བོད་ཟླ་ ༨ ཚེས་ ༡ དང་ཕྱི་ཟླ་ ༩ ཚེས་ ༧ དཔལ་ས་སྐྱའི་་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་བོད་ལུགས་དང་ཕྱི་ལུགས་འཁྲུངས་སྐར་དུས་སྟོན་གཉིས་ཉིན་གཅིག་སྟབས་འཁེལ་གྱི་དུས་བཟང་ངོ་མཚར་ཅན་གྱི་ཉིན་ས་སྐྱ་ཆོས་སྒར་དུ་༸གོང་མ་ཁྲི་འཛིན་ཞེ་གཉིས་པས་རྡོ་རྗེ་སློབ་དཔོན་མཛད་དེ་ཆོས་སྒར་དགེ་འདུན་པ་རྣམས་ཀྱིས་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་སྒོ་ནས་བརྟན་བཞུགས་སྒྲུབ་པ་ཉིན་གསུམ་སྔོན་དུ་འགྲོ་བས་མགོན་པོ་མཆོག་ལ་བརྟན་བཞུགས་གཟབ་རྒྱས་ཕུལ།
དེ་ནས་དྲིན་ཆེན་རྩ་བའི་བླ་མས་ཆོས་སྒར་གྱི་གྲྭ་ཤག་གསར་པའི་དབུ་འབྱེད་དང་ཉིན་རྒྱབ་དབུས་ས་སྐྱ་སྨོན་ལམ་ཚོགས་པའི་ལས་ཁུངས་སོགས་ཡོད་པའི་ཁང་པ་གསར་པ་དབུ་འབྱེད་དང་འབྲེལ་མགོན་པོ་གང་གི་མཛད་པའི་སྔོན་འགྲོའི་སྐོར་ཕྱག་དེབ་དང་། ས་སྐྱའི་གཞི་རིམ་འཛིན་གྲྭ་དང་པོ་ནས་བརྒྱད་པའི་བར་གྱི་སློབ་དེབ་དབུ་འབྱེད་གནང་། སྐབས་དེར་༸གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག་དང་ངོར་ཁྲི་པ་ཐར་རྩེ་མཁན་རིན་པོ་ཆེ་མཆོག་ཀྱང་ལྷན་ཕེབས་མཛད། དེ་ནས་བཙུན་དགོན་རིན་ཆེན་ཆོས་གླིང་དུ་ཆིབས་བསྒྱུར་བསྐྱངས་འདུག ། གསེར་ཐང་རྩོམ་རིག་དགའ་ཚལ་སྤྱི་སྟེགས་ལས།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།