མཚན་མོའི་དུས་ཚོད3:54ཐོག་བྲིས། ཞྭ་ནག་པ། གསེར་རྟ།
ཐོབ་འདོད་ལ་དེ་དག་ཐོབ་ཟིན་པས
འུ་གཉིས་ལ་སླར་ཡང
དུས་ཚོད་ཀྱི་སྙིང་བོ་ཡོད་སྲིད
དྭངས་ཤིང་གཙང་བའི་མུན་པའི་གསེབ་ཏུ
སུ་ཡང་འཆར་ཐབས་བྲལ་མོད
གཏན་ཏུ་མེད་མི་སྲིད་པ་ནི
ཁྱོད་རང་ངའི་སེམས་ཀྱི་སྒོ་འགྲམ་དུ
མེ་ཏོག་ལྟར་བཞད་སྟངས་དེའོ
༢༠༢༡-༩-༦མཚན་མོར།
ཟླ་ཚེས།
ཆུ་ནང་དུ་ལྷུང་བའི་སྨིན་མ
ཁྱོད་ཀྱི་རྒྱབ་གཟུགས་སུ་དོད་པའི་རི་མོ
ངས་མིག་ཆུ་དང་འདྲ་བའི སྙན་ངག་དང་འདྲ་བའི
མཚན་མོ་ཁོ་ནར་ཁྱོད་ཀྱི་མིང་ཡིག་འདི་མུན་པ་ཁོ་ནར་བཅོལ་ ཡོད
ཐག་རིང་ཐག་རིང་ཞིག་ཏུ
སུ་ཞིག་བཞུད་སོང་བར་བསམ་བློ་མ་བཏང
འུ་གཉིས་ཀྱི་ནམ་མཁའ་ཁོ་ནར་སྤྲི་ནག་འཐུབ་དོན
སྒེའུ་འགྲམ་དུ་མེ་ཏོག་ཅིག་གིས་རང་སྲོག་བཅད་སོང་བས་ཨེ་ཡིན་ནམ
༢༠༢༠ ༡༠ ༨མཚན་མོར།
འཆར་འགྱུར་གྱི་རྨི་ལམ།
ལྷ་ལྕམ
འུ་གཉིས་ལ་ཅི་ཡང་མཁོ་མོད
གཏན་ཏུ་མེད་མི་ཆོག་པ་ནི་འདང་རྩེ་དང་ཕྱི་ཐག་ཡིན
འུ་གཉིས་ཀྱིས་ལོ་བརྒྱུའི་རྨི་ལམ་ལ
དུས་ཚོད་ཅིག་གི་ཡང་སྙིང་ཕུལ་ཟིན་པས
ད་ནི འུ་གཉིས་ཀྱི་བར་དུ་ཅིས་ཀྱང་འབྲེལ་སྒྲ་ཞིག་ཆད་མི་ཉན
“ང་ཡི་ཁྱོད” “ཁྱོད་ཀྱི་ང”
སེམས་ཀྱི་ཕྱི་ནང་ལ་འདྲེས་པའི་མི་ལགས
འབྱུང་འགྱུར་གྱི་རྨི་ལམ་མཐའ་དག
དཀར་ཞིང་འོད་དུ་འཚེར་ཤོག
༢༠༢༡-༨-༢༩ ཞོགས་པར།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།