་ མེད། །
ཏིང་འཛིན་ཞི་བ་ཐོབ་པའི་མཚོ་བྱུ ང་མས། །
སྟོང་ཁམས་འགུལ་བྱེད་གླུ་ཡི་སྙན་ པ་སྩོལ། །
རྗེས་ཆགས་བརྩེ་བའི་པད་ཚལ་ཡངས་པོ ་ན། །
མཚོ་བྱུང་ངག་གི་རྒྱུད་མངས་སིལ་ སྒྲ་འཐོར། །
ཐུགས་རྗེའི་པད་དཀར་གཡོ་མེད་ལྷ་ ཡི་ཚལ། །
སྣང་སྲིད་གཡུ་རལ་གདུལ་བྱའི་རྗེ ས་སུ་འཛིན། །
བལྟ་བས་མི་ངོམ་གསེར་གྱི་དྲྭ་བས་ སྤྲས། །
མཐོང་བའི་མོད་ལ་ཚིག་གི་ཟློས་གར་ འཇོ། །
ཞུ་འཕྲིན་མེ་ཏོག་མཆོད་པའི་མཎྡལ་ དུ། །
དད་པའི་སྤུ་ལོང་བརྩེ་བའི་དགྱེས་ སུ་བཟུང་། །
བྱིན་རླབས་སྤྲིན་གྱི་རླབས་སྒྲ་ སྙིམ་གང་འདི། །
དབྱངས་ཅན་ལྷ་མོའི་ཐུགས་ཀྱི་རྩེ ན་སར་བཀོད། །
ཚེ་རབས་ལས་ཀྱི་མི་འབྲལ་རྗེས་འཛི ན་ནས། །
སྙན་ཚིག་ངག་གི་གདངས་གླུ་སྟར་ལ་ རྒྱུས། །
རྣམ་ཀུན་ཞི་བའི་ཚིག་གི་སྤྲིན་རུ མ་ནས། །
ཚོར་རྟོག་སྣང་བ་ཚིག་གི་རླབས་ལ་ སྐྱོམ། །
ངག་རིག་དབྱངས་ཀྱི་ཟློས་གར་འཕྲུ ལ་མ་ལ། །
ཚིག་གི་དྲི་བསུང་ཟིལ་བས་བརླན་ པར་བྱེད། །
ཞལ་འཛུམ་འདབ་མའི་གདོང་གི་པད་ཚལ་ ལ། །
ཚེམས་དཀར་འོད་ཆུང་ཡང་ཡང་མིག་ལ་ བྱིན། །
སྤྲོས་འཛིན་སྣང་བ་ཞེ་ནས་རབ་སྤང་ བའི། །
ཆོས་ཉིད་རང་རྣམ་བརྩེ་བས་མཁྱེན་ པ་བྱས། །
མགུར་ཆུང་ངག་གི་གྲེ་བ་དགུ་འགྱུ ར་འདི། །
ངག་རིག་ལྷ་མོ་ཤིས་པའི་དཔལ་དུ་སྙི ལ། །
༢༠༢༡/༢/༢༨ཉིན་བྲིས།
ཚིག་རྒྱན་གྱི་གར།
ཚིག་རྒྱན་ཁྲོད་ཀྱི་མེ་ཏོག་འདི། །
འཆར་ཡན་ངོས་སུ་ལྡང་སྐོར་བྱེད། །
སྐད་ཅིག་འཛུམ་པའི་སྣང་སྟོང་ལ། །
ཏིང་འཛིན་སྒྱུ་མའི་རླུང་གཡོལ་ ནས། །
ལོ་མའི་རྡུལ་ཕྲན་ཡང་ཡང་སྒུལ། །
སྙན་ངག་ལུས་ཀྱི་ཆ་ཤས་སྟེང་། །
རྣམ་རྟོག་ཆུ་བོའི་རླབས་རིས་མངོ ན། །
དབྱངས་དང་ཚིག་གི་དར་ཐག་ལ། །
སྒྱུ་འཕྲུལ་སྣང་བའི་ཚོགས་གླུ་ལ། །
ཐོད་བརྒལ་ཚིག་གི་སྙན་ངག་འབྲི། །
ཞེ་གླུ་ངག་གི་འདར་དབྱངས་འདིས། །
ཚོར་བའི་ཁ་མདོག་ཡང་ཡང་བྲན། །
རྣམ་རྟོག་སྨྲེང་བའི་མིག་ཆུ་བྱི ན། །
ཚེ་འཛིན་གསོལ་བའི་སྙན་ངག་འདི། །
མི་ཕྱེད་དབྱངས་ཅན་བརྡ་གླུ་ཡིན། །
ཚོར་འདུ་སྨག་གི་རབ་རིབ་འདི། །
ཡི་གེའི་ཚོགས་སུ་འཆར་རྗེས་སུ། །
ང་ཡི་རྨི་ལམ་གོང་རོལ་ནས། །
ངལ་དུབ་ཚིག་གི་གྲིབ་བསིལ་དག །
དབྱངས་ཅན་ལྷ་མོའི་སྒོམ་གཏོཊ་སོ། །
སྒེའུ་ཁུང་འདི་ཡི་འཆར་ངོས་སུ། །
རྣམ་རྟོག་སྤུ་རིས་ཡང་ཡང་གཡོ། །
སྒྱུ་འཕྲུལ་ཚིག་གི་འགྱུ་བ་ལ། །
ལྷོད་ཀྱིས་གདངས་ལ་དཀྲོལ་བའི་ཚེ། །
ང་ཡི་ཚོགས་དྲུག་ལྷོད་ཀྱིས་འཇགས། །
སྣ་ཚོགས་ཚིག་གི་དྲི་གཞོན་འདི། །
རླུང་བུ་སིལ་སིལ་ལྡང་རྗེས་སུ། །
པདྨ་ཚལ་གྱི་འདབ་མ་དག །
སྙིང་དུ་སྡུག་པའི་ཡིད་ཁ་ནས། །
ཚེ་ཡི་གོ་རིམ་མངོན་གྱི་འདུག །
ཚིག་ལ་བཏང་བའི་གཟུཊ་འགྱུར་འདི། །
དབྱངས་ལ་བསྐུས་པའི་འགྲོས་མ་ཡིན། །
འདུ་བྱེད་མཚོན་པའི་སྙན་ངག་དག།
བདག་གི་འཆར་ཡན་སྒེའུ་ཁུང་དུ། །
ཚིག་རྒྱན་རླངས་པ་འཐོར་གྱིན་འདུག །
སྔར་བཞིན་ཁྱེད་སྐུ་ཟླ་བ་ལ། །
ཉི་མའི་འོད་མདངས་ཡང་ཡང་འཕྲོས། །
ང་ཡི་ལན་གཅིག་མཐོང་བའི་ཚེ། །
ཡིད་ལ་སིམ་པའི་སྨིན་དྲུག་དེ། །
ཚེ་ཡི་དབུ་ཐོད་ངོས་སུ་བྲིས། །
ཨེ་མ་ཚིག་གི་ངག་རིག་ལ། །
དབྱངས་ཀྱི་དྲ་བ་རབ་ཏུ་འཚེར། །
མགུར་མའི་ཞལ་ཐང་བྲིས་པ་ན། །
ཟླ་བའི་གདོང་ཉིད་ཡང་དུ་འཁོར། །
འཛུམ་པའི་འོད་ཀོང་ཡིད་ལ་ལྷུང་། །
ལྷོད་ཀྱིས་ཆགས་པའི་འཛུམ་ཟུར་ལ། །
ཟུར་མིག་སྤྱན་རིལ་དལ་གྱིས་ཕྱེས། །
མ་རྙིང་བརྩེ་བའི་ཡིག་འབྲུ་ལ། །
སེམས་ཉིད་སྣང་བ་ཅི་ལྟར་ཕབ། །
སྐྱོ་བའི་གདུང་བ་ཇི་ལྟར་འོང་། །
2021·5·20·ཉིན་བྲིས།
རང་བྱུང་ངག་གི་ཀུན་རྟོག
ཀུན་རྟོག་སྒྱུ་མའི་མཐིལ་དུ་མ་བྲི ས། །
ཟག་མེད་ལམ་གྱི་ཐར་ལམ་མ་བྲིས། །
རིག་བྱེད་ངག་གི་རླབས་ཕྲེང་འདི་ ལ། །
རྣམ་རྟོག་འཕྲུལ་མ་རླུང་གི་གཡོ་ དུས། །
རྨད་བྱུང་ཚིག་གི་མཛེས་པ་སྩོལ་ཅི ག །
ཀུན་གསལ་སྣང་བའི་མེ་ལོང་ངོས་ལ། །
དགྱེས་འཛུམ་པདྨའི་ཞལ་རས་རྨད་པ། །
བྱིན་རླབས་སྩོལ་བའི་ཚངས་སྲས་ལྷ་ ཉིད། །
བྱང་ཆུབ་ལས་ཀྱི་ལྗོན་བཟང་འཐོར་ བ། །
ངག་རིག་མགྲིན་པ་སྙིང་དུ་ཏིག་ཅིག །
རྣམ་དཀར་ལས་ཀྱི་སྲིད་གཞི་འདི་ལ། །
ལས་སྨོན་ཚིག་གི་འཆང་རྒྱ་གྲོལ་བ། །
ཤིས་ཚིག་མེ་ཏོག་ལྷོད་ཆ་གཏོར་རྗེ ས། །
དབྱངས་ཀྱི་ཕྱི་ནང་རེ་ཞིག་འཇགས་ པ། །
སྙན་ངག་ཁྱུ་ཚོགས་དལ་གྱིས་ལྡིང་ ཅིག །
སྣ་ཚོགས་འཕྲུལ་བའི་ཆོ་ག་འདི་དག །
སྐལ་ལྡན་བུང་བའི་ཚོགས་ཀྱི་རྒྱན་ པ། །
ཞུ་འཕྲིན་ངག་གི་བསྡུས་གཟུཊ་འདི་ ལ། །
འདུ་བྱེད་ཚིག་གི་དྲི་ངད་ལྡང་རྗེ ས། །
དབྱངས་ལྡན་ངག་གི་ཤིས་པ་སྩོལ་ཅིག །
གཉུག་མའི་སེམས་ཀྱི་དྲ་བ་གསལ་རྗེ ས། །
སོར་རྩེའི་སྒྱུ་འཕྲུལ་དབྱངས་ལ་ སྐྱོར་བ། །
ངག་རིག་དབྱངས་ཀྱི་སྦྱོར་སྟངས་ འདི་ལ། །
དབུ་མའི་སྒྲ་ཡི་ཀུན་རྟོག་བརྩམས་ རྗེས། །
སྤྲོས་པ་ཞི་བའི་དབྱིངས་ལ་བརྩམས་ ཤིག །
ཞི་བ་དབྱངས་ཀྱི་སྒྱུ་འཕྲུལ་འདི་ དག །
སེམས་ཉིད་རྨོངས་པའི་ནགས་ཚལ་ངོས་ ལ། །
རང་བྱུང་ངག་གི་རྩྭ་འདབས་གྲོལ་ ནས། །
སྣང་བའི་འཆར་སྒོའི་གདངས་ཆ་འདི་ དག །
སོར་རྩེའི་རྒྱུད་དམངས་གདང་ལ་དཀྲོ ལ་ཅིག །
ཚོར་འདུ་ངག་གི་འཆར་སྒོ་མ་བཤིག །
ངག་རིག་ཚིག་གི་རྩ་མདུད་གྲོལ་བའི ། །
བརྗོད་དོན་གླུ་ཡི་གྲེ་བ་འཚངས་ བའི། །
དབྱངས་ཀྱི་གདངས་ཆ་ཀུན་ཏུ་འཕྲོ་ བ། །
ངག་རིག་དབྱངས་ཀྱི་རྒྱལ་མོ་གསོལ་ ཅིག །
གཉུག་མའི་དབྱངས་ཀྱི་ངག་རིག་སིལ་ སྒྲ། །
རྨད་བྱུང་འགྲོས་མའི་དབྱངས་རྟ་ལྷོ ད་པོ། །
ཚོགས་དྲུག་དབྱངས་རྟ་སྲོག་ཏུ་སྦྲུ མ་པའི། །
ཞུ་འཕྲིན་དབྱངས་ཀྱི་ཟློས་གར་འདི ་དག །
ཨེ་མ་བཅོམ་ལྡན་ཚེ་འཛིན་མཛོད་ཅིག །
༤.༢.༢༠༢༡ཉིན་བརྩམས།
Leave a Reply