ཁོད་སྙོམས་མེད་པའི་འཇིག་རྟེན།

                   རྩོམ་པ་མོ། ངག་དབང་རིན་ཆེན་དབྱངས་འཛོམས།    

ཁོད་སྙོམས་མེད་པའི་འཇིག་རྟེན།
འཇིག་རྟེན་ཁམས་འདི་ཅི་འདྲ་མཚར་པོ་འདུག །
ལ་ལའི་གདོང་ལ་འཛུམ་མདངས་ངོ་ནས་འགྲོ །
ལ་ལའི་མི་མཐར་མཆི་མ་བརླན་ནས་འགྲོ །
ཁོད་སྙོམས་མེད་པའི་འཇིག་རྟེན་མི་ཡུལ་འདི། །
 
རླུངའཚུབ་དྲག་པོ་བཞིན་དུ་ཡིན་སྣང་ཤར། །
ལ་ལའི་གྲོད་པ་ལྟོགས་ནས་འཆི་འགྲོ་བས། །
ལ་ལའི་ཟས་ལ་འདང་ག་བྱས་ན་ཆོག །
ཁོད་སྙོབས་མེད་པའི་འཇིག་རྟེན་མི་ཡུལ་འདི། །
 
མེ་ཆེན་དྲག་པོ་བཞིན་དུ་ཅི་མ་མཚུངས་། །
ལ་ལའི་དབང་ལྡན་གྲོད་པ་འཚོང་ནས་བསྡད །
ལ་ལའི་དབང་མེད་རྒྱལ་ཁམས་འགྲན་ནས་ཡོང་། །
ཁོད་སྙོམས་མེད་པའི་འཇིག་རྟེན་མི་ཡུལ་འདི། །
 
རལ་གྲི་རྩེ་མོ་བཞིན་དུ་གནས་པ་འདྲ། །
ལ་ལའི་དྲང་ལྡན་ཡིན་ཡང་ཚེ་སྲོག་ཤོར། །
ལ་ལའི་གཡོ་སྒྱུ་ཆེ་ཡང་དཔོན་དུ་འགྱུར། །
ཁོད་སྙོམས་མེད་པའི་འཇིག་རྟེན་མི་ཡུལ་འདི། །
 
ཁབ་ཀྱི་རྩེ་མོ་བཞིན་དུ་རྣོན་པོ་འདི། །
ལ་ལའི་ཁོང་ཁྲོ་མིག་རྩྭའི་དམར་པོ་འགྱུར། །
ལ་ལའི་ཞི་བདེ་འཇིག་རྟེན་སྐྱབས་གནས་གནང་། །
ཨེ་མ་འཇིག་རྟེན་མགོན་པོ་གང་དུ་ཡོད། །

Be the first to comment

Leave a Reply

Your email address will not be published.


*