ཞར་བཀོད་གཅིག
འཕུར་སྐྱོད། ཟུར་མང་།
ཁང་ཆུང་དཀར་རོ་དེ་ཁྱོད་ལ་ཕུལ་ན།།
ཉི་མའི་འཇའ་ཚོན་དུ་སྤྲིན་ཞག་ཆགས་འོང་།།
སྒོ་ཆེན་སྒོ་ཆུང་ནས་ནར་ནར་འཇབ་ཚེ།།
ཚིག་མཛོད་རྫུན་མ་རུ་ལུང་བསྟན་བབས་ངེས།།
དེ་རིང་ཟླ་བ་ལ་མགོ་དཀྲིས་བསླས་ཡོད།།
ཤ་དང་རུས་པ་ལ་པི་ཝང་བརྡུངས་འོད།།
མཛུན་རྩེའི་སྒལ་ཚིཊ་ཀྱི་གློག་རྫས་ཟད་ཤུལ།།
གདོང་གི་ཆུ་རླབས་ཀྱིས་གཤོག་ལྷེ་ཧྲལ་སོང་།།
དལ་དལ་གླུ་དབྱངས་ཀྱི་འཁོར་བར་འགྲིམས་པའི།།
ཤེལ་ནག་བཀོད་མ་ཡི་ངོས་བྱོན་རྒྱ་སྲས།།
ཕལ་བའི་སྒེའུ་ཁུང་དུ་ཟག་མེད་བད་བཞིན།།
མཚན་འདིར་མ་བལྟས་ཀྱང་ཧྲིལ་གྱིས་མཇལ་ལོ།།
ལྷམ་ཀོག་གསེར་དངུལ་གྱིས་གཡོཊ་པ་སྔར་སོང་།།
དམ་བཅའ་རྙོག་མ་དེ་བསྐྲུས་པ་འཕྱི་སོང་།།
ཉལ་ཁབ་རས་དམར་གྱི་རྣམ་རྟོག་བླུངས་ཀྱང་།།
མིག་གི་འཕག་རྩ་ལས་བརྒལ་ཚིས་མ་བདོག།
རྒྱ་ཕིབས་ནག་སྨུག་གི་འདབ་ལོ་རེ་རེ།།
ཀར་ཡོལ་དྭངས་མ་ཡི་ཀླས་སུ་ཟག་ཚེ།།
ཨང་གྲངས་ཆ་མེད་ཀྱི་ཤ་ཐག་གཉུག་མ།།
གར་མས་ནམ་མཁའ་ནས་དགུ་རུ་མདུད་སོང་།།
སྙན་ཚོམས་གསེར་འཛུམ་དང་དངུལ་འཛུམ་རིང་མོ།།
རྐ་ཅིག་བུམ་ཆགས་ཀྱི་མཆུ་རུ་བྱིངས་སོང་།།
ལས་ལ་བཏབ་པ་ཡི་མཆན་བུ་རིལ་མ།།
སྲོད་ཀྱི་ལེ་མཚན་དུ་ངང་གིས་ཤར་བྱུང་།།
ཁ་ནང་ཝུ་བ་དག་སོབ་སོབ་ཁོལ་ཐལ།།
ཁ་བའི་རྗེས་ཤུལ་ལ་ཟླ་འོད་འཚེར་བྱུང་།།
ལྷ་སའི་བར་བསྐོར་གྱི་གཡུ་ཆུང་དྲུག་དཀར།།
ལག་གི་རྩེ་མོ་ལས་ཕར་ལ་ཡན་ནོ།།
རྔུལ་ཆུ་རུས་མ་དེ་གཅིག་ལྷུང་གཉིས་ཐིག།
འདོད་པའི་རྒྱ་མཚོ་ཡང་འཇམ་འཇམ་ཟད་སོང་།།
བཟོད་མེད་བློ་མིག་གི་གཡུ་སྒམ་ལྕཊ་སྒམ།།
དབྱངས་མའི་མགུན་རྒྱན་གྱི་འཇའ་ལིས་བརྣངས་སོང་།།
ལྷ་དབང་རྒྱ་བྱིན་གྱི་གཙུག་གཏོར་ཟུར་གསུམ།།
རང་མེད་རྐང་ལམ་གྱི་ཡིག་གསེབ་བུད་སོང་།།
ཁྱོད་ལ་ཕར་བྲིས་ཀྱི་འབྲི་འོ་དྭངས་མ།།
འཐུང་བའི་བློ་རྒྱ་དེ་བདག་ལ་མི་འདུག།
ཞེ་མཐུན་བསམ་པ་ཡི་འབྲུག་རིས་འཆུགས་མ།།
འཕྲུལ་ཆས་ཞིག་རོ་ལས་གདོང་དུ་ཉལ་བྱུང་།།
༢༠༢༡.༧.༡༠
ཉི་མ་འཆལ་བའི་གླུ་རུས།
ལམ་དུ་གདམས་པའི་གཤོག་པ་ནར་མོ་དགོད།།
གེ་སར་འཁོར་བའི་བྱ་ཆུང་ནད་ཀྱིས་གཡོཊ།།
དེ་རིང་སྙན་ངག་ཁྲོམ་གྱི་ཟླ་ཚེས་བཞིན།།
ལྕི་བའི་གཟུཊ་སུ་ཡིབས་ཏེ་རྒྱང་ཁར་གཡེང་།།
གྲོག་མའི་རྐ་ལག་ཆད་པའི་ཕོ་བྲང་དུ།།
དཀར་རོ་ཁ་བ་རིལ་མས་སྒུར་སྒུར་བྱེད།།
སྣ་ལ་སྲོ་མ་འཚུབ་པའི་གཟན་སྣེ་རུ།།
སྤྲིན་ལ་ཉལ་བའི་ཁྱོད་གདོང་དངངས་ཤིང་ལྷོད།།
གྲོང་ཆུང་ནང་དུ་སྣ་མ་སྣ་དགུ་འོད།།
ཚིག་གིས་གཅེས་པའི་ཁ་ཤ་རུས་ནས་འདུག།
རི་ལ་སྙེག་པའི་བོད་སྐད་གཙང་མ་བཞིན།།
ངས་ནི་ཚིག་ཚོཊ་འཇིངས་ནས་ཕྱི་ནང་བོར།།
སུ་ཞིག་ང་ཡི་རྒྱབ་ནས་ངུ་ཤུམ་བྱེད།།
ཉི་མའི་ངོ་པཊ་སྲལ་མོ་དེ་རུ་འགྱིང་།།
ལག་ཏུ་ཐོཊ་པ་ཞྭ་ལུང་རང་བཙིམས་རེད།།
བཞིན་དུ་བཞུར་བ་སྣང་སྟོང་ཕ་ཡུལ་རེད།།
དམིཊ་ཡུལ་གས་མ་དར་གྱི་མེ་ལོང་དུ།།
སྒོ་ཁྱི་རྒྱ་བོ་འགྲན་དུ་འདུག་མ་འགྲོ།།
གལ་ཏེ་ཚེ་འདིས་དབྱངས་ལ་བསྙལ་བ་ཀུན།།
ནུབ་ཀྱི་ཐིག་ལེ་དེ་རུ་གསལ་ན་ཆོག།
༢༠༢༡.༧.༡༡
བརྩེ་བ་ཞག་དགུ།
རྒྱ་མཚོར་བྱིངས་པ་ཁྱོད་རེད།།
སྤྲིན་དུ་གཟིམས་པ་བདག་རེད།།
ལས་ལ་བཏབ་པའི་མཆན་བུ།།
དཀར་ནག་འཁོར་བའི་གཤིས་རེད།།
གླུ་ལ་སིམས་པའི་བྱ་ནག།
ཟླ་ལ་བྲིས་པའི་འཇའ་ཡིན།།
མཁར་ཟད་ཟླ་བ་སེར་རོ།།
གྲིབ་མའི་འཁུན་བུ་ཡིན་ནོ།།
ཕར་ཡལ་རླུང་གི་རེ་སྒུག།
གངས་དང་ཉི་མས་མི་མཚོན།།
ཚུར་འཁོར་ཚིག་གི་སྒྱུ་འཕྲུལ།།
ལྕམ་གསེབ་ལུས་པའི་སྒྲོ་ཡིན།།
ན་ནིང་ཚེ་རིང་མཚོ་མོ།།
དུང་གི་མགུར་རྒྱན་དྭངས་མ།།
རི་གྲོང་གསང་བའི་འཇིངས་ནས།།
ཅི་དྲན་སྙིང་གི་ཚི་ལུ།།
ད་ལོར་དབྱངས་མ་མཁའ་འགྲོ།།
པད་མའི་འདབ་མ་སྟོང་ལྡན།།
ལག་གི་རྒྱུད་སྐུད་སྟོང་ལས།།
ཟད་མེད་མགུར་དུ་ཐོག་པ།།
སང་ལོར་གློག་གི་ཟམ་སྣེ།།
གླིང་བུ་དཀར་རོ་ཡིན་ངེས།།
ལུས་ལ་བཞད་པའི་ཚེར་མས།།
གནམ་གྱི་མགོ་རུས་བརྡུང་ངེས།།
མཉན་གྱི་རྟ་ལོ་ཁྲེལ་མེད།།
ཁོག་ཏུ་ཟག་པའི་དུག་རེད།།
གློ་དང་མཆིན་པ་རེ་རེ།།
ཕྱི་རལ་ནང་ཧྲལ་ཤོར་སོང་།།
ཚེ་ལ་རིང་ཐུང་ཡོད་དོ།།
ཁ་ལྕེས་མཇལ་བ་ཉུང་ངོ་།།
རྒྱང་རིང་སྣང་བའི་ཕོ་བྲང་།།
ཚེ་ཡི་ནོར་བུ་ཡིན་ནོ།།
སྒོ་དེ་ཕྱེས་པ་སྔར་སོང་།།
སྐད་དེ་བཏང་བ་འཕྱི་སོང་།།
ཡིག་གྲངས་རེ་རེའི་ཇ་ཁུ།།
གློ་རྡིག་དམར་པོའི་མཚོ་རེད།།
བྱམས་བྱམས་ལག་མཐིལ་སྲལ་མོ།།
ཡང་ཡང་ཤ་རུ་འཇམ་ཡོད།།
གང་གང་བསམ་པའི་ཚོར་རྡོ།།
འཕེན་འཕེན་བློ་སྤོབས་མི་འདུག།
ཟླ་གྲངས་དྲུག་གཉིས་བཅུ་གཉིས།།
ཆུ་དང་ཆར་བས་བངས་སོང་།།
གློག་ལ་ཤར་བ་མ་ཡིན།།
མདུན་དུ་བྲིས་པའི་རི་མོ།།
ལྷ་དང་བླ་མའི་བྱིན་རླབས།།
ཡིད་ཀྱི་གཞུང་དུ་བབས་ཤིག།
བརླམ་པའི་ཆུ་འགྲམ་དེ་རུ།།
ལས་ཀྱི་སྐར་ཆུང་འདར་ཡོད།།
༢༠༢༡.༧.༡༢
Leave a Reply